TTDL-ZABTER-18-TSHA-007: Difference between revisions

From Dudjom Wiki
TTDL-ZABTER-18-TSHA-007
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
ཚེས་བཅུ་ལ་གདམས་པའི་གླུ་དབྱངས་རྣམ་མཁྱེན་མྱུར་ལམ་བཞུགས་སོ། །རྗེ་དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག།ཕ་བླ་མ་མཚོ་སྐྱེས་རྡོ་རྗེས་སྐྱོངས། །ཚུར་གསོན་དང་སྐལ་བཟང་སྐྱེས་བུ་ཁྱོད། །ཕ་བླ་མར་དད་གུས་གསོལ་འདེབས་དང་། །གྲོགས་མཆེད་ལ་བརྩེ་གདུང་དག་སྣང་སྦྱངས། །དུས་རྒྱུན་དུ་མི་རྟག་འཆི་བ་བསྒོམ། །མ་འགྲོ་ལ་བྱམས་བརྩེས་ཕན་བདེ་བསྒྲུབ། །འདི་ཆོས་རྣམས་ཀུན་གྱི་སྙིང་རྡོ་ཡིན། །དུས་ད་བར་སྐྱོན་མེད་རྣལ་འབྱོར་གྱི། །ལམ་ཚུལ་བཞིན་ཟོལ་མེད་ངང་ལྡན་ལགས། །ཕྱིས་སྒོ་གསུམ་བདུད་དབང་མི་འཆོར་བར། །ཚུལ་ཐོག་མཐའ་མཉམ་པ་གནད་དུ་ཟུངས། །ཁྱོད་ཐོས་བསམ་སྒོམ་པའི་ཤེས་རབ་གྱིས། །དོན་ཁོང་དུ་གྱུར་པ་ངེས་ལེགས་ཏེ། །ཐབས་གང་འདུལ་འགྲོ་དོན་ཅི་འགྲུབ་མཛོད། །ད་ཕ་ཡུལ་སྤངས་ནས་ལོ་མང་སོང་། །གནས་ངེས་མེད་འགྲིམས་ཤིང་རྒྱལ་ཁམས་བསྐོར། །ད་སྒྲུབ་པའི་མཐུན་རྐྱེན་འཛོམ་པའི་སར། །དོན་སྙིང་པོའི་སྒྲུབ་པ་ལྷུར་ལེན་མཛོད། །ཚེ་སྟོད་ཆ་ཡུན་རིང་འདས་ལ་ལྟོས། །ད་ནམ་འཆིའི་ཚད་ལ་གཞལ་ཐབས་མེད། །རང་འཆི་བའི་དུས་ལ་ད་བབས་ན། །སེམས་མི་འཇིགས་གདིང་ཞིག་ཡོད་དམ་མེད། །བློས་གཞིག་ལ་གདིང་ཐོབ་ངེས་པར་རེམ། །ཡུལ་རྒྱལ་ཁམས་ཀུན་ལ་ལྟད་མོ་ལྟོས། །མི་དམུ་རྒོད་སེམས་ལ་བདུད་ཞུགས་ནས། །ཡུལ་རྒྱལ་ཁམས་ཉུལ་ཞིང་རྫུ་འཕྲུལ་ངོམས། །ཚེ་འདི་སྣང་དོན་གཉེར་རང་མགོ་བསྐོར། །དཔེ་རྨི་ལམ་བདེན་པར་བཟུང་བ་བཞིན། །མདོ་སྙིང་པོ་མེད་པ་ཨ་ཙ་མ། །ཚེ་འདི་ལ་སོ་ནམ་ལས་ཀ་དང་། །རྒྱུ་བསགས་ཚད་ལུས་དང་མལ་ས་བཅས། །འཕྲོ་མ་ཉམས་ཤུལ་དུ་བོར་ནས་སུ། །རང་གཅིག་པུ་ཕ་རོལ་གནས་སུ་འཁྱམས། །ལན་སུས་ཀྱང་མི་གཟོ་རང་སྲོག་གཅོད། །དེ་སེམས་ལ་ཞོག་ཅིང་སྒྲུབ་པ་མཛོད། །དོན་སྙིང་པོའི་སྒྲུབ་པ་ལྷུར་ལེན་ཚེ། །གཏམ་ལབ་རོགས་མེད་པ་ཞིག་ལ་རེམ། །ཚེ་འདི་སྣང་སྒྱུ་མར་མངོན་མཐོང་ནས། །ནོར་གསོག་འཇོག་མེད་པ་ཞིག་ལ་རེམ། །རང་འཆི་བའི་ནང་ལ་ཐུག་པའི་ཚེ། །བློའི་ལྷག་མ་མེད་པ་ཞིག་ལ་རེམ། །དུས་འཆི་བ་ཐོག་ཏུ་བབས་པའི་ཚེ། །སེམས་དགའ་བདེ་ཡ་ལེ་ཞིག་ལ་རེམ། །ཕྱི་ཐོས་པ་རྒྱ་ཆེ་གྲངས་མང་བའི། །དོན་རྒྱུད་ལ་འབྱོར་བ་ཞིག་ལ་རེམ། །སྒོམ་ཁ་བཤད་ཁ་ཕོ་མ་ཡིན་པ། །ལུས་འཇའ་སྐུ་འགྲུབ་པ་ཞིག་ལ་རེམ། །ཨ་ཧོ།བསྐྱེད་རིམ་གྱི་ལྷ་སྐུ་བསྒོམ་ཚེ། །བརྡ་རྟགས་དང་དག་དྲན་གསལ་བརྟན། །མ་ནོར་བའི་གནད་དང་ལྡན་ནས། །མངོན་གྱུར་དུ་བྱེད་པ་མ་ཧཱ། །བརྟེན་པ་ནི་རྩ་དང་གཡོ་རླུང་། །བཀོད་པ་ནི་བྱང་སེམས་དབྱིངས་གསུམ། །སྐུ་གསུམ་གྱི་ཡེ་ཤེས་རོལ་པར། །འཕོ་སྨིན་དུ་བྱེད་པ་ཨ་ནུ། །གང་ཤར་གྱི་སེམས་རྟོག་ཕྲ་རགས། །ཤར་གྲོལ་དང་རང་གྲོལ་གཅེར་གྲོལ། །ཀློང་གྱུར་གྱི་བར་དུ་རྣལ་མར། །བསྒོམ་པ་ནི་སེམས་སྡེའི་རང་ཚུལ། །ནང་རིག་དང་ཕྱི་དབྱིངས་བསྲེས་ཏེ། །ཟུང་འཇུག་གི་རོལ་པ་ལམ་བྱས། །ཀ་དག་གི་དབྱིངས་སུ་བསྐྱལ་བ། །ཀློང་སྡེ་ཡི་རང་ཚུལ་ངེས་པ། །སྣང་སྲིད་དང་འཁོར་འདས་ཐམས་ཅད། །སོར་རྟོག་གི་ཤེས་རབ་རྣོན་པོས། །བྱུང་གནས་དང་འགྲོ་གསུམ་བརྟག་པས། །གཞི་མེད་དང་རྩ་བྲལ་རོལ་པ། །རྒྱ་མཚོ་ཡི་གཟའ་སྐར་ཇི་བཞིན། །རང་སྣང་གི་རྫུན་རིས་ངེས་པར། །ཐག་ཆོད་ཀྱི་བདག་མེད་ཤེས་རབ། །ལྟ་བ་ཡི་རྒྱལ་པོ་དེ་ཀ།འཁོར་འདས་ཀུན་མེད་བཞིན་སྣང་བའི། །ཡུལ་ཆེན་ནི་ཀ་དག་ཡེ་གཞི། །ཁྱབ་བརྡལ་གྱི་འོད་གསལ་ཆེན་པོ། །མངོན་གྱུར་གྱི་རང་བཞིན་བསྒོམ་པ། །ལྟ་བ་དང་སྤྱོད་པ་གཉིས་ཀ།གཅིག་ཕྱོགས་སུ་གཅིག་ཤོར་ནོར་འཁྲུལ། །ལམ་ལོག་དེར་མི་འཆོལ་གནད་ལྡན། །སྤྱོད་པ་ནི་ཡང་དག་ངེས་པ། །དེ་ལྟར་དུ་ལྟ་བ་ཟབ་མོས། །སྒོམ་པ་ཡི་གོལ་འཕྱུག་གེགས་སེལ། །སྤྱོད་པ་ཡི་བོགས་འདོན་ཤེས་པ། །ཁྲེགས་ཆོད་ཀྱི་མན་ངག་སྡེ་ཡིན། །དེ་ཉིད་ཀྱི་གནད་ལ་བརྟེན་ནས། །མྱུར་ལམ་གྱི་འཕོ་ཆེན་གདམས་པ། །གནས་ལུགས་ཀྱི་སྒྲོན་མ་རྣམ་དྲུག།ལམ་བྱེད་ཀྱི་སྒྲོན་བཞིར་བརྟེན་ནས། །བཞུགས་སྟངས་དང་གཟིགས་སྟངས་ཆིངས་འདྲ། །གནད་གཅིག་ཏུ་བསྟུན་ནས་བསྒོམ་པས། །འོད་གསལ་གྱི་ཆོས་ཉིད་མངོན་སུམ། །ཤེས་རབ་གྱི་མིག་གིས་མཐོང་ཚེ། །ཕྱི་ནང་གི་སྣང་བའི་ཉམས་རྟོགས། །ཞི་གནས་དང་བརྟན་ཐོབ་ངང་གྱུར། །བཅོས་མིན་གྱི་རིག་པ་མངོན་མཐོ། །བརྩོན་འགྲུས་ཀྱི་ངང་ཤུགས་བསྐྱེད་ནས། །ཉམས་ལེན་ལ་རྩེ་གཅིག་འབད་ན། །སྣང་བ་ནི་འོད་གསལ་དུ་འཕོས་པས། །འཇའ་ཐིག་གི་རོལ་པ་གོང་འཕེལ། །ནང་སེམས་ཀྱི་འཁྲུལ་རྟོག་ཞིག་ལྟས། །གཏད་མེད་དུ་ཟང་མ་ཐལ་བྱུང་། །འབྱུང་ལུས་ཀྱི་གདོས་པ་འཇིག་ལྟས། །ནད་མ་ངེས་ཟུག་རྔུས་གདུང་ཞིང་། །ཟ་ཟི་དང་སྤྱད་སྤྱོད་མང་བྱུང་། །ངག་སྨྱོན་པ་རང་ཚིག་བརྡོལ་བཞིན། །ཚིག་མ་ངེས་དྲན་ཚད་བརྗོད་སྲིད། །མཐར་རིག་པ་ཚད་ལ་ཕེབས་ཚེ། །སྣང་རིག་དབྱིངས་བཅུད་དུ་སྨིན་པས། །སྣང་སྲིད་དང་སྣོད་བཅུད་ཐམས་ཅད། །གཞལ་ཡས་དང་ལྷ་སྐུར་སྨིན་ནས། །ཐ་མལ་གྱི་སྣང་བ་མི་འབྱུང་། །གྲུབ་རྟགས་དང་རྫུ་འཕྲུལ་མངོན་ཤེས། །ཐོགས་མེད་དུ་འབྱུང་དང་སྐྱེ་འཇུག།རང་དབང་གི་རྒྱལ་པོ་ངེས་པ། །དེ་མཐར་ཡང་སྣང་སེམས་ཐམས་ཅད། །ཆོས་ཉིད་ཀྱི་དབྱིངས་སུ་ཟད་ནས། །མི་འཇིགས་པའི་གདིང་ཆེན་མངོན་ཐོབ། །དེ་མཐར་ཡང་ཤེས་སྒྲིབ་ཕྲ་བ། །དབྱིངས་ཞིག་པའི་གཞོན་ནུ་བུམ་སྐུ། །འཕོ་ཆེན་དང་འཇའ་ལུས་མངོན་གྱུར། །མ་དག་པའི་སེམས་སྣང་བག་ཆགས། །སྒྱུ་མ་ཡི་འཁྲུལ་འཁོར་ཞིག་བཞིན། །དུས་མཉམ་དུ་སངས་རྒྱས་སར་གྲོལ། །ཚུལ་དེ་ལྟར་ལྡན་པར་རེམ་དང་། །སྤྱིར་སངས་རྒྱས་བསྟན་པའི་སོ་ནམ། །ཕ་དྲིན་ཆེན་བླ་མའི་ཞབས་ཏོག།སྒོས་དྲིན་ཆེན་ཕ་མའི་དྲིན་ལན། །ཡོངས་སེམས་ཅན་ཀུན་གྱི་འགྲོ་དོན། །དུས་གཅིག་ཏུ་འགྲུབ་པ་དེ་ཡིན། །ངེས་ཁ་ད་ཚིག་གི་སྙིང་པོ། །མི་ཁྱོད་ལ་ནོར་དུ་སྟེར་གཏོང་། །ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ལྷ་ལུང་ནོར་བུའི་གླིང་ནས་སྨྲས་པ་དགེའོ། །། །[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=18
|volumeLetter=TSHA
|textnuminvol=007
|pdflink=File:TTDL-ZABTER-18-TSHA-007.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-18-TSHA
}}
<h1>Tibetan Text</h1>
<onlyinclude>
{{TibP|ཚེས་བཅུ་ལ་གདམས་པའི་གླུ་དབྱངས་རྣམ་མཁྱེན་མྱུར་ལམ་བཞུགས་སོ། །རྗེ་དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག།ཕ་བླ་མ་མཚོ་སྐྱེས་རྡོ་རྗེས་སྐྱོངས། །ཚུར་གསོན་དང་སྐལ་བཟང་སྐྱེས་བུ་ཁྱོད། །ཕ་བླ་མར་དད་གུས་གསོལ་འདེབས་དང་། །གྲོགས་མཆེད་ལ་བརྩེ་གདུང་དག་སྣང་སྦྱངས། །དུས་རྒྱུན་དུ་མི་རྟག་འཆི་བ་བསྒོམ། །མ་འགྲོ་ལ་བྱམས་བརྩེས་ཕན་བདེ་བསྒྲུབ། །འདི་ཆོས་རྣམས་ཀུན་གྱི་སྙིང་རྡོ་ཡིན། །དུས་ད་བར་སྐྱོན་མེད་རྣལ་འབྱོར་གྱི། །ལམ་ཚུལ་བཞིན་ཟོལ་མེད་ངང་ལྡན་ལགས། །ཕྱིས་སྒོ་གསུམ་བདུད་དབང་མི་འཆོར་བར། །ཚུལ་ཐོག་མཐའ་མཉམ་པ་གནད་དུ་ཟུངས། །ཁྱོད་ཐོས་བསམ་སྒོམ་པའི་ཤེས་རབ་གྱིས། །དོན་ཁོང་དུ་གྱུར་པ་ངེས་ལེགས་ཏེ། །ཐབས་གང་འདུལ་འགྲོ་དོན་ཅི་འགྲུབ་མཛོད། །ད་ཕ་ཡུལ་སྤངས་ནས་ལོ་མང་སོང་། །གནས་ངེས་མེད་འགྲིམས་ཤིང་རྒྱལ་ཁམས་བསྐོར། །ད་སྒྲུབ་པའི་མཐུན་རྐྱེན་འཛོམ་པའི་སར། །དོན་སྙིང་པོའི་སྒྲུབ་པ་ལྷུར་ལེན་མཛོད། །ཚེ་སྟོད་ཆ་ཡུན་རིང་འདས་ལ་ལྟོས། །ད་ནམ་འཆིའི་ཚད་ལ་གཞལ་ཐབས་མེད། །རང་འཆི་བའི་དུས་ལ་ད་བབས་ན། །སེམས་མི་འཇིགས་གདིང་ཞིག་ཡོད་དམ་མེད། །བློས་གཞིག་ལ་གདིང་ཐོབ་ངེས་པར་རེམ། །ཡུལ་རྒྱལ་ཁམས་ཀུན་ལ་ལྟད་མོ་ལྟོས། །མི་དམུ་རྒོད་སེམས་ལ་བདུད་ཞུགས་ནས། །ཡུལ་རྒྱལ་ཁམས་ཉུལ་ཞིང་རྫུ་འཕྲུལ་ངོམས། །ཚེ་འདི་སྣང་དོན་གཉེར་རང་མགོ་བསྐོར། །དཔེ་རྨི་ལམ་བདེན་པར་བཟུང་བ་བཞིན། །མདོ་སྙིང་པོ་མེད་པ་ཨ་ཙ་མ། །ཚེ་འདི་ལ་སོ་ནམ་ལས་ཀ་དང་། །རྒྱུ་བསགས་ཚད་ལུས་དང་མལ་ས་བཅས། །འཕྲོ་མ་ཉམས་ཤུལ་དུ་བོར་ནས་སུ། །རང་གཅིག་པུ་ཕ་རོལ་གནས་སུ་འཁྱམས། །ལན་སུས་ཀྱང་མི་གཟོ་རང་སྲོག་གཅོད། །དེ་སེམས་ལ་ཞོག་ཅིང་སྒྲུབ་པ་མཛོད། །དོན་སྙིང་པོའི་སྒྲུབ་པ་ལྷུར་ལེན་ཚེ། །གཏམ་ལབ་རོགས་མེད་པ་ཞིག་ལ་རེམ། །ཚེ་འདི་སྣང་སྒྱུ་མར་མངོན་མཐོང་ནས། །ནོར་གསོག་འཇོག་མེད་པ་ཞིག་ལ་རེམ། །རང་འཆི་བའི་ནང་ལ་ཐུག་པའི་ཚེ། །བློའི་ལྷག་མ་མེད་པ་ཞིག་ལ་རེམ། །དུས་འཆི་བ་ཐོག་ཏུ་བབས་པའི་ཚེ། །སེམས་དགའ་བདེ་ཡ་ལེ་ཞིག་ལ་རེམ། །ཕྱི་ཐོས་པ་རྒྱ་ཆེ་གྲངས་མང་བའི། །དོན་རྒྱུད་ལ་འབྱོར་བ་ཞིག་ལ་རེམ། །སྒོམ་ཁ་བཤད་ཁ་ཕོ་མ་ཡིན་པ། །ལུས་འཇའ་སྐུ་འགྲུབ་པ་ཞིག་ལ་རེམ། །ཨ་ཧོ།བསྐྱེད་རིམ་གྱི་ལྷ་སྐུ་བསྒོམ་ཚེ། །བརྡ་རྟགས་དང་དག་དྲན་གསལ་བརྟན། །མ་ནོར་བའི་གནད་དང་ལྡན་ནས། །མངོན་གྱུར་དུ་བྱེད་པ་མ་ཧཱ། །བརྟེན་པ་ནི་རྩ་དང་གཡོ་རླུང་། །བཀོད་པ་ནི་བྱང་སེམས་དབྱིངས་གསུམ། །སྐུ་གསུམ་གྱི་ཡེ་ཤེས་རོལ་པར། །འཕོ་སྨིན་དུ་བྱེད་པ་ཨ་ནུ། །གང་ཤར་གྱི་སེམས་རྟོག་ཕྲ་རགས། །ཤར་གྲོལ་དང་རང་གྲོལ་གཅེར་གྲོལ། །ཀློང་གྱུར་གྱི་བར་དུ་རྣལ་མར། །བསྒོམ་པ་ནི་སེམས་སྡེའི་རང་ཚུལ། །ནང་རིག་དང་ཕྱི་དབྱིངས་བསྲེས་ཏེ། །ཟུང་འཇུག་གི་རོལ་པ་ལམ་བྱས། །ཀ་དག་གི་དབྱིངས་སུ་བསྐྱལ་བ། །ཀློང་སྡེ་ཡི་རང་ཚུལ་ངེས་པ། །སྣང་སྲིད་དང་འཁོར་འདས་ཐམས་ཅད། །སོར་རྟོག་གི་ཤེས་རབ་རྣོན་པོས། །བྱུང་གནས་དང་འགྲོ་གསུམ་བརྟག་པས། །གཞི་མེད་དང་རྩ་བྲལ་རོལ་པ། །རྒྱ་མཚོ་ཡི་གཟའ་སྐར་ཇི་བཞིན། །རང་སྣང་གི་རྫུན་རིས་ངེས་པར། །ཐག་ཆོད་ཀྱི་བདག་མེད་ཤེས་རབ། །ལྟ་བ་ཡི་རྒྱལ་པོ་དེ་ཀ།འཁོར་འདས་ཀུན་མེད་བཞིན་སྣང་བའི། །ཡུལ་ཆེན་ནི་ཀ་དག་ཡེ་གཞི། །ཁྱབ་བརྡལ་གྱི་འོད་གསལ་ཆེན་པོ། །མངོན་གྱུར་གྱི་རང་བཞིན་བསྒོམ་པ། །ལྟ་བ་དང་སྤྱོད་པ་གཉིས་ཀ།གཅིག་ཕྱོགས་སུ་གཅིག་ཤོར་ནོར་འཁྲུལ། །ལམ་ལོག་དེར་མི་འཆོལ་གནད་ལྡན། །སྤྱོད་པ་ནི་ཡང་དག་ངེས་པ། །དེ་ལྟར་དུ་ལྟ་བ་ཟབ་མོས། །སྒོམ་པ་ཡི་གོལ་འཕྱུག་གེགས་སེལ། །སྤྱོད་པ་ཡི་བོགས་འདོན་ཤེས་པ། །ཁྲེགས་ཆོད་ཀྱི་མན་ངག་སྡེ་ཡིན། །དེ་ཉིད་ཀྱི་གནད་ལ་བརྟེན་ནས། །མྱུར་ལམ་གྱི་འཕོ་ཆེན་གདམས་པ། །གནས་ལུགས་ཀྱི་སྒྲོན་མ་རྣམ་དྲུག།ལམ་བྱེད་ཀྱི་སྒྲོན་བཞིར་བརྟེན་ནས། །བཞུགས་སྟངས་དང་གཟིགས་སྟངས་ཆིངས་འདྲ། །གནད་གཅིག་ཏུ་བསྟུན་ནས་བསྒོམ་པས། །འོད་གསལ་གྱི་ཆོས་ཉིད་མངོན་སུམ། །ཤེས་རབ་གྱི་མིག་གིས་མཐོང་ཚེ། །ཕྱི་ནང་གི་སྣང་བའི་ཉམས་རྟོགས། །ཞི་གནས་དང་བརྟན་ཐོབ་ངང་གྱུར། །བཅོས་མིན་གྱི་རིག་པ་མངོན་མཐོ། །བརྩོན་འགྲུས་ཀྱི་ངང་ཤུགས་བསྐྱེད་ནས། །ཉམས་ལེན་ལ་རྩེ་གཅིག་འབད་ན། །སྣང་བ་ནི་འོད་གསལ་དུ་འཕོས་པས། །འཇའ་ཐིག་གི་རོལ་པ་གོང་འཕེལ། །ནང་སེམས་ཀྱི་འཁྲུལ་རྟོག་ཞིག་ལྟས། །གཏད་མེད་དུ་ཟང་མ་ཐལ་བྱུང་། །འབྱུང་ལུས་ཀྱི་གདོས་པ་འཇིག་ལྟས། །ནད་མ་ངེས་ཟུག་རྔུས་གདུང་ཞིང་། །ཟ་ཟི་དང་སྤྱད་སྤྱོད་མང་བྱུང་། །ངག་སྨྱོན་པ་རང་ཚིག་བརྡོལ་བཞིན། །ཚིག་མ་ངེས་དྲན་ཚད་བརྗོད་སྲིད། །མཐར་རིག་པ་ཚད་ལ་ཕེབས་ཚེ། །སྣང་རིག་དབྱིངས་བཅུད་དུ་སྨིན་པས། །སྣང་སྲིད་དང་སྣོད་བཅུད་ཐམས་ཅད། །གཞལ་ཡས་དང་ལྷ་སྐུར་སྨིན་ནས། །ཐ་མལ་གྱི་སྣང་བ་མི་འབྱུང་། །གྲུབ་རྟགས་དང་རྫུ་འཕྲུལ་མངོན་ཤེས། །ཐོགས་མེད་དུ་འབྱུང་དང་སྐྱེ་འཇུག།རང་དབང་གི་རྒྱལ་པོ་ངེས་པ། །དེ་མཐར་ཡང་སྣང་སེམས་ཐམས་ཅད། །ཆོས་ཉིད་ཀྱི་དབྱིངས་སུ་ཟད་ནས། །མི་འཇིགས་པའི་གདིང་ཆེན་མངོན་ཐོབ། །དེ་མཐར་ཡང་ཤེས་སྒྲིབ་ཕྲ་བ། །དབྱིངས་ཞིག་པའི་གཞོན་ནུ་བུམ་སྐུ། །འཕོ་ཆེན་དང་འཇའ་ལུས་མངོན་གྱུར། །མ་དག་པའི་སེམས་སྣང་བག་ཆགས། །སྒྱུ་མ་ཡི་འཁྲུལ་འཁོར་ཞིག་བཞིན། །དུས་མཉམ་དུ་སངས་རྒྱས་སར་གྲོལ། །ཚུལ་དེ་ལྟར་ལྡན་པར་རེམ་དང་། །སྤྱིར་སངས་རྒྱས་བསྟན་པའི་སོ་ནམ། །ཕ་དྲིན་ཆེན་བླ་མའི་ཞབས་ཏོག།སྒོས་དྲིན་ཆེན་ཕ་མའི་དྲིན་ལན། །ཡོངས་སེམས་ཅན་ཀུན་གྱི་འགྲོ་དོན། །དུས་གཅིག་ཏུ་འགྲུབ་པ་དེ་ཡིན། །ངེས་ཁ་ད་ཚིག་གི་སྙིང་པོ། །མི་ཁྱོད་ལ་ནོར་དུ་སྟེར་གཏོང་། །ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ལྷ་ལུང་ནོར་བུའི་གླིང་ནས་སྨྲས་པ་དགེའོ། །། །}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:49, 4 June 2024

Wylie title TTDL-ZABTER-18-TSHA-007.pdf
Location bdud 'joms gling pa zab gter
Volume 18, Text 7, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཚེས་བཅུ་ལ་གདམས་པའི་གླུ་དབྱངས་རྣམ་མཁྱེན་མྱུར་ལམ་བཞུགས་སོ། །རྗེ་དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག།ཕ་བླ་མ་མཚོ་སྐྱེས་རྡོ་རྗེས་སྐྱོངས། །ཚུར་གསོན་དང་སྐལ་བཟང་སྐྱེས་བུ་ཁྱོད། །ཕ་བླ་མར་དད་གུས་གསོལ་འདེབས་དང་། །གྲོགས་མཆེད་ལ་བརྩེ་གདུང་དག་སྣང་སྦྱངས། །དུས་རྒྱུན་དུ་མི་རྟག་འཆི་བ་བསྒོམ། །མ་འགྲོ་ལ་བྱམས་བརྩེས་ཕན་བདེ་བསྒྲུབ། །འདི་ཆོས་རྣམས་ཀུན་གྱི་སྙིང་རྡོ་ཡིན། །དུས་ད་བར་སྐྱོན་མེད་རྣལ་འབྱོར་གྱི། །ལམ་ཚུལ་བཞིན་ཟོལ་མེད་ངང་ལྡན་ལགས། །ཕྱིས་སྒོ་གསུམ་བདུད་དབང་མི་འཆོར་བར། །ཚུལ་ཐོག་མཐའ་མཉམ་པ་གནད་དུ་ཟུངས། །ཁྱོད་ཐོས་བསམ་སྒོམ་པའི་ཤེས་རབ་གྱིས། །དོན་ཁོང་དུ་གྱུར་པ་ངེས་ལེགས་ཏེ། །ཐབས་གང་འདུལ་འགྲོ་དོན་ཅི་འགྲུབ་མཛོད། །ད་ཕ་ཡུལ་སྤངས་ནས་ལོ་མང་སོང་། །གནས་ངེས་མེད་འགྲིམས་ཤིང་རྒྱལ་ཁམས་བསྐོར། །ད་སྒྲུབ་པའི་མཐུན་རྐྱེན་འཛོམ་པའི་སར། །དོན་སྙིང་པོའི་སྒྲུབ་པ་ལྷུར་ལེན་མཛོད། །ཚེ་སྟོད་ཆ་ཡུན་རིང་འདས་ལ་ལྟོས། །ད་ནམ་འཆིའི་ཚད་ལ་གཞལ་ཐབས་མེད། །རང་འཆི་བའི་དུས་ལ་ད་བབས་ན། །སེམས་མི་འཇིགས་གདིང་ཞིག་ཡོད་དམ་མེད། །བློས་གཞིག་ལ་གདིང་ཐོབ་ངེས་པར་རེམ། །ཡུལ་རྒྱལ་ཁམས་ཀུན་ལ་ལྟད་མོ་ལྟོས། །མི་དམུ་རྒོད་སེམས་ལ་བདུད་ཞུགས་ནས། །ཡུལ་རྒྱལ་ཁམས་ཉུལ་ཞིང་རྫུ་འཕྲུལ་ངོམས། །ཚེ་འདི་སྣང་དོན་གཉེར་རང་མགོ་བསྐོར། །དཔེ་རྨི་ལམ་བདེན་པར་བཟུང་བ་བཞིན། །མདོ་སྙིང་པོ་མེད་པ་ཨ་ཙ་མ། །ཚེ་འདི་ལ་སོ་ནམ་ལས་ཀ་དང་། །རྒྱུ་བསགས་ཚད་ལུས་དང་མལ་ས་བཅས། །འཕྲོ་མ་ཉམས་ཤུལ་དུ་བོར་ནས་སུ། །རང་གཅིག་པུ་ཕ་རོལ་གནས་སུ་འཁྱམས། །ལན་སུས་ཀྱང་མི་གཟོ་རང་སྲོག་གཅོད། །དེ་སེམས་ལ་ཞོག་ཅིང་སྒྲུབ་པ་མཛོད། །དོན་སྙིང་པོའི་སྒྲུབ་པ་ལྷུར་ལེན་ཚེ། །གཏམ་ལབ་རོགས་མེད་པ་ཞིག་ལ་རེམ། །ཚེ་འདི་སྣང་སྒྱུ་མར་མངོན་མཐོང་ནས། །ནོར་གསོག་འཇོག་མེད་པ་ཞིག་ལ་རེམ། །རང་འཆི་བའི་ནང་ལ་ཐུག་པའི་ཚེ། །བློའི་ལྷག་མ་མེད་པ་ཞིག་ལ་རེམ། །དུས་འཆི་བ་ཐོག་ཏུ་བབས་པའི་ཚེ། །སེམས་དགའ་བདེ་ཡ་ལེ་ཞིག་ལ་རེམ། །ཕྱི་ཐོས་པ་རྒྱ་ཆེ་གྲངས་མང་བའི། །དོན་རྒྱུད་ལ་འབྱོར་བ་ཞིག་ལ་རེམ། །སྒོམ་ཁ་བཤད་ཁ་ཕོ་མ་ཡིན་པ། །ལུས་འཇའ་སྐུ་འགྲུབ་པ་ཞིག་ལ་རེམ། །ཨ་ཧོ།བསྐྱེད་རིམ་གྱི་ལྷ་སྐུ་བསྒོམ་ཚེ། །བརྡ་རྟགས་དང་དག་དྲན་གསལ་བརྟན། །མ་ནོར་བའི་གནད་དང་ལྡན་ནས། །མངོན་གྱུར་དུ་བྱེད་པ་མ་ཧཱ། །བརྟེན་པ་ནི་རྩ་དང་གཡོ་རླུང་། །བཀོད་པ་ནི་བྱང་སེམས་དབྱིངས་གསུམ། །སྐུ་གསུམ་གྱི་ཡེ་ཤེས་རོལ་པར། །འཕོ་སྨིན་དུ་བྱེད་པ་ཨ་ནུ། །གང་ཤར་གྱི་སེམས་རྟོག་ཕྲ་རགས། །ཤར་གྲོལ་དང་རང་གྲོལ་གཅེར་གྲོལ། །ཀློང་གྱུར་གྱི་བར་དུ་རྣལ་མར། །བསྒོམ་པ་ནི་སེམས་སྡེའི་རང་ཚུལ། །ནང་རིག་དང་ཕྱི་དབྱིངས་བསྲེས་ཏེ། །ཟུང་འཇུག་གི་རོལ་པ་ལམ་བྱས། །ཀ་དག་གི་དབྱིངས་སུ་བསྐྱལ་བ། །ཀློང་སྡེ་ཡི་རང་ཚུལ་ངེས་པ། །སྣང་སྲིད་དང་འཁོར་འདས་ཐམས་ཅད། །སོར་རྟོག་གི་ཤེས་རབ་རྣོན་པོས། །བྱུང་གནས་དང་འགྲོ་གསུམ་བརྟག་པས། །གཞི་མེད་དང་རྩ་བྲལ་རོལ་པ། །རྒྱ་མཚོ་ཡི་གཟའ་སྐར་ཇི་བཞིན། །རང་སྣང་གི་རྫུན་རིས་ངེས་པར། །ཐག་ཆོད་ཀྱི་བདག་མེད་ཤེས་རབ། །ལྟ་བ་ཡི་རྒྱལ་པོ་དེ་ཀ།འཁོར་འདས་ཀུན་མེད་བཞིན་སྣང་བའི། །ཡུལ་ཆེན་ནི་ཀ་དག་ཡེ་གཞི། །ཁྱབ་བརྡལ་གྱི་འོད་གསལ་ཆེན་པོ། །མངོན་གྱུར་གྱི་རང་བཞིན་བསྒོམ་པ། །ལྟ་བ་དང་སྤྱོད་པ་གཉིས་ཀ།གཅིག་ཕྱོགས་སུ་གཅིག་ཤོར་ནོར་འཁྲུལ། །ལམ་ལོག་དེར་མི་འཆོལ་གནད་ལྡན། །སྤྱོད་པ་ནི་ཡང་དག་ངེས་པ། །དེ་ལྟར་དུ་ལྟ་བ་ཟབ་མོས། །སྒོམ་པ་ཡི་གོལ་འཕྱུག་གེགས་སེལ། །སྤྱོད་པ་ཡི་བོགས་འདོན་ཤེས་པ། །ཁྲེགས་ཆོད་ཀྱི་མན་ངག་སྡེ་ཡིན། །དེ་ཉིད་ཀྱི་གནད་ལ་བརྟེན་ནས། །མྱུར་ལམ་གྱི་འཕོ་ཆེན་གདམས་པ། །གནས་ལུགས་ཀྱི་སྒྲོན་མ་རྣམ་དྲུག།ལམ་བྱེད་ཀྱི་སྒྲོན་བཞིར་བརྟེན་ནས། །བཞུགས་སྟངས་དང་གཟིགས་སྟངས་ཆིངས་འདྲ། །གནད་གཅིག་ཏུ་བསྟུན་ནས་བསྒོམ་པས། །འོད་གསལ་གྱི་ཆོས་ཉིད་མངོན་སུམ། །ཤེས་རབ་གྱི་མིག་གིས་མཐོང་ཚེ། །ཕྱི་ནང་གི་སྣང་བའི་ཉམས་རྟོགས། །ཞི་གནས་དང་བརྟན་ཐོབ་ངང་གྱུར། །བཅོས་མིན་གྱི་རིག་པ་མངོན་མཐོ། །བརྩོན་འགྲུས་ཀྱི་ངང་ཤུགས་བསྐྱེད་ནས། །ཉམས་ལེན་ལ་རྩེ་གཅིག་འབད་ན། །སྣང་བ་ནི་འོད་གསལ་དུ་འཕོས་པས། །འཇའ་ཐིག་གི་རོལ་པ་གོང་འཕེལ། །ནང་སེམས་ཀྱི་འཁྲུལ་རྟོག་ཞིག་ལྟས། །གཏད་མེད་དུ་ཟང་མ་ཐལ་བྱུང་། །འབྱུང་ལུས་ཀྱི་གདོས་པ་འཇིག་ལྟས། །ནད་མ་ངེས་ཟུག་རྔུས་གདུང་ཞིང་། །ཟ་ཟི་དང་སྤྱད་སྤྱོད་མང་བྱུང་། །ངག་སྨྱོན་པ་རང་ཚིག་བརྡོལ་བཞིན། །ཚིག་མ་ངེས་དྲན་ཚད་བརྗོད་སྲིད། །མཐར་རིག་པ་ཚད་ལ་ཕེབས་ཚེ། །སྣང་རིག་དབྱིངས་བཅུད་དུ་སྨིན་པས། །སྣང་སྲིད་དང་སྣོད་བཅུད་ཐམས་ཅད། །གཞལ་ཡས་དང་ལྷ་སྐུར་སྨིན་ནས། །ཐ་མལ་གྱི་སྣང་བ་མི་འབྱུང་། །གྲུབ་རྟགས་དང་རྫུ་འཕྲུལ་མངོན་ཤེས། །ཐོགས་མེད་དུ་འབྱུང་དང་སྐྱེ་འཇུག།རང་དབང་གི་རྒྱལ་པོ་ངེས་པ། །དེ་མཐར་ཡང་སྣང་སེམས་ཐམས་ཅད། །ཆོས་ཉིད་ཀྱི་དབྱིངས་སུ་ཟད་ནས། །མི་འཇིགས་པའི་གདིང་ཆེན་མངོན་ཐོབ། །དེ་མཐར་ཡང་ཤེས་སྒྲིབ་ཕྲ་བ། །དབྱིངས་ཞིག་པའི་གཞོན་ནུ་བུམ་སྐུ། །འཕོ་ཆེན་དང་འཇའ་ལུས་མངོན་གྱུར། །མ་དག་པའི་སེམས་སྣང་བག་ཆགས། །སྒྱུ་མ་ཡི་འཁྲུལ་འཁོར་ཞིག་བཞིན། །དུས་མཉམ་དུ་སངས་རྒྱས་སར་གྲོལ། །ཚུལ་དེ་ལྟར་ལྡན་པར་རེམ་དང་། །སྤྱིར་སངས་རྒྱས་བསྟན་པའི་སོ་ནམ། །ཕ་དྲིན་ཆེན་བླ་མའི་ཞབས་ཏོག།སྒོས་དྲིན་ཆེན་ཕ་མའི་དྲིན་ལན། །ཡོངས་སེམས་ཅན་ཀུན་གྱི་འགྲོ་དོན། །དུས་གཅིག་ཏུ་འགྲུབ་པ་དེ་ཡིན། །ངེས་ཁ་ད་ཚིག་གི་སྙིང་པོ། །མི་ཁྱོད་ལ་ནོར་དུ་སྟེར་གཏོང་། །ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ལྷ་ལུང་ནོར་བུའི་གླིང་ནས་སྨྲས་པ་དགེའོ། །། །