TTDL-ZABTER-06-CHA-033: Difference between revisions

From Dudjom Wiki
TTDL-ZABTER-06-CHA-033
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 6: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=bka' brgyad
|cycle=bde gshegs bka' brgyad gsang ba 'dus pa
|cycletib=བདེ་གཤེགས་བཀའ་བརྒྱད་གསང་བ་འདུས་པ་
|parentcycle=zab gsang mkha' 'gro'i snying thig
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms bka' brgyad gsang 'dus
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཆ
|volumenumber=06
|volumenumber=06
|volumeLetter=CHA
|volumeLetter=CHA

Revision as of 12:32, 8 August 2024

Wylie title TTDL-ZABTER-06-CHA-033.pdf
Location bdud 'joms gling pa zab gter
Volume 6, Text 33, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 6: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms bka' brgyad gsang 'dus
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle བདེ་གཤེགས་བཀའ་བརྒྱད་གསང་བ་འདུས་པ་ (bde gshegs bka' brgyad gsang ba 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity bka' brgyad
[edit]
དབུ་ཁྲིད་བརྡ་ཡིག༔ ༥༥༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་བཀའ་བརྒྱད་གསང་བ་འདུས་པའི་སྲེག་བླུགས་ཡེ་ཤེས་མེ་ལྕེ་བཞུགས་སོ༔ དབུ་ཁྲིད་བརྡ་ཡིག༔ ༥༥༦དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ༠༠༠༠༠༠བརྡ་ཡིག༔ ༥༥༦བདག་ཉིད་ཆེན་པོ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ བདེ་གཤེགས་བཀའ་བརྒྱད་གསང་བ་འདུས་པ་ཡི༔ སྲེག་བླུགས་ཡེ་ཤེས་མེ་ལྕེ་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དཀྱིལ་འཁོར་མདའ་གང་གྲུ་བཞིར་བཅོས་པ་ཡི༔ གཞི་ནག་ལིང་ཚེ་དགུ་ཡི་ཐིག་བཏབ་ནས༔ བརྩིགས་ཤིང་སོར་ནི་བཅུ་གཉིས་ཚད་ཙམ་བྱ༔ གྲུ་གསུམ་ཚུལ་བརྩིགས་ཤར་དུ་མེ་ཚང་དང་༔ ཤར་ལྷོར་མེ་དར་ལྷོ་ནུབ་རླུང་གཡབ་འཛུག༔ མཆོད་དཀྱིལ་རྫས་དཀྱིལ་གཉིས་སུ་བྱས་པ་ཡི༔ མཆོད་དཀྱིལ་སྟེང་དུ་ཁྲུས་བུམ་ཉེར་ལྔས་གཏམས༔ མདུན་དུ་རྣམ་ལྔས་ལེགས་བསྐོར་འཇིག་འདས་ཀྱི༔ གཏོར་མ་གཉིས་དང་སྨན་རཀ་སོགས་ཀྱང་བཤམས༔ རྫས་དཀྱིལ་སྟེང་དུ་རྫས་ཆེན་བཅུ་གསུམ་པོ༔ མེ་ལྷ་གཡོན་བཤམས་བསྲེགས་ལྷ་གཡས་བསྐོར་བཤམས༔ ཤར་དུ་ཉེར་སྤྱོད་ལྷོ་རུ་འདོད་ཡོན་དང་༔ ནུབ་ཏུ་སྨན་དང་རཀྟ་གཏོར་མ་དང་༔ བྱང་དུ་བྱང་སེམས་དཀར་དམར་སོ་རྩི་གོས༔ གོ་རིམ་མ་འཆོལ་ལེགས་པར་བཤམས་བྱས་ནས༔ རང་ཉིད་ལྷ་ཡི་ང་རྒྱལ་ལྡན་པའི་ངང་༔ ཨོཾ་སྭ་བྷཱ་ཝ་སོགས༔ ལས་ཀྱི་བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ༔ ལས་ཐམས་ཅད་གྲུབ་པའི་བུམ་པ་རྒྱ་ཆེ་ལ་ཁྱོན་ཡངས་པ༔ ཕྱི་བུམ་པའི་དབྱིབས་ལ་ནང་ལྷུན་གྲུབ་བདེ་བ་ཆེན་པོའི་གཞལ་ཡས་ཁང་གི་བཀོད་པ་ཕུན་སུམ་ཚོགས་པའི་ནང་དུ་བུམ་བཅུད་བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་ཀློང་དུ་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་ལ༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་ནག་གཡས་རྒྱ་གྲམ་དང་༔ གཡོན་པས་དྲིལ་བུ་དཀུར་བརྟེན་པ་ཤིན་ཏུ་ཁྲོ་ཞིང་གཏུམ་པ་དུར་ཁྲོད་ཀྱི་ཆས་ཐམས་ཅད་རྫོགས་ཤིང་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་ན་བཞུགས་པའི་ཐུགས་ཀར་ཉི་མའི་གདན་ལ༔ ཧཱུྃ་ཡིག་མཐིང་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་མཛད༔ སྐུ་ཡི་ཆ་ཐམས་ཅད་ནས་དག་བྱེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབ་པས་བུམ་པ་གང་བར་དམིགས༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ བརྒྱ་རྩ་བརྗོད་མཐར༔ ཨརྒྷཾ་སོགས་ཀྱི་མཆོད༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ ཆོས་ཉིད་ཞི་ལས་མ་གཡོས་ཀྱང་༔ འབར་བ་ཁྲག་འཐུང་སྐུར་བཞེངས་པ༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ལ༔ གུས་པ་ཆེན་པོས་ཕྱག་འཚལ་བསྟོད༔ ལྷ་འོད་དུ་ཞུ་ནས་བུམ་པའི་ཆུ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར༔ དེ་ནས་བསྲེག་རྫས་བྱིན་བརླབ་ནི༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་སོགས༔ མཆོད་རྫས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཏྲཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རིགས་ལྔའི་སྙིང་པོ་ཞུ་བ་ལ་འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་བསྡུས་ཤིང་ཐིམ༔ ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འདུས་པའི་ངོ་བོ་ལ༔ རྣམ་པ་ཕྱི་ནང་གསང་བའི་མཆོད་རྫས་མ་ཚང་བ་མེད་པ༔ བྱེད་ལས་ལྷ་རང་རང་གི་སྐུ་གསུང་ཐུགས་ཀྱི་དགྱེས་པ་བསྐང་ནུས་པ་ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཞེས་རྫས་རྣམས་ལ་རྡོ་རྗེས་རེག་ཅིང་བྱིན་གྱིས་བརླབས༔ གཞན་ཡང་སྨན་རཀ་གཏོར་གསུམ་གྱི་སྔགས་ལན་བདུན་རེ་དང་༔ ཕྱི་ནང་གི་མཆོད་སྔགས་རྣམས་ཀྱང་བརྗོད་ནས་རྫས་རྣམས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ༔ དེ་ནས་མེ་སྦར་བ་ནི་མེ་སྒྲོན་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་བཟུང་ནས༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་དཀྱིལ་འཁོར་ནས༔ བདེ་གཤེགས་འདུས་པའི་ཐུགས་ཀྱི་ལྷ༔ དབྱིངས་ཕྱུག་ལྷ་མོ་མེ་སྒྲོན་འཛིན༔ འབར་བའི་ཕྱག་རྒྱ་ཆེན་པོར་བཞེངས༔ ལས་རྣམས་ཐོགས་མེད་འགྲུབ་པ་ཡི༔ ཡེ་ཤེས་མེ་རུ་འབར་བར་མཛོད༔ ཨོཾ་ཨགྣེ་ཛ་ལ་རཾ༔ དེ་ནས་མེ་ལྷ་བསྐྱེད་པ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ མེ་ཐབ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༔ ཡེ་ཤེས་ཀྱི་མེ་དཔུང་དམར་ནག་རབ་ཏུ་འཁྲིགས་པའི་ཀློང་དུ༔ པདྨ་དང་ཉི་ཟླ་ར་སྐྱེས་ཁམ་པའི་གདན་གྱི་སྟེང་དུ་ཧཱུྃ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས་མེ་ལྷ་ཨགྣེ་རཱ་ཙ་སྐུ་མདོག་མཐིང་གསལ༔ ཞལ་གཅིག་ཕྱག་གཉིས་གཡས་བསྒྲང་ཕྲེང་དང་གཡོན་རིལ་བ་སྤྱི་བླུགས་འཛིན་པ༔ དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་མཛེས་སྡུག་ལྟ་བའི་ཆོག་མི་ཤེས་པ༔ ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་ཞིང་དབུ་སྐྲ་ཕྱེད་བཅིངས་ཤིང་ལྷག་མ་རྒྱབ་ཏུ་ཁྲོལ་བ༔ ཞབས་གཉིས་ཕྱེད་འགྱིང་གིས་བཞུགས་པར་གསལ་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿཐུགས་ཀར་ཧཱུྃཿདེ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་མེ་ལྷའི་ཡུལ་ནས་དྲང་སྲོང་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་ནས་གཉིས་སུ་མེད་པར་གྱུར༔ དེ་ནས་མདའ་དར་ཐོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ༔ ཨགྣེ་དྲང་སྲོང་འཁོར་དང་བཅས༔ སྲེག་བླུགས་ཞལ་ཟས་བཞེས་སླད་དུ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ འབར་བ་མེ་ཡི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་ཀྱང་འཚལ༔ ཨོཾ་ཨགྣེ་རཱ་ཙ་བཛྲ་ས་མ་ཡ་ཛ་ཛཿཏིཥྛ་ལྷན༔ ཨ་ཏི་པུ་ཧོཿཔྲ་ཏཱིཙྪ་ཧོཿདེ་ནས་ཕྱི་མཆོད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ དངོས་འབྱོར་ཡིད་ལས་སྐྱེས་པ་ཡི༔ མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས༔ མར་མེ་དྲི་ཞལ་རོལ་མོ་བཅས༔ མེ་ལྷ་དྲང་སྲོང་ལྷ་ལ་འབུལ༔ གསང་བ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨགྣེ་རཱ་ཙ་སརྦ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ པཱདྱཾ་སོགས༔ ཤཔྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨོཾ་ཨགྣེ་རཱ་ཙ་མ་ཧཱ་རཱུ་པ་སོགས༔ སྤཪྴེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨོཾ་ཨགྣེ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཡེ་སྭཱ་ཧཱ༔ མ་ཧཱ་རཀྟ་ཡེ་སྭཱ་ཧཱ༔ མ་ཧཱ་བ་ལིང་ཏ་ཡེ་སྭཱ་ཧཱ༔ དེ་ནས་ནང་མཆོད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ དགྱེས་པ་ཆེན་པོར་བཞེས་ནས་ཀྱང་༔ གསང་བ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་རཱུ་པ་སོགས༔ དེ་ནས་གསང་མཆོད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་འོད་ཞུ་བདུད་རྩི་དང་༔ སྣང་སྲིད་བཅུད་དྲིལ་བ་ལིང་ཏ༔ འཁོར་བ་དབྱིངས་བསྒྲལ་རཀྟ་བཅས༔ དྲང་སྲོང་མེ་ཡི་ལྷ་ལ་འབུལ༔ བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ སྨན་རཀ་གཏོར་གསུམ་སྔགས་ཀྱིས་འབུལ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་དཔལ༔ ཨགྣེ་རཱ་ཙ་འབར་བའི་ལྷ༔ ཤར་ལྷོ་གདོན་གྱི་ཚོགས་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ དེ་ནས་བྱོན་སྐྱེམས་འབུལ་བ་ནི༔ ཨོཾ༔ ཡེ་ཤེས་བདུད་རྩི་འབྱུང་བའི་གནས༔ འཁོར་འདས་དྭངས་བཅུད་ཨ་མྲྀ་ཏ༔ འབར་བའི་མེ་ཡི་ལྷ་ལ་འབུལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཨོཾ་ཨགྣེ་ཨ་ཏི་བྱ་པ་ཏི་བྱ༔ མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བྷ་ཧ་ན་ཡེ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ལན་ཉེར་གཅིག་གིས་ཕུལ༔ དེ་ནས་རྫས་རྣམས་འབུལ་བ་ནི༔ ཧཱུྃ༔ ཡེ་ཤེས་རྩལ་སྣང་སྒྱུ་མའི་འཕྲུལ༔ ཟུང་འཇུག་བདེ་ཆེན་མཆོད་ཆེན་པོ༔ མེ་ལྷ་དྲང་སྲོང་ལྷ་ལ་འབུལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཨོཾ་ཨགྣེ་ཡེ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ གནོད་བྱེད་དགྲ་བགེགས་ཐམས་ཅད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཡམ་ཤིང་ལ༔ ཨོཾ་ཨགྣེ་ཡེ་བོ་དྷི་བྷྲྀཀྵ་ཡེ་སྭཱ་ཧཱ༔ ཤམ་གདགས༔ ཏིལ་ལ༔ ཨོཾ་ཨགྣེ་ཡེ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ ཀུ་ཤ་ལ༔ ཨོཾ་ཨགྣེ་ཡེ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ༔ དཱུརྦ་ལ༔ ཨོཾ་ཨགྣེ་ཡེ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ འབྲས་ལ༔ ཨོཾ་ཨགྣེ་ཡེ་བཛྲ་པུཥྚ་ཡེ་སྭཱ་ཧཱ༔ སོ་བ་ལ༔ ཨོཾ་ཨགྣེ་ཡེ་བཛྲ་བི་ཛ་ཡེ་སྭཱ་ཧཱ༔ ནས་ལ༔ ཨོཾ་ཨགྣེ་ཡེ་མ་ཧཱ་བེ་གཱ་ཡེ་སྭཱ་ཧཱ༔ སྲན་མ་ལ༔ ཨོཾ་ཨགྣེ་ཡེ་མ་ཧཱ་བཱ་ལ་ཡེ་སྭཱ་ཧཱ༔ གྲོ་ལ༔ ཨོཾ་ཨགྣེ་ཡེ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ༔ ཞོ་ཟན་ལ༔ ཨོཾ་ཨགྣེ་ཡེ་བཛྲ་སམྦ་དེ་ཡེ་སྭཱ་ཧཱ༔ ཡུངས་དཀར་ལ༔ ཨོཾ་ཨགྣེ་ཡེ་སརྦ་ཨཪྠ་སིདྡྷི་ཡེ་སྭཱ་ཧཱ༔ ཤིང་ཐོག་ལ༔ ཨོཾ་ཨགྣེ་ཡེ་ག་གྷ་ནི་ག་གྷ་ནི་བཻ་ལོ་ཀི་ཏེ་སྭཱ་ཧཱ༔ ཤམ་གདགས་སོ༔ མཚམས་སུ་འདོད་གསོལ་ནི༔ ཧོཿདྲང་སྲོང་མེ་ལྷའི་རྒྱལ་པོ་ཁྱོད་ལ་བདུད་རྩི་སྲེག་བླུག་གི་མཆོད་པ་འདི་ཕུལ་བའི་མཐུས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་གདུག་པ་ཅན་རྣམས་ཚར་གཅོད་པའི་ཕྲིན་ལས་མཛོད་ཅིག༔ དེ་ལྟར་རྫས་རྣམས་རྫོགས་པའི་མཐར༔ མེ་ལྷ་འབར་བའི་རྣམ་པར་གྱུར་པའི་ཀློང་དུ༔ དབུས་སུ་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ༔ གཞུང་དུ་འཇུག༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་ཆོས་ཀྱི་དབྱིངས་ནས་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདེ་གཤེགས་ཞི་ཁྲོའི་རྣམ་པར་སྤྱན་དྲངས་ནས་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར༔ བཛྲ་ས་མ་ཡ་ཛ་ཛ༔ གཞུང་གི་སྤྱན་འདྲེན་དང་བཞུགས་གསོལ་གྱི་མཇུག་ཏུ༔ བྱོན་སྐྱེམས་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ དབྱིངས་དང་ཡེ་ཤེས་མཉམ་སྦྱོར་བདེ་བའི་བཅུད༔ ཐབས་ཤེས་ཟུང་འཇུག་ཡེ་ཤེས་རྨད་པོ་ཆེ༔ ཟག་མེད་བདུད་རྩིའི་མཆོད་པ་འདི་འབུལ་བཞེས༔ བདེ་སྟོང་ལྷན་སྐྱེས་མཆོག་གི་དངོས་གྲུབ་སྩོལ༔ རྩ་སྔགས་མཐར༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ལན་ཉེར་གཅིག་གིས་ཕུལ༔ གཞུང་གི་ཕྱག་འཚལ་དང་མཆོད་པའི་རྗེས་སུ་ཕྱི་ནང་གསང་བ་སྦྱོར་སྒྲོལ་གྱི་མཆོད་པའི་སྔགས་ཚིག་རྣམས་བཀྲལ་ནས་འབུལ༔ དེ་ནས་རྫས་རྣམས་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཀུན་སྣང་འདོད་ཡོན་ཤར་ཆ་མ་འགགས་པ༔ རང་གསལ་སྒྲིབ་མེད་དམ་རྫས་རྨད་པོ་ཆེ༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་ཞལ་དུ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་འབད་མེད་སྩོལ༔ རྩ་སྔགས་མཐར༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཕཊ༔ ཡམ་ཤིང་ལ་རྩ་སྔགས་མཐར༔ ཨོཾ་བོ་དྷི་བྷྲྀཀྵ་ཡེ་སྭཱ་ཧཱ༔ གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཕཊ༔ ཏིལ་ལ་རྩ་སྔགས་མཐར༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ ཤམ་བུ་གདགས༔ ཀུ་ཤ་ལ་རྩ་སྔགས་མཐར༔ ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ༔ ཤམ་བུ་གདགས༔ དཱུརྦ་ལ་རྩ་སྔགས་མཐར༔ ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཤམ་བུ་གདགས༔ འབྲས་ལ་རྩ་སྔགས་མཐར༔ ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ༔ ཤམ་བུ་གདགས༔ སོ་བ་ལ་རྩ་སྔགས་མཐར༔ ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ༔ ཤམ་བུ་གདགས༔ ནས་ལ་རྩ་སྔགས་མཐར༔ ཨོཾ་མ་ཧཱ་བེ་གཱ་ཡེ་སྭཱ་ཧཱ༔ ཤམ་བུ་གདགས༔ སྲན་མ་ལ་རྩ་སྔགས་མཐར༔ ཨོཾ་མ་ཧཱ་བཱ་ལ་ཡེ་སྭཱ་ཧཱ༔ ཤམ་བུ་གདགས༔ གྲོལ་རྩ་སྔགས་མཐར༔ ཨོཾ་གསྨ་རི་ཡེ་སྭཱ་ཧཱ༔ ཤམ་བུ་གདགས༔ ཞོ་ཟན་ལ་རྩ་སྔགས་མཐར༔ ཨོཾ་བཛྲ་སམྦ་དེ་ཡེ་སྭཱ་ཧཱ༔ ཤམ་བུ་གདགསཿཡུངས་དཀར་ལ་རྩ་སྔགས་མཐར༔ སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ༔ ཤམ་བུ་གདགས༔ ཤིང་ཐོག་ལ་རྩ་སྔགས་མཐར༔ ཨོཾ་ག་གྷ་ནི་ག་ནི་བཻ་ལོ་ཀི་ཏེ་སྭཱ་ཧཱ༔ གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཕཊ༔ མཚམས་སུ་འདོད་གསོལ་ནི༔ ཧོཿཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ལ་བདུད་རྩི་སྲེག་བླུག་གི་མཆོད་པ་རྒྱ་ཆེན་པོ་འདི་ཕུལ་བའི་མཐུས༔ རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་གདུག་པ་ཅན་རྣམས་ཚར་གཅོད་པའི་ཕྲིན་ལས་མཛོད་ཅིག༔ དེ་ནས་གསེར་སྐྱེམས་གཏོར་མ་བཏང་མཐར་ཨེ་བསྐྱེད་ནི༔ ཕཊ་ཛཿརང་མདུན་ཨེ་ལས་མི་སྡུག་བཙོན་ཁང་ནང་༔ ནྲྀ་ཏྲི་ཡོངས་གྱུར་བརྣག་པའི་དགྲ་གདོན་བགེགས༔ རཱུ་པ་ཉམ་ཐག་ཡན་ལག་ལྕགས་སུ་བཙུད༔ ཐལ་སྐྱ་དབུགས་དང་བྲལ་ལ་ཁད་པར་གསལ༔ བདག་མདུན་ཐུགས་ལས་སྤྲུལ་པའི་ཕོ་ཉ་ནི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཅན༔ གྲངས་མེད་འཕྲོས་ནས་དགྲ་བགེགས་གནོད་བྱེད་རྣམས༔ བྱིའུ་ཆུང་ཁྲ་ཡིས་བཅུམ་བཞིན་བཀུག་ནས་ནི༔ རཱུ་པ་ཉིད་དང་དབྱེར་མེད་རོ་གཅིག་གྱུར༔ དེ་ནས་འགུགས་པ་རྡོ་རྗེ་ལྕགས་ཀྱུ་དང་༔ གཞན་ཡང་འགུགས་ཆུང་ནི༔ ན་མོ༔ དཀོན་མཆོག་གསུམ་དང་སྒྲུབ་པ་བཀའ་བརྒྱད་ལྷ༔ མཁའ་འགྲོ་ཆོས་སྐྱོང་ནུས་པའི་བདེན་སྟོབས་ཀྱིས༔ གཟུགས་ཅན་གཟུགས་མེད་དགྲ་གདོན་བགེགས་ཚོགས་རྣམས༔ དམིགས་རྟེན་ལིང་ག་འདི་ལ་མྱུར་དུ་ཁུག༔ ཉེར་གཅིག་སོགས་སྐབས་དང་བསྟུན༔ དེ་ནས་འགུགས་དབྱེ་རྨོངས་བཅིང་གི་ལས་ནི༔ ཧཱུྃ་བྷྱོ༔ བདེ་གཤེགས་སྒྲུབ་སྡེ་དགུ་ཡི་དཀྱིལ་འཁོར་ལྷའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ནུས་སྟོབས་ཀྱིས༔ དགྲ་བགེགས་གནོད་བྱེད་གཟུགས་དང་གཉིས་མེད་ཁུག༔ མགོན་སྐྱོབ་བྱེད་པའི་ལྷ་སྲུང་ཀུན་དང་ཕྲོལ༔ ལུས་ངག་ཡིད་གསུམ་གྲུ་གུ་ཐུལ་དུ་ཆིངས༔ སྨྱོ་རུ་ཆུག་ལ་ནུས་སྟོབས་བརླག་པར་མཛོད༔ རྩ་སྔགས་མཐར༔ ཨོཾ་བཛྲ་ཨཾ་གུ་ཤ་ཡ་ཛ་ཛཿབཛྲ་པྲ་ཝེ་ཤ་ཡ་ཕཊ༔ ཐུམ་རི་ལི་ལི་ཨེ་ཧུར་ཐུམ་ཛ་མཱ་ར་ཡ་རྦད་སོད༔ དེ་ནས་ཕུར་གདབ་ནི༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་འཁོར་དང་བཅས༔ མ་གཡེལ་ཆོས་ཀྱི་དབྱིངས་ནས་གཟུགས་སྐུར་བཞེངས༔ ལོག་རྟོག་དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་ཆེ་མཆོག་ཧེ་རུ་ཀ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་འགྱེད༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ རྡོ་རྗེ་ཕུར་པ་མཚོན་གྱི་མཆོག༔ དགྲ་བགེགས་སྲོག་གི་རྩ་ལ་གདབ༔ རྣམ་ཤེས་འཁྲུལ་མེད་དབྱིངས་སུ་སྤར༔ གཟུགས་ཕུང་རྡུལ་ཕྲན་ཕྱེ་མར་བརླག༔ རྩ་སྔགས་མཐར༔ སརྦ་ཏྲི་ཛ་ཨེ་ཧུར་ཐུམ་ཛ་མཱ་ར་ཡ་རྦད་སོད༔ དེ་ནས་ཞལ་དུ་བསྟབས་པ་ནི༔ ཧཱུྃ༔ བསྟབས་སོ་བསྟབས་སོ་ཞལ་དུ་བསྟབས༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་ཞལ་དུ་བསྟབས༔ དགྲ་བགེགས་ཕུང་ཁམས་སྐྱེ་མཆེད་ཞལ་དུ་བསྟབས༔ ལྷག་མ་མེད་པར་མཛོད་ཅིག་ཛྭ་ལ་རཾ༔ རྩ་སྔགས་མཐར༔ དགྲ་བགེགས་གནོད་བྱེད་ཀྱི་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་དང་བཅས་པ་ལ་ཁ་རཾ་ཁཱ་ཧི༔ དེ་ནས་གཞུང་གི་བསྟོད་པ་རྒྱས་པར་བྱའོ༔ ལྷག་ཆད་བསྐང་ཕྱིར་བཤགས་པ་ནི༔ ཧཱུྃ༔ བདག་ཅག་མ་རིག་ལུས་ངག་སེམས༔ རྩ་བ་ཡན་ལག་དམ་ཉམས་པ༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་སྤྱན་སྔར་བཤགས༔ མི་སྒྲིབ་བདེ་ཆེན་ཚངས་པའི་དངོས་གྲུབ་སྩོལ༔ ཧེ་རུ་ཀའི་ཡིག་བརྒྱ་བརྗོད༔ དེ་ནས་ཡང་དག་གི་ཧོམ་སྦར་ལ༔ ཨོཾ་སྭ་བྷཱ་ཝ༴མེ་ཐབ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཤར་དུ་ལྷོ་རུ་ནུབ་ཏུ་བྱང་དུ་ཤར་ལྷོ་ལྷོ་ནུབ་ནུབ་བྱང་བྱང་ཤར་དཀྱིལ་འཁོར་ཆེན་པོ་དེའི་བར་ཁྱམས་འཁོར་ཡུག་ཐམས་ཅད་དུ་མཆན།མེ་དཔུང་ཆེན་པོ་འབར་བའི་ཀློང་དུ་བྷྲུཾ་ལས་རིན་པོ་ཆེ་ཡི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པའི་དབུས་སུ༔ གཞུང་ལ་འཇུག༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ནག་གསལ་བ་ལས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བདེ་ཆེན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་ཡང་དག་ཐུགས་ཀྱི་འཇམ་དཔལ་སྐུ་ཡི་པདྨ་གསུང་གི་ཕུར་པ་ཕྲིན་ལས་ཀྱི་མ་མོ་རྦོད་གཏོང་གི་རིག་འཛིན་སློབ་དཔོན་གྱི་འཇིག་རྟེན་མཆོད་བསྟོད་ཀྱི་དམོད་པ་དྲག་སྔགས་ཀྱི་དཔལ་གྱི་བཀའ་སྲུང་གི་ལྷ་ཚོགས་འཁོར་དང་བཅས་པ་ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི་ངོ་བོར་བྱོན་ནས་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར༔ བཛྲ་ས་མ་ཡ་ཛ་ཛ༔ གཞུང་གི་སྤྱན་འདྲེན་དང་བཞུགས་གསོལ་གྱི་མཇུག་ཏུ༔ བྱོན་སྐྱེམས་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཐབས་དང་ཤེས་རབ་མཉམ་སྦྱོར་བདུད་རྩིའི་རྒྱུན༔ ཡེ་ཤེས་རོ་དང་དབྱེར་མེད་བདེ་ཆེན་རྫས༔ ཡང་དག་ཐུགས་ཀྱི་འཇམ་དཔལ་སྐུ་ཡི་པདྨ་གསུང་གི་ཕུར་པ་ཕྲིན་ལས་མ་མོ་རྦོད་གཏོང་རིག་འཛིན་སློབ་དཔོན་འཇིག་རྟེན་མཆོད་བསྟོད་དམོད་པ་དྲག་སྔགས་དཔལ་གྱི་བཀའ་སྲུང་ལྷ་ཚོགས་ཞལ་དུ་འབུལ༔ མི་འགྱུར་གསང་བ་མཆོག་གི་དངོས་གྲུབ་སྩོལ༔ རྩ་སྔགས་མཐར༔ པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ལན་བདུན་གྱིས་འབུལ༔ དེ་ནས་ཕྱག་འཚལ་དང་མཆོད་འབུལ་ནི༔ ན་མོ༔ རང་བྱུང་རིག་པ་བྱང་ཆུབ་སེམས༔ ཡེ་ཤེས་ལྷ་ཡི་ཕྱག་རྒྱར་བཞེངས༔ རང་ངོ་མཐོང་ཕྱིར་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན༔ འདོད་ཡོན་ལྷ་མོའི་རོལ་གར་བཅས༔ དཀྱིལ་འཁོར་དགྱེས་པ་བསྐང་ཕྱིར་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨོཾ་མ་ཧཱ་རཱུ་པ་སོགས་དྷརྨ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་་ལིཾ་ཏ་ལ་ཁཱ་ཧི༔ དེ་ནས་རྫས་རྣམས་འབུལ་བ་ནི༔ ཨོཾ༔ འབྲུ་ཡི་བཅུད་དང་རྩི་ཡི་བཅུད༔ སྣང་སྟོང་སྦྱོར་བ་བདེ་བའི་བཅུད༔ ཡེ་ཤེས་མཆོད་པའི་མཆོག་ཆེན་པོ༔ ཡང་དག་ཐུགས་ཀྱི་འཇམ་དཔལ་སྐུ་ཡི་པདྨ་གསུང་གི་ཕུར་པ་ཕྲིན་ལས་མ་མོ་རྦོད་གཏོང་རིག་འཛིན་སློབ་དཔོན་འཇིག་རྟེན་མཆོད་བསྟོད་དམོད་པ་དྲག་སྔགས་དཔལ་གྱི་བཀའ་སྲུང་ལྷ་ལ་འབུལ༔ དབང་བཅུ་སྟོབས་ཀྱི་དངོས་གྲུབ་སྩོལ༔ མར་ཁུ་ལ་རྩ་སྔགས་མཐར༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཕཊ༔ ཡམ་ཤིང་ལ་རྩ་སྔགས་མཐར༔ ཨོཾ་བོ་དྷི་བྷྲྀཀྵ་ཡེ་སྭཱ་ཧཱ༔ གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཕཊ༔ རྫས་རྣམས་ལ་རྩ་སྔགས་མཐར༔ བཛྲ་སིདྡྷ་སམྦ་དེ་པུཥྚ་བེ་གཱ་བི་ཛ་གསྨ་བཱ་ལ་ཨ་ཡུ་ཥེ་པྲ་ཏི་ཧ་ཏ་ག་གྷ་ནི་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཕཊ༔ ཅེས་ཅི་འགྲུབ་ཕུལ་མཐར་འདོད་གསོལ་ནི༔ ཧོཿཡང་དག་ཐུགས་ཀྱི་འཇམ་དཔལ་སྐུ་ཡི་པདྨ་གསུང་གི་ཕུར་པ་ཕྲིན་ལས་མ་མོ་རྦོད་གཏོང་རིག་འཛིན་སློབ་དཔོན་འཇིག་རྟེན་མཆོད་བསྟོད་དམོད་པ་དྲག་སྔགས་དཔལ་གྱི་བཀའ་སྲུང་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ལ་བདུད་རྩི་སྲེག་བླུག་གི་མཆོད་པ་དམ་པ་འདི་ཕུལ་བའི་མཐུས་བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་གནོད་བྱེད་གདུག་པ་ཅན་རྣམས་ཚར་གཅོད་པའི་ཕྲིན་ལས་མཛོད་ཅིག༔ དེ་ནས་ཨེ་བསྐྱེད་ནས་བཟུང་ཞལ་བསྟབས་བཤགས་པ་ཡན་བྱའོ༔ དེ་ནས་གཤིན་རྗེའི་ཧོམ་སྦར་ལ༔ དབང་ཆེན་གྱི་ཕུར་པའི་མ་མོའི་རིག་འཛིན་གྱི་མཆོད་བསྟོད་ཀྱི་དྲག་སྔགས་ཀྱི་བཀའ་སྲུང་གི་ཨོཾ་སྭ་བྷཱ་ཝ་སོགས༔ མེ་ཐབ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ལྷོ་རུ་མེ་དཔུང་ཆེན་པོ་རབ་ཏུ་འབར་བའི་ཀློང་དུ་བྷྲུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པའི་དབུས་སུ༔ གཞུང་ལ་འཇུག༔ དེ་ལྟར་དུ་གསལ་བའི་སོགས༔ འདི་མན་ཆད་གོང་བཞིན་རིགས་འགྲེས་སོ༔ གཞན་ཡང་ཞི་རྒྱས་དབང་དྲག་གི་འདོད་གསོལ་ཤམ་བུ་སོགས་ནི་སྤྱི་དང་མཐུན་པ་ཉིད་དུ་ཤེས་པར་བྱའོ༔ དེ་ནས་རྗེས་ཀྱི་ཆོ་ག་ལ༔ དང་པོ་གཏང་རག་གི་མཆོད་པ་ནི༔ ཨོཾ་ཨཱཿཧཱུྃ༔ དངོས་བཤམས་ཡིད་ལས་སྐྱེས་པ་ཡི༔ ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན༔ བདེ་གཤེགས་འདུས་པའི་ལྷ་ལ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ས་པ་རི་ཝཱ་ར་བཛྲ་པཱདྱཾ་སོགས་ཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་རཱུ་པ་སོགས་སྤཪྴེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་རཀྟ་ལ་ཁཱ་ཧི༔ དེ་ནས་གཤེགས་སྐྱེམས་འབུལ་བ་ནི༔ ཧཱུྃ༔ སྣང་སྲིད་བཅུད་དུ་དྲིལ་བ་ཡི༔ ཡེ་ཤེས་བདུད་རྩི་བླ་མེད་རྫས༔ བདེ་གཤེགས་དཀྱིལ་འཁོར་ལྷ་ལ་འབུལ༔ བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ རྩ་སྔགས་མཐར༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ཉེར་གཅིག་གིས་ཕུལ༔ དེ་བཞིན་དུ་ཡམ་ཤིང་ནས་བཟུང་དྲག་པོའི་རྫས་ཆེན་བཅུ་གཉིས་རྫོགས་མཐར་བསྲེག་གཏོར་འབུལ་བ་ནི༔ ཧཱུྃ༔ གསང་ཆེན་དམ་ཚིག་བླ་མེད་རྫས༔ སྣང་སྲིད་གཞིར་བཞེངས་བ་ལིཾ་ཏ༔ ཡེ་ཤེས་སྒྱུ་འཕྲུལ་ལྷ་ལ་འབུལ༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ༔ རྩ་སྔགས་ཉེར་གཅིག་ལ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ བཏགས་པས་ཕུལ༔ དེ་ནས་སོ་རྩི་འབུལ་བ་ནི༔ ཧཱུྃ༔ བདེ་ཆེན་རྨད་བྱུང་བསྐྱེད་བྱེད་པའི༔ ཡེ་ཤེས་བདུད་རྩི་བླ་ན་མེད༔ གསང་བ་མཆོག་གི་ཨ་མྲྀ་ཏ༔ གསང་འདུས་དཀྱིལ་འཁོར་ལྷ་ལ་འབུལ༔ བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ༔ དེ་ནས་གོས་ཟུང་འབུལ་བ་ནི༔ ཧཱུྃ༔ སྟོང་ཉིད་མཆོག་ཏུ་དགའ་བའི་དཔྱིད༔ རྣམ་པར་མཛེས་པའི་རེག་བྱ་ནི༔ ཡེ་ཤེས་མཆོག་གི་རོ་དང་ལྡན༔ གསང་འདུས་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ༔ སླར་ཡང་བསྟོད་མཐར་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ བདེ་གཤེགས་གསང་གསུམ་དཀྱིལ་འཁོར་ནས༔ མི་འགྱུར་ལྷན་སྐྱེས་བདེ་ཆེན་ཐུགས༔ རྡོ་རྗེ་གསུང་དང་སྐུ་ཡི་དབྱིངས༔ དབང་དང་དངོས་གྲུབ་མ་ལུས་པ༔ བསྐུར་ཐོབ་བྲལ་བར་རང་ལ་རྫོགས༔ རིག་པ་གཞི་རུ་སད་པ་དང་༔ ལས་བཞིའི་ཕྲིན་ལས་འགྲུབ་པའི་ཕྱིར༔ ད་ལྟ་ཉིད་དུ་བདག་ལ་སྩོལ༔ རྩ་སྔགས་མཐར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿཞེས་སྦྱིན་སྲེག་གི་ཆ་ཤས་དང་ཕྱེ་མར་བཅས་བླང་ནས་གནས་གསུམ་དུ་གཏུག་ནས་དངོས་གྲུབ་བླང་ངོ༔ དེ་ནས་ལྷག་ཆད་ཁ་བསྐང་ཕྱིར་བཤགས་པ་བྱ་བ་ནི༔ ཧཱུྃ༔ མ་འབྱོར་མ་རྙེད་མ་ཚང་དང་༔ ཏིང་འཛིན་མ་གསལ་སྔགས་མ་དག༔ ཆོ་ག་ལྷག་ཆད་སོང་བ་རྣམས༔ མཐོལ་བཤགས་བཟོད་གསོལ་ཚངས་པར་སྩོལ༔ ཧེ་རུ་ཀའི་ཡིག་བརྒྱ་བརྗོད་བཞིན་ཐབ་ཏུ་ཡུངས་དཀར་འཐོར༔ དེ་ནས་གཤེགས་གསོལ་ནི༔ ཨཱཿལྷན་སྐྱེས་རང་ལ་རྫོགས་པའི་ལྷ༔ གཤེགས་པར་བྱ་བ་མི་དམིགས་ཀྱང་༔ ཏིང་འཛིན་བསྐྱེད་པའི་དཀྱིལ་འཁོར་ལྷ༔ རང་བཞིན་ཆོས་ཀྱི་དབྱིངས་སུ་གཤེགས༔ བཛྲ་མུ༔ ཡེ་ཤེས་པ་དབྱིངས་སུ་གཤེགས༔ དམ་ཚིག་པ་བདག་ལ་ཐིམ་པར་དམིགས༔ གཉིས་པ་མེ་ལྷའི་རྗེས་སུ་གཏང་རག་བྱ་བ་ནི༔ མེ་ཁ་ཅུང་ཟད་གསོས་ལ༔ མེ་ལྷ་སྔར་བཞིན་གསལ་གདབ་ལ༔ རྣམ་ལྔ་འབུལ་བ་ནི༔ ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་གཏེར་ཆེན་པོ༔ ཨགྣེ་རཱ་ཙ་འཁོར་བཅས་ཀྱི༔ ཐུགས་ཀྱི་དགྱེས་པ་བསྐང་ཕྱིར་འབུལ༔ ཨོཾ་ཨགྣེ་ཡེ་མ་ཧཱ་ཨརྒྷཾ་སོགས་ཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨོཾ་ཨགྣེ་ཡེ་མ་ཧཱ་རཱུ་པ་སོགས་སྤཪྴེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨོཾ་ཨགྣེ་ཡེ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ཨོཾ་ཨགྣེ་ཡེ་མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ ཨོཾ་ཨགྣེ་ཡེ་མ་ཧཱ་རཀྟ་ལ་ཁཱ་ཧི༔ ཞེས་བརྗོད་བཞིན་འབུལ༔ དེ་ནས་གཤེགས་སྐྱེམས་འབུལ་བ་ནི༔ ཨོཾ་ཨགྣེ་ཡེ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ཉེར་གཅིག་གིས་ཕུལ༔ དེ་ནས་མར་ཁུ་ནས་བཟུང་དྲག་པོའི་རྫས་ཆེན་བཅུ་གཉིས་རྫོགས་པའི་རྗེས་སུ༔ མེ་ལྷར་གཏོར་མ་འབུལ་བ་ནི༔ ཨོཾ་ཨགྣེ་ཡེ་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ བདུན་གྱིས་ཕུལ༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ནད་མེད་ཚེ་དང་དབང་ཕྱུག་དང་༔ དཔལ་དང་གྲགས་དང་སྐལ་བ་བཟང་༔ ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་༔ ཞི་དང་རྒྱས་ལ་སོགས་པ་ཡི༔ ལས་ཀྱི་དངོས་གྲུབ་བདག་ལ་སྩོལ༔ དམ་ཚིག་ཅན་གྱིས་བདག་ལ་སྲུངས༔ དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད༔ དུས་མིན་འཆི་དང་ནད་རྣམས་དང་༔ གདོན་དང་བགེགས་རྣམས་མེད་པར་མཛོད༔ རྨི་ལམ་ངན་དང་མཚན་མ་ངན༔ བྱ་བྱེད་ངན་པ་མེད་པར་མཛོད༔ འཇིག་རྟེན་བདེ་ཞིང་ལོ་ལེགས་དང་༔ འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ༔ བདེ་ལེགས་ཕུན་སུམ་ཚོགས་པའི་གནས༔ ཡིད་ལ་འདོད་པ་ཀུན་འགྲུབ་ཤོག༔ ཅེས་ཕྲིན་ལས་བཅོལ༔ དེ་ནས་སོ་རྩི་འབུལ་བ་ནི༔ ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ༔ གོས་ཟུང་འབུལ་བ་ནི༔ ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ༔ དེ་ནས་བསྟོད་པ་བྱ་བ་ནི༔ མེ་སྟེ་བསྲེག་ཅིང་ཟ་བའི་ལྷ༔ དྲང་སྲོང་རྒྱལ་པོ་གདོན་གྱི་བདག༔ ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཞེས་པས་བསྟོད༔ ནོངས་པ་བཤགས་པ་ནི༔ ཧོཿམ་འབྱོར་པ་དང་ཉམས་པ་དང་༔ གང་ཡང་བདག་རྨོངས་བློ་ཡིས་ནི༔ བགྱིས་པ་དང་ནི་བགྱིད་སྩལ་བ༔ དེ་ཀུན་མགོན་པོས་བཟོད་པར་གསོལ༔ ཡི་གེ་བརྒྱ་པ་ཚར་གསུམ་བརྗོད༔ དེ་ནས་གཤེགས་གསོལ་ནི༔ ཨོཾ༔ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད༔ རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ༔ སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་༔ སླར་ཡང་ཕྲིན་ལས་སྒྲུབ་པའི་ཕྱིར༔ ནམ་ཡང་འབྱོན་པར་མཛད་དུ་གསོལ༔ བཛྲ་མུ༔ ཡེ་ཤེས་པ་རང་གནས་སུ་གཤེགས༔ དམ་ཚིག་པ་འབར་བའི་རྣམ་པར་གྱུར་ནས་སྦྱིན་སྲེག་ཟ་བའི་བགེགས་རྣམས་གཞོམ་པར་གྱུར༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧོཿབདེ་གཤེགས་སྒྱུ་འཕྲུལ་རོལ་པའི་གྲོང་ཁྱེར་དུ༔ སྦྱིན་སྲེག་མཆོད་པ་ཕུལ་བའི་བསོད་ནམས་དགེ༔ མར་གྱུར་སེམས་ཅན་སངས་རྒྱས་ཐོབ་ཕྱིར་བསྔོ༔ ཀུན་ཀྱང་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ རང་རིག་ཀུན་ཏུ་བཟང་པོར་སངས་རྒྱས་ཤོག༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ ཕན་བདེའི་འབྱུང་གནས་སངས་རྒྱས་བསྟན་པ་དར༔ དེ་འཛིན་སྐྱེས་བུའི་སྐུ་ཚེ་ཞབས་པད་བརྟན༔ ཡོན་གནས་ཀུན་ཀྱང་དཔལ་འབྱོར་ཕུན་སུམ་ཚོགས༔ བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག༔ གཞན་ཡང་བཀྲ་ཤིས་ཅི་རིགས་བརྗོད༔ ལས་རྗེས་མི་མངོན་པ་རུ་བྱ༔ དེ་ལྟར་ཞི་རྒྱས་དབང་དྲག་གི༔ ལས་གང་བསྒྲུབ་པར་འདོད་པ་ཡིས༔ དམིགས་པའི་ལྡེ་ཁ་ཞལ་ལས་ཤེས༔ ཁྱད་པར་དྲག་པོའི་ལས་ཀྱིས་ནི༔ མཐར་སྡུད་ཟབ་མོ་འདིར་བརྩོན་ནས༔ འབུམ་ཕྲག་ཚད་དུ་འཁྱོལ་བ་ན༔ གང་ལ་དམིགས་པའི་ལས་དེ་ཉིད༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ མེ་ཉིད་ལྷ་ཡི་ཞལ་ཡིན་ཏེ༔ བསྲེག་རྫས་མཆོད་པའི་སྤྲིན་དུ་དམིགས༔ ཕུལ་བས་ཚོགས་གཉིས་རབ་རྫོགས་ནས༔ དོན་གཉིས་ཕུན་ཚོགས་དཔལ་ཐོབ་འགྱུར༔ འོད་ཟེར་ལས་མཐུན་འཕྲོས་པ་ཡིས༔ ཕྲིན་ལས་གང་འདོད་དེ་བཞིན་དུ༔ བསྒྲུབ་ཅིང་དངོས་གྲུབ་ཐམས་ཅད་བསྡུས༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀའི༔ སྐུ་གསུང་ཐུགས་ལ་ཐིམ་པ་ཡིས༔ ཀུན་ལ་དབང་བསྒྱུར་དབང་ཐོབ་བསམ༔ ས་མ་ཡ༔ ཨེ་མ༔ ཨོ་རྒྱན་ཆེན་པོའི་ཐུགས་བཅུད་ཟབ་མོའི་ཆོས༔ བདེ་གཤེགས་བཀའ་བརྒྱད་གསང་བ་འདུས་པ་ཡི༔ ཕྲིན་ལས་ཆོ་ག་ཡེ་ཤེས་མེ་ལྕེ་འདི༔ མི་བརྗེད་གཟུངས་ཐོབ་ཇོ་མོ་མཚོ་རྒྱལ་ངས༔ རྫུ་འཕྲུལ་ཤོག་བུར་འཕྲུལ་ཡིག་བརྡ་རིས་བཏབ༔ མ་འོངས་ལས་ཅན་བུ་ལ་གཏད་རྒྱ་བྱས༔ ཁམས་ཀྱི་སྟག་ཚང་རྫོང་དུ་གཏེར་རྒྱས་བཏབ༔ བདུན་བརྒྱ་ཉེར་ལྔའི་བཀའ་ཡི་སྲུང་མར་གཉེར༔ སྙིགས་མ་ལྔ་བདོ་སུམ་ཅུ་ཁ་རལ་དུས༔ ཁྲོ་ལོད་དངོས་སྣང་བདུད་འཇོམས་རྡོ་རྗེ་དང་༔ མ་འཕྲད་བར་དུ་གཏེར་རྡོལ་བུག་ཚག་རལ༔ འཛུགས་སུ་མ་བཅུག་ཉིན་མཚན་མེལ་ཚེ་མཛོད༔ ཕྱི་ཡི་སྲུང་མ་དགེ་བསྙེན་གཡུ་ཕྲེང་ཅན༔ གཏད་དོ་གཉེར་རོ་བཛྲ་ས་མ་ཡ༔ ལྟ་ལོག་སྐུར་འདེབས་མཁན་གྱི་སྙིང་ཁྲག་རོལ༔ ཆོས་འདི་གང་དུ་གནས་པའི་ས་ཕྱོགས་དེར༔ ནད་མཚོན་མུ་གེའི་བསྐལ་ངན་ཡོ་ལངས་གཞོམ༔ འགྲོ་ཀུན་གནས་སྐབས་མཐར་ཐུག་བདེ་ལེགས་འབྲས༔ གཡུར་དུ་སྨིན་ནས་བློ་རྒྱུད་ཆོས་དང་འདྲེས༔ མཐར་ཐུག་རིག་པ་ཆོས་ཉིད་དོན་གྱི་ལྷ༔ དཔལ་ཆེན་ཧེ་རུ་ཀ་དང་གཉིས་མེད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་བདག་ཁྲག་འཐུང་ནུས་ལྡན་རྡོ་རྗེ་བདུད་འཇོམས་ཁྲོ་ལོད་རྩལ་གྱིས་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་ནས་གདན་དྲངས་ཏེ་མི་ལོ་དྲུག་ཅུའི་བར་དུ་བཀའ་རྒྱས་བཏབ་མཐར་རང་སློབ་དམ་པ་ཀློང་ཆེན་རྡོ་རྗེས་བཀྲ་ཤིས་ལྷ་རེག་དཀར་པོ་དང་རིན་ཆེན་གཉིས་པའི་སྐྱེས་བཅས་ཡང་ཡང་ནན་དུ་བསྐུལ་ངོར་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་རང་ལས་མི་གཞན་ཅིང་རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་བགྱིས་པའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག།