TTDL-ZABTER-01-KA-036: Difference between revisions

From Dudjom Wiki
TTDL-ZABTER-01-KA-036
No edit summary

Revision as of 10:43, 2 August 2024

Wylie title TTDL-ZABTER-01-KA-035.pdf
Location bdud 'joms gling pa zab gter
Volume 1, Text 35, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ སྒོ་དབྱེ་འཕྲུལ་གྱི་ལྡེའུ་མིག་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༣༣༡༔ སྒྲུབ་པའི་ཕྱི་སྒོ་ཕྱེ་བ་ལ༔ དཀར་གཏོར་གསེར་སྐྱེམས་བཤམས་ནས་སུ༔ ཟག་མེད་ཡེ་ཤེས་བདུད་རྩི་ལ༔ རྣམ་པ་འདོད་རྒུའི་དཔལ་དུ་བསྐྱེད༔ དེ་ལ་སྭ་བྷཱ་ཝས་སྦྱངས༔ ཨ་ཀཱ་རོས་སྤེལ༔ ཀྱཻ༔ ཤར་ཕྱོགས་སྲིད་པའི་ལྷ་མ་སྲིན༔ གཞི་བདག་ལྷ་འདྲེ་དྲག་རྩལ་ཅན༔ གསེར་སྐྱེམས་གཏོར་མ་འདི་བཞེས་ལ༔ ཡས་དང་ཟོར་གྱི་ལམ་ཕྱེས་ལ༔ མཐུ་དང་དཔུང་བསྐྱེད་དམག་ལ་ཆོས༔ དགྲ་བགེགས་མ་ཤོར་སྐུ་བཟུར་ལ༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཀྱཻ༔ སྲིད་པ་ལྷོ་ཡི་ལྷ་མ་སྲིན༔ གཞི་བདག་ལྷ་འདྲེ་དྲག་རྩལ་ཅན༔ གསེར་སྐྱེམས་གཏོར་མ་འདི་བཞེས་ལ༔ ཡས་དང་ཟོར་གྱི་ལམ་ཕྱེས་ལ༔ མཐུ་དང་དཔུང་བསྐྱེད་དམག་ལ་ཆོས༔ དགྲ་བགེགས་མ་ཤོར་སྐུ་བཟུར་ལ༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཀྱཻ༔ སྲིད་པ་ནུབ་ཀྱི་ལྷ་མ་སྲིན༔ གཞི་བདག་ལྷ་འདྲེ་དྲག་རྩལ་ཅན༔ གསེར་སྐྱེམས་གཏོར་མ་འདི་བཞེས་ལ༔ ཡས་དང་ཟོར་གྱི་ལམ་ཕྱེས་ལ༔ མཐུ་དང་དཔུང་བསྐྱེད་དམག་ལ་ཆོས༔ དགྲ་བགེགས་མ་ཤོར་སྐུ་བཟུར་ལ༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཀྱཻ༔ སྲིད་པ་བྱང་གི་ལྷ་མ་སྲིན༔ གཞི་བདག་ལྷ་འདྲེ་དྲག་རྩལ་ཅན༔ གསེར་སྐྱེམས་གཏོར་མ་འདི་བཞེས་ལ༔ ཡས་དང་ཟོར་གྱི་ལམ་ཕྱེས་ལ༔ མཐུ་དང་དཔུང་སྐྱེད་དམག་ལ་ཆོས༔ དགྲ་བགེགས་མ་ཤོར་སྐུ་བཟུར་ལ༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཀྱཻ༔ མཚམས་བཞི་སྟེང་འོག་ལ་གནས་པའི༔ སྣང་ཞིང་སྲིད་པའི་ལྷ་འདྲེ་དང་༔ གཞི་བདག་ལྷ་འདྲེ་དྲག་རྩལ་ཅན༔ མ་ལུས་ལུས་པ་མེད་པ་ཀུན༔ གསེར་སྐྱེམས་གཏོར་མ་འདི་བཞེས་ལ༔ ཡས་དང་ཟོར་གྱི་སྒོ་ཕྱེས་ཤིག༔ ཐུན་ཟོར་དགྲ་བགེགས་སྲོག་ལ་ཕོབ༔ ཟོར་སྒོ་དགྲ་དང་བགེགས་ལ་ཕྱེས༔ མིང་ཙམ་མེད་པར་རྡུལ་དུ་རློག༔ བདག་ནི་མ་ཉེས་མ་ལན་ཏེ༔ གལ་ཏེ་གདོང་ལ་ཐུག་གྱུར་ཀྱང་༔ ཆད་པ་དགྲ་དང་བགེགས་ལ་ཕོབ༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དམ་གཉན་པོ་དཔང་བཞག་ནས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་སརྦ་ལོ་ཀ་པཱ་ལ་ཨེ་དཾ་བ་ལིངྟ་ཁཱ་ཧི༔ དེ་ནས་དཀྱིལ་འཁོར་ནང་གི་སྒོ་དབྱེ་ལ༔ ཛཿདཀྱིལ་འཁོར་ཤར་གྱི་སྒོ་སྐྱོང་ཞིང་༔ སྙིང་རྗེའི་སྒོ་མ་ལྕགས་ཀྱུ་མ༔ མེ་ལོང་ཡེ་ཤེས་ཤར་སྒོ་ཕྱེས༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ ཧཱུྃ༔ དཀྱིལ་འཁོར་ལྷོ་ཡི་སྒོ་སྐྱོང་ཞིང་༔ བྱམས་པའི་སྒོ་མ་ཞགས་པ་མ༔ མཉམ་ཉིད་ཡེ་ཤེས་ལྷོ་སྒོ་ཕྱེས༔ རྒྱས་པའི་ཕྲིན་ལས་འགྲུབ་པར་མཛོད༔ རཏྣ་པྲ་བེ་ཤ་ཡ་ཕཊ༔ བཾ༔ དཀྱིལ་འཁོར་ནུབ་ཀྱི་སྒོ་སྐྱོང་ཞིང་༔ དགའ་བའི་སྒོ་མ་ལྕགས་སྒྲོག་མ༔ སོར་རྟོག་ཡེ་ཤེས་ནུབ་སྒོ་ཕྱེས༔ དབང་གི་ཕྲིན་ལས་འགྲུབ་པར་མཛོད༔ པདྨ་པྲ་བེ་ཤ་ཡ་ཕཊ༔ ཧོཿདཀྱིལ་འཁོར་བྱང་གི་སྒོ་སྐྱོང་ཞིང་༔ བཏང་སྙོམས་སྒོ་མ་དྲིལ་བུ་མ༔ བྱ་གྲུབ་ཡེ་ཤེས་བྱང་སྒོ་ཕྱེས༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཀརྨ་པྲ་བེ་ཤ་ཡ་ཕཊ༔ ཀྱཻ༔ དཀྱིལ་འཁོར་གྱི་ལྷ་རྣམས་སྟེང་གི་ནམ་མཁའ་ལ་གཤེགས་ཏེ་བདག་སྒྲུབ་པ་པོ་ལ་དབང་དང་དངོས་གྲུབ་ཀྱི་ཆར་ཆེན་པོ་འབེབས་ཤིང་སྩོལ་བར་བསམ༔ གནད་དེས་རྣམ་བཞིའི་ཕྲིན་ལས་འགྲུབ༔ དངོས་གྲུབ་རྣམ་གཉིས་ངེས་ཐོབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཨྠིྀ༔ གུ་ཧྱ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཡེ་ཤེས་ཉི་མ་མཐའ་རྒྱས་སོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།