TTDL-ZABTER-05-CA-004: Difference between revisions

From Dudjom Wiki
TTDL-ZABTER-05-CA-004
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 5: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=rdo rje phur pa
|cycle=phur pa thugs sgrub gsang ba rgya can gnam lcags spu gri
|cycletib=ཕུར་པ་ཐུགས་སྒྲུབ་གསང་བ་རྒྱ་ཅན་གནམ་ལྕགས་སྤུ་གྲི་
|parentcycle=zab gsang mkha' 'gro'i snying thig
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms gnam lcags spu gri
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཅ་
|volumenumber=05
|volumenumber=05
|volumeLetter=CA
|volumeLetter=CA

Revision as of 13:47, 7 August 2024

Wylie title TTDL-ZABTER-05-CA-004.pdf
Location bdud 'joms gling pa zab gter
Volume 5, Text 4, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms gnam lcags spu gri
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཕུར་པ་ཐུགས་སྒྲུབ་གསང་བ་རྒྱ་ཅན་གནམ་ལྕགས་སྤུ་གྲི་ (phur pa thugs sgrub gsang ba rgya can gnam lcags spu gri)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
[edit]
༠༠༠བརྡ་ཡིག༣༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན༔ དཔལ་ཆེན་ཕྲིན་ལས་ཀྱི་སྒྲུབ་པ༔ རྡོ་རྗེ་གཞོན་ནུའི་ལས་བྱང་ཡེ་ཤེས་སྒྱུ་འཕྲུལ་གྱི་གསང་མཛོད་བཞུགས་སོ༔

༠༠༠༠༠༠༠བརྡ་ཡིག༣༤ན་མོ་གུ་རུ་དྷེ་ཝ་ཌཱཀི་ནཱི༔ ༠༠༠༠༠༠༠བརྡ་ཡིག༣༤བདག་འདྲ་རྗེ་བཙུན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ སྒྲུབ་དང་དཀྱིལ་འཁོར་ཀུན་གྱི་མཆོག་ཆེན་པོ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྒྲུབ་པའི་ཐབས༔ རྡོ་རྗེ་ཐེག་པའི་ལམ་མཆོག་བསྟན་པར་བྱ༔ མ་འོངས་བསྐལ་བའི་མར་གཤམ་སྙིགས་མའི་དུས༔ བདུད་ཀྱི་སྟོབས་བཙན་བདུད་པོ་དབང་ཆེན་གྱི༔ ཟིལ་དང་འཇིགས་པའི་ང་རྒྱལ་གདངས་སྒྲ་ཡིས༔ ཡུལ་དགོན་འཇིག་འཇོམས་མ་ཞིག་པའི་རྒྱུད་སློང་༔ བསྟན་པའི་སྲོག་ཤིང་མངའ་འོག་དམངས་སུ་བསྒྱུར༔ བཞེངས་པའི་རྟེན་བཤིག་བསྟན་གཞི་དགོན་གནས་འཛིན༔ རྒྱ་བོད་གཉིས་ལ་རང་ཚན་འཁྲུག་པ་དར༔ ཡུལ་དང་གྲོང་རེར་བཀའ་རྐུན་ཟོག་པོ་རེ༔ དེ་དུས་ཆོས་བཞིན་སྤྱོད་པ་ཉིན་སྐར་ཙམ༔ རེ་འགའ་སྲིད་ཀྱང་བཟང་ངན་རྐྱེན་གྱིས་བསླུ༔ མི་ཕྱུགས་གཉིས་ཀར་འཇིགས་པའི་ནད་རིམས་དར༔ དེ་དུས་བདུད་ཀྱི་དཔུང་སྟོབས་བརླག་པ་དང་༔ བསྟན་འགྲོ་གསོ་དང་ཆོས་སྒྲུབ་གོ་ཆ་དང་༔ ནད་མུག་མཚོན་གྱི་བསྐལ་པ་ཉམས་པའི་ཕྱིར༔ བདུད་འཇོམས་གནམ་ལྕགས་རྡོ་རྗེ་ཕ་ལམ་ཉིད༔ ཐུགས་སྒྲུབ་གཉིས་པ་གསང་བའི་རྒྱ་ཅན་འདི༔ དར་ཞིང་ཉམས་ལེན་བྱེད་པའི་ཡུལ་ཀུན་ཏུ༔ བདེ་ལེགས་ཡར་འཕེལ་ཕྱོགས་ལས་རྣམ་རྒྱལ་འགྱུར༔ རྩེ་གཅིག་ཉམས་སུ་ལེན་པའི་གང་ཟག་རྣམས༔ རིང་བོར་མི་ཐོགས་མངོན་སངས་རྒྱས་འགྱུར་རོ༔ འདི་ཉིད་སྒྲུབ་པ་ཀུན་གྱི་སྙིང་པོ་སྟེ༔ ཟབ་གསང་བླ་མེད་རྡོ་རྗེ་ཐེག་པའི་ཆོས༔ རང་གཞི་རང་གསལ་རང་ངོར་སངས་གྱུར་ཏེ༔ འབད་རྩོལ་མེད་པའི་དཀྱིལ་འཁོར་རང་ངོར་མངོན༔ འདི་ཉིད་ཉམས་ལེན་ཀུན་གྱི་རྩ་བ་སྟེ༔ ཆོས་སྐུ་རང་རྩལ་བཞུགས་པ་རང་གཞིའི་ཞལ༔ ཐིག་ལེ་ཉག་གཅིག་དགོངས་པ་མངོན་གྱུར་ཏེ༔ འདི་ཉིད་དངོས་གྲུབ་ཀུན་གྱི་འབྱུང་གནས་མཆོག༔ འབད་རྩོལ་མེད་པའི་རང་གཞི་འདི་བསྒོམ་པས༔ མཐར་ཐུག་སྒྲིབ་བྲལ་བུམ་སྐུའི་དགོངས་པ་རྙེད༔ གཞོམ་གཞིག་བྲལ་བ་མཆོག་གི་དངོས་གྲུབ་ཀྱི༔ གསང་མཛོད་ཆེན་པོའི་སྒོ་འབྱེད་དེར་སྤྱོད་དོ༔ དེ་མིན་དངོས་གྲུབ་གང་གིས་འདིར་འགྲན་སུ༔ ས་མ་ཡ༔ ཨེ་མ༔ མ་འོངས་སྐལ་ལྡན་ལས་ཅན་སྐལ་བ་རུ༔ ཁྱད་དུ་འཕགས་པའི་ཟབ་ཆོས་ཉི་མ་འདི༔ བཞག་གོ་སྣོད་ལྡན་ཕལ་ཆེར་འདིས་འཚེང་སྟེ༔ མ་རུངས་བདུད་བགེགས་འབྱུང་པོའི་སྟོབས་འཇོམས་འགྱུར༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ རྩ་གསུམ་གཏོར་མ་བརྗིད་ལྡན་མཛེས་པ་དང་༔ བརྟེན་པའི་རྩ་བ་དཀྱིལ་འཁོར་ཀུན་རྫོགས་པ༔ ཕུར་པ་དབྱིབས་མཛེས་ནང་རྟེན་ལྡན་པ་བཞག༔ དེ་མདུན་ཕྱི་ནང་གསང་མཆོད་འབྱོར་ཚོགས་བཤམ༔ དཀར་ཕྱོགས་མཆོད་ཅིང་ནག་ཕྱོགས་བགེགས་ཚོགས་བསྐྲད༔ གསང་གསུམ་སྒོ་བསྡམས་རལ་པ་གསུམ་སྤངས་ཏེ༔ ཐབས་ཤེས་དབྱེར་མེད་སྒྲུབ་པའི་དལ་དུ་འཇུག༔ མདོ་འམ་སྔགས་ལམ་གང་དུ་མ་གཏོགས་པའི༔ ཁས་ལེན་ངོས་འཛིན་མེད་ན་ཐེག་པ་གང་༔ བསྲུང་བྱ་བསྡོམ་བྱ་གང་དང་མི་ལྡན་ན༔ མདོ་རྒྱུད་བསྟན་འཛིན་ཁུར་དེར་ཆོས་ཐམས་ཅད༔ སྒྲུབ་དང་དཀྱིལ་འཁོར་གང་ལ་མི་བརྟེན་ཞིང་༔ ཕྱི་ནང་གསང་བའི་རྣལ་འབྱོར་གང་མིན་པས༔ དམ་ཉམས་བག་མེད་སྤྱོད་པའི་ཐ་མལ་ལ༔ སྔགས་འཆང་གྲལ་འཛིན་དེ་ལ་སྔགས་སྐལ་ཆད༔ རྒྱལ་བའི་བཀའ་བཞིན་བསྒྲུབ་ཅིང་ཚུལ་དང་ལྡན༔ བླ་མ་ལ་གུས་དམ་ཚིག་རྟག་ཏུ་བསྲུང་༔ ཚེ་འདིའི་ཁེ་དྲག་རེ་རློམ་ཀུན་བྲལ་ཞིང་༔ ཚེ་གཅིག་སྒོམ་སྒྲུབ་དང་ལེན་གང་ཟག་ནི༔ པདྨ་ང་དང་སྐད་ཅིག་འབྲལ་མི་འགྱུར༔ འདི་བཞིན་འདི་ཉིད་ཉམས་ལེན་རིམ་པའོ༔ ས་མ་ཡ༔ དེ་ནས་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བླ་མ་རིག་འཛིན་ཡི་དམ་མཁའ་འགྲོའི་ཚོགས༔ སངས་རྒྱས་ཆོས་མཆོག་འཕགས་པའི་དགེ་འདུན་ལ༔ འདི་བཟུང་བླ་མེད་བྱང་ཆུབ་མ་ཐོབ་བར༔ བདག་སོགས་རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ལན་གསུམ༔ དེ་ནས་སེམས་བསྐྱེད་པ་ནི༔ ན་མོ༔ རྒྱུད་དྲུག་འཁོར་བར་འཁྱམས་པའི་ཕ་མ་རྣམས༔ མ་ལུས་རྣམ་མཁྱེན་སངས་རྒྱས་ཐོབ་བྱའི་ཕྱིར༔ བདག་གིས་ཡང་གསང་བླ་མེད་བསྒྲུབ་ནས་ནི༔ འགྲོ་རྣམས་སངས་རྒྱས་ལམ་འགོད་སེམས་བསྐྱེད་དོ༔ ལན་གསུམ༔ དེ་ནས་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ གདོད་ནས་མ་བཅོས་ཆོས་དབྱིངས་ཡེ་ཤེས་ལྷ༔ གཞོམ་གཞིག་བྲལ་བ་རྡོ་རྗེ་སྲིན་པོའི་སྐུ༔ འཁོར་འདས་ཡོངས་ཁྱབ་འཁོར་འདས་ཡོངས་ཀྱི་བདག༔ སྣང་སྲིད་འདི་ན་དྲེགས་ཅན་གང་སུ་དག༔ འཇིགས་བྲལ་རྡོ་རྗེ་གཞོན་ནུའི་བཀའ་ལ་ཉོན༔ ཧཱུྃ༔ གསང་བ་བླ་ན་མེད་པའི་དཀྱིལ་འཁོར་འདིར༔ ལྟ་བར་མི་དབང་སྐལ་མེད་གདོན་བགེགས་ཚོགས༔ ལས་ཀྱི་ལན་ཆགས་གླུད་གཏོར་འདིས་འཁོར་གྱི༔ སོ་སོ་རང་རང་གནས་སུ་འགྲོ་བར་གྱིས༔ བཀའ་ལས་འདས་ན་མགོ་བོ་ཚལ་པར་འགེམས༔ དམ་ལས་འདའ་ན་ལུས་སེམས་བསྲེགས་པར་འགྱུར༔ དེ་བས་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ རྩ་སྔགས་དང་ནི་ཧཱུྃ་བཞིའི་སྔགས་རྣམས་བརྗོད༔ གུ་གུལ་བསྲེག་ཅིང་ཐུན་གྱིས་བྲབ་པར་བྱ༔ དེ་ནས་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ བདག་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ སྐུ་ལས་ཁྲོ་ཚོགས་མཚོན་ཆ་མེ་དཔུང་དང་༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོས༔ གཞོམ་བྲལ་སྲ་མཁྲེགས་རྡོ་རྗེའི་གུར་ཆེན་པོ༔ ཡེ་ཤེས་འོད་ཟེར་མཚོན་ཐུན་རབ་ཏུ་འཁྲུགས༔ མི་འཇིགས་ནམ་མཁའི་རྡོ་རྗེས་རྒྱས་གདབ་བོ༔ ཨོཾ་ཛྙཱ་ན་པཉྩ་རཀྵ་ཙཀྲ་རཀྵ་རཾ་རཀྵ༔ སྟེང་ཡང་རྡོ་རྗེ་ཕུར་བའི་བླ་བྲེ་ལ༔ རྡོ་རྗེ་ཕུར་པའི་ཐོག་ཆེན་ཆར་ལྟར་འབེབས༔ འོག་ཀྱང་རྡོ་རྗེ་ཕུར་པའི་ས་གཞི་ལ༔ རྡོ་རྗེ་ཕུར་པའི་འདུ་འཕྲོ་མེ་ལྟར་འབར༔ ཕྱོགས་མཚམས་མ་ལུས་རྡོ་རྗེ་ཕུར་པས་གཏམས༔ རྡོ་རྗེ་ཕུར་པའི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ སྟེང་འོག་ཕྱོགས་མཚམས་སྲུང་ཟློག་ཁྲོ་བོས་གཏམས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་ཧཱུྃ་སརྦ་ཀྲོ་དྷ་གརྫ་ཧ་ན་ད་ཧ་པ་ཙ་བྷནྡྷ་ཧུ་ལུ་ཏིཥྛ་ཚིནྡྷ་བྷིནྡྷ་སྥོ་ཊ་ཡ་རཀྵ་རཀྵ༔ ཧཱུྃ༔ འཁོར་བ་མྱང་འདས་ཆེན་པོར་ཡོངས་སྒྲོལ་བ༔ ཕྱོགས་རིས་བྲལ་བའི་བྱང་ཆུབ་སེམས་ཀྱི་སྤྲིན༔ མི་ཤིགས་མི་འགྱུར་རང་བྱུང་ལྷུན་གྲུབ་ཀྱི༔ རྡོ་རྗེ་སྲུང་བའི་གུར་ཁང་ཆེན་པོའོ༔ ཨ་དྷརྨ་དྷཱ་ཏུ་ཛྙཱ་ན་དྷརྨ་དྷཱ་ཏུ་བྷྲུྃ་སྭཱ་ཧཱ༔ བྷྲུྃ༔ སྣོད་ཀྱི་འཇིག་རྟེན་འོག་མིན་ཆོས་དབྱིངས་མཁའ༔ བཅུད་ཀྱི་སེམས་ཅན་རྡོ་རྗེ་ཕུར་པའི་ལྷ༔ རང་བྱུང་རྣམ་དག་གཞལ་ཡས་ཆེན་པོ་ལ༔ བགེགས་དང་ལོག་པར་འདྲེན་པའི་མིང་ཡང་མེད༔ ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ༔ བྷྲཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ༔ སརྦ་བིགྷྣཱན་མཱ་ར་ཡ་ཕཊ༔ ཨོཾ་བཛྲ་ཙཀྲ་ཏིཀྵཱ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་རཾ་བཛྲ་བི་ཤྭ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཧཱུྃ་ཕཊ༔ དེ་ནས་བཤགས་པ་ནི༔ ཨཱཿཡེ་གཞི་གདོད་མའི་སངས་རྒྱས་ཆོས་ཀྱི་སྐུ༔ ལམ་སྣང་མ་རིག་དབང་གིས་རང་ཞལ་བསྒྲིབ༔ གཟུང་འཛིན་ལམ་གྱི་འཁོར་བའི་འཆིང་བ་ཀུན༔ གནས་ལུགས་ཀ་དག་ཀུན་བཟང་ཀློང་དུ་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨཿདེ་ནས་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ སྣང་བ་ཁྱབ་གདལ་ལྷུན་འབྱམས་གཞལ་ཡས་ན༔ རང་རིག་མ་བཅོས་ཀ་དག་ཆོས་ཀྱི་སྐུ༔ རང་གསལ་འགགས་མེད་ཡེ་ཤེས་རང་ཤར་བས༔ བརྡལ་ཁྱབ་ཆོས་དབྱིངས་ཡེ་ཤེས་འཆར་སྒོ་ཕྱེ༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ བརྡ་ཕྱག་འཚལ་བ་ནི༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་ཡེ་ཤེས་ཡེ་རྫོགས་ཤིང་༔ རང་རིག་སྐུ་གསུམ་ཡོངས་རྫོགས་དཀྱིལ་འཁོར་ལྷ༔ མ་རིག་དབང་གིས་རང་དང་ཞལ་མ་མཇལ༔ ད་ནི་རང་ངོ་རང་ཞལ་མཇལ་ཕྱག་འཚལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་ཀུ་མཱ་ར་ན་མོ༔ དམ་བཅའ་བ་ནི༔ ཧཱུྃ༔ ལྷན་སྐྱེས་ཡེ་ཤེས་རྡོ་རྗེ་གཞོན་ནུ་ཆེ༔ གཞན་གྱིས་མ་བཅོས་རང་ངོར་རང་དམ་བཅས༔ ད་ནི་རང་རིག་ཡེ་ཤེས་རྟོགས་པའི་ལྷ༔ མ་འགྲུབ་བར་དུ་མི་གཏོང་བསྒྲུབ་ལགས་སོ༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ༔ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཁྱབ་གདལ་འོག་མིན་ཆོས་དབྱིངས་ཆེན་པོའི་མཁའ༔ གཞོམ་བྲལ་མི་ཤིགས་རྡོ་རྗེའི་གཞལ་ཡས་ནས༔ སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་ཕུར་པའི་ལྷ༔ ཡབ་ཡུམ་སྲས་འཁོར་མ་ལུས་བཀའ་སྡོད་བཅས༔ མི་གནས་ཡེ་ཤེས་ངང་ལས་མ་གཡོས་ཀྱང་༔ ཐུགས་རྗེའི་རོལ་པ་གཟུགས་ཀྱི་སྐུར་བཞེངས་ལ༔ གསང་ཆེན་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ གཤེགས་ནས་དབང་བྱིན་དངོས་གྲུབ་སྩོལ་བ་དང་༔ སྒྲུབ་པའི་གནས་ཡུལ་སྒྲུབ་པོ་སྒྲུབ་རྫས་ལ༔ གཞལ་ཡས་བཀོད་པ་ལྷ་སྔགས་ཆོས་ཉིད་ཀྱི༔ རོལ་པ་ཆེན་པོའི་ངང་དུ་བྱིན་ཕོབ་ཅིག༔ ཨོཾ་ཨ་ཧཱུྃ་སརྦ་མ་ཧཱ་གུ་རུ་དྷེ་ཝ་ཌཱཀི་ནཱི་ཧ་རི་ནི་ས་བཛྲ་ཀཱི་ལ་ི་ཀཱི་ལ་ཡ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཨ་ཝེ་ཤ་ཡ་ཨཱཿདེ་ནས་མཆོད་པ་བྱིན་བརླབ་ནི༔ རྃ་ཡྃ་ཁྃ༔ སྣང་སྲིད་ཐམས་ཅད་རྣམ་དག་མཆོད་པའི་སྤྲིན༔ གཟུང་དང་འཛིན་པའི་དྲི་མ་ཐམས་ཅད་སྦྱངས༔ ཨོཾ་ཨཱཿ་ཧཱུྃ༔ ཐབས་དང་ཤེས་རབ་མཉམ་སྦྱོར་བདུད་རྩི་དང་༔ འཁོར་བ་ཡོངས་སྒྲོལ་རཀྟའི་རྒྱ་མཚོ་འཁྱིལ༔ བདག་འཛིན་རཱུ་དྲ་བདག་མེད་དབྱིངས་བསྒྲལ་བའི༔ གཏི་མུག་ཤ་ཆེན་རི་བོ་ཇི་ལྟར་སྤུངས༔ འདོད་ཆགས་ཁྲག་ཆེན་རྒྱ་མཚོ་མཚོ་ལྟར་བསྐྱིལ༔ ཞེ་སྡང་རུས་པའི་གྲམ་ཁྲོད་རྫ་ལྟར་བསྙིལ༔ ཕུང་ཁམས་སྐྱེ་མཆེད་དབང་པོ་ཡུལ་ལྔར་བཅས༔ ཉེར་སྤྱོད་འདོད་ཡོན་མཆོད་སྤྲིན་རྒྱན་དུ་ཤར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིངྟ་ཏེ་ཛྭ་བ་ལིངྟ་བ་ལ་བ་ཏི་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགསཤབྡ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཱུ་པ་ཤཔྡ་སོགསདྷརྨ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ༔ ཧཱུྃ༔ ཏྲཱྃཿཧྲཱིཿཨཱཿམཱུཾཿལཱཾཿམཱཾཿཔཱུཾཿཏཱཾཿཨོཾ་བཛྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ སྐྱེ་བ་མེད་པ་ཀ་དག་ཁྱབ་གདལ་ལྷུན་འབྱམས་ཕྱོགས་ཡན་ཆེན་པོའི་ངང་དུ༔ དམིགས་མེད་འཛིན་རྩོལ་བྲལ་བའི་ཀ་དག་ཆོས་དབྱིངས་ཆེན་པོའི་ལྷུམས་སུ་ཞུགས༔ ཧཱུ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་མ་ལུས་གཅོད༔ མཚོན་ཆ་སྔོན་པོ་རབ་ཏུ་འབར་བ་ནི༔ མཁའ་དབྱིངས་ཀློང་ན་ཐིག་པ་ཧྲིག་གེར་ཤར༔ སྲོག་གི་གོ་རུ་སྟོང་གསལ་ཆུ་རེ་བ༔ སྙིང་གི་དཀྱིལ་དུ་འཛིན་མེད་ལྷན་ནེར་བསྒོམ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཡེ་གནས་སྟོང་ཉིད་སྙིང་རྗེ་ཕྱོགས་རིས་བྲལ་བ་འཁོར་འདས་ཡོངས་ལ་སྙོམས་པ་རང་བཞིན་རང་གསལ་ཆེན་པོ་ཀུན་ལ་སྣང་བའོ༔ ཧཱུྃ༔ སྟོང་ཉིད་སྙིང་རྗེས་མ་རྟོགས་ཀུན་བསྒྲལ་བ༔ མནར་ཅིང་བསད་གཅོད་མནན་པ་མ་ཡིན་ཏེ༔ ཕུང་པོ་འགྱུར་མེད་རྡོ་རྗེར་གཏམས་བྱས་ནས༔ རྣམ་པར་ཤེས་པ་རང་བྱུང་རྡོ་རྗེར་བསྒོམ༔ ཡེ་ཡིན་རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ འཇིགས་བྲལ་སྲིད་པ་རྡོ་རྗེར་སྒྲུབ་མཛོད་ཅིག༔ ཡེ་ནས་སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་རྒྱལ་ཆེན་པོ་འགྲུབ་པར་མཛོད༔ མ་ཧཱ་ཤུ་གཉའ་ན་དྷརྨ་དྷཱ་ཏུ་ཨཏྨ་ཀོ྅་ཧཾ༔ རང་བཞིན་ཁྱབ་གདལ་ཆེན་པོའི་ངང་ནས་རིག་པའི་ངོ་བོ་ཧཱུྃ་གི་ཡི་གེར་འདུས་པའི་མདངས་ལས་འབྱུང་བ་རིམ་བརྩེགས་གཞལ་ཡས་ལྷ་དང་བཀོད་པ་ཀུན་གྱི་རྒྱུ་རུ་ཐུགས་རྗེ་ཕྱོགས་བྲལ་ཀུན་ཁྱབ་ཀྱི་ཡེ་ཤེས་ཆེན་པོའི་སྤྲུལ་བསྒྱུར་ནི༔ ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ ཆོས་ཀུན་མ་ལུས་རང་བྱུང་རྒྱུ་ལས་བྱུང་༔ ཐམས་ཅད་རྒྱུ་ལས་མ་བྱུང་གང་ཡང་མེད༔ རང་རིག་རྒྱུ་ཡི་ངོ་བོ་ཧཱུྃ་དུ་གསལ༔ ཧཱུྃ་ཙིཏྟ་བཛྲ་ས་མ་ཏི་ཛཿཧཱུྃ་བཾ་ཧོ༔ ཆོས་ཉིད་གསལ་སྟོང་ཆེན་པོའི་ངང་ལས་སྣང་རིག་གཞལ་ཡས་ལྷ་རུ་བསྒོམ་པ་ནི༔ ཧཱུྃ་ཨ༔ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ལས༔ ཨེ་ལས་ནམ་མཁའ་མཐའ་དབུས་མེད་པར་བརྡལ༔ ཡཾ་ལས་སྟོབས་ལྡན་རླུང་གི་དཀྱིལ་འཁོར་ལྗང་༔ ར་ལས་རཀྟའི་རྒྱ་མཚོ་རྔ་ཀློང་འཁྱིལ༔ སུཾ་ལས་དབང་ཆེན་གསེར་གྱི་ས་གཞི་བརྡལ༔ ཀེཾ་ལས་རུས་པའི་རི་རབ་གྲུ་གསུམ་བརྗིད༔ རཾ་ལས་བསྐལ་བའི་མེ་དཔུང་ཕྱོགས་བཅུར་འབར༔ ཨེཿཡཾཿརཿསུཾཿཀེཾཿརཾཿསྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ རྟེན་གཞལ་ཡས་ཁང་གསལ་བ་ནི༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ ཧཱུྃ་ལས་བྷྲཱུྃ་འཕྲོས་ཡོངས་སུ་གྱུར་པ་ལས༔ བརྡལ་ཁྱབ་ལྤགས་པས་རབ་གཡོགས་ཀེང་རུས་མཁར༔ རྣམ་དག་ལྷུན་གྲུབ་འོད་ལྔའི་གཞལ་ཡས་ཁང་༔ ཨོཾ་་བྷྲཱུྃ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ བརྟེན་པ་ལྷ་གསལ་བ་ནི༔ པད་ཉི་མཚན་འཛིན་བམ་གྱི་ཁྲི་སྟེང་དུ༔ སྣང་སྟོང་ཐབས་ཤེས་དབྱེར་མེད་ཡེ་ཤེས་ལྷ༔ མི་གནས་ཡེ་ཤེས་རྡོ་རྗེ་གཞོན་ནུའི་སྐུ༔ རིག་རྩལ་རོལ་པའི་སྒྱུ་འཕྲུལ་འཁོར་དུ་ཤར༔ ཨོཾ་་སརྦ་ཏ་ཐཱ་ག་ར་བཛྲ་ས་མ་ཡ་ཛ་ཛ༔ ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་གདལ་བ་ཆེན་པོའི་ཀློང་དཀྱིལ་ནས༔ རང་བྱུང་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ལྷ༔ འཁྲུལ་སྣང་ལམ་གྱི་རཱུ་དྲ་ཡོངས་སྒྲོལ་དཔལ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་གཤེགས་སུ་གསོལ༔ ཆོས་ཉིད་སྒྱུ་མར་རོལ་པའི་དུར་ཁྲོད་ནས༔ རང་བཞིན་མ་འགགས་རྣམ་འགྱུར་ཆོ་རོལ་མང་༔ ཉོན་མོངས་རང་ཚུལ་རང་ཉིད་འཇོམས་མཛད་དཔལ༔ ཀཱི་ལ་རིགས་བཞི་ཁྲོ་བཅུ་ཡབ་ཡུམ་སྲས༔ ཁྲ་ཐབས་ཉེར་གཅིག་སྒོ་མ་བཞི་དང་བཅས༔ ཆོས་ཀྱི་དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ བདག་འཛིན་རོ་ལ་རོལ་པའི་དུར་ཁྲོད་ནས༔ མ་ངེས་གར་བསྒྱུར་མི་སྲུན་སྒྲོལ་མཛད་པ༔ བཀའ་སྡོད་ཕུར་སྲུང་རྒྱ་མཚོ་འཁོར་དང་བཅས༔ མ་ཐོགས་སྒྲུབ་པའི་གནས་འདིར་གཤེགས་སུ་གསོལ༔ ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་མ་ཧཱ་ཀྲོ་དྷ་ཀྲོ་དྷི་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་སརྦ་ས་མ་ཡ་ཛཿཧཱུྃ་བཾ་ཧོཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཨོཾ་ཧྲཱིཿདཔལ་ཆེན་རྡོ་རྗེ་གཞོན་ནུ་སྲས་འཁོར་བཅས༔ པད་ཉི་བདུད་དཔུང་བསྣོལ་བའི་གདན་སྟེངས་སུ༔ དམ་ཚིག་ཡེ་ཤེས་དབྱེར་མེད་རོ་གཅིག་ཏུ༔ དགྱེས་པར་དགོངས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱིཿརང་བྱུང་ལྷན་སྐྱེས་ཡེ་ཤེས་རིག་པའི་ལྷ༔ སྐྱེ་མེད་ཀ་དག་རྡོ་རྗེ་གཞོན་ནུ་ཆེ༔ སྣང་སྟོང་གཉིས་མེད་སྒྱུ་འཕྲུལ་རོལ་པ་ལ༔ གཉིས་མེད་སྒྱུ་མའི་གར་གྱིས་ཕྱག་འཚལ་ལོ༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ༔ གཉིས་མེད་སྣ་ཚོགས་གར་མཁན་རྣམ་འགྱུར་གྱིས༔ ཉེར་སྤྱོད་འདོད་ཡོན་མཆོད་སྤྲིན་རྒྱ་མཚོའི་ཚོགས༔ འབུལ་ལོ་བཞེས་ནས་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་སོགས༴ཤཔྡ་རཱུ་པ་སོགས༴སྤཪྴེ་དྷརྨ་པྲ་ཏཱིཙྪ་པཱུ་ཛ་ཧོཿསྨན་མཆོད་འབུལ་བ་ནི༔ ཧཱུྃ་ཧྲཱིཿརང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་བའི༔ དུག་ལྔ་སེལ་བའི་སྨན་ཆེན་པོ༔ དཔའ་བོའི་རོ་དང་མཉམ་སྦྱོར་བའི༔ འཆི་མེད་བདུད་རྩི་རཱ་ས་ཡ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ རྒྱལ་བའི་དཀྱིལ་འཁོར་ཡོངས་རྫོགས་ལྷ༔ མཆོག་གསུམ་རྩ་གསུམ་རྒྱ་མཚོ་དང་༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོ་ལ༔ རྣམ་དག་བདུད་རྩིའི་མཉེས་མཆོད་འབུལ༔ ཨོཾ་ཨཱཿཧཱུྃ་སརྦ༴བརྒྱུད་པ་དགུ་ལྡན་བླ་མ་ཐམས་ཅད་དང་༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་སརྦ༴ཕྲིན་ལས་ལྷུན་གྲུབ་ཕྱོགས་བཞིའི་རྩིབས་བཞི་རུ༔ ཁྲོ་རྒྱལ་ཀཱི་ལ་རིགས་བཞི་འཁོར་བཅས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ༴གནམ་ལྕགས་འཁོར་ལོ་འབར་བའི་རྩིབས་སྟེང་ན༔ ཡེ་ཤེས་ཁྲོ་བཅུ་ཡབ་ཡུམ་སྲས་བཅས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ༴ལོག་འདྲེན་ཚར་གཅོད་དྲག་པོའི་དཀྱིལ་འཁོར་དུ༔ ཁྲ་ཐབས་ཆེན་པོ་ཉི་ཤུ་རྩ་གཅིག་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ༴དཀྱིལ་འཁོར་ཆེན་པོ་མཉམ་པའི་སྒོ་བཞི་རུ༔ ཕོ་བྲང་སྐྱོང་བའི་སྒོ་མ་རྣམ་བཞི་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ༴མ་ལྟར་བརྩེ་ཞིང་སྲིང་ལྟར་གདུང་མཛད་མ༔ ཤྭ་ན་མ་བཞི་བདག་ཉིད་མ་བཞི་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ༴བསྭེ་ལྕགས་དུང་སོགས་སྐྱེས་བུ་འཁོར་བཅས་དང་༔ མ་བདུན་སྲིང་བཞི་འབར་མ་འཁོར་བཅས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་དང་༔ ཕུར་སྲུང་དམ་ཅན་རྒྱ་མཚོ་འཁོར་བཅས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་་ཨཱཿཧཱུྃ་སརྦ༴བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་དང་༔ ཕ་རོལ་ནག་ཕྱོགས་བཟློག་པའི་སྲུང་མ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ དེ་ནས་དངོས་གྲུབ་ལེན་པ་ནི༔ ཨོཾ་ཨཱཿཧཱུྃ༔ བླ་མ་རིག་འཛིན་སྙོམས་འཇུག་ཟག་བྲལ་རྒྱུན༔ མུ་ཏིག་དཀར་པོ་ཐིག་ལེ་དྲི་མ་མེད༔ ཙནྡན་སྨུག་པོ་རྨ་མེད་པདྨའི་མཁར༔ གཉིས་མེད་བདེ་ཆེན་བདེ་བྲལ་དགའ་བཞིའི་རྩེར༔ བསྭེ་ཕོར་བཀྲ་ཤིས་རཏྣའི་སྣོད་དུ་བསྐྱིལ༔ རྣམ་དག་བདུད་རྩིའི་རྒྱུ་ནི་བྱང་ཆུབ་སེམས༔ བདུད་རྩིའི་ངང་ནི་གཉིས་མེད་རོལ་པར་གནས༔ བདུད་རྩིའི་ལས་ནི་རྣམ་པར་རྟོག་སྒྲིབ་སྦྱོང་༔ བདུད་རྩིའི་དོན་ནི་སྐྱེ་འཆི་གཞོམ་གཞིག་བྲལ༔ རྒྱལ་ཀུན་མཉེས་མཆོད་དངོས་གྲུབ་བླང་བ་ནི༔ གཡོན་པས་མཚན་འཛིན་རྡོ་རྗེ་ཐལ་སྦྱར་ལ༔ མཐེབ་སྲིན་རྩེ་སྦྱར་ཟླ་དཀྱིལ་འབྲུ་ལྔ་བཀོད༔ ལྕེ་ཡི་དམ་ཚིག་རྡོ་རྗེ་པདྨོ་ལ༔ རྡོ་རྗེ་ཅན་གྱིས་གསལ་བར་ཧཱུྃ་བསྒོམ་སྟེ༔ རེག་མྱོང་བླ་མེད་བྱང་ཆུབ་བདེ་བླག་རྙེད༔ ཨོཾ་སརྦ་མ་ཧཱ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿདེ་ནས་གཏོར་མ་འབུལ་བ་ནི༔ ཧཱུྃ

་ཧྲཱིཿསྣང་བ་ཁྱབ་གདལ་གཞོང་པ་རུ༔ སྲིད་པ་བཅུད་ཀྱི་གཏོར་མ་བཤམ༔ དམ་རྫས་དཔལ་གྱི་གཏོར་ཆེན་པོ༔ རྡོ་རྗེ་སྲིན་པོའི་ཚོགས་ལ་འབུལ༔ ཨོཾ་་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱ་ར་མ་ཧཱ་བ་ལིངྟ་ལ་ཁཱ་ཧི༔ རཀྟ་འབུལ་བ་ནི༔ ཛཿདམ་ཚིག་ཆེན་པོའི་ཐུགས་དམ་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་དགྲ་བགེགས་རྣམས༔ གདུག་ཅིང་སྡང་བའི་སེམས་དང་ལྡན་པ་ཡི༔ ཉོན་མོངས་རྩ་བ་འཁོར་བའི་ཁྲག་ཆེན་པོ༔ ཁམས་གསུམ་འཁོར་བ་མ་ལུས་སྟོང་བྱའི་ཕྱིར༔ དུང་ཆེན་སྣོད་དུ་དམར་ཆེན་རྦ་ཀློང་འཁྲིགས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ས་པ་རི་ཝཱ་ར་མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ བསྒྲལ་མཆོད་ནི༔ ཧཱུྃ༔ རྡོ་རྗེ་ཁྲོ་རྒྱལ་ཆེན་པོའི་མཐུ་སྟོབས་ཀྱིས༔ དགྲ་བགེགས་བྱད་མ་དམ་སྲི་འབྱུང་པོའི་ཚོགས༔ མངོན་སྤྱོད་དྲག་པོའི་ཚུལ་གྱིས་མྱུར་བསྒྲལ་ནས༔ གཏི་མུག་ཤ་ཆེན་རི་བོ་སྤུངས་སེ་སྤུང་༔ འདོད་ཆགས་ཁྲག་གི་རྒྱ་མཚོ་མེ་རེ་རེ༔ ཞེ་སྡང་ཀེང་རུས་གྲམ་ཁྲོད་ཉི་ལི་ལི༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་ཞལ་དུ་འབུལ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ས་པ་རི་ཝཱ་ར་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ལ་ཁ་རཾ་ཁཱ་ཧི༔ སྦྱོར་བའི་མཆོད་པ་ནི༔ ཧཱུྃ༔ ཁྲོ་རྒྱལ་རྡོ་རྗེ་གཏུན་བུ་ཡིས༔ བཀའ་འདས་དམ་ཉམས་དགྲ་བགེགས་རྣམས༔ ཁྲོ་མོ་འབར་བའི་གཏུན་དུ་བརྡུང་༔ ལྷ་ཡང་རུང་སྟེ་རྡུལ་དུ་རློག༔ ཁ་ཊཾ་ཁ་ཊཾ་ཁ་ཊཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ བཛྲ་ཡཀྵ་ཀྲོ་དྷ་ཀྲོ་དྷི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧ་ཧ་ཧ༔ ཧི་ཧི་ཧི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ དེ་ནས་བསྟོད་པ་ནི༔ ཧཱུྃ་ཧྲཱིཿགྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ བདུད་འདུལ་འཇིགས་བྱེད་ཁྲོ་རྒྱལ་ཧེ་རུ་ཀ༔ སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ སྒེག་དཔའ་འཇིགས་རུང་རྒོད་གཤེ་དྲག་ཤུལ་དང་༔ སྙིང་རྗེ་རྔམས་དང་ཞི་ཚུལ་གར་དགུར་ལྡན༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་གཉིས་བསྐལ་པའི་མེ་དཔུང་ཁ་ཏྭཱྃ་བསྣམས༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ་ཞིང་འདེབས༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་སོགས༔ སྐུ་ཡི་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ འཇིགས་པའི་ཧ་ཧར་དགོད་པས་འཁོར་འདས་དབང་༔ ཧཱུྃ་སྒྲ་དྲག་པོས་རཱུ་དྲའི་ཀླད་པ་འགེམས༔ ཕཊ་ཀྱི་སྒྲ་སྒྲོགས་སྲིད་གསུམ་འཁོར་བ་འཇིགས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་གསུང་ལ་བསྟོད༔ ཐུགས་ཀྱི་སྤྲུལ་པ་མ་ངེས་སྣ་ཚོགས་གར༔ བདུད་དང་ལོག་རྟོག་དགྲ་བགེགས་ཐལ་བར་རློག༔ འཁོར་བ་ཡོངས་སྒྲོལ་ཡེ་ཤེས་དབྱིངས་སུ་སྦྱོར༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཐུགས་ལ་བསྟོད༔ དུས་གསུམ་རྒྱལ་བ་མ་ལུས་འདུས་པའི་དཔལ༔ ཡོན་ཏན་ཡོངས་རྫོགས་དྲག་པོའི་སྐུ་མངའ་བ༔ རིགས་དང་དཀྱིལ་འཁོར་ཀུན་གྱི་ངོ་བོ་ཉིད༔ ཁྱབ་བདག་སྤྱི་དཔལ་ཆེན་པོར་ཕྱག་འཚལ་བསྟོད༔ འཁོར་འདས་ཡོངས་ཀྱི་ཁྱབ་བདག་ཀུན་བཟང་མོ༔ རིགས་ཀུན་རྒྱལ་བའི་དགྱེས་པ་བསྐྱེད་མཛད་མ༔ གཉིས་མེད་མཉམ་པར་སྦྱོར་བའི་ཡུམ་མཆོག་མ༔ འཁོར་ལོ་རྒྱས་འདེབས་མ་ལ་ཕྱག་འཚལ་བསྟོད༔ མེ་ལོང་ཡེ་ཤེས་དབྱིངས་ནས་སྐུར་བཞེངས་པ༔ བཛྲ་ཀཱི་ལ་ཡ་ལ་ཕྱག་འཚལ་བསྟོད༔ མཉམ་ཉིད་ཡེ་ཤེས་དབྱིངས་ནས་སྐུར་བཞེངས་པ༔ རཏྣ་ཀཱི་ལ་ཡ་ལ་ཕྱག་འཚལ་བསྟོད༔ སོར་རྟོག་ཡེ་ཤེས་དབྱིངས་ནས་སྐུར་བཞེངས་པ༔ པདྨ་ཀཱི་ལ་ཡ་ལ་ཕྱག་འཚལ་བསྟོད༔ བྱ་གྲུབ་ཡེ་ཤེས་དབྱིངས་ནས་སྐུར་བཞེངས་པ༔ ཀརྨ་ཀཱི་ལ་ཡ་ལ་ཕྱག་འཚལ་བསྟོད༔ ཆོས་དབྱིངས་ཡེ་ཤེས་དབྱིངས་ནས་སྐུར་བཞེངས་པ༔ ཐིག་ལེ་ཉག་གཅིག་སྐུ་ལ་ཕྱག་འཚལ་བསྟོད༔ མ་རིག་ལོག་རྟོག་རཱུ་དྲ་སྒྲོལ་མཛད་དཔལ༔ ཡེ་ཤེས་ཁྲོ་རྒྱལ་བཅུ་ལ་ཕྱག་འཚལ་བསྟོད༔ ཁམས་གསུམ་འཁོར་བ་དབྱིངས་སུ་སྒྲོལ་མཛད་མ༔ ཆོས་ཉིད་ཁྲོ་མོ་བཅུ་ལ་ཕྱག་འཚལ་བསྟོད༔ བསྟན་པའི་རཱུ་དྲ་རྩད་ནས་གཅོད་མཛད་པ༔ ཟ་གསོད་སྤྲུལ་པའི་ཚོགས་ལ་ཕྱག་འཚལ་བསྟོད༔ གྲུ་གསུམ་ཟླ་གམ་དམར་པོའི་ཨེ་སྟེངས་སུ༔ ཁྲ་ཐབས་ཉེར་གཅིག་སྐུ་ལ་ཕྱག་འཚལ་བསྟོད༔ རྣམ་བཞིའི་ཕྲིན་ལས་ལྷུན་གྲུབ་ཕོ་བྲང་ན༔ ཡེ་ཤེས་སྒོ་མ་བཞི་ལ་ཕྱག་འཚལ་བསྟོད༔ མཐའ་དམག་དུས་ཀྱི་འཁྲུགས་པ་བཟློག་མཛད་པ༔ ཕུར་སྲུང་བཀའ་སྐྱོང་རྒྱ་མཚོའི་ཚོགས་ལ་བསྟོད༔ ཐུགས་རྗེ་དབྱིངས་ནས་བསྐུལ་བ་ནི༔ ཧོཿདུས་གསུམ་རྒྱལ་བ་མ་ལུས་འདུས་པའི་དཔལ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས་འཁོར་བཅས༔ ཐུགས་རྗེ་བརྩེ་བས་བདག་ལ་དགོངས་སུ་གསོལ༔ སྒྲུབ་པའི་རྣལ་འབྱོར་རྡོ་རྗེ་མཆེད་ལྕམ་ལ༔ མ་འགྱང་མྱུར་དུ་དབང་བྱིན་དངོས་གྲུབ་སྩོལ༔ བདག་ཉིད་ཕུར་པ་བསྒྲུབ་པའི་རིག་འཛིན་ལ༔ གྲུབ་པའི་རྟགས་དང་མཚན་མ་བསྟན་པ་དང་༔ ཁམས་གསུམ་འཁོར་བ་མྱང་འདས་ངང་སྒྲོལ་གྱི༔ དོན་གཉིས་ལྷུན་གྲུབ་མཐུ་རྩལ་དབང་ཐོབ་ཅིང་༔ རྡོ་རྗེ་གཞོན་ནུའི་གོ་འཕང་མྱུར་ཐོབ་མཛོད༔ ཨོཾ་བཛྲ་ས་མ་ཡ་ཨོཾ༔ ཨཱཿབཛྲ་ས་མ་ཡ་ཨཱཿཧཱུྃབཛྲ་ས་མ་ཡ་ཧཱུྃ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་སྤྱན་སྔ་རུ༔ བདག་གི་སྒོ་གསུམ་ཉོན་འཁྲུལ་གྱིས༔ ཉེས་བྱས་ཉམས་ཆག་རྟོག་སྒྲིབ་ཀུན༔ མ་ལུས་འཆགས་སོ་སླན་ཆད་སྡོམ༔ མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཡིག་བརྒྱ་བརྗོད༔ ས་མ་ཡ༔ མ་འོངས་ང་ཡི་བརྒྱུད་འཛིན་གང་ཟག་རྣམས༔ སྒོམ་བཟླས་གནད་འདིར་མི་འདའ་བསྒྲུབ་ལ་བརྩོན༔ དང་པོ་ཡོ་བྱད་ཐམས་ཅད་ལེགས་པར་བསྒྲུབ༔ དེ་ནས་སྒྲུབ་པའི་དལ་ལ་ཞུགས་པ་ནས༔ དངོས་གྲུབ་མཚན་མ་མ་བྱུང་བར་དུ་ནི༔ གདན་ཡང་མི་བསྒུལ་དྲོད་མི་ཡལ་བར་བྱ༔ ལུས་ཀྱང་སྡོད་སར་ཚུགས་མི་ཤོར་བ་གནད༔ གཞན་དང་ངག་ཚིག་མི་བསྲེ་བསྙེན་རྒྱུན་འབྲེལ༔ རྣམ་རྟོག་རྗེས་འབྲང་ཡུལ་ཕྱིར་མི་ཤོར་བར༔ ལུས་ནི་ལྷར་གསལ་བུམ་པའི་དབང་དང་འགྲོགས༔ ངག་གིས་སྔགས་བཟླས་གསང་བའི་དབང་དང་འགྲོགས༔ གང་ཤར་ལམ་ཁྱེར་ཤེར་དབང་དང་འགྲོགས་ཏེ༔ ཡོངས་གྲུབ་ཆེན་པོ་བཞི་བའི་དབང་རྫོགས་ཀྱི༔ སྤྲོ་བསྡུས་དོན་གཉིས་འགྲུབ་པ་རིག་རྩལ་དབང་༔ དེ་དག་བསྒྲུབ་བྱ་ལག་ལེན་འདེབས་པ་ལགས༔ སྣང་བ་ཐམས་ཅད་ཡི་དམ་ལྷ་ཡི་སྐུ༔ སྒྲ་གྲགས་ཐམས་ཅད་གྲགས་སྟོང་གསུང་གི་སྒྲ༔ དྲན་རྟོག་ཐུགས་དགོངས་ཆོས་ཉིད་རོལ་པར་གསལ༔ ལམ་ཁྱེར་འདི་དང་མི་འབྲལ་བསྐྱེད་རིམ་གནད༔ རྨི་ལམ་ཉམས་སྣང་བཟང་ངན་ཅི་བྱུང་ཡང་༔ རེ་དོགས་མཚན་འཛིན་བྲལ་བ་གནས་ལུགས་ངང་༔ བཟང་ངན་ཡུལ་རྐྱེན་གང་དང་འཕྲད་གྱུར་ཀྱང་༔ བརྟགས་གཞིག་ཞེན་འཛིན་བྲལ་བའི་ངང་ལ་ཞོག༔ སེམས་ལ་དགའ་སྡུག་ཕྲ་རགས་ཅི་བྱུང་ཡང་༔ ངོ་བོ་བཟང་ངན་མེད་པའི་ངང་ལ་ཞོག༔ དེ་དག་བར་ཆད་མི་འཇུག་ལམ་ཡིན་ནོ༔ སྒོམ་སྒྲུབ་བཟླས་བརྗོད་གང་དང་གང་བྱེད་ཀྱང་༔ འགྲོ་བ་ཀུན་ལ་སྙོམས་པའི་བྱང་ཆུབ་སེམས༔ ཚད་མེད་རྣམ་བཞིའི་གདིང་དང་འབྲེལ་བ་གཅེས༔ གཉིད་དང་འདྲེས་པའི་བཟླས་བརྗོད་བར་ཆད་རྒྱུ༔ རེ་རློམ་ཅན་གྱི་སྒྲུབ་པ་ཕྱིན་ལོག་རྒྱུ༔ ལྟ་སྤྱོད་རྩིང་ན་བདུད་ཀྱིས་བར་ཆད་རྒྱུ༔ འཁྱལ་ཚིག་འདྲེས་པ་བཟླས་བརྗོད་གདོན་འཇུག་རྒྱུ༔ ཀུན་ལ་ངོམས་པའི་བཟླས་བརྗོད་གྲངས་འཁྱོལ་ཡང་༔ རང་རྒྱུད་བརྟན་པ་ཉམས་པའི་རྒྱུ་ཡིན་ནོ༔ འདྲེ་འདུལ་སེམས་ཀྱིས་དུག་ལྔའི་དྲག་སྒྲུབ་ཀྱང་༔ བདུད་དང་རཱུ་དྲའི་རྒྱུ་ཡིན་ཤེས་པར་གྱིས༔ བསང་སྦྱང་བྱིན་བརླབ་མ་བྱས་ཤ་ཆང་དང་༔ ངན་དྲི་མནམ་པའི་སྤོད་རིགས་ལ་སྤྱད་ན༔ སྒྲུབ་པའི་སྔགས་ཀྱི་ནུས་པ་འཇོམས་པར་འགྱུར༔ སྒྲུབ་ལ་རྩེ་གཅིག་གཞོལ་ཚེ་གནད་འདི་ལྟོས༔ ས་མ་ཡ༔ བདེ་གཤེགས་རྒྱལ་བ་མ་ལུས་ཐམས་ཅད་ཀུན༔ ལྷ་སྔགས་དཀྱིལ་འཁོར་གཅིག་ཏུ་བསྒྲུབ་པ་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སྤྲོ་བསྡུས་དབང་བྱིན་དངོས་གྲུབ་ཀུན་འཐོབ་ཕྱིར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ༔ ཨ་པ་རཱ་ཛི་ཏེ༔ ཨ་པ་རཱ་ཛི་ཏེ༔ མཱ་ར་སེ་ན༔ པྲ་མརྟ་ན་ཡེ༔ སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ བྱིན་རླབས་དངོས་གྲུབ་བསྐུལ་བའི་ཕོ་ཉ་ནི༔ ཨོཾ་ཤྲཱི་མ་ཧཱ་ཀྲོ་དྷ་བཛྲ་ཀུ་མཱ་ར་ས་མ་ཏི་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿབར་ཆད་དགྲ་བགེགས་ཀུན་སྒྲོལ་སྤུ་གྲི་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་རཀྨོ་ཡཀྨོ༔ ཀཱ་ལ་རཱུ་པ༔ སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ སྲོག་རྩ་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་སྲོག་ལ་ཤད་ཛ༔ ཐུཾ་རི་ལི་ལི༔ སྙིང་ཙེག་ཙེག༔ འུར་འུར་ཤིག་ཤིག༔ གུལ་གུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ༔ མཱ་ར་སེ་ན༔ པྲ་མརྟ་ན་ཡེ༔ སརྦ་བིགྷྣན་བཾ་ཧཱུྃ་ཕཊ༔ བསྙེན་སྒྲུབ་ལས་སྦྱོར་སོ་སོར་ཤེས་པར་བྱ༔ སྔགས་བཟླས་མཁས་ཀྱང་དམིགས་གནད་མི་ལྡན་ན༔ དོན་གཉེར་མེད་པས་ཅ་ཅོ་སྒྲོགས་དང་མཚུངས༔ དེ་ལ་སྦྱོར་བའི་དངོས་གྲུབ་བྱེ་བཙིར་མར༔ སྒོམ་སྒྲུབ་བྱེད་པའི་ལས་དང་སྐལ་ལྡན་རྣམས༔ ཐོས་བསམ་དོན་གཉེར་སྒྲུབ་པ་ལྷུར་ལེན་མཛོད༔ ཐབས་ལམ་བསྐྱེད་རིམ་བསྒོམ་ལ་འཆོས་མཁས་ཀྱང༔ གནས་ལུགས་ཀུན་བཟང་ཀློང་དུ་བཤིག་པ་གཅེས༔ བློ་ཡི་འཛིན་རྩོལ་ཆམ་བརྡལ་ཀློང་དུ་བཤིག༔ སྒོམ་བྱེད་ཐབས་ལམ་མི་བསྒོམ་ལམ་གྱི་གྲོགས༔ རྩོལ་ཐོབ་བློས་གཞག་བྲལ་བའི་རྫོགས་པ་ཆེ༔ ཆོས་རྣམས་ཀུན་གྱི་གྲོལ་ས་འདི་ཀའོ༔ འདི་ཉིད་ཚུལ་བཞིན་ཉམས་སུ་ལེན་པ་རྣམས༔ ཚེ་འདིར་མངོན་སངས་རྒྱས་པའི་འབྲས་བུ་འཐོབ༔ དུས་གསུམ་རྒྱལ་བ་མ་ལུས་འདུས་པའི་དཔལ༔ ཀུན་བཟང་འོད་མི་འགྱུར་བའི་དགོངས་ཀློང་དུ༔ ཚེགས་མེད་གྲོལ་འགྱུར་རྡོ་རྗེ་འཆང་གི་བཀའ༔ བཀའ་འདི་སྔགས་སྲུང་ཨེ་ཀ་ཛ་ཊཱི་དང་༔ མ་མོ་བཅུ་གཉིས་ཉེར་བརྒྱད་རཱ་ཧུ་ལ༔ གནོད་སྦྱིན་དམར་ནག་ཞིང་སྐྱོང་བཙན་བཅས་ལ༔ གཏད་དོ་གཉེར་རོ་བཀའ་དང་དམ་ཚིག་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ པདྨ་འོད་དུ་ཨ་ཐམ་རྒྱ༔ བརྡ་ཐིམ༔ བརྡ་ཐིམ༔ བརྡ་ཐིམ༔ ཞེས་པ་མ་ནུས་བླུན་རྨོང་གི་ཐ་ཤལ་སྦྲང་ཟོག་མི་འཁྱམས་གླིང་བ་བདུད་འཇོམས་རྡོ་རྗེ་གར་དབང་ནུས་ལྡན་རྩལ་གྱིས།གསེར་ཁྱིམ་གཡང་དཀར་གྱི་རྩིབས་མར་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་བྲག་རྡོ་རྗེ་ཞེས་བྱ་ཕབ་སེང་གེ་འདྲ་བའི་འགུལ་ནས་བཏོན་ཏེ་མི་ལོ་བདུན་ལ་བཀའ་རྒྱས་བཏབ་སྟེ་མཐར་འབྲོས་ཕུག་རྡོ་རྗེ་མཁའ་འགྲོའི་ཕུག་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།།།