TTDL-ZABTER-13-PA-090: Difference between revisions
From Dudjom Wiki
TTDL-ZABTER-13-PA-090
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་དཀོར་གྱི་བདག་པོའི་གསོལ་མཆོད་ཡིད་བཞིན་ནོར་བུ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༢༩གནོད་སྦྱིན་དཀོར་གྱི་བདག་པོ་ཡི༔ སྲོག་སྒྲུབ་ཟབ་མོ་ཉམས་ལེན་ན༔ ཤ་ཁྲག་དམར་གྱིས་བརྒྱན་པ་ཡི༔ གཏོར་མ་མཁྱིད་གང་མཛེས་ལྡན་ལ༔ སྙིང་དང་ཤ་ཚིལ་དར་སྣས་བརྒྱན༔ ནོར་བུ་ལྕགས་ཀྱུ་གཟུགས་མཛེས་དང་༔ གོ་མཚོད་ཌཱ་དྲིལ་རྐང་གླིང་སོགས༔ ཡོ་བྱད་ཆ་མ་ཆོ་དགུ་བཤམས༔ སྭ་བྷཱ་ཝ་ཡིས་སྦྱངས་ནས་སུ༔ ནམ་མཁའ་མཛོད་དང་ཨ་ཀཱ་རོས༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ ལྟ་བའི་གདིང་དང་བསྐྱེད་པའི་གནད་ལྡན་པས༔ ཙ༔ འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ རྒྱལ་པོའི་དཀོར་ཁང་ཆོས་འཁོར་སྐྱོང་༔ རབ་དཀར་ག་བུར་དབང་པོ་ཡི༔ མཚན་འཆང་རྫུ་འཕྲུལ་སྟོབས་ཀྱི་བདག༔ མཆོད་པའི་གནས་འདིར་གཤེགས་སུ་གསོལ༔ འདི་ནས་ནུབ་བྱང་མཚམས་ཤེད་ན༔ ཕ་མཁར་འཛིན་སྐྱོང་དྲག་རྩལ་བདག༔ ཆོས་རྒྱལ་ཆེན་པོ་སྨ་ར་ཅན༔ སྣ་ཚོགས་གཟུགས་སུ་བརྫུ་བ་མཁན༔ མ་ངེས་ཆོས་འཕྲུལ་བདག་པོ་ཁྱོད༔ ཁ་བ་ཅན་གྱི་རྒྱལ་ཁམས་འདིར༔ མ་ངེས་སྣ་ཚོགས་གཟུགས་སུ་བརྫུ༔ འགྲོ་བའི་བློ་ཡིད་ཁ་ལོ་བསྒྱུར༔ དཀོར་སྲུང་རྒྱལ་པོ་ཡིད་བཞིན་དབང་༔ མཆོད་པའི་གནས་འདིར་གཤེགས་སུ་གསོལ༔ ཨོ་རྒྱན་པདྨ་འབྱུང་གནས་དང་༔ རིག་འཛིན་ཀློང་གསལ་སྙིང་པོ་ཡི༔ བཀའ་དམ་གཉན་པོ་དཔང་དུ་བཞག༔ དཀོར་སྲུང་གཉན་པོ་ཁྱོད་འབོད་ཀྱིས༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ གཤེགས་ནས་དཀོར་གྱི་སྲུང་མར་བཞུགས༔ ཁྱེད་ལ་མཆོད་པ་འབུལ་བ་ནི༔ དམར་གྱི་གཏོར་མ་རྒྱན་ལྡན་དང་༔ བཙོས་ཤ་རྗེན་ཤ་ཁུ་བ་རྐང་༔ དམར་ཆེན་ཁྲག་གི་ཨརྒྷཾ་དང་༔ ཆུ་སེར་ཞབས་བསིལ་གཙང་ལྡན་དང་༔ དབང་པོ་རྣམ་ལྔའི་མེ་ཏོག་དང་༔ ཚིལ་དང་ཞག་གི་བདུག་སྤོས་དང་༔ རྐང་ཆེན་ཞུན་གྱི་མར་མེ་དང་༔ དམར་ཆེན་ཁྲག་གི་དྲི་ཆབ་དང་༔ ཤ་སྣའི་ཞལ་ཟས་སྣ་ཚོགས་དང་༔ ཌཱ་དྲིལ་རྐང་གླིང་རོལ་མོ་དང་༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་༔ རོ་མངར་རེག་བྱ་འཇམ་ལ་སོགས༔ སྣ་ཚོགས་མཆོད་པའི་ཡོ་བྱད་དང་༔ གསེར་རམ་མཆོང་དངུལ་རིན་ཆེན་དཀོར༔ གསེར་སྐྱེམས་གཏོར་མ་མཆོད་འབུལ་བཞེས༔ མཐུན་རྫས་འདོད་རྒུའི་ལོངས་སྤྱོད་ཀུན༔ ཅི་ནུས་ཡིད་ཀྱིས་སྤྲུལ་ཏེ་འབུལ༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དེ་ལྟར་མཆོད་གསོལ་བྱས་པ་དང་༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྟེན་འབྲེལ་བསླུ་མེད་བདེན་སྟོབས་མཐུས༔ སྐུ་ཡི་གཟི་མདངས་རྒྱས་གྱུར་ཅིག༔ གསུང་གི་འགགས་པ་ཁྲོལ་གྱུར་ཅིག༔ ཐུགས་ཀྱི་དགྱེས་པ་བསྐང་གྱུར་ཅིག༔ ཕྲིན་ལས་ཐོགས་པ་མེད་པ་ཡི༔ མཐུ་སྟོབས་ནུས་དང་ལྡན་པར་ཤོག༔ ཁྱེད་ནི་ཐོག་མ་མེད་དུས་ནས༔ མདོ་སྔགས་བསྟན་ལ་རབ་གདུང་ནས༔ ཐུགས་བསྐྱེད་དང་ནི་སྨོན་ལམ་མཐུས༔ ཐབས་ཀྱི་དྲེགས་པའི་སྐུར་བཞེངས་ཏེ༔ བསྒྲུབ་དང་གསོལ་མཆོད་སྐྱེས་བུ་དང་༔ དཀོར་གཉེར་གཏད་པའི་གང་ཟག་ཀུན༔ བདེ་སྐྱིད་འདོད་རྒུའི་དཔལ་སྟེར་བ༔ ཁྱོད་འདྲ་འཇིག་རྟེན་འདི་ན་དབེན༔ བསྟོད་ཅིང་བསྔགས་པ་འདི་བརྗོད་པས༔ རབ་འབྱམས་ཕྲིན་ལས་མཐུ་ཐོབ་ཤོག༔ ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔ བདག་ཅག་བསྒྲུབ་པའི་སྐྱེས་བུ་རྣམས༔ ཇི་སྲིད་འཚོ་ཡི་བར་དུ་ནི༔ བྱམས་དང་བརྩེ་བས་རྟག་ཏུ་སྐྱོངས༔ བདོག་པའི་རྟ་ལུག་གནག་ཕྱུགས་དཀོར༔ ཀུན་ལ་ཉིན་རྫི་མཚན་གྱི་མེལ་རྩེ་དང་༔ རྟག་ཏུ་གཡེལ་བ་མེད་པར་སྲུང་སྐྱོབ་མཛོད༔ ལྷོག་པ་སྐེ་འགགས་གློ་གོར་ཧོན་གསུམ་སོགས༔ རྟ་ལུག་གནག་ཕྱུགས་ནད་རྣམས་མེད་པར་མཛོད༔ སྐྱེ་འགྲོ་ཕོ་མོའི་བློ་ཡིད་དབང་བསྒྱུར་ལ༔ གཟུགས་འགྲོས་དཀོར་ནོར་ལོངས་སྤྱོད་དབང་དུ་བསྡུས༔ བདག་ལ་འདོད་རྒུའི་ལོངས་སྤྱོད་ཆར་ལྟར་ཕོབས༔ ཆོས་སྲིད་བསྟན་པའི་མངའ་ཐང་འཕེལ་རྒྱས་མཛོད༔ བདག་གི་དཀོར་གཉེར་གཏད་དོ་གཉེར་ཁ་མཛོད༔ སྡང་བའི་དགྲ་དང་གནོད་པའི་བགེགས་རྣམས་ཀུན༔ ཁྱོད་ཀྱི་མཐུ་རྩལ་དྲག་ཤུལ་སྟོབས་ཀྱིས་སོད༔ སྲིད་འཚོའི་བར་དུ་སྲུང་སྐྱོབ་མཛད་པ་ལས༔ ཕྱི་མར་ཐར་ལམ་བར་ཆད་གེགས་མ་བྱེད༔ བླ་མ་ཡི་དམ་རིག་འཛིན་རྒྱ་མཚོ་ཡིས༔ བཀའ་བསྒོ་ཡིན་ནོ་བཀའ་ལས་འདའ་མ་བྱེད༔ དམ་ཚིག་ཡིན་ནོ་དམ་ལས་མ་འདའ་ཞིག༔ བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ ར་ཙ་ཙནྡྲ་ས་མ་ཡ་ཕེཾ་ཕེཾ་ཛ་ཛཿཞེས་གསོལ་ཞིང་མཆོད་པས་ཕྲིན་ལས་བསྒྲུབ་པར་གདོན་མི་ཟའོ༔ ལྷ་དང་སྲུང་མ་གཞན་ལས་ཁྱད་པར་འཕགས༔ མཆོད་གསོལ་མ་གཏོགས་བསྐྱེད་གསལ་མི་དགོས་ཏེ༔ རང་རྒྱུད་པ་རུ་བསྒྲུབ་པས་འགྲུབ་པ་ཡིན༔ བཀྲ་ཤིས་དགེ་ལེགས་ལོངས་སྤྱོད་དཔལ་རྒྱས་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཉིད་རིགས་སྲས་དྲི་མེད་འོད་ཟེར་དང་སློབ་བུ་ཐུབ་བསྟན་གཉིས་ཀྱིས་བསྐུལ་ངོར་དང་རང་ཅག་འགའ་ཡི་དོན་དུ་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མཁྱེན་རབ་རྒྱ་མཚོའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།ཤུ་བྷཾ།།།། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=13 | |||
|volumeLetter=PA | |||
|textnuminvol=090 | |||
|pdflink=File:TTDL-ZABTER-13-PA-090.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-13-PA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་དཀོར་གྱི་བདག་པོའི་གསོལ་མཆོད་ཡིད་བཞིན་ནོར་བུ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༢༩གནོད་སྦྱིན་དཀོར་གྱི་བདག་པོ་ཡི༔ སྲོག་སྒྲུབ་ཟབ་མོ་ཉམས་ལེན་ན༔ ཤ་ཁྲག་དམར་གྱིས་བརྒྱན་པ་ཡི༔ གཏོར་མ་མཁྱིད་གང་མཛེས་ལྡན་ལ༔ སྙིང་དང་ཤ་ཚིལ་དར་སྣས་བརྒྱན༔ ནོར་བུ་ལྕགས་ཀྱུ་གཟུགས་མཛེས་དང་༔ གོ་མཚོད་ཌཱ་དྲིལ་རྐང་གླིང་སོགས༔ ཡོ་བྱད་ཆ་མ་ཆོ་དགུ་བཤམས༔ སྭ་བྷཱ་ཝ་ཡིས་སྦྱངས་ནས་སུ༔ ནམ་མཁའ་མཛོད་དང་ཨ་ཀཱ་རོས༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ ལྟ་བའི་གདིང་དང་བསྐྱེད་པའི་གནད་ལྡན་པས༔ ཙ༔ འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ རྒྱལ་པོའི་དཀོར་ཁང་ཆོས་འཁོར་སྐྱོང་༔ རབ་དཀར་ག་བུར་དབང་པོ་ཡི༔ མཚན་འཆང་རྫུ་འཕྲུལ་སྟོབས་ཀྱི་བདག༔ མཆོད་པའི་གནས་འདིར་གཤེགས་སུ་གསོལ༔ འདི་ནས་ནུབ་བྱང་མཚམས་ཤེད་ན༔ ཕ་མཁར་འཛིན་སྐྱོང་དྲག་རྩལ་བདག༔ ཆོས་རྒྱལ་ཆེན་པོ་སྨ་ར་ཅན༔ སྣ་ཚོགས་གཟུགས་སུ་བརྫུ་བ་མཁན༔ མ་ངེས་ཆོས་འཕྲུལ་བདག་པོ་ཁྱོད༔ ཁ་བ་ཅན་གྱི་རྒྱལ་ཁམས་འདིར༔ མ་ངེས་སྣ་ཚོགས་གཟུགས་སུ་བརྫུ༔ འགྲོ་བའི་བློ་ཡིད་ཁ་ལོ་བསྒྱུར༔ དཀོར་སྲུང་རྒྱལ་པོ་ཡིད་བཞིན་དབང་༔ མཆོད་པའི་གནས་འདིར་གཤེགས་སུ་གསོལ༔ ཨོ་རྒྱན་པདྨ་འབྱུང་གནས་དང་༔ རིག་འཛིན་ཀློང་གསལ་སྙིང་པོ་ཡི༔ བཀའ་དམ་གཉན་པོ་དཔང་དུ་བཞག༔ དཀོར་སྲུང་གཉན་པོ་ཁྱོད་འབོད་ཀྱིས༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ གཤེགས་ནས་དཀོར་གྱི་སྲུང་མར་བཞུགས༔ ཁྱེད་ལ་མཆོད་པ་འབུལ་བ་ནི༔ དམར་གྱི་གཏོར་མ་རྒྱན་ལྡན་དང་༔ བཙོས་ཤ་རྗེན་ཤ་ཁུ་བ་རྐང་༔ དམར་ཆེན་ཁྲག་གི་ཨརྒྷཾ་དང་༔ ཆུ་སེར་ཞབས་བསིལ་གཙང་ལྡན་དང་༔ དབང་པོ་རྣམ་ལྔའི་མེ་ཏོག་དང་༔ ཚིལ་དང་ཞག་གི་བདུག་སྤོས་དང་༔ རྐང་ཆེན་ཞུན་གྱི་མར་མེ་དང་༔ དམར་ཆེན་ཁྲག་གི་དྲི་ཆབ་དང་༔ ཤ་སྣའི་ཞལ་ཟས་སྣ་ཚོགས་དང་༔ ཌཱ་དྲིལ་རྐང་གླིང་རོལ་མོ་དང་༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་༔ རོ་མངར་རེག་བྱ་འཇམ་ལ་སོགས༔ སྣ་ཚོགས་མཆོད་པའི་ཡོ་བྱད་དང་༔ གསེར་རམ་མཆོང་དངུལ་རིན་ཆེན་དཀོར༔ གསེར་སྐྱེམས་གཏོར་མ་མཆོད་འབུལ་བཞེས༔ མཐུན་རྫས་འདོད་རྒུའི་ལོངས་སྤྱོད་ཀུན༔ ཅི་ནུས་ཡིད་ཀྱིས་སྤྲུལ་ཏེ་འབུལ༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དེ་ལྟར་མཆོད་གསོལ་བྱས་པ་དང་༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྟེན་འབྲེལ་བསླུ་མེད་བདེན་སྟོབས་མཐུས༔ སྐུ་ཡི་གཟི་མདངས་རྒྱས་གྱུར་ཅིག༔ གསུང་གི་འགགས་པ་ཁྲོལ་གྱུར་ཅིག༔ ཐུགས་ཀྱི་དགྱེས་པ་བསྐང་གྱུར་ཅིག༔ ཕྲིན་ལས་ཐོགས་པ་མེད་པ་ཡི༔ མཐུ་སྟོབས་ནུས་དང་ལྡན་པར་ཤོག༔ ཁྱེད་ནི་ཐོག་མ་མེད་དུས་ནས༔ མདོ་སྔགས་བསྟན་ལ་རབ་གདུང་ནས༔ ཐུགས་བསྐྱེད་དང་ནི་སྨོན་ལམ་མཐུས༔ ཐབས་ཀྱི་དྲེགས་པའི་སྐུར་བཞེངས་ཏེ༔ བསྒྲུབ་དང་གསོལ་མཆོད་སྐྱེས་བུ་དང་༔ དཀོར་གཉེར་གཏད་པའི་གང་ཟག་ཀུན༔ བདེ་སྐྱིད་འདོད་རྒུའི་དཔལ་སྟེར་བ༔ ཁྱོད་འདྲ་འཇིག་རྟེན་འདི་ན་དབེན༔ བསྟོད་ཅིང་བསྔགས་པ་འདི་བརྗོད་པས༔ རབ་འབྱམས་ཕྲིན་ལས་མཐུ་ཐོབ་ཤོག༔ ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔ བདག་ཅག་བསྒྲུབ་པའི་སྐྱེས་བུ་རྣམས༔ ཇི་སྲིད་འཚོ་ཡི་བར་དུ་ནི༔ བྱམས་དང་བརྩེ་བས་རྟག་ཏུ་སྐྱོངས༔ བདོག་པའི་རྟ་ལུག་གནག་ཕྱུགས་དཀོར༔ ཀུན་ལ་ཉིན་རྫི་མཚན་གྱི་མེལ་རྩེ་དང་༔ རྟག་ཏུ་གཡེལ་བ་མེད་པར་སྲུང་སྐྱོབ་མཛོད༔ ལྷོག་པ་སྐེ་འགགས་གློ་གོར་ཧོན་གསུམ་སོགས༔ རྟ་ལུག་གནག་ཕྱུགས་ནད་རྣམས་མེད་པར་མཛོད༔ སྐྱེ་འགྲོ་ཕོ་མོའི་བློ་ཡིད་དབང་བསྒྱུར་ལ༔ གཟུགས་འགྲོས་དཀོར་ནོར་ལོངས་སྤྱོད་དབང་དུ་བསྡུས༔ བདག་ལ་འདོད་རྒུའི་ལོངས་སྤྱོད་ཆར་ལྟར་ཕོབས༔ ཆོས་སྲིད་བསྟན་པའི་མངའ་ཐང་འཕེལ་རྒྱས་མཛོད༔ བདག་གི་དཀོར་གཉེར་གཏད་དོ་གཉེར་ཁ་མཛོད༔ སྡང་བའི་དགྲ་དང་གནོད་པའི་བགེགས་རྣམས་ཀུན༔ ཁྱོད་ཀྱི་མཐུ་རྩལ་དྲག་ཤུལ་སྟོབས་ཀྱིས་སོད༔ སྲིད་འཚོའི་བར་དུ་སྲུང་སྐྱོབ་མཛད་པ་ལས༔ ཕྱི་མར་ཐར་ལམ་བར་ཆད་གེགས་མ་བྱེད༔ བླ་མ་ཡི་དམ་རིག་འཛིན་རྒྱ་མཚོ་ཡིས༔ བཀའ་བསྒོ་ཡིན་ནོ་བཀའ་ལས་འདའ་མ་བྱེད༔ དམ་ཚིག་ཡིན་ནོ་དམ་ལས་མ་འདའ་ཞིག༔ བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ ར་ཙ་ཙནྡྲ་ས་མ་ཡ་ཕེཾ་ཕེཾ་ཛ་ཛཿཞེས་གསོལ་ཞིང་མཆོད་པས་ཕྲིན་ལས་བསྒྲུབ་པར་གདོན་མི་ཟའོ༔ ལྷ་དང་སྲུང་མ་གཞན་ལས་ཁྱད་པར་འཕགས༔ མཆོད་གསོལ་མ་གཏོགས་བསྐྱེད་གསལ་མི་དགོས་ཏེ༔ རང་རྒྱུད་པ་རུ་བསྒྲུབ་པས་འགྲུབ་པ་ཡིན༔ བཀྲ་ཤིས་དགེ་ལེགས་ལོངས་སྤྱོད་དཔལ་རྒྱས་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཉིད་རིགས་སྲས་དྲི་མེད་འོད་ཟེར་དང་སློབ་བུ་ཐུབ་བསྟན་གཉིས་ཀྱིས་བསྐུལ་ངོར་དང་རང་ཅག་འགའ་ཡི་དོན་དུ་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མཁྱེན་རབ་རྒྱ་མཚོའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།ཤུ་བྷཾ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:45, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 13, Text 90, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||