TTDL-ZABTER-15-BA-018: Difference between revisions

From Dudjom Wiki
TTDL-ZABTER-15-BA-018
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=dag snang ye shes drwa ba
|cycletib=དག་སྣང་ཡེ་ཤེས་དྲྭ་བ་
|versonotes=bdud 'joms
|volnumtib=༡༥
|volyigtib=
|volumenumber=15
|volumenumber=15
|volumeLetter=BA
|volumeLetter=BA

Revision as of 14:57, 28 August 2024

Wylie title TTDL-ZABTER-15-BA-018.pdf
Location bdud 'joms gling pa zab gter
Volume 15, Text 18, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ འཇམ་དཔལ་ནག་པོའི་མངོན་རྟོགས་ཡིད་སྦྱིན་དཔལ་སྟེར་བཞུགས་སོ༔ ཨོཾ༔ ན་མོ་གུ་རུ་ཝེ༔ ལྔ་བརྒྱ་ཐ་མའི་དུས་ཀྱི་ཚེ༔ ནད་དང་རིམས་ཀྱི་ཁ་དར་ནས༔ སྐྱེ་འགྲོའི་སྲོག་ལ་འཚེ་བ་མང་༔ དེ་ཚེ་འཇམ་དཔལ་ནག་པོ་ཡི༔ སྒོམ་བཟླས་བརྟེན་པས་ནད་ལས་རྒྱལ༔ དེ་ནས་སྐྱབས་སེམས་བསྒོམ་པ་ནི༔ ན་མོ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ འཇམ་པའི་དབྱངས་ལ་སྐྱབས་སུ་མཆི༔ མ་རྒྱུར་སེམས་ཅན་ཀུན་དོན་དུ༔ འཇམ་དཔལ་ནག་པོའི་བསྒོམ་བཟླས་བྱ༔ ལན་གསུམ་བྱ༔ དེ་ནས་རྟེན་དང་བརྟེན་པ་ལ༔ ཧཱུྃ༔ མ་དག་འཁོར་བ་དག་དབྱིངས་སྟོང་པར་ཞིག༔ སྐད་ཅིག་སྒྱུ་འཕྲུལ་རོལ་པའི་ཏིང་འཛིན་ལས༔ སྣང་སྲིད་ཐམས་ཅད་འོད་གསལ་ཆོས་སྐུའི་ཞིང་༔ དེ་དབུས་ཡེ་ཤེས་ལྔ་རྫོགས་གཞལ་ཡས་སུ༔ ཁྱུང་ལྔ་ལྕགས་སྡིག་ཕག་ནག་མགོ་དགུ་ཡིས༔ བཏེགས་པའི་རིན་ཆེན་ཁྲི་སྟེང་པད་ཉིའི་ལྟེར༔ རང་རིག་ཧཱུྃ་ལས་བཅོམ་ལྡན་འཇམ་པའི་དབྱངས༔ མཐིང་ནག་ཕྱག་གཡས་རལ་གྲི་མེ་འབར་ཕྱར༔ གཡོན་པས་བརྒྱད་སྟོང་པ་ཡི་གླེགས་བམ་བསྣམས༔ ཁྲོ་ཚུལ་དམར་ཟླུམ་སྤྱན་གསུམ་གཡོ་ཞིང་འཁྲུགས༔ ཞལ་གྱི་མཆེ་བ་ཟླ་ལྟར་མན་དུ་གཙིགས༔ ཤངས་ནས་ཕག་ཁྱུང་སྡིག་པའི་ཚྭ་ཚྭ་འཕྲོ༔ བུ་ག་དགུ་ནས་དུག་དང་མེ་རླུང་འཕྱོ༔ ནད་རིམས་གདོན་དང་བཅས་པ་ཐམས་ཅད་བསྲེགས༔ སྐུ་སྨད་སྟག་ཤམ་གསོལ་ཞིང་ཕྱེད་སྐྱིལ་བཞུགས༔ བ་སྤུ་ཐམས་ཅད་དུག་ཁྱུང་ནག་པོ་ལ༔ སྤྲུལ་པ་ཟ་བྱེད་ཁྱུང་གི་ཚྭ་ཚྭ་འཕྲོ༔ དམར་སེར་དབུ་སྐྲ་གྱེན་དུ་འབར་བ་ལས༔ ཟ་བྱེད་ཕག་དང་ལྕགས་སྡིག་དཔག་མེད་འཕྲོ༔ གནོད་བྱེད་ཐམས་ཅད་ཧབ་ཧབ་ཟས་སུ་རོལ༔ བསྐལ་པ་དུས་མཐའི་མེ་ལྟར་འབར་ཀློང་ནས༔ གར་དགུའི་ཉམས་ལྡན་རྔམས་བརྗིད་གཟི་འོད་འབར༔ ཞལ་ནས་དྲག་སྔགས་ཚྭ་ཚྭ་འཕྲོས་པ་ཡིས༔ ནད་གདོན་བར་ཆད་ཐམས་ཅད་ལྷག་མེད་གཞོམས༔ ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་མཐར་སྔགས་འཁོར༔ ཨོཾ་པྲ་སོད༔ ཆུ་སོད༔ དུར་ཏ་སོད༔ དུར་མི་སོད༔ གཉན་མགོ་ལ་ཆོད༔ ཁ་ལ་ཛཿཀཾ་ཤཾ་རྦད་ཕཊ༔ ཨོཾ་ཐིམ་ཐ་ར་ཏི་ས་ཏུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ནག་པོ་ཚལ་པ་ཤག་ཏི་རྦད༔ དེ་ལྟར་བསྐྱེད་རིམ་གནད་ལྡན་པས༔ སྨྲ་བཅད་ཟླ་བཅུར་སྔགས་འདི་དག༔ བཟླས་པས་ལྷ་འདྲེ་ཡོ་ལོག་ཀྱང་༔ གནོད་མི་ནུས་ཤིང་གླགས་མི་རྙེད༔ ནད་རིམས་ཡོ་ལངས་འཚུབས་གྱུར་ཀྱང་༔ ཐེ་ཚོམ་སོམ་ཉི་ཟ་མི་དགོས༔ སྲ་མཁྲེགས་གནམ་ལྕགས་རྡོ་རྗེར་འགྲན༔ འདི་ནི་པདྨ་འབྱུང་གནས་ངས༔ རྒྱ་ནག་རི་བོ་ཏེ་ཤན་ནས༔ འཇམ་དཔལ་ཐུགས་ཀྱི་ཀློང་ནས་བཏོན༔ སྲིན་ཡུལ་ལངྐ་པུ་རི་རུ༔ རཀྵ་སྲིན་པོ་ཟིལ་གནོན་པའི༔ རཀྴ་ཐོད་ཕྲེང་སྐུར་བཞེངས་ཚེ༔ སྲོག་གི་ཡང་ཏིག་འདི་ལྟ་སྟེ༔ སྤྱི་བོར་པདྨ་འབྱུང་གནས་བསྒོམ༔ ཨོཾ་པདྨ་ཤ་ཝ་རི་ཕཊ༔ ནན་པར་ཤིག༔ ནཱ་ག་ནན༔ དདྱ་ཐཱ༔ སརྦ་བི་རི་ཏ་ཧ་ན་ཧ་ན༔ བཛྲེ་ན་རཀྵ་རཀྵ་སྭཱ་ཧཱ༔ ཞེས་པའི་རྡོ་རྗེའི་གོ་ཁྲབ་འདི༔ སྨྲ་བཅད་ཟླ་གཅིག་བཟླས་གྱུར་ཏེ༔ ཐུན་མཚམས་ལྷ་ཞུ་རང་ལ་བསྟིམས༔ གནད་དེས་བཞི་བརྒྱ་རྩ་བཞིའི་ནད༔ གཞོམ་པར་འགྱུར་རོ་གདོན་མི་ཟ༔ ནད་དོ་ཅོག་གི་གཉེན་གཅིག་པུ༔ འཁོར་འདས་གཉིས་ཀྱི་སྲོག་སྙིང་གཅིག༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་དང་བཅས་གཅིག་དྲིལ་བའི༔ ཡང་སྙིང་འདི་ལ་འབད་པར་གྱིས༔ ཡང་ཅིག་དུར་ཁྲོད་བསིལ་ཚལ་དུ༔ ཕ་ཅིག་དམ་པ་སངས་རྒྱས་ཀྱིས༔ འགྲོ་དོན་རྒྱ་ཆེན་ལ་དགོངས་ནས༔ ཟབ་མོ་སྔགས་ཀྱི་ཏིང་འཛིན་ལ༔ འཇིག་རྟེན་མཁའ་འགྲོ་མུ་ཁ་ལེས༔ ཁྱེད་ཀྱི་སྲོག་སྙིང་འདི་ཡིན་པས༔ ཁྱེད་ཀྱི་གཙུག་ཏུ་བསྒོམ་བྱས་ཏེ༔ ཁྱེད་དང་ཐུགས་ཡིད་གཅིག་ཏུ་བསྲེས༔ ནག་པོ་རྦད༔ རུ་ན་རྦདཿམ་ཧཱ་སརྦ་ཐུམ་རིལ་ཛ་རྦད༔ སྔགས་འདི་བཞི་བརྒྱ་རྩ་བཞི་ཡི༔ ནད་རྣམ་ཀུན་གྱི་གཉེན་པོར་སྔགས༔ ཟླ་གཅིག་སྨྲ་བཅད་རིག་བསྔགས་འདི༔ བཟླས་མཐར་ཡུལ་ལྷ་སྡེ་བརྒྱད་མཆོད༔ ལུས་ནི་ལྷ་འདྲེར་སྦྱིན་པ་གཏོང་༔ དེ་ནས་གཞན་དོན་ལ་བརྩོན་ན༔ འགྲོ་བའི་ནད་དོ་ཅོག་རྣམས་ལ༔ སྔགས་འདི་དུས་མཐའི་མེ་དང་འཚུངས༔ ནད་རྣམས་རྩྭ་སྦུར་ཕྲ་མོ་བཞིན༔ བསྲེགས་པར་འགྱུར་བ་གདོན་མི་ཟ༔ ཞེས་གསུངས་གཏད་པའི་ཐུགས་སྒྲོམ་ལས༔ མཚོ་སྐྱེས་རྡོ་རྗེ་བདག་གིས་བཏོན༔ གསལ་ལ་ཡང་གསལ་ཚུལ་དུ་བཀོད༔ དེ་ལྟར་སྙིང་ཁྲག་དྭངས་མ་བཞིན༔ ཤིན་ཏུ་གཅེས་པའི་སྔགས་གསུམ་པོ༔ མཐིང་ཤོག་ངོས་ལ་རིན་པོ་ཆེ༔ གསེར་གྱིས་དབུ་ཅན་ཕྲེང་གཅིག་བྲིས༔ བཙན་དུག་མུར་ནག་སྦྲུལ་ནག་དང་༔ གུར་ནག་རྒྱུ་ཁྲག་ར་རྨིག་གཞོབ༔ ཕྱེ་མ་སྤུངས་པའི་ཐོག་ཏུ་བཞག༔ བསྐྱེད་ཆོག་ཇི་བཞིན་ལྟར་གསལ་བའི༔ ཐུགས་ཀར་ཡེ་ཤེས་གཞལ་ཡས་ཁང་༔ ལྷ་ཁང་བཀོད་ལེགས་མཛེས་ལྡན་བཞིན༔ གསལ་བའི་ནང་གི་འཁོར་ཡུག་ཏུ༔ འཇམ་དཔལ་ནག་པོ་ཁྱུང་སྡིག་པའི༔ ཚོགས་རྣམས་དཔེར་ན་ལྷ་ཁང་ནང་༔ སྡེར་བཟོས་བསྐོར་བ་བཞིན་དུ་གསལ༔ དེ་དབུས་བསྲུང་བྱའི་སྒོ་གསུམ་པོ༔ ཚུད་དེ་མི་འཇིགས་རྒྱས་ཐེབས་བསམ༔ ལྷ་རྣམས་གནས་གསུམ་འོད་འཕྲོས་པས༔ སྐུ་གསུམ་ཞི་ཁྲོ་རྟེན་བརྟེན་ནས༔ སྤྱན་དྲངས་བསྒོམ་པ་དེ་ལ་ཐིམ༔ དུས་གསུམ་རྒྱལ་བའི་མཐུ་ནུས་པ༔ མ་ལུས་ཡོངས་སུ་རྫོགས་བསམ་ཞིང་༔ རང་སྔགས་བརྒྱ་རྩ་རེ་རེ་ཡིས༔ མེ་ཏོག་འཐོར་ཞིང་རབ་གནས་བྱ༔ མགུལ་དུ་འཆིང་བས་འཇིགས་པ་དང་༔ ནད་གདོན་བར་ཆད་ཀུན་ལས་རྒྱལ༔ ཚེ་སྲོག་རྡོ་རྗེའི་བྲག་དང་འཚུངས༔ དུས་མཐའི་ནད་རིམས་གདོན་རྣམས་ལ༔ འདི་འཆང་རྣལ་འབྱོར་ཕོ་མོ་ཀུན༔ ཉམ་མི་ང་ལ་བག་མི་ཚ༔ རིག་འཛིན་མཁའ་འགྲོའི་སྲོག་ཐིག་འདི༔ བཀའ་སྲུང་དབང་ཕྱུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཨྠིྀཞེས་པ་འདི་ཉིད་སློབ་བུ་འཇིགས་མེད་དམ་ཆོས་དང་རིགས་སྲས་མཁྱེན་བརྩེའི་མྱུ་གུ་གཉིས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡེ་ཤེས་མཁའ་འགྲོའི་བརྡ་རིས་གཏན་ལ་ཕབ་པའོ༔ དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།