TTDL-ZABTER-13-PA-116: Difference between revisions

From Dudjom Wiki
TTDL-ZABTER-13-PA-116
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|versonotes=bdud 'joms
|volnumtib=༡༣
|volyigtib=
|volumenumber=13
|volumenumber=13
|volumeLetter=PA
|volumeLetter=PA

Revision as of 10:54, 23 August 2024

Wylie title TTDL-ZABTER-13-PA-116.pdf
Location bdud 'joms gling pa zab gter
Volume 13, Text 116, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྟ་ལྷའི་བསང་མཆོད་ཉེས་པ་ཀུན་སེལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བསང་མཆོད་གཏོར་མ་གསེར་སྐྱེམས་བཤམས་ཏེ༔ སྭ་བྷཱ་ཝ་ཡིས་སྦྱངས༔ ཨ་ཀཱ་རོ་ཡིས་ནམ་མཁའི་མཛོད་དུ་སྤེལ་ཏེ༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སྐུ་གསུམ་རྒྱལ་བ་སྲས་བཅས་ཀྱིས༔ ཁ་འཛིན་མཛོད་ལ་བྱིན་གྱིས་རློབས༔ རྟ་མགྲིན་དབང་གི་རྒྱལ་པོ་བསང་༔ ཁ་འཛིན་མཛོད་ལ་བྱིན་གྱིས་རློབས༔ རྟ་ལྷ་ཨཱཪྻ་རེ་མནྟ༔ གསོལ་ལོ་མཆོད་དོ་བསང་ཞིང་བརྔན༔ རྟ་བདག་རྒྱལ་པོ་ཀུ་བཻ་ར༔ གསོལ་ལོ་མཆོད་དོ་བསང་ཞིང་བརྔན༔ མགོན་པོ་ནག་པོ་རྟ་ཡི་ལྷ༔ གསོལ་ལོ༴རྟ་ལྷ་རྒྱལ་ཆེན་རྣམ་ཐོས་སྲས༔ བཀའ་སྲུང་དྲེགས་པའི་འཁོར་དང་བཅས༔ གསོལ་ལོ༴རྟ་བསྲུང་རྟ་ཡི་གཡང་ལྷ་མཛོད༔ ཕ་ལྷ་མ་ལྷ་ཞང་ལྷ་སོགས༔ འགོ་བའི་ལྷ་དང་སྐྱོབ་པའི་ལྷ༔ ཕ་མྱེས་རྒྱུད་ཀྱི་སྲུང་མ་ལ༔ གསོལ་ལོ༴རྟ་བསྲུང་རྟ་ཡི་གཡང་ལྷ་མཛོད༔ རྟ་ལ་མི་དབང་དགྲ་དང་བགེགས༔ གསོད་གཅོད་བརླག་པའི་ཕྲིན་ལས་མཛོད༔ རྐང་གྲངས་སྤེལ་ལ་མྱུར་མགྱོགས་སྟོབས༔ རབ་ཏུ་རྒྱས་ཤིང་འཕེལ་བར་མཛོད༔ རྟ་ལ་གནོད་པའི་ནད་གདོན་བགེགས༔ མེ་སྟག་ཆུ་ཡིས་བསད་པ་བཞིན༔ མ་ལུས་མི་འགྱང་བརླག་པར་མཛོད༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ མ་འདའ་བཛྲ་ས་མ་ཡ༔ ཞེས་བརྗོད་པས་བསམ་དོན་མྱུར་དུ་འགྲུབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔