TTDL-ZABTER-13-PA-018: Difference between revisions

From Dudjom Wiki
TTDL-ZABTER-13-PA-018
No edit summary
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 09:38, 4 June 2024

Wylie title TTDL-ZABTER-13-PA-018.pdf
Location bdud 'joms gling pa zab gter
Volume 13, Text 18, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོའི་བླ་རྡོ་སྲོག་གི་འཁོར་ལོ་ཡིད་བཞིན་དབང་རྒྱལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དབྱིངས་ཀྱི་རྗེ་མོའི་བསྒྲུབ་པ་ལ༔ བླ་རྡོ་སྲོག་གི་གནད་ཡིན་པས༔ དེ་ཡི་ལག་ལེན་རིམ་པ་ལ༔ དར་དཀར་རམ་ནི་ཤོག་བུ་ལ༔ མུ་ཁྱུད་རིམ་པ་བཞི་རུ་བསྐོར༔ ལྟེ་བར་རྗེ་མོའི་སྐུ་གཟུགས་ནི༔ བསྐྱེད་ཆོག་བཞིན་དུ་མཛེས་ལྡན་བྲིས༔ སྙིང་གར་སྐུ་གསུང་ཐུགས་ཀྱི་སྲོག༔ མ་བྷྱོ་ཛ་ཡི་ཡི་གེ་བྲི༔ མུ་ཁྱུད་དང་པོར༔ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛ་ཛཿཧཱུྃ་མ་མ་ཨེ་ཀ་ཙ་ཏི་ས་མ་ཡ་ཧྲཱིང་ཧྲཱིང་ཛ་ཛཿསྔགས་སྲུང་དབྱིང་ཀྱི་རྗེ་མའི་བླ་གནས་པར་གྱུར་ཅིག༔ སྲོག་བརྟན་པར་གྱུར་ཅིག༔ ཅེས་བྲིས༔ གཉིས་པ་འཁོར་ལོ་རྩིབས་བཞི་ལ༔ ཧཱུྃ་བཛྲ་ཌཱ་ཀི་ནཱི་ཛཿསྭཱ་རཏྣ་ཌཱ་ཀི་ནཱི་ཧཱུྃ༔ ཨཱཾ་པདྨ་ཌཱ་ཀི་ནཱི་བཾ༔ ཧཱ་ཀརྨ་ཌཱ་ཀི་ནཱི་ཧོཿརྩིབས་མཆན་རྣམས་སུ༔ སརྦ་ཤ་ཏྲུཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སརྦ་ཨ་ཡུ་པུཎྱེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སརྦ་པ་ལཱ་ན་ཡ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ སརྦ་ཨ་མུ་ཀ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ དེ་མཐར་མུ་ཁྱུད་གསུམ་པ་ལ༔ རྦད་སྔགས་རྣམས་ཚང་བར་བྲིས༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཡིག་མགོ་ནང་བསྟན་ཏེ་བསད་སྔགས་རྣམས་བྲིས༔ དེའི་ཕྱི་རིམ་དུ་ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོའི་མཐར་ཤམ་དུ་སྔགས་སྲུང་དབྱིངས་ཀྱི་རྗེ་མོ་ཨེ་ཀ་ཙ་ཏི་སྲིད་པ་མ་མོའི་དཀྱིལ་འཁོར་དང་བཅས་པ་ཐམས་ཅད་བླ་རྡོ་སྲོག་གི་འཁོར་ལོ་འདི་ལ་རབ་ཏུ་གནས་ཤིང་བརྟན་པར་བཞུགས་ནས་འཆང་བ་པོ་འདིའི་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པར་་མཛད་དུ་གསོལ༔ ཞེས་བྲིས༔ ཕྱི་རིམ་མེ་རི་དང་རླུང་རི་ཆུ་རི་སྤེལ་མར་བྲིས༔ རྫས་ལ་མུ་ཁྱུད་དང་པོར་བཟང་པོ་དྲུག་དང་ཙནྡན་དཀར་དམར་གྱིས་བྱུག༔ འབོད་རྦད་བསད་གསུམ་གྱི་སྔགས་ལ་ནག་པོ་དགུ་སྦྱོར་གྱིས་བྱུག༔ རྗེ་མོའི་སྐུ་ལ་དམ་རྫས་དང་བདུད་རྩི་ཆོས་སྨན་སེལ་མེད་ཀྱིས་བྱུག༔ བསྒྲུབ་པའི་རྟེན་དུ་གཙུག་ལ་རབ་གནས་ནན་དུ་བྱ༔ མཐར་ཟངས་ལྕགས་ཀྱི་གའུར་བཅུག་སྟེ༔ འབྲལ་མེད་ཀྱི་རྟེན་དུ་བཅང་༔ འདི་ཡིས་ལུས་དང་གྲིབ་བཞིན་དུ་འཁོར་ཞིང་ལས་ལ་བཅུན་ཏེ་དོན་ཐམས་ཅད་འགྲུབ་པར་འགྱུར་རོ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་རིག་དཔལ་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོསམ་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་ཡོངས་སུ་དགེ་བར་གྱུར་ཅིག།།།