TTDL-ZABTER-07-JA-008: Difference between revisions
From Dudjom Wiki
TTDL-ZABTER-07-JA-008
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.") |
No edit summary |
||
| Line 7: | Line 7: | ||
|author=bdud 'joms gling pa | |author=bdud 'joms gling pa | ||
|authortib=བདུད་འཇོམས་གླིང་པ་ | |authortib=བདུད་འཇོམས་གླིང་པ་ | ||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 7: . Thimphu, Bhutan: Lama Kuenzang Wangdue, 2004. | ||
|sourcerevealer=bdud 'joms gling pa | |||
|sourcerevealertib=བདུད་འཇོམས་གླིང་པ་ | |||
|terma=Yes | |||
|deity=mkha' 'gro gsang ba ye shes | |||
|cycle=thugs sgrub ye shes nyi ma | |||
|cycletib=ཐུགས་སྒྲུབ་ཡེ་ཤེས་ཉི་མ་ | |||
|parentcycle=zab gsang mkha' 'gro'i snying thig | |||
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ | |||
|versonotes=bdud 'joms mkha' 'gro gsang ye | |||
|language=Tibetan | |language=Tibetan | ||
| | |volnumtib=༧ | ||
|volyigtib=ཇ | |||
|volumenumber=07 | |volumenumber=07 | ||
|volumeLetter=JA | |volumeLetter=JA | ||
| Line 18: | Line 28: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༠༠༠༠བརྡ་ཡིག༡༧༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར༔ ལག་ལེན་གནད་དང་བཅའ་གཞིའི་རིམ༔ | {{TibP|༠༠༠༠བརྡ་ཡིག༡༧༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར༔ ལག་ལེན་གནད་དང་བཅའ་གཞིའི་རིམ༔ ཀློང་ཆེན་གསང་བའི་གབ་ཡིག་ཆུང༔ བརྡ་ཐིམ༔ | ||
༠༠༠༠བརྡ་ཡིག༡༧༤གདོད་ནས་ཡེ་སངས་རྒྱས་པ་སྟེ༔ སྤྲོས་མེད་ཀློང་ལས་སྤྲོས་པར་ངོམས༔ སྒྱུ་འཕྲུལ་རྣམ་མང་བསྒྱུར་དྲག་ཅན༔ འོད་མི་འགྱུར་བའི་མགོན་པོར་འདུད༔ སྐུ་གསུམ་མཉམ་སྦྱོར་པད་འབྱུང་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ གསང་ཆེན་གབ་པའི་ཡིག་ཆུང་བསྟན༔ ཕྱི་རབས་ལས་དང་སྐལ་ལྡན་རྣམས༔ དམ་པའི་ཆོས་གང་བསྒྲུབ་གྱུར་ཀྱང་༔ རང་སེམས་འདི་ཉིད་གྲོལ་བར་གྱིས༔ དྲང་དོན་དང་ནི་ངེས་དོན་གྱི༔ ཆོས་རྣམས་མ་ལུས་ཐམས་ཅད་ཀུན༔ རྒྱལ་བ་རྣམས་ཀྱིས་འདི་དོན་ནོ༔ རྣལ་འབྱོར་པ་ལ་ཉམས་སད་པའི༔ གཞན་གྱིས་མི་ཐུབ་བདུད་བྱུང་ན༔ རིག་པ་ཡེ་ཤེས་ཆེན་པོའི་ཆ༔ སྙིང་དབུས་དྭངས་མའི་ཐིག་ལེ་ལས༔ ཡེ་ཤེས་འོད་ཀྱི་མེ་འབར་བས༔ ཟག་བཅས་གདོས་ཀྱི་ཕུང་པོ་རོ༔ ཟག་མེད་སྒྱུ་མའི་ངང་དུ་བསྲེགས༔ རང་རིག་ཡེ་སྟོང་ཆེན་པོར་རིག༔ དབྱིངས་ལས་ལྕགས་སྡིག་དཔག་མེད་དང་༔ མེ་རླུང་མཚོན་ཐུན་དཔག་མེད་ཀྱིས༔ སྐར་ལྟར་འཁྲིགས་ཤིང་རླུང་ལྟར་འཚུབས༔ བདག་འཛིན་རཱུ་ཏྲ་དུག་ལྔ་བདུད༔ ཐལ་བ་རླུང་གིས་གཏོར་བ་ལྟར༔ བསྲེགས་གཏུབ་གཏོར་ཞིང་སྡིག་པ་ཡིས༔ ལྷག་མ་མེད་པར་ཟ་བར་བསམ༔ དབྱིངས་དང་རིག་པ་དབྱེར་མེད་དུ༔ བསྲེགས་ཏེ་ཕཊ་སྒྲ་བཅུ་བརྗོད་དེ༔ དེ་ཡི་ངང་ལ་མཉམ་པར་བཞག༔ དེས་ཀྱང་མི་ཕན་སྡང་གྱུར་ན༔ རང་རིག་ཧཱུྃ་ཡིག་ནག་པོ་ལས༔ འོད་འཕྲོས་ནང་ལྟར་གཞལ་ཡས་ལ༔ ཕྱི་ལྟར་གནམ་ལྕགས་ཀྱི་འཁོར་ལོ༔ རྩིབས་སྟོང་ལྡན་པས་སྟེང་མ་གཡས༔ འོག་མ་གཡོན་དུ་འཁོར་བ་ལ༔ རྩིབས་ནི་རེག་ལ་རྣོ་བ་ཡི༔ གཡས་གཡོན་དྲག་ཏུ་འཁོར་བ་དེ༔ རྩིབས་རྩེ་གདོན་བགེགས་རྒྱལ་བསེན་གྱི༔ སྙིང་དཀྱིལ་གཏོད་བཤགས་གཏུབ་པ་ལ༔ མེ་ཞགས་མཚོན་ཐུན་ཁྲོ་ཆུང་སྡིག༔ དཔག་ཏུ་མེད་པས་གཏུབ་ཅིང་ཟོས༔ ལྷ་ཡང་རུང་སྟེ་བརླག་པར་བསམ༔ དེའི་ངང་དྲག་ཐུང་ཕཊ་སྒྲ་བཅུ༔ བརྗོད་ཅིང་སྙིང་རྗེའི་དཔའ་གདིང་གིས༔ དབྱིངས་རིག་བསྲེས་ལ་ཡུན་ཅིག་བཞག༔ དེས་ཀྱང་ཕན་པར་མ་གྱུར་ན༔ རང་ཉིད་ཁྲོ་བོའི་ང་རྒྱལ་བསྐྱེད༔ ཕྱི་ནི་འཁོར་ལོ་རྩིབས་སྟོང་ལ༔ ནང་ནི་གཞལ་ཡས་ཁང་དབུས་སུ༔ པདྨ་ཉི་མ་རོའི་སྟེང་གསལ༔ རྒྱན་དང་ཆ་ལུགས་ཡོངས་རྫོགས་ནི༔ སྟོང་པའི་ངང་ལས་བསྒོམ་པར་བྱ༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ༔ སྐུ་སྟོད་བཀའ་རྒྱུད་བླ་མ་དང་༔ རྐེད་པར་ཡི་དམ་ལྷ་ཚོགས་དང་༔ སྐུ་སྨད་མ་དང་མཁའ་འགྲོ་བསྒོམ༔ མཐའ་བསྐོར་སྲུང་མའི་ཚོགས་བསྒོམ་མོ༔ དེ་ནས་བ་སྤུའི་བུ་ག་ནས༔ མེ་རླུང་མཚོན་ཐུན་ཁྱུང་སྡིག་དང་༔ ཁྲོ་ཆུང་དཔག་ཏུ་མེད་པ་ནི༔ རླུང་དམར་བཞིན་དུ་འཕྲོས་ཤིང་འཚུབས༔ ཁོ་ཡི་སྙིང་ལ་ཐོག་ལྟར་བབས༔ དམར་ཉིལ་གཏུབས་ཤིང་ཟོས་པ་ཡི༔ ལྷག་མ་ཐལ་ཕུང་རླུང་གཏོར་བཞིན༔ རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ དེའི་ངང་ཧཱུྃ་ཕཊ་དྲག་པོ་བསྒྲགས༔ དེས་ནི་ཐེ་ཚོམ་མེད་པར་ཐུལ༔ རྒྱ་མཚོ་ཧུབ་ཀྱིས་འདེབས་པ་ནི༔ རང་ཉིད་ལྕགས་ཀྱི་ཁྱུང་ནག་པོ༔ སྟོང་གསུམ་ཁྱབ་པའི་སྐུར་བསྒོམས་ཏེ༔ ཁྱུང་སྔགས་ལན་གསུམ་བརྗོད་བྱས་ནས༔ རྒྱ་མཚོ་ཧུབ་ཀྱིས་རྔུབ་པ་ཡི༔ ལྷག་མ་ཤུལ་ཙམ་མེད་པར་བྱས༔ གནས་པའི་ཀླུ་བཙན་བདུད་པོ་ཡི༔ མགོ་ལ་ལྕགས་ཀྱི་གཤོག་རྩེས་བརྡབ༔ རྐང་གླིང་དྲག་ཐུང་ལན་གསུམ་འབུད༔ ཕཊ་སྒྲ་དྲག་པོ་ལན་གསུམ་བརྗོད༔ རི་བོ་ཁམ་གྱིས་གཅོད་པ་ལ༔ རང་ཉིད་དུག་གི་མི་ནག་པོ༔ དུག་གི་ཆུ་སྲིན་ལ་ཞོན་ནས༔ རི་བོའི་ཐད་དུ་སོང་བ་ཡི༔ རང་དང་ཞོན་པའི་ཆུ་སྲིན་གྱིས༔ རི་བོ་ཁམ་གྱིས་ལན་གསུམ་བཅད༔ རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ གནས་པའི་ལྷ་འདྲེའི་མགོ་བོ་ལ༔ དུག་གི་སེན་མོས་བྲད་པར་བསམ༔ ཕཊ་སྒྲ་དྲག་པོ་གསུམ་བརྗོད་དེ༔ རྐང་གླིང་དྲག་ཐུང་ལན་གསུམ་འབུད༔ དབྱིངས་རིག་བསྲེ་བ་ཀུན་གྱི་གནད༔ དེ་ནས་སྤྲིན་ནག་ཧུབ་འདེབས་ནི༔ རང་ཉིད་དུག་གི་ཁྱུང་ནག་པོ༔ ཁམས་གསུམ་གང་བའི་སྐུར་བསྒོམ་མོ༔ སྤྲིན་ནག་ཧུབ་ཀྱིས་ལན་གསུམ་འདེབས༔ གནོད་བྱེད་དང་བཅས་གྱུར་མིད་ནས༔ ཁོག་པར་བཙུད་ནས་དུག་མེར་བསྲེགས༔ ཁོ་ཡི་ལུས་ངག་ཡིད་གསུམ་རྣམས༔ དུག་གིས་བརྒྱལ་ནས་ཐིབས་ཀྱིས་བསད༔ དབྱིངས་རིག་བསྲེས་ལ་མཉམ་པར་བཞག༔ དེ་ནས་རླུང་རོ་དང་བཅས་པ༔ ལྕགས་རིའི་རྒྱབ་ཏུ་འཕང་བའོ༔ ཡང་ན་རང་ཉིད་གསང་བའི་བདག༔ རྡོ་རྗེ་འཛིན་པ་བསྒོམས་ཀྱང་རུང་༔ དེ་ནི་སྒོམ་པའི་དྲག་དམིགས་སོ༔ དེ་ནས་ལས་བྱེད་དྲག་དམིགས་ལ༔ རང་ཉིད་ཡི་དམ་ལྷར་བསྒོམས་ཏེ༔ བ་སྤུའི་སྒོ་ནས་མཚོན་ཆའི་ཆར༔ སྐར་ལྟར་འཁྲིགས་ཤིང་རླུང་ལྟར་འཚུབས༔ གནོད་བྱེད་གདོན་བགེགས་ཐམས་ཅད་ཀྱི༔ ལུས་ངག་ཡིད་གསུམ་མ་ལུས་པ༔ ཐལ་བ་རླུང་གིས་གཏོར་བ་ལྟར༔ རྡུལ་ཕྲན་བཞིན་དུ་བརླགས་པ་དེ༔ ཡེ་ཤེས་མེ་ཡིས་བསྲེགས་བྱས་ནས༔ སྤུ་གྲི་རླུང་གིས་གཏོར་བར་བསམ༔ རྡོའམ་ཡུངས་དཀར་གྱིས་བྲབ་བྱ༔ དྲག་སྔགས་བརྗོད་ཅིང་ལྟ་སྟངས་གཟིར༔ བྱང་ཆུབ་སེམས་ཀྱི་གདིང་བསྐྱེད་དོ༔ ཡང་ན་རང་ཉིད་ལྷར་གསལ་བའི༔ གནས་ལྔ་དག་ནི་བ་སྤུའི་སྒོའི༔ མེ་དང་མཚོན་ཐུན་སྤུ་གྲིའི་རླུང་༔ ནམ་མཁའ་བར་སྣང་ས་གཞི་ཀུན༔ གོ་མཚམས་མེད་པར་གང་བར་འཕྲོས༔ གནོད་བྱེད་གདོན་བགེགས་ལོག་འདྲེན་རྣམས༔ རྡུལ་ཕྲན་བཞིན་དུ་བརླགས་བྱས་ནས༔ ཤོག་སྐྱ་རླུང་གིས་དེད་པ་ལྟར༔ ལྕགས་རི་ནག་པོའི་ཕ་མཐར་བསྐྲད༔ མེ་རླུང་མཚོན་གྱིས་མཚམས་བཅད་བསམ༔ རྡོ་སོགས་ཐུན་གྱིས་བྲབ་པར་བྱ༔ དྲག་སྔགས་བརྗོད་ཅིང་ལྟ་སྟངས་གཟིར༔ བསྲུང་བའི་གུར་ཁང་རིམ་ལྔ་བསྒོམ༔ དེ་ནི་དྲག་དམིགས་རིམ་པའོ༔ གནམ་ལྕགས་ཐོག་གི་དམིགས་པ་ནི༔ རང་ཉིད་གུ་རུ་དྲག་པོ་བསྒོམ༔ ཐུགས་ཀའི་ཧཱུྃ་ཡིག་དམར་ནག་ལས༔ ཧཱུྃ་ཡིག་དམར་ནག་གཉིས་འཕྲོས་པས༔ སྤྲིན་གྱི་ཀློང་དུ་ཐིམ་པ་ཡི༔ སྤྲིན་ཡང་སྐད་ཅིག་ཙམ་གྱི་ནི༔ ལྕགས་བསྲེགས་ཁང་སྒྲོམ་སྲུབ་མེད་དུ༔ གྱུར་པའི་ཕྱི་ནང་ཡེ་ཤེས་མེས༔ ཁྱབ་ཅིང་འཁྱིལ་བས་གནོད་བྱེད་དང་༔ འབྲུག་གློག་སྡེ་བརྒྱད་ཐམས་ཅད་ཀུན༔ ལྕགས་ཁང་དེ་རུ་འུབ་ཀྱིས་བསྡུས༔ རང་གི་ངག་ནས་ཕཊ་བརྗོད་ཅིང་༔ སྡིགས་མཛུབ་ཤེད་ཀྱི་འཕང་བ་ཡིས༔ རབ་འབྱམས་རྒྱ་མཚོའི་ཕ་མཐར་འཕངས༔ ནམ་ཡང་བྲོས་ཐར་ཡུལ་མེད་བསམ༔ དྲག་ཏུ་བརྗོད་ཅིང་ཕཊ་སྒྲ་བསྒྲགས༔ དེས་ནི་མི་ཐུབ་གཅིག་ཀྱང་མེད༔ ཡང་ན་རང་ཉིད་ཡི་དམ་ལྷར༔ གསལ་བའི་ཐུགས་ལས་ཛཿཡིག་དམར་ནག་གཉིས༔ འཕྲོས་པ་ནམ་མཁར་སོང་བ་ཡིས༔ བསམ་གྱིས་མི་ཁྱབ་གྲངས་མང་གྱུར༔ འབྲུག་དང་སྡེ་བརྒྱད་ཐམས་ཅད་ཀྱི༔ ཁ་དང་གཤང་ལམ་གཉིས་ནས་ཞུགས༔ ཁོང་དུ་ཕྱིན་པའི་ཟངས་ལྕགས་ཀྱིས༔ འཁོར་ལོ་རྩིབས་སྟོང་ལྡན་པ་གཉིས༔ གཡས་དང་གཡོན་དུ་འཁོར་བ་ཡིས༔ འབྲུག་དང་སྡེ་བརྒྱད་འབྱུང་པོ་ཡི༔ ལུས་ངག་ཡིད་གསུམ་དམར་ཉིལ་གཏུབ༔ མཐུ་སྟོབས་ནུས་པ་ཐམས་ཅད་བསྲེགས༔ སེང་གེ་ལྕགས་སྡིག་བྱ་ཁྱུང་གིས༔ ངག་སྒྲ་སྒྲོགས་ཤིང་ཟོས་པ་ཡི༔ རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ དྲག་སྔགས་བརྗོད་ཅིང་ཐུན་གྱིས་འཕེན༔ འདིས་ནི་མི་ཐུབ་གང་ཡང་མེད༔ ཡང་ན་རང་ཉིད་ལྷར་གསལ་བའི༔ ཕྱག་གི་མཚོན་ཆ་ཕྱར་བ་ཡིས༔ མེ་འབར་མཚོན་གྱི་ཚྭ་ཚྭ་ཡིས༔ གདུག་ཅིང་སྡང་སེམས་ལྡན་པ་ཀུན༔ ལྷ་ཡང་རུང་སྟེ་ཐལ་བར་བརླག༔ འཁྲུལ་པའི་རྒྱུ་རྐྱེན་རྩད་བཅད་ནས༔ དྲགས་སྔགས་བརྗོད་ཅིང་ཕྱག་མཚན་གྱིས༔ གདབ་ཚུལ་བྱས་པས་ཉེས་ཀུན་འཇོམས༔ ས་མ་ཡ༔ དེ་དག་དྲག་དམིགས་གཟིར་གདབ་སྟེ༔ གང་རུང་བ་ལ་བྱེད་མི་རུང་༔ སྲོག་ལ་བབས་ན་བསྒོམ་པར་བྱ༔ རིགས་རིམ་ལེའུ་དང་པོའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་ལས་ཅན་སྐལ་ལྡན་རྣམས༔ བསྒྲུབ་པའི་སྒོ་རུ་འཇུག་འདོད་ན༔ འདི་བཞིན་ཉམས་སུ་ལེན་པར་གནད༔ དང་པོ་བཟུང་བའི་ཡུལ་འདི་ཉིད༔ བདེན་པར་གྲུབ་བམ་མ་གྲུབ་བརྟགས༔ དེ་ཕྱིར་ཀུན་བཏགས་འདིར་སྣང་བ༔ ཐམས་ཅད་བྱུང་བའི་ཁུང་རྩད་བཅད༔ རྡུལ་དུ་བཏུལ་ནས་གཏོར་བས་ན༔ བདེན་པར་གྲུབ་ན་འགྱུར་བ་མེད༔ དེ་ཕན་རང་བཞིན་འདི་མེད་ན༔ བདག་མེད་སྟོང་པའི་ངང་ལས་བལྟ༔ གཞན་ཡང་ཤིང་གཅིག་འདུག་པ་ལ༔ དཔྱད་ན་དང་པོ་ཤིང་ཡིན་བསམ༔ བཟོ་བཅོས་ལས་ཀས་མིང་ཡང་འགྱུར༔ དེ་ལྟར་དངོས་པོར་འཛིན་པའི་ཆོས༔ ཐམས་ཅད་སྟོང་པ་བདག་མེད་དུ༔ ངེས་པར་རྟོགས་ཀྱི་བར་ཏུ་བརྟགས༔ ཆོས་ཀྱིས་བདག་མེད་དེ་ཉིད་ཀྱང་༔ བྱེད་མཁན་དང་ནི་ངོས་འཛིན་མཁན༔ སུ་ཡིན་གང་ན་ཡོད་དམ་བརྟགས༔ འདི་ནི་སེམས་ཀྱིས་བྱས་སོ་སེམས༔ དེས་ན་སེམས་འདི་དངོས་པོ་ཅན༔ བྱུང་ཁུང་རྩ་བ་ཚོལ་བྱས་ན༔ དེ་ཡང་ཟང་ཐལ་སྟོང་པར་མཐོང་༔ སྟོང་ན་འདི་སྣང་སྣོད་དང་བཅུད༔ དངོས་པོར་གྲུབ་སེམས་སོ་སོར་བྱས༔ མིང་དང་བདག་ཏུ་ཅི་ལ་འཛིན༔ དེ་ལ་བརྟགས་ཤིང་དཔྱད་པར་བྱ༔ ཡང་ཡང་བལྟས་པའི་གོམས་འདྲིས་ཀྱིས༔ འཁྲུལ་པ་ནས་བཟུང་ད་བར་དུ༔ མེད་ལ་ཡོད་པར་འཛིན་པ་ཡིས༔ བག་ཆགས་མངོན་དུ་གྲུབ་པའི་ཡུལ༔ རང་ལ་གཉིས་སུ་འཛིན་པ་ཡི༔ རང་ལ་རང་གི་བྱ་བ་བྱས༔ སོ་སོར་འཛིན་ཅིང་བརྟགས་པ་ལས༔ ཡུལ་གཞན་ནས་ཡང་བྱུང་མིན་རྟོགས༔ གང་ལྟར་ལ་ཡང་རྨི་ལམ་ལ༔ ཡུལ་དང་ལུས་དང་ནོར་གྲོགས་རྫས༔ ད་ལྟ་བཞིན་དུ་འདུག་པ་ལ༔ སད་མ་ཐག་ཏུ་རྫུན་དུ་ཟད༔ དེ་ལྟར་འདི་ལྟར་ཐམས་ཅད་ཀྱང་༔ རྫུན་དུ་ཟད་དེ་སེམས་སུ་ཤེས༔ སེམས་ཀྱང་བདག་མེད་མངོན་དུ་རྟོགས༔ འཛིན་པ་སེམས་ཀྱི་བདག་མེད་དོ༔ སེམས་ཀྱང་ནམ་མཁའ་ལྟ་བུ་སྟེ༔ ཡོད་མིན་མེད་མིན་ཁྱབ་གདལ་ལོ༔ དེས་ན་རེ་ཞིང་དོགས་པའི་ཡུལ༔ ཐམས་ཅད་སེམས་ཉིད་སེམས་བྱུང་ང་ོ༔ དེ་ཕྱི་ཡེ་ནས་སེམས་ཉིད་ཀྱིས༔ ངོ་བོ་ཆོས་སྐུར་དག་པ་ལ༔ ལམ་ནི་ལོག་པའི་ལམ་ཞུགས་ཏེ༔ བག་ཆགས་རྐྱེན་གྱིས་བསྒྲིབ་ཅིང་གཡོགས༔ དཔེར་ན་ནམ་མཁའ་མི་འགྱུར་ཡང་༔ སྤྲིན་དང་ན་བུན་གྱིས་བསྒྲིབ་ལྟར༔ ཆུ་ལ་འགྱུར་ཀྱང་རྙོག་པའི་འདམ༔ དྭངས་ཚེ་ཆུ་ཡི་རང་བཞིན་གནས༔ དེ་ལྟར་རང་སེམས་ཡེ་གཞི་ནི༔ ཆོས་ཀྱི་སྐུ་རུ་ཡེ་གནས་པ༔ རང་ངོར་རང་ཉིད་སངས་པའི་ཕྱིར༔ ཡེ་ཤེས་ལྷ་རུ་གསལ་བར་བྱ༔ དེ་ལ་གཉིས་སུ་མི་འཛིན་པར༔ རང་རིག་རང་ངོར་སངས་པ་གཙོ༔ གཉིས་སུ་བཟུང་བའི་ཡུལ་ལ་གོལ༔ མཐར་ནི་རང་ངོར་མི་གྲོལ་ན༔ གཉིས་སུ་འཛིན་པས་རཱུ་ཏྲར་གོལ༔ དེ་ཕྱིར་རང་གཞིར་ཤེས་པར་བྱ༔ སྣང་བ་འོད་གསལ་གཞལ་ཡས་སུ༔ རང་ཉིད་ཡེ་ཤེས་ལྷ་ཉིད་ལ༔ རྩལ་སྣང་ཐམས་ཅད་འཁོར་དུ་ཤེས༔ ཕྱག་མཚན་ཐམས་ཅད་ཐུགས་ཀྱི་མདངས༔ རྒྱན་གོས་རྣམ་འགྱུར་ཐམས་ཅད་ཀྱང་༔ རང་མདངས་ལས་ནི་གཞན་མ་ཡིན༔ ཡིན་ལུགས་ཤེས་ཤིང་དེ་ལྟར་བསྒོམ༔ བྱང་ཆུབ་སེམས་ཀྱི་རང་གདངས་དང་༔ མ་བྲལ་བ་ཡི་ཆོས་གང་བསྒྲུབ༔ སྤྲོས་པ་མེད་པའི་དཀྱིལ་འཁོར་ནི༔ གཞན་ལ་མི་མངོན་གསང་བའི་ཐབས༔ མི་བསྒྲུབ་ཚུལ་གྱིས་བསྒྲུབ་པ་ནི༔ ཀུན་ལས་ལྷག་པའི་དོན་ཆེར་འགྲུབ༔ ཀུན་ལ་མངོན་པར་ངོམས་པའི་ཆོས༔ ལྷ་སྔོན་བདུད་ཀྱི་མྱུར་ཉིད་སྲིད༔ དེ་ལ་བགེགས་དང་བར་ཆད་མང་༔ དེ་ཕྱིར་གསང་བར་བསྒྲུབ་པ་མཆོག༔ སྔགས་ཀྱང་ཤུབ་བུར་བཟླ་བ་ལས༔ སྐད་ཆེར་འདོན་པའི་བཟླ་མི་རུང་༔ བཟླས་ན་བགེགས་དང་བདུད་ཀྱི་ཐོས༔ ཀུན་གྱིས་འུར་འུར་བཟླས་གྱེར་ནས༔ སྒྲུབ་པའི་སྙིང་པོ་ལོན་ནོ་སྐད༔ དེ་ཕྱིར་ཤུབ་བུར་བཟླ་བ་གནད༔ ཡི་དམ་ལྷ་ཡང་གསང་བ་མཆོག༔ གསང་བ་གཞན་ལ་སྨྲས་པ་ན༔ འདི་དང་ཕྱི་མ་གཉིས་ལ་ཡང་༔ བདུད་བགེགས་ལྷ་རུ་བརྫུས་ནས་སུ༔ ལྷ་ཡི་མཚན་བཟུང་ང་ཡིན་ཟེར༔ དེ་ཡི་དབང་དུ་འགྲོ་ཉེན་སྲིད༔ དེ་ཕྱིར་གསང་བ་མཆོག་ཏུ་གཅེས༔ ལྷ་ཡང་དངོས་པོ་ཅན་དུ་བསྐྱེད༔ ཕྱག་མཚན་ཟངས་ལྕགས་ལ་སོགས་པའི༔ ཀུན་བཏགས་མངོན་གྲུབ་རྒྱུ་རུ་བཟུངས༔ མགོ་བརྙན་སེམས་ཅན་དེ་ཉིད་ཀྱི༔ རྒྱུད་ལ་གོལ་ཞིང་དངོས་སུ་བསམ༔ ཆས་རྒྱན་དེ་བཞིན་རྫས་སུ་གོལ༔ ཁྲོ་བོ་ཞེ་སྡང་ང་རྒྱལ་གྱི༔ གཟུགས་སུ་གོལ་ཞིང་དེའི་ངང་བསྐྱེད༔ དངོས་འཛིན་ཨ་འཐས་དང་བཅས་པ༔ དེ་དག་ལོག་པའི་ལམ་དུ་གོལ༔ བདུད་དང་རཱུ་ཏྲའི་ལམ་དུ་ཤོར༔ ཐར་པའི་ལམ་ལ་ཕྱོགས་ཙམ་མིན༔ དེ་ལྟར་མ་བྱེད་ལས་ཅན་རྣམས༔ ལྷ་དང་དཀྱིལ་འཁོར་ཐམས་ཅད་ལ༔ དག་པ་དྲན་པ་གེགས་མེད་ལམ༔ སྤྲོས་མེད་ལུགས་སུ་ཉམས་ལེན་ན༔ སྣང་བ་འོད་གསལ་གཞལ་ཡས་ཁང་༔ སྲིད་པ་དག་སྦྱོར་ཡེ་ཤེས་ལྷ༔ སྒྲ་གྲགས་དག་པ་སྔགས་ཀྱི་སྒྲ༔ ཡོངས་སུ་ཡེ་གྲུབ་དཀྱིལ་འཁོར་རོ༔ རང་ལུས་བདེ་ཆེན་གཞལ་ཡས་ཁང་༔ རྩ་ཁམས་དཔའ་བོ་མཁའ་འགྲོའི་དལ༔ ཡོངས་སུ་ཡེ་གྲུབ་དཀྱིལ་འཁོར་རོ༔ ངོ་བོ་ཆོས་སྐུ་ཆོས་སྐུའི་ཞིང་༔ རང་བཞིན་ལོངས་སྤྱོད་རྫོགས་ཞིང་སྐུ༔ ཐུགས་རྗེ་སྤྲུལ་སྐུའི་ཞིང་སྐུར་རྫོགས༔ ཡོངས་སུ་ཡེ་གྲུབ་དཀྱིལ་འཁོར་རོ༔ སྣང་བ་སྣོད་ཀྱི་གཞོང་པ་རུ༔ སྲིད་པ་འདི་འཛིན་བརྙན་ཤར་བ༔ ཡེ་གྲུབ་མཆོད་པའི་རྒྱུན་ཆེན་པོ༔ རྩ་ཁམས་དཔའ་བོ་ཡེ་གྲུབ་ཀྱིས༔ རང་བྱུང་ལྷུན་གྲུབ་དཀྱིལ་འཁོར་ལ༔ བཟའ་བཏུང་ཚོགས་ཀྱི་མཆོད་པ་ཆེ༔ སྣང་གྲགས་མྱོང་ཚོར་རིག་ཚོགས་ཀུན༔ མཆོད་པ་མ་བཅོས་རང་བྱུང་མཆོག༔ ངོ་རང་ཐུགས་རྗེའི་དཀྱིལ་འཁོར་ལ༔ དགའ་བདེའི་རོལ་པ་མཆོད་པའི་མཆོག༔ མྱོང་ཚོར་ཐམས་ཅད་བདེ་སྟོང་རོས༔ བླང་དོར་འབུལ་ཀྱང་མེད་པས་མཆོད༔ སྤྲོས་བཅས་ཅན་གྱི་དེ་མི་གོ༔ མ་འོངས་ང་ཡི་རྗེས་འཇུག་རྣམས༔ སྤྲོས་བཅས་ལ་བརྟེན་བསྒྲུབ་པའི་སྒོར༔ འཇུག་འདོད་གང་ཟག་ལས་འཕྲོ་ཅན༔ དབེན་ཞིང་ཉམས་དགའི་སྐྱེད་ཚལ་དུ༔ སྒྲུབ་ཁང་མཛེས་ལྡན་མཐུན་རྐྱེན་འཛོམ༔ ཟླ་ཚེས་དུས་བཟང་ཚེས་བཅུའི་ཉིན༔ རས་བྲི་འམ་ནི་རྡུལ་ཚོན་གྱི༔ དཀྱིལ་འཁོར་དམར་པོ་གཞི་གཙང་ལ༔ མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ དབུས་ཀྱི་ལྟེ་བ་དཀར་པོ་ལ༔ ཕྱོགས་བཞི་ལས་བཞིའི་རང་དབྱིབས་བྱ༔ ཁ་དོག་རང་མདོག་ལྟ་བུའོ༔ སྒོ་གྲུ་མཚན་ཉིད་སྤྱི་ལྟར་བྱ༔ དེ་སྟེང་ཚོམ་བུ་ལྔ་བཀོད་ཅིང་༔ དབུས་སུ་བླ་རྡོ་ཙཀྲ་བཙུག༔ རྩ་གསུམ་གཏོར་མ་སྤྱི་ལྟར་ལ༔ རང་འདྲའི་གཏོར་ཕྲན་བཞི་རེས་བསྐོར༔ གཞན་ཡང་ལས་བཞིའི་དབྱིབས་ཁ་ཏོག༔ དབུས་དང་ལྔ་ལྡན་ལྟེ་བ་རུ༔ དམར་གཏོར་དྲང་མཛེས་བརྗིད་པ་ལ༔ དེ་འདྲའི་གཏོར་ཕྲན་བརྒྱད་ཀྱིས་བསྐོར༔ སྟེང་དུ་དར་དམར་ལེ་བརྒན་གདུགས༔ མེ་རི་འབར་བས་བརྒྱན་པའོ༔ དངོས་གྲུབ་ཉེར་ཕྱིར་འདུད་ཚུལ་ཙམ༔ ཉེར་ལྔ་དམ་རྫས་མང་སྦྱོར་གྱིས༔ རིལ་བུ་ཐོད་པར་ཕྱུར་བ་བཞག༔ ཕྱི་མཆོད་ཉེར་སྤྱོད་འདོད་ཡོན་དང་༔ ནང་མཆོད་སྨན་གཏོར་རཀྟ་བཤམས༔ དར་ཚོན་སྣ་ལྔའི་གཡབ་དར་སོགས༔ འབྱོར་ཚོགས་མཆོད་པའི་ཡོ་བྱད་བཀོད༔ རིན་ཆེན་གཏེར་བུམ་སྒྲུབ་པའི་རྟེན༔ བྱིན་རླབས་ཅན་གྱི་རྟེན་གསུམ་སོགས༔ སྒྲུབ་པའི་རྟེན་དུ་བཙུག་པར་བྱ༔ སྲུང་མ་རྣམས་ལ་རང་གཞུང་ལྟར༔ ལྷ་གྲངས་ལྡན་པའི་གཏོར་ཚན་བྱ༔ དེ་ཡང་དང་པོ་ཡུལ་ལྷ་དང་༔ ས་བདག་ཚོགས་ལ་གཏོར་མ་སྦྱིན༔ ས་འདུལ་རིན་འཇལ་ཉོ་ཚོང་ཚུལ༔ གནས་དེར་དཀྱིལ་འཁོར་སྒྲུབ་པ་ལ༔ ཀོ་ལོང་མི་བྱེད་སྡོང་གྲོགས་བཅོལ༔ སྒྲུབ་དུས་སུ་དང་མི་འཕྲད་པར༔ ཕྱི་ནང་བར་གསུམ་མཚམས་བྱའོ༔ དེ་ཕྱིར་དང་པོ་སྔ་ཐོག་ཏུ༔ བཟའ་བཏུང་མཆོད་རྫས་ཡོ་བྱད་རྣམས༔ བསགས་ཤིང་ཚང་བར་བྱ་བ་གནད༔ ཆག་གྲུམ་སྣོད་ངན་སྤངས་བྱས་ཏེ༔ གཙང་ཞིང་དགེ་བའི་ཡོ་བྱད་རྣམས༔ དམེ་ཡུག་མཛེ་ཅན་དབང་ཉམས་དང་༔ དམ་ཉམས་གྲོགས་ངན་སྤངས་བྱས་ཏེ༔ ཡོན་ཏན་ལྡན་པའི་མཛའ་གྲོགས་བརྟེན༔ ཕར་ལ་ལྐོག་སོ་བལྟ་བ་དང་༔ ཕག་ཏུ་ཉན་སོགས་སྤང་བར་བྱ༔ ནང་ཡང་ཕྱི་ཡིས་མི་མཐོང་དང་༔ སྨྲ་སྐད་མི་ཐོས་པ་ཡང་གནད༔ ཕན་ཚུན་གང་ལ་བལྟ་ཉན་དང་༔ ཐུག་འཕྲད་མེད་པ་ཡང་གནད་དོ༔ སྐྲ་སེན་ཁ་སྤུ་བྲེག་པ་དང་༔ གདོང་དང་ལག་པ་འཁྲུ་བ་སྤངས༔ སྒྲུབ་པའི་གྲོགས་དང་སྒྲུབ་གནས་ལྷ༔ གང་ལ་མི་སྨྲ་གསང་བ་གནད༔ མཚམས་ནས་ཐོན་ཚེ་ཞག་གསུམ་དུ༔ གདན་མི་བསྒུལ་ཞིང་བསྲུང་བའོ༔ དྲོད་རྟགས་གཞན་ལ་མི་སྨྲ་བར༔ གསང་བ་རྒྱ་ཡིས་གདབ་པར་བྱ༔ རབ་ལ་མི་ཚིག་འཁྱལ་བ་ཡིས༔ སྔགས་ཀྱི་བར་བ་གཅོད་པ་དང་༔ གདན་གྱི་དྲོད་མི་ཡལ་བར་བསྒྲུབ༔ སྒྲུབ་པའི་ལག་ལེན་རིམ་པའོ༔ ལེའུ་གཉིས་པའོ༔ སྒྲུབ་པའི་སྒོར་འཇུག་རྣལ་འབྱོར་གྱིས༔ རྣམ་པར་རྟོག་པའི་སྟེང་སྐོར་དང་༔ ཡུལ་ལ་ཞེན་ཆགས་ཡིད་དཔྱོད་ཀུན༔ རིག་སྟོང་ངང་དུ་ཆམ་བརྡལ་ཐོང་༔ དངོས་གྲུབ་མཚན་མ་རེ་རློམ་དང་༔ གྲུབ་རྟགས་མངོན་ཤེས་རེ་བའི་སེམས༔ གཟུང་འཛིན་རང་གྲོལ་རང་ངོར་ཤིག༔ ཆེ་འདོད་གྲགས་འདོད་འགྲན་རྩོད་དང་༔ འབྲས་བུ་ད་ལྟ་རེ་བ་རྣམས༔ མི་རྟག་སྒྱུ་མའི་རོལ་པར་ཤིག༔ ཡུལ་ལ་ཆགས་ཤིང་གཉེན་བརྩེའི་སེམས༔ ཆོས་ཀུན་བདག་མེད་ངང་དུ་ཞོག༔ ནོར་ལ་འཚོ་སྐྱོང་དགྲ་འདུལ་སེམས༔ རྨི་ལམ་ལྟ་བུར་ཡུལ་མེད་ཐོང་༔ ཡར་ལ་སངས་རྒྱས་རེ་བ་ན༔ རེ་བ་བདུད་དེ་རང་གཞི་ནི༔ ཡེ་ནས་སངས་རྒྱས་རིག་པའི་ངང་༔ མར་གྱི་ངན་འགྲོར་དོགས་པ་ན༔ དོགས་པ་བདུད་དེ་དོགས་པའི་སེམས༔ ཡུལ་མེད་ཟང་ཐལ་ཆེན་པོར་བཤིགས༔ ཆེ་འདོད་དང་ནི་རྨི་ལམ་མཚན༔ འདི་ལ་དགའ་བྲོད་ཡང་རློམས་ཀུན༔ རང་སེམས་འཕྲུལ་དུ་ཤིག་ལ་ཐོངས༔ ཉམས་ལ་ཞེན་ཆགས་བསྒོམ་དུ་འཛིན༔ ང་རྒྱལ་དང་ནི་ཁེངས་སེམས་ཀུན༔ རྨི་ལམ་ལྟ་བུར་བདེན་མེད་དུ༔ རིག་པ་རང་ངོར་རྗེན་པར་ཞོག༔ གང་ཤར་ཤར་ཚེ་ཞེན་པ་དང་༔ བཀག་གཅུན་རྗེས་དཔྱོད་མ་ཡིན་པར༔ རིག་པའི་རང་ངོར་ཤིག་ལ་ཞོག༔ ཤར་ལ་བཟང་ངན་མི་མངའ་སྟེ༔ གྲོལ་ཐོག་ཆོས་སྐུའི་ཀློང་ཆེན་མཁའ༔ ངན་ཤར་གྲོལ་དུ་དཀའ་ལས་མེད༔ བཟང་ཤར་གྲོལ་དུ་སླར་ཡང་མིན༔ ཕན་གནོད་མེད་པར་གྲོལ་བའོ༔ ཤར་ཆ་རིག་པ་ཐ་དད་དུ༔ གྲོལ་རྒྱུ་གྲོལ་བ་མ་བྱེད་པར༔ ཤར་ཡང་རང་ཤར་གཞི་མེད་ལ༔ གྲོལ་ཡང་རང་གྲོལ་ཡུལ་མེད་དང་༔ ད་ལྟ་བཅོས་བསྒྱུར་སླད་མེད་ཀྱི༔ ཐ་མལ་ཤེས་པ་ཟང་ཀ་མ༔ རིག་པའི་རྒྱུན་གྱིས་སྐྱོང་བ་འདི༔ རྩོལ་མེད་རང་ཐོག་གྲོལ་བའོ༔ ཤར་བ་རིག་པ་རིག་པར་ཤར༔ ཉི་ཟླ་དང་ནི་སྤྲིན་དཔུང་གིས༔ མཁའ་དབྱིངས་དཀར་ནག་བྱེད་པ་ལྟར༔ རིག་པ་ཉིད་ལ་གང་ཤར་རིག༔ སེམས་སུ་འདུག་ཚེ་གང་ཤར་སེམས༔ དཔེར་ན་ཉིན་དུས་སྟེང་མཁའ་གསལ༔ མཚན་གྱིས་དུས་སུ་མཁའ་དབྱིངས་འཐིབས༔ རིག་པའི་ངང་དུ་གང་ཤར་ཡང་༔ ཐམས་ཅད་རིག་པ་རྗེན་པ་ལ༔ སེམས་ཀྱི་དུས་སུ་གང་ཤར་ཡང་༔ ཐམས་ཅད་སེམས་སུ་གྱུར་བའོ༔ དེ་ལྟར་སེམས་དང་རིག་པ་གཉིས༔ གང་ལ་གདལ་ཡང་དེ་ལྟར་རོལ༔ སོ་སོར་མ་ཡིན་ལམ་དུའོ༔ ཡིད་ལ་དཔྱོད་བསྒྱུར་བསམ་མནོ་དང་༔ འགགས་མེད་བདེ་སྡུག་ལས་འདས་པའི༔ ཤར་གྲོལ་དུས་མཉམ་མ་ནོར་ལམ༔ བདེའམ་འགགས་པ་ཡིན་ནམ་སློང་༔ ཉམས་ཏེ་སྒོ་གསུམ་འཛིན་མ་རྨོངས༔ ཐ་མལ་རང་རྒྱུད་ལ་འཇོག་དང་༔ ཤར་ཆ་འགགས་ན་སྒོམ་མེད་བློ༔ ཤར་རྗེས་དཔྱོད་བཏང་ཤར་གྲོལ་སེམས༔ སྟོང་པར་ལྟ་བ་ཀློང་གྲོལ་དང་༔ ཉམས་སུ་ནུབ་པ་སྤྲོས་བྲལ་ལ༔ བཅུན་ཞིང་བཅོས་མར་བསྒོམ་པར་སེམས༔ རྟོག་གེ་བ་ལ་སྒོམ་ཅན་དང་༔ ཤར་རྗེས་སྟོང་པར་རྒྱས་འདེབས་པ༔ བསྒོམ་རྗེས་འབྲས་བུར་རེ་རློམ་སྐྱེ༔ མ་རྟོགས་ཁ་ལྟ་སྟོང་འབྱམས་སོགས༔ དེ་དག་ལྟར་སྒོམ་ཉོན་རེ་མོངས༔ ཨ་རེ་སྡུག་སྟེ་རྨོངས་གཏིང་ཞ༔ དེ་དག་གང་དུའང་མ་གྱུར་པའི༔ ལམ་མེད་ལམ་མཆོག་ཨ་ཏིའི་ལམ༔ གང་ཤར་མ་ཞེན་རང་ངོར་གྲོལ༔ སྦྲུལ་གྱི་མདུད་པ་ཞིག་པ་ལྟར༔ ཐོལ་གྱིས་ཤར་ལ་ངང་དུ་གྲོལ༔ ཀློང་ལས་ཤར་ཏེ་ཀློང་དུ་གྲོལ༔ མཁའ་ལས་གློག་བྱུང་ཀློང་ཐིམ་ལྟར༔ གཞི་ཡི་ཀློང་དུ་གྲོལ་བར་ཞོག༔ འཁོར་བ་དང་ནི་འདས་པ་གཉིས༔ གང་ལ་མ་བརྩལ་མ་བསྒྲོད་པར༔ རིག་པའི་རང་ངོར་རྫོགས་པ་ལ༔ བྱས་ཤིང་བཟོ་བཅོས་གང་མ་ལན༔ རང་སྣང་རང་གིས་སྤྱོད་ཡུལ་གྲུབ༔ གྲུབ་པ་མ་ཡིན་སོ་ཚུགས་མེད༔ མ་གྲུབ་ཡང་མིན་འདི་ལྟར་བྱེད༔ གང་ནས་གྲོལ་ཏེ་གར་ཕྱིན་མིན༔ གང་ལ་རང་ངོར་སངས་པས་ན༔ དེ་ལྟར་རང་ཀློང་རང་སྐུ་ཞིང་༔ མ་བྱས་ངང་གིས་གྲུབ་པའོ༔ གང་ཞིག་འཁྲུལ་པའི་གཉིད་ངོག་ཏུ༔ ཡུལ་འཛིན་འཁོར་བ་ཡོངས་གྲུབ་ལྟར༔ གང་འཁྲུལ་གང་དུ་མ་བསྒྲོད་པའི༔ འདུས་བྱས་བདེ་སྡུག་རང་ངོའི་གཞན༔ གཉིས་ཀྱང་གཤིས་རྩལ་ངང་དུ་རྫོགས༔ དེ་ནས་གང་དུ་མི་དོགས་ཤིང་༔ གང་ལའང་རེ་བ་མེད་པ་ཡི༔ ཆོས་ཉིད་ངང་རྫོགས་རྩལ་རིག་པས༔ མཁན་པོ་ཉིད་ལ་མཁན་པོ་སད༔ ཉི་ཟླ་འོད་ཀྱི་དཀྱིལ་འཁོར་དུ༔ མ་བྱས་རང་བྱུང་གྲུབ་པ་ལྟར༔ སེམས་ཀྱི་འཁོར་འདས་དཀྱིལ་འཁོར་དུ༔ མ་བརྩལ་ངང་གིས་གྲུབ་པའོ༔ རང་ལས་རང་གྲོལ་རང་ཆོས་སྐུ༔ དེ་ལས་འབྲས་བུ་ལོག་མ་ཚོལ༔ རང་ཤར་རང་ངོར་གྲོལ་ལ་ཞོག༔ གང་ཤར་རིག་སྟོང་ངང་དུ་ཤིག༔ རང་ཀློང་ནས་ཤར་རང་ཀློང་གྲོལ༔ གཉིས་དང་སོ་སོར་ཕྱོགས་རིས་སུ༔ མ་འཛིན་མི་སེམས་ངང་ལ་ཞོག༔ བཅོས་བསྒྱུར་སྤངས་ལེན་ཕྱེ་བྲབ་པ༔ ཐམས་ཅད་ངོ་བོ་གཅིག་ཏུ་གྲོལ༔ བྱེ་བྲག་བཟང་ངན་གང་ཡང་མེད༔ འཁོར་འདས་ཡོངས་གྲུབ་ངང་རྫོགས་པའི༔ ཅིར་ཡང་བསྒྱུར་བའི་ཆོ་འཕྲུལ་ཅན༔ རིག་པ་གཞི་སྟེ་རིག་པ་ལམ༔ རིག་པ་འབྲས་བུ་ལྷུན་གྲུབ་ཉིད༔ རིག་པ་མི་བལྟར་བལྟ་བ་ལ༔ རིག་པ་མི་སྒོམ་བསྒོམ་པའོ༔ རིག་པ་མི་སྤྱོད་སྤྱོད་པ་སྟེ༔ རིག་པ་ངོ་བོ་ཀ་དག་ལ༔ རིག་པ་རང་བཞིན་མ་འགགས་པ༔ རིག་པ་ཐུགས་རྗེ་ཕྱོགས་མེད་ལ༔ རིག་པ་བསྒོམ་མེད་རྫོགས་པ་ཆེ༔ རིག་པ་སྤྲོས་པ་དང་བྲལ་ཞིང་༔ རིག་པ་སྐྱེ་མེད་ཆོས་སྐུ་འོ༔ རིག་པ་རང་ལ་རྫོགས་པ་ལས༔ བྱ་རྩོལ་བཅོས་བསྒྱུར་གནས་བསྒྲོད་མེད༔ རྣལ་འབྱོར་ལམ་འདིར་ངེས་གྲོལ་ན༔ འཕེལ་འགྲིབ་མེད་པའི་བཀོད་པ་རྫོགས༔ སྐྱེ་ནུབ་མེད་པའི་བདེ་སྐྱིད་ལ༔ འབད་རྩོལ་མེད་པའི་ལོངས་སྤྱོད་དོ༔ དེ་ལྟར་ངེས་གསང་སྙིང་པོའི་ཆོས༔ མ་བསྒོམ་ཚུལ་གྱིས་བསྒོམ་མཛོད་ལ༔ བལྟ་རྒྱུ་མེད་པའི་ཚུལ་དུ་ལྟོས༔ ཡིད་ལ་ཅི་ཡང་མི་བྱེད་པའི༔ བྱེད་པ་ཆེན་པོའི་ངང་ནས་བྱ༔ བྱ་རྩོལ་བཅོས་བསྒྱུར་མེད་པ་ཡིས༔ བྱ་རྩོལ་རྫོགས་པའི་ངང་ལ་ཞོག༔ ལམ་འདིའི་དབང་ཐོབ་ལམ་འདི་རུ༔ ཉམས་སུ་ལེན་དང་ཉམས་མྱོང་བའི༔ མ་ནོར་ལམ་ལ་ངེས་བརྒལ་ན༔ དེ་ནི་ཚེ་འདིར་མངོན་སངས་རྒྱས༔ མ་འོངས་ང་ཡི་རྗེས་འཇུག་རྣམས༔ འདི་བཞིན་བསྒོམ་སྒྲུབ་ཉམས་སུ་ལོངས༔ ཨོ་རྒྱན་ང་དང་འབྲལ་བ་མེད༔ སྐྱེ་བ་ཕྱི་མར་མི་ལྟོས་པར༔ ཚེ་འདིར་མངོན་པར་སངས་རྒྱས་པའོ༔ དེས་ནི་སྒོམ་དང་བསྒྲུབ་པ་ཀུན༔ དལ་མེད་རྟག་ཏུ་ལྷུར་ལེན་མཛོད༔ ས་མ་ཡ༔ མ་འོངས་ལྔ་བརྒྱའི་ཐ་མ་ལ༔ མཁས་པར་རློམ་པའི་རང་མཐོང་ཅན༔ དོན་ལ་གདོལ་པ་ལས་ཉན་པའི༔ མི་ནག་བཙུན་པའི་ཚུལ་འཛིན་རྣམས༔ དཀོར་དང་སྡིག་ཟས་སླད་མར་རྔམས༔ དགེ་སྡིག་ཆོས་ལ་རློམ་ཆོས་མཚང་༔ བྱ་བྱེད་གང་ལ་དེའི་ཚུགས་འཛིན༔ ལྐོག་ཏུ་བུད་མེད་ཡིབས་སུ་སྦས༔ ཐར་པའི་འབྲས་བུ་དེ་ལ་འཚོངས༔ དེ་འདྲའི་ཟོག་པོ་བརྫུ་བ་མཁན༔ ཁྱེད་ཅག་ཆོས་ཀྱི་མཚང་མི་ལོན༔ ཕྱི་རུ་ཁ་ལྟ་ཅོ་འདྲི་བྱེད༔ ནང་དུ་མྱོང་མེད་རྨོན་པའི་སེམས༔ སྡིག་པའི་སློབ་དཔོན་སྦྱང་མོ་འདྲས༔ འཁོར་སློབ་སྡིག་ཚུད་རི་ཁྱིའི་བུ༔ ཁྱོད་ཅག་རང་རང་བདེ་བར་སྡོད༔ ང་ཡི་བཀའ་ལ་སླད་མ་གཞུག༔ ཨོཾ་རྒྱན་མཁའ་འགྲོའི་སྙིང་ཐིག་གི༔ ཆོས་ཀྱི་བདག་པོ་ཁྱོད་མ་ཡིན༔ ས་མ་ཡ༔ སྔགས་སྲུང་ཨེ་ཀ་ཙ་ཏི་དང་༔ དཔལ་ལྡན་རང་བྱུང་རྒྱལ་མོར་གཉེར༔ གཡུ་ཡི་ཕྲེང་བ་ཅན་གྱིས་སྲུངས༔ ཆོས་བཞིན་སྤྱོད་ལ་བུ་ལྟར་སྐྱོངས༔ དམ་ཉམས་སྲོག་གི་གཤེད་མར་ཕོབ༔ སྙིང་འདྲ་གཅིག་ལས་ཤོར་ཏ་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་མ་ནུས་ཀུན་གྱིས་སྤངས་པའི་ཟོག་པོ་བདུད་འཇོམས་རྡོ་རྗེ་གར་དབང་འོད་གསལ་གླིང་པས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཞི་ལ་བཀའ་རྒྱས་བཏབ་སྟེ་མཐར་སྨར་སྟོད་འབྲོས་ཕུག་མཁའ་འགྲོའི་གནས་མཆོག་དབེན་པའི་ཁྲོད་དུ་དག་པར་ཕབ་པའི་ཡི་གེའི་རིས་བྱེད་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།།།}} | ༠༠༠༠བརྡ་ཡིག༡༧༤གདོད་ནས་ཡེ་སངས་རྒྱས་པ་སྟེ༔ སྤྲོས་མེད་ཀློང་ལས་སྤྲོས་པར་ངོམས༔ སྒྱུ་འཕྲུལ་རྣམ་མང་བསྒྱུར་དྲག་ཅན༔ འོད་མི་འགྱུར་བའི་མགོན་པོར་འདུད༔ སྐུ་གསུམ་མཉམ་སྦྱོར་པད་འབྱུང་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ གསང་ཆེན་གབ་པའི་ཡིག་ཆུང་བསྟན༔ ཕྱི་རབས་ལས་དང་སྐལ་ལྡན་རྣམས༔ དམ་པའི་ཆོས་གང་བསྒྲུབ་གྱུར་ཀྱང་༔ རང་སེམས་འདི་ཉིད་གྲོལ་བར་གྱིས༔ དྲང་དོན་དང་ནི་ངེས་དོན་གྱི༔ ཆོས་རྣམས་མ་ལུས་ཐམས་ཅད་ཀུན༔ རྒྱལ་བ་རྣམས་ཀྱིས་འདི་དོན་ནོ༔ རྣལ་འབྱོར་པ་ལ་ཉམས་སད་པའི༔ གཞན་གྱིས་མི་ཐུབ་བདུད་བྱུང་ན༔ རིག་པ་ཡེ་ཤེས་ཆེན་པོའི་ཆ༔ སྙིང་དབུས་དྭངས་མའི་ཐིག་ལེ་ལས༔ ཡེ་ཤེས་འོད་ཀྱི་མེ་འབར་བས༔ ཟག་བཅས་གདོས་ཀྱི་ཕུང་པོ་རོ༔ ཟག་མེད་སྒྱུ་མའི་ངང་དུ་བསྲེགས༔ རང་རིག་ཡེ་སྟོང་ཆེན་པོར་རིག༔ དབྱིངས་ལས་ལྕགས་སྡིག་དཔག་མེད་དང་༔ མེ་རླུང་མཚོན་ཐུན་དཔག་མེད་ཀྱིས༔ སྐར་ལྟར་འཁྲིགས་ཤིང་རླུང་ལྟར་འཚུབས༔ བདག་འཛིན་རཱུ་ཏྲ་དུག་ལྔ་བདུད༔ ཐལ་བ་རླུང་གིས་གཏོར་བ་ལྟར༔ བསྲེགས་གཏུབ་གཏོར་ཞིང་སྡིག་པ་ཡིས༔ ལྷག་མ་མེད་པར་ཟ་བར་བསམ༔ དབྱིངས་དང་རིག་པ་དབྱེར་མེད་དུ༔ བསྲེགས་ཏེ་ཕཊ་སྒྲ་བཅུ་བརྗོད་དེ༔ དེ་ཡི་ངང་ལ་མཉམ་པར་བཞག༔ དེས་ཀྱང་མི་ཕན་སྡང་གྱུར་ན༔ རང་རིག་ཧཱུྃ་ཡིག་ནག་པོ་ལས༔ འོད་འཕྲོས་ནང་ལྟར་གཞལ་ཡས་ལ༔ ཕྱི་ལྟར་གནམ་ལྕགས་ཀྱི་འཁོར་ལོ༔ རྩིབས་སྟོང་ལྡན་པས་སྟེང་མ་གཡས༔ འོག་མ་གཡོན་དུ་འཁོར་བ་ལ༔ རྩིབས་ནི་རེག་ལ་རྣོ་བ་ཡི༔ གཡས་གཡོན་དྲག་ཏུ་འཁོར་བ་དེ༔ རྩིབས་རྩེ་གདོན་བགེགས་རྒྱལ་བསེན་གྱི༔ སྙིང་དཀྱིལ་གཏོད་བཤགས་གཏུབ་པ་ལ༔ མེ་ཞགས་མཚོན་ཐུན་ཁྲོ་ཆུང་སྡིག༔ དཔག་ཏུ་མེད་པས་གཏུབ་ཅིང་ཟོས༔ ལྷ་ཡང་རུང་སྟེ་བརླག་པར་བསམ༔ དེའི་ངང་དྲག་ཐུང་ཕཊ་སྒྲ་བཅུ༔ བརྗོད་ཅིང་སྙིང་རྗེའི་དཔའ་གདིང་གིས༔ དབྱིངས་རིག་བསྲེས་ལ་ཡུན་ཅིག་བཞག༔ དེས་ཀྱང་ཕན་པར་མ་གྱུར་ན༔ རང་ཉིད་ཁྲོ་བོའི་ང་རྒྱལ་བསྐྱེད༔ ཕྱི་ནི་འཁོར་ལོ་རྩིབས་སྟོང་ལ༔ ནང་ནི་གཞལ་ཡས་ཁང་དབུས་སུ༔ པདྨ་ཉི་མ་རོའི་སྟེང་གསལ༔ རྒྱན་དང་ཆ་ལུགས་ཡོངས་རྫོགས་ནི༔ སྟོང་པའི་ངང་ལས་བསྒོམ་པར་བྱ༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ༔ སྐུ་སྟོད་བཀའ་རྒྱུད་བླ་མ་དང་༔ རྐེད་པར་ཡི་དམ་ལྷ་ཚོགས་དང་༔ སྐུ་སྨད་མ་དང་མཁའ་འགྲོ་བསྒོམ༔ མཐའ་བསྐོར་སྲུང་མའི་ཚོགས་བསྒོམ་མོ༔ དེ་ནས་བ་སྤུའི་བུ་ག་ནས༔ མེ་རླུང་མཚོན་ཐུན་ཁྱུང་སྡིག་དང་༔ ཁྲོ་ཆུང་དཔག་ཏུ་མེད་པ་ནི༔ རླུང་དམར་བཞིན་དུ་འཕྲོས་ཤིང་འཚུབས༔ ཁོ་ཡི་སྙིང་ལ་ཐོག་ལྟར་བབས༔ དམར་ཉིལ་གཏུབས་ཤིང་ཟོས་པ་ཡི༔ ལྷག་མ་ཐལ་ཕུང་རླུང་གཏོར་བཞིན༔ རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ དེའི་ངང་ཧཱུྃ་ཕཊ་དྲག་པོ་བསྒྲགས༔ དེས་ནི་ཐེ་ཚོམ་མེད་པར་ཐུལ༔ རྒྱ་མཚོ་ཧུབ་ཀྱིས་འདེབས་པ་ནི༔ རང་ཉིད་ལྕགས་ཀྱི་ཁྱུང་ནག་པོ༔ སྟོང་གསུམ་ཁྱབ་པའི་སྐུར་བསྒོམས་ཏེ༔ ཁྱུང་སྔགས་ལན་གསུམ་བརྗོད་བྱས་ནས༔ རྒྱ་མཚོ་ཧུབ་ཀྱིས་རྔུབ་པ་ཡི༔ ལྷག་མ་ཤུལ་ཙམ་མེད་པར་བྱས༔ གནས་པའི་ཀླུ་བཙན་བདུད་པོ་ཡི༔ མགོ་ལ་ལྕགས་ཀྱི་གཤོག་རྩེས་བརྡབ༔ རྐང་གླིང་དྲག་ཐུང་ལན་གསུམ་འབུད༔ ཕཊ་སྒྲ་དྲག་པོ་ལན་གསུམ་བརྗོད༔ རི་བོ་ཁམ་གྱིས་གཅོད་པ་ལ༔ རང་ཉིད་དུག་གི་མི་ནག་པོ༔ དུག་གི་ཆུ་སྲིན་ལ་ཞོན་ནས༔ རི་བོའི་ཐད་དུ་སོང་བ་ཡི༔ རང་དང་ཞོན་པའི་ཆུ་སྲིན་གྱིས༔ རི་བོ་ཁམ་གྱིས་ལན་གསུམ་བཅད༔ རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ གནས་པའི་ལྷ་འདྲེའི་མགོ་བོ་ལ༔ དུག་གི་སེན་མོས་བྲད་པར་བསམ༔ ཕཊ་སྒྲ་དྲག་པོ་གསུམ་བརྗོད་དེ༔ རྐང་གླིང་དྲག་ཐུང་ལན་གསུམ་འབུད༔ དབྱིངས་རིག་བསྲེ་བ་ཀུན་གྱི་གནད༔ དེ་ནས་སྤྲིན་ནག་ཧུབ་འདེབས་ནི༔ རང་ཉིད་དུག་གི་ཁྱུང་ནག་པོ༔ ཁམས་གསུམ་གང་བའི་སྐུར་བསྒོམ་མོ༔ སྤྲིན་ནག་ཧུབ་ཀྱིས་ལན་གསུམ་འདེབས༔ གནོད་བྱེད་དང་བཅས་གྱུར་མིད་ནས༔ ཁོག་པར་བཙུད་ནས་དུག་མེར་བསྲེགས༔ ཁོ་ཡི་ལུས་ངག་ཡིད་གསུམ་རྣམས༔ དུག་གིས་བརྒྱལ་ནས་ཐིབས་ཀྱིས་བསད༔ དབྱིངས་རིག་བསྲེས་ལ་མཉམ་པར་བཞག༔ དེ་ནས་རླུང་རོ་དང་བཅས་པ༔ ལྕགས་རིའི་རྒྱབ་ཏུ་འཕང་བའོ༔ ཡང་ན་རང་ཉིད་གསང་བའི་བདག༔ རྡོ་རྗེ་འཛིན་པ་བསྒོམས་ཀྱང་རུང་༔ དེ་ནི་སྒོམ་པའི་དྲག་དམིགས་སོ༔ དེ་ནས་ལས་བྱེད་དྲག་དམིགས་ལ༔ རང་ཉིད་ཡི་དམ་ལྷར་བསྒོམས་ཏེ༔ བ་སྤུའི་སྒོ་ནས་མཚོན་ཆའི་ཆར༔ སྐར་ལྟར་འཁྲིགས་ཤིང་རླུང་ལྟར་འཚུབས༔ གནོད་བྱེད་གདོན་བགེགས་ཐམས་ཅད་ཀྱི༔ ལུས་ངག་ཡིད་གསུམ་མ་ལུས་པ༔ ཐལ་བ་རླུང་གིས་གཏོར་བ་ལྟར༔ རྡུལ་ཕྲན་བཞིན་དུ་བརླགས་པ་དེ༔ ཡེ་ཤེས་མེ་ཡིས་བསྲེགས་བྱས་ནས༔ སྤུ་གྲི་རླུང་གིས་གཏོར་བར་བསམ༔ རྡོའམ་ཡུངས་དཀར་གྱིས་བྲབ་བྱ༔ དྲག་སྔགས་བརྗོད་ཅིང་ལྟ་སྟངས་གཟིར༔ བྱང་ཆུབ་སེམས་ཀྱི་གདིང་བསྐྱེད་དོ༔ ཡང་ན་རང་ཉིད་ལྷར་གསལ་བའི༔ གནས་ལྔ་དག་ནི་བ་སྤུའི་སྒོའི༔ མེ་དང་མཚོན་ཐུན་སྤུ་གྲིའི་རླུང་༔ ནམ་མཁའ་བར་སྣང་ས་གཞི་ཀུན༔ གོ་མཚམས་མེད་པར་གང་བར་འཕྲོས༔ གནོད་བྱེད་གདོན་བགེགས་ལོག་འདྲེན་རྣམས༔ རྡུལ་ཕྲན་བཞིན་དུ་བརླགས་བྱས་ནས༔ ཤོག་སྐྱ་རླུང་གིས་དེད་པ་ལྟར༔ ལྕགས་རི་ནག་པོའི་ཕ་མཐར་བསྐྲད༔ མེ་རླུང་མཚོན་གྱིས་མཚམས་བཅད་བསམ༔ རྡོ་སོགས་ཐུན་གྱིས་བྲབ་པར་བྱ༔ དྲག་སྔགས་བརྗོད་ཅིང་ལྟ་སྟངས་གཟིར༔ བསྲུང་བའི་གུར་ཁང་རིམ་ལྔ་བསྒོམ༔ དེ་ནི་དྲག་དམིགས་རིམ་པའོ༔ གནམ་ལྕགས་ཐོག་གི་དམིགས་པ་ནི༔ རང་ཉིད་གུ་རུ་དྲག་པོ་བསྒོམ༔ ཐུགས་ཀའི་ཧཱུྃ་ཡིག་དམར་ནག་ལས༔ ཧཱུྃ་ཡིག་དམར་ནག་གཉིས་འཕྲོས་པས༔ སྤྲིན་གྱི་ཀློང་དུ་ཐིམ་པ་ཡི༔ སྤྲིན་ཡང་སྐད་ཅིག་ཙམ་གྱི་ནི༔ ལྕགས་བསྲེགས་ཁང་སྒྲོམ་སྲུབ་མེད་དུ༔ གྱུར་པའི་ཕྱི་ནང་ཡེ་ཤེས་མེས༔ ཁྱབ་ཅིང་འཁྱིལ་བས་གནོད་བྱེད་དང་༔ འབྲུག་གློག་སྡེ་བརྒྱད་ཐམས་ཅད་ཀུན༔ ལྕགས་ཁང་དེ་རུ་འུབ་ཀྱིས་བསྡུས༔ རང་གི་ངག་ནས་ཕཊ་བརྗོད་ཅིང་༔ སྡིགས་མཛུབ་ཤེད་ཀྱི་འཕང་བ་ཡིས༔ རབ་འབྱམས་རྒྱ་མཚོའི་ཕ་མཐར་འཕངས༔ ནམ་ཡང་བྲོས་ཐར་ཡུལ་མེད་བསམ༔ དྲག་ཏུ་བརྗོད་ཅིང་ཕཊ་སྒྲ་བསྒྲགས༔ དེས་ནི་མི་ཐུབ་གཅིག་ཀྱང་མེད༔ ཡང་ན་རང་ཉིད་ཡི་དམ་ལྷར༔ གསལ་བའི་ཐུགས་ལས་ཛཿཡིག་དམར་ནག་གཉིས༔ འཕྲོས་པ་ནམ་མཁར་སོང་བ་ཡིས༔ བསམ་གྱིས་མི་ཁྱབ་གྲངས་མང་གྱུར༔ འབྲུག་དང་སྡེ་བརྒྱད་ཐམས་ཅད་ཀྱི༔ ཁ་དང་གཤང་ལམ་གཉིས་ནས་ཞུགས༔ ཁོང་དུ་ཕྱིན་པའི་ཟངས་ལྕགས་ཀྱིས༔ འཁོར་ལོ་རྩིབས་སྟོང་ལྡན་པ་གཉིས༔ གཡས་དང་གཡོན་དུ་འཁོར་བ་ཡིས༔ འབྲུག་དང་སྡེ་བརྒྱད་འབྱུང་པོ་ཡི༔ ལུས་ངག་ཡིད་གསུམ་དམར་ཉིལ་གཏུབ༔ མཐུ་སྟོབས་ནུས་པ་ཐམས་ཅད་བསྲེགས༔ སེང་གེ་ལྕགས་སྡིག་བྱ་ཁྱུང་གིས༔ ངག་སྒྲ་སྒྲོགས་ཤིང་ཟོས་པ་ཡི༔ རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ དྲག་སྔགས་བརྗོད་ཅིང་ཐུན་གྱིས་འཕེན༔ འདིས་ནི་མི་ཐུབ་གང་ཡང་མེད༔ ཡང་ན་རང་ཉིད་ལྷར་གསལ་བའི༔ ཕྱག་གི་མཚོན་ཆ་ཕྱར་བ་ཡིས༔ མེ་འབར་མཚོན་གྱི་ཚྭ་ཚྭ་ཡིས༔ གདུག་ཅིང་སྡང་སེམས་ལྡན་པ་ཀུན༔ ལྷ་ཡང་རུང་སྟེ་ཐལ་བར་བརླག༔ འཁྲུལ་པའི་རྒྱུ་རྐྱེན་རྩད་བཅད་ནས༔ དྲགས་སྔགས་བརྗོད་ཅིང་ཕྱག་མཚན་གྱིས༔ གདབ་ཚུལ་བྱས་པས་ཉེས་ཀུན་འཇོམས༔ ས་མ་ཡ༔ དེ་དག་དྲག་དམིགས་གཟིར་གདབ་སྟེ༔ གང་རུང་བ་ལ་བྱེད་མི་རུང་༔ སྲོག་ལ་བབས་ན་བསྒོམ་པར་བྱ༔ རིགས་རིམ་ལེའུ་དང་པོའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་ལས་ཅན་སྐལ་ལྡན་རྣམས༔ བསྒྲུབ་པའི་སྒོ་རུ་འཇུག་འདོད་ན༔ འདི་བཞིན་ཉམས་སུ་ལེན་པར་གནད༔ དང་པོ་བཟུང་བའི་ཡུལ་འདི་ཉིད༔ བདེན་པར་གྲུབ་བམ་མ་གྲུབ་བརྟགས༔ དེ་ཕྱིར་ཀུན་བཏགས་འདིར་སྣང་བ༔ ཐམས་ཅད་བྱུང་བའི་ཁུང་རྩད་བཅད༔ རྡུལ་དུ་བཏུལ་ནས་གཏོར་བས་ན༔ བདེན་པར་གྲུབ་ན་འགྱུར་བ་མེད༔ དེ་ཕན་རང་བཞིན་འདི་མེད་ན༔ བདག་མེད་སྟོང་པའི་ངང་ལས་བལྟ༔ གཞན་ཡང་ཤིང་གཅིག་འདུག་པ་ལ༔ དཔྱད་ན་དང་པོ་ཤིང་ཡིན་བསམ༔ བཟོ་བཅོས་ལས་ཀས་མིང་ཡང་འགྱུར༔ དེ་ལྟར་དངོས་པོར་འཛིན་པའི་ཆོས༔ ཐམས་ཅད་སྟོང་པ་བདག་མེད་དུ༔ ངེས་པར་རྟོགས་ཀྱི་བར་ཏུ་བརྟགས༔ ཆོས་ཀྱིས་བདག་མེད་དེ་ཉིད་ཀྱང་༔ བྱེད་མཁན་དང་ནི་ངོས་འཛིན་མཁན༔ སུ་ཡིན་གང་ན་ཡོད་དམ་བརྟགས༔ འདི་ནི་སེམས་ཀྱིས་བྱས་སོ་སེམས༔ དེས་ན་སེམས་འདི་དངོས་པོ་ཅན༔ བྱུང་ཁུང་རྩ་བ་ཚོལ་བྱས་ན༔ དེ་ཡང་ཟང་ཐལ་སྟོང་པར་མཐོང་༔ སྟོང་ན་འདི་སྣང་སྣོད་དང་བཅུད༔ དངོས་པོར་གྲུབ་སེམས་སོ་སོར་བྱས༔ མིང་དང་བདག་ཏུ་ཅི་ལ་འཛིན༔ དེ་ལ་བརྟགས་ཤིང་དཔྱད་པར་བྱ༔ ཡང་ཡང་བལྟས་པའི་གོམས་འདྲིས་ཀྱིས༔ འཁྲུལ་པ་ནས་བཟུང་ད་བར་དུ༔ མེད་ལ་ཡོད་པར་འཛིན་པ་ཡིས༔ བག་ཆགས་མངོན་དུ་གྲུབ་པའི་ཡུལ༔ རང་ལ་གཉིས་སུ་འཛིན་པ་ཡི༔ རང་ལ་རང་གི་བྱ་བ་བྱས༔ སོ་སོར་འཛིན་ཅིང་བརྟགས་པ་ལས༔ ཡུལ་གཞན་ནས་ཡང་བྱུང་མིན་རྟོགས༔ གང་ལྟར་ལ་ཡང་རྨི་ལམ་ལ༔ ཡུལ་དང་ལུས་དང་ནོར་གྲོགས་རྫས༔ ད་ལྟ་བཞིན་དུ་འདུག་པ་ལ༔ སད་མ་ཐག་ཏུ་རྫུན་དུ་ཟད༔ དེ་ལྟར་འདི་ལྟར་ཐམས་ཅད་ཀྱང་༔ རྫུན་དུ་ཟད་དེ་སེམས་སུ་ཤེས༔ སེམས་ཀྱང་བདག་མེད་མངོན་དུ་རྟོགས༔ འཛིན་པ་སེམས་ཀྱི་བདག་མེད་དོ༔ སེམས་ཀྱང་ནམ་མཁའ་ལྟ་བུ་སྟེ༔ ཡོད་མིན་མེད་མིན་ཁྱབ་གདལ་ལོ༔ དེས་ན་རེ་ཞིང་དོགས་པའི་ཡུལ༔ ཐམས་ཅད་སེམས་ཉིད་སེམས་བྱུང་ང་ོ༔ དེ་ཕྱི་ཡེ་ནས་སེམས་ཉིད་ཀྱིས༔ ངོ་བོ་ཆོས་སྐུར་དག་པ་ལ༔ ལམ་ནི་ལོག་པའི་ལམ་ཞུགས་ཏེ༔ བག་ཆགས་རྐྱེན་གྱིས་བསྒྲིབ་ཅིང་གཡོགས༔ དཔེར་ན་ནམ་མཁའ་མི་འགྱུར་ཡང་༔ སྤྲིན་དང་ན་བུན་གྱིས་བསྒྲིབ་ལྟར༔ ཆུ་ལ་འགྱུར་ཀྱང་རྙོག་པའི་འདམ༔ དྭངས་ཚེ་ཆུ་ཡི་རང་བཞིན་གནས༔ དེ་ལྟར་རང་སེམས་ཡེ་གཞི་ནི༔ ཆོས་ཀྱི་སྐུ་རུ་ཡེ་གནས་པ༔ རང་ངོར་རང་ཉིད་སངས་པའི་ཕྱིར༔ ཡེ་ཤེས་ལྷ་རུ་གསལ་བར་བྱ༔ དེ་ལ་གཉིས་སུ་མི་འཛིན་པར༔ རང་རིག་རང་ངོར་སངས་པ་གཙོ༔ གཉིས་སུ་བཟུང་བའི་ཡུལ་ལ་གོལ༔ མཐར་ནི་རང་ངོར་མི་གྲོལ་ན༔ གཉིས་སུ་འཛིན་པས་རཱུ་ཏྲར་གོལ༔ དེ་ཕྱིར་རང་གཞིར་ཤེས་པར་བྱ༔ སྣང་བ་འོད་གསལ་གཞལ་ཡས་སུ༔ རང་ཉིད་ཡེ་ཤེས་ལྷ་ཉིད་ལ༔ རྩལ་སྣང་ཐམས་ཅད་འཁོར་དུ་ཤེས༔ ཕྱག་མཚན་ཐམས་ཅད་ཐུགས་ཀྱི་མདངས༔ རྒྱན་གོས་རྣམ་འགྱུར་ཐམས་ཅད་ཀྱང་༔ རང་མདངས་ལས་ནི་གཞན་མ་ཡིན༔ ཡིན་ལུགས་ཤེས་ཤིང་དེ་ལྟར་བསྒོམ༔ བྱང་ཆུབ་སེམས་ཀྱི་རང་གདངས་དང་༔ མ་བྲལ་བ་ཡི་ཆོས་གང་བསྒྲུབ༔ སྤྲོས་པ་མེད་པའི་དཀྱིལ་འཁོར་ནི༔ གཞན་ལ་མི་མངོན་གསང་བའི་ཐབས༔ མི་བསྒྲུབ་ཚུལ་གྱིས་བསྒྲུབ་པ་ནི༔ ཀུན་ལས་ལྷག་པའི་དོན་ཆེར་འགྲུབ༔ ཀུན་ལ་མངོན་པར་ངོམས་པའི་ཆོས༔ ལྷ་སྔོན་བདུད་ཀྱི་མྱུར་ཉིད་སྲིད༔ དེ་ལ་བགེགས་དང་བར་ཆད་མང་༔ དེ་ཕྱིར་གསང་བར་བསྒྲུབ་པ་མཆོག༔ སྔགས་ཀྱང་ཤུབ་བུར་བཟླ་བ་ལས༔ སྐད་ཆེར་འདོན་པའི་བཟླ་མི་རུང་༔ བཟླས་ན་བགེགས་དང་བདུད་ཀྱི་ཐོས༔ ཀུན་གྱིས་འུར་འུར་བཟླས་གྱེར་ནས༔ སྒྲུབ་པའི་སྙིང་པོ་ལོན་ནོ་སྐད༔ དེ་ཕྱིར་ཤུབ་བུར་བཟླ་བ་གནད༔ ཡི་དམ་ལྷ་ཡང་གསང་བ་མཆོག༔ གསང་བ་གཞན་ལ་སྨྲས་པ་ན༔ འདི་དང་ཕྱི་མ་གཉིས་ལ་ཡང་༔ བདུད་བགེགས་ལྷ་རུ་བརྫུས་ནས་སུ༔ ལྷ་ཡི་མཚན་བཟུང་ང་ཡིན་ཟེར༔ དེ་ཡི་དབང་དུ་འགྲོ་ཉེན་སྲིད༔ དེ་ཕྱིར་གསང་བ་མཆོག་ཏུ་གཅེས༔ ལྷ་ཡང་དངོས་པོ་ཅན་དུ་བསྐྱེད༔ ཕྱག་མཚན་ཟངས་ལྕགས་ལ་སོགས་པའི༔ ཀུན་བཏགས་མངོན་གྲུབ་རྒྱུ་རུ་བཟུངས༔ མགོ་བརྙན་སེམས་ཅན་དེ་ཉིད་ཀྱི༔ རྒྱུད་ལ་གོལ་ཞིང་དངོས་སུ་བསམ༔ ཆས་རྒྱན་དེ་བཞིན་རྫས་སུ་གོལ༔ ཁྲོ་བོ་ཞེ་སྡང་ང་རྒྱལ་གྱི༔ གཟུགས་སུ་གོལ་ཞིང་དེའི་ངང་བསྐྱེད༔ དངོས་འཛིན་ཨ་འཐས་དང་བཅས་པ༔ དེ་དག་ལོག་པའི་ལམ་དུ་གོལ༔ བདུད་དང་རཱུ་ཏྲའི་ལམ་དུ་ཤོར༔ ཐར་པའི་ལམ་ལ་ཕྱོགས་ཙམ་མིན༔ དེ་ལྟར་མ་བྱེད་ལས་ཅན་རྣམས༔ ལྷ་དང་དཀྱིལ་འཁོར་ཐམས་ཅད་ལ༔ དག་པ་དྲན་པ་གེགས་མེད་ལམ༔ སྤྲོས་མེད་ལུགས་སུ་ཉམས་ལེན་ན༔ སྣང་བ་འོད་གསལ་གཞལ་ཡས་ཁང་༔ སྲིད་པ་དག་སྦྱོར་ཡེ་ཤེས་ལྷ༔ སྒྲ་གྲགས་དག་པ་སྔགས་ཀྱི་སྒྲ༔ ཡོངས་སུ་ཡེ་གྲུབ་དཀྱིལ་འཁོར་རོ༔ རང་ལུས་བདེ་ཆེན་གཞལ་ཡས་ཁང་༔ རྩ་ཁམས་དཔའ་བོ་མཁའ་འགྲོའི་དལ༔ ཡོངས་སུ་ཡེ་གྲུབ་དཀྱིལ་འཁོར་རོ༔ ངོ་བོ་ཆོས་སྐུ་ཆོས་སྐུའི་ཞིང་༔ རང་བཞིན་ལོངས་སྤྱོད་རྫོགས་ཞིང་སྐུ༔ ཐུགས་རྗེ་སྤྲུལ་སྐུའི་ཞིང་སྐུར་རྫོགས༔ ཡོངས་སུ་ཡེ་གྲུབ་དཀྱིལ་འཁོར་རོ༔ སྣང་བ་སྣོད་ཀྱི་གཞོང་པ་རུ༔ སྲིད་པ་འདི་འཛིན་བརྙན་ཤར་བ༔ ཡེ་གྲུབ་མཆོད་པའི་རྒྱུན་ཆེན་པོ༔ རྩ་ཁམས་དཔའ་བོ་ཡེ་གྲུབ་ཀྱིས༔ རང་བྱུང་ལྷུན་གྲུབ་དཀྱིལ་འཁོར་ལ༔ བཟའ་བཏུང་ཚོགས་ཀྱི་མཆོད་པ་ཆེ༔ སྣང་གྲགས་མྱོང་ཚོར་རིག་ཚོགས་ཀུན༔ མཆོད་པ་མ་བཅོས་རང་བྱུང་མཆོག༔ ངོ་རང་ཐུགས་རྗེའི་དཀྱིལ་འཁོར་ལ༔ དགའ་བདེའི་རོལ་པ་མཆོད་པའི་མཆོག༔ མྱོང་ཚོར་ཐམས་ཅད་བདེ་སྟོང་རོས༔ བླང་དོར་འབུལ་ཀྱང་མེད་པས་མཆོད༔ སྤྲོས་བཅས་ཅན་གྱི་དེ་མི་གོ༔ མ་འོངས་ང་ཡི་རྗེས་འཇུག་རྣམས༔ སྤྲོས་བཅས་ལ་བརྟེན་བསྒྲུབ་པའི་སྒོར༔ འཇུག་འདོད་གང་ཟག་ལས་འཕྲོ་ཅན༔ དབེན་ཞིང་ཉམས་དགའི་སྐྱེད་ཚལ་དུ༔ སྒྲུབ་ཁང་མཛེས་ལྡན་མཐུན་རྐྱེན་འཛོམ༔ ཟླ་ཚེས་དུས་བཟང་ཚེས་བཅུའི་ཉིན༔ རས་བྲི་འམ་ནི་རྡུལ་ཚོན་གྱི༔ དཀྱིལ་འཁོར་དམར་པོ་གཞི་གཙང་ལ༔ མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ དབུས་ཀྱི་ལྟེ་བ་དཀར་པོ་ལ༔ ཕྱོགས་བཞི་ལས་བཞིའི་རང་དབྱིབས་བྱ༔ ཁ་དོག་རང་མདོག་ལྟ་བུའོ༔ སྒོ་གྲུ་མཚན་ཉིད་སྤྱི་ལྟར་བྱ༔ དེ་སྟེང་ཚོམ་བུ་ལྔ་བཀོད་ཅིང་༔ དབུས་སུ་བླ་རྡོ་ཙཀྲ་བཙུག༔ རྩ་གསུམ་གཏོར་མ་སྤྱི་ལྟར་ལ༔ རང་འདྲའི་གཏོར་ཕྲན་བཞི་རེས་བསྐོར༔ གཞན་ཡང་ལས་བཞིའི་དབྱིབས་ཁ་ཏོག༔ དབུས་དང་ལྔ་ལྡན་ལྟེ་བ་རུ༔ དམར་གཏོར་དྲང་མཛེས་བརྗིད་པ་ལ༔ དེ་འདྲའི་གཏོར་ཕྲན་བརྒྱད་ཀྱིས་བསྐོར༔ སྟེང་དུ་དར་དམར་ལེ་བརྒན་གདུགས༔ མེ་རི་འབར་བས་བརྒྱན་པའོ༔ དངོས་གྲུབ་ཉེར་ཕྱིར་འདུད་ཚུལ་ཙམ༔ ཉེར་ལྔ་དམ་རྫས་མང་སྦྱོར་གྱིས༔ རིལ་བུ་ཐོད་པར་ཕྱུར་བ་བཞག༔ ཕྱི་མཆོད་ཉེར་སྤྱོད་འདོད་ཡོན་དང་༔ ནང་མཆོད་སྨན་གཏོར་རཀྟ་བཤམས༔ དར་ཚོན་སྣ་ལྔའི་གཡབ་དར་སོགས༔ འབྱོར་ཚོགས་མཆོད་པའི་ཡོ་བྱད་བཀོད༔ རིན་ཆེན་གཏེར་བུམ་སྒྲུབ་པའི་རྟེན༔ བྱིན་རླབས་ཅན་གྱི་རྟེན་གསུམ་སོགས༔ སྒྲུབ་པའི་རྟེན་དུ་བཙུག་པར་བྱ༔ སྲུང་མ་རྣམས་ལ་རང་གཞུང་ལྟར༔ ལྷ་གྲངས་ལྡན་པའི་གཏོར་ཚན་བྱ༔ དེ་ཡང་དང་པོ་ཡུལ་ལྷ་དང་༔ ས་བདག་ཚོགས་ལ་གཏོར་མ་སྦྱིན༔ ས་འདུལ་རིན་འཇལ་ཉོ་ཚོང་ཚུལ༔ གནས་དེར་དཀྱིལ་འཁོར་སྒྲུབ་པ་ལ༔ ཀོ་ལོང་མི་བྱེད་སྡོང་གྲོགས་བཅོལ༔ སྒྲུབ་དུས་སུ་དང་མི་འཕྲད་པར༔ ཕྱི་ནང་བར་གསུམ་མཚམས་བྱའོ༔ དེ་ཕྱིར་དང་པོ་སྔ་ཐོག་ཏུ༔ བཟའ་བཏུང་མཆོད་རྫས་ཡོ་བྱད་རྣམས༔ བསགས་ཤིང་ཚང་བར་བྱ་བ་གནད༔ ཆག་གྲུམ་སྣོད་ངན་སྤངས་བྱས་ཏེ༔ གཙང་ཞིང་དགེ་བའི་ཡོ་བྱད་རྣམས༔ དམེ་ཡུག་མཛེ་ཅན་དབང་ཉམས་དང་༔ དམ་ཉམས་གྲོགས་ངན་སྤངས་བྱས་ཏེ༔ ཡོན་ཏན་ལྡན་པའི་མཛའ་གྲོགས་བརྟེན༔ ཕར་ལ་ལྐོག་སོ་བལྟ་བ་དང་༔ ཕག་ཏུ་ཉན་སོགས་སྤང་བར་བྱ༔ ནང་ཡང་ཕྱི་ཡིས་མི་མཐོང་དང་༔ སྨྲ་སྐད་མི་ཐོས་པ་ཡང་གནད༔ ཕན་ཚུན་གང་ལ་བལྟ་ཉན་དང་༔ ཐུག་འཕྲད་མེད་པ་ཡང་གནད་དོ༔ སྐྲ་སེན་ཁ་སྤུ་བྲེག་པ་དང་༔ གདོང་དང་ལག་པ་འཁྲུ་བ་སྤངས༔ སྒྲུབ་པའི་གྲོགས་དང་སྒྲུབ་གནས་ལྷ༔ གང་ལ་མི་སྨྲ་གསང་བ་གནད༔ མཚམས་ནས་ཐོན་ཚེ་ཞག་གསུམ་དུ༔ གདན་མི་བསྒུལ་ཞིང་བསྲུང་བའོ༔ དྲོད་རྟགས་གཞན་ལ་མི་སྨྲ་བར༔ གསང་བ་རྒྱ་ཡིས་གདབ་པར་བྱ༔ རབ་ལ་མི་ཚིག་འཁྱལ་བ་ཡིས༔ སྔགས་ཀྱི་བར་བ་གཅོད་པ་དང་༔ གདན་གྱི་དྲོད་མི་ཡལ་བར་བསྒྲུབ༔ སྒྲུབ་པའི་ལག་ལེན་རིམ་པའོ༔ ལེའུ་གཉིས་པའོ༔ སྒྲུབ་པའི་སྒོར་འཇུག་རྣལ་འབྱོར་གྱིས༔ རྣམ་པར་རྟོག་པའི་སྟེང་སྐོར་དང་༔ ཡུལ་ལ་ཞེན་ཆགས་ཡིད་དཔྱོད་ཀུན༔ རིག་སྟོང་ངང་དུ་ཆམ་བརྡལ་ཐོང་༔ དངོས་གྲུབ་མཚན་མ་རེ་རློམ་དང་༔ གྲུབ་རྟགས་མངོན་ཤེས་རེ་བའི་སེམས༔ གཟུང་འཛིན་རང་གྲོལ་རང་ངོར་ཤིག༔ ཆེ་འདོད་གྲགས་འདོད་འགྲན་རྩོད་དང་༔ འབྲས་བུ་ད་ལྟ་རེ་བ་རྣམས༔ མི་རྟག་སྒྱུ་མའི་རོལ་པར་ཤིག༔ ཡུལ་ལ་ཆགས་ཤིང་གཉེན་བརྩེའི་སེམས༔ ཆོས་ཀུན་བདག་མེད་ངང་དུ་ཞོག༔ ནོར་ལ་འཚོ་སྐྱོང་དགྲ་འདུལ་སེམས༔ རྨི་ལམ་ལྟ་བུར་ཡུལ་མེད་ཐོང་༔ ཡར་ལ་སངས་རྒྱས་རེ་བ་ན༔ རེ་བ་བདུད་དེ་རང་གཞི་ནི༔ ཡེ་ནས་སངས་རྒྱས་རིག་པའི་ངང་༔ མར་གྱི་ངན་འགྲོར་དོགས་པ་ན༔ དོགས་པ་བདུད་དེ་དོགས་པའི་སེམས༔ ཡུལ་མེད་ཟང་ཐལ་ཆེན་པོར་བཤིགས༔ ཆེ་འདོད་དང་ནི་རྨི་ལམ་མཚན༔ འདི་ལ་དགའ་བྲོད་ཡང་རློམས་ཀུན༔ རང་སེམས་འཕྲུལ་དུ་ཤིག་ལ་ཐོངས༔ ཉམས་ལ་ཞེན་ཆགས་བསྒོམ་དུ་འཛིན༔ ང་རྒྱལ་དང་ནི་ཁེངས་སེམས་ཀུན༔ རྨི་ལམ་ལྟ་བུར་བདེན་མེད་དུ༔ རིག་པ་རང་ངོར་རྗེན་པར་ཞོག༔ གང་ཤར་ཤར་ཚེ་ཞེན་པ་དང་༔ བཀག་གཅུན་རྗེས་དཔྱོད་མ་ཡིན་པར༔ རིག་པའི་རང་ངོར་ཤིག་ལ་ཞོག༔ ཤར་ལ་བཟང་ངན་མི་མངའ་སྟེ༔ གྲོལ་ཐོག་ཆོས་སྐུའི་ཀློང་ཆེན་མཁའ༔ ངན་ཤར་གྲོལ་དུ་དཀའ་ལས་མེད༔ བཟང་ཤར་གྲོལ་དུ་སླར་ཡང་མིན༔ ཕན་གནོད་མེད་པར་གྲོལ་བའོ༔ ཤར་ཆ་རིག་པ་ཐ་དད་དུ༔ གྲོལ་རྒྱུ་གྲོལ་བ་མ་བྱེད་པར༔ ཤར་ཡང་རང་ཤར་གཞི་མེད་ལ༔ གྲོལ་ཡང་རང་གྲོལ་ཡུལ་མེད་དང་༔ ད་ལྟ་བཅོས་བསྒྱུར་སླད་མེད་ཀྱི༔ ཐ་མལ་ཤེས་པ་ཟང་ཀ་མ༔ རིག་པའི་རྒྱུན་གྱིས་སྐྱོང་བ་འདི༔ རྩོལ་མེད་རང་ཐོག་གྲོལ་བའོ༔ ཤར་བ་རིག་པ་རིག་པར་ཤར༔ ཉི་ཟླ་དང་ནི་སྤྲིན་དཔུང་གིས༔ མཁའ་དབྱིངས་དཀར་ནག་བྱེད་པ་ལྟར༔ རིག་པ་ཉིད་ལ་གང་ཤར་རིག༔ སེམས་སུ་འདུག་ཚེ་གང་ཤར་སེམས༔ དཔེར་ན་ཉིན་དུས་སྟེང་མཁའ་གསལ༔ མཚན་གྱིས་དུས་སུ་མཁའ་དབྱིངས་འཐིབས༔ རིག་པའི་ངང་དུ་གང་ཤར་ཡང་༔ ཐམས་ཅད་རིག་པ་རྗེན་པ་ལ༔ སེམས་ཀྱི་དུས་སུ་གང་ཤར་ཡང་༔ ཐམས་ཅད་སེམས་སུ་གྱུར་བའོ༔ དེ་ལྟར་སེམས་དང་རིག་པ་གཉིས༔ གང་ལ་གདལ་ཡང་དེ་ལྟར་རོལ༔ སོ་སོར་མ་ཡིན་ལམ་དུའོ༔ ཡིད་ལ་དཔྱོད་བསྒྱུར་བསམ་མནོ་དང་༔ འགགས་མེད་བདེ་སྡུག་ལས་འདས་པའི༔ ཤར་གྲོལ་དུས་མཉམ་མ་ནོར་ལམ༔ བདེའམ་འགགས་པ་ཡིན་ནམ་སློང་༔ ཉམས་ཏེ་སྒོ་གསུམ་འཛིན་མ་རྨོངས༔ ཐ་མལ་རང་རྒྱུད་ལ་འཇོག་དང་༔ ཤར་ཆ་འགགས་ན་སྒོམ་མེད་བློ༔ ཤར་རྗེས་དཔྱོད་བཏང་ཤར་གྲོལ་སེམས༔ སྟོང་པར་ལྟ་བ་ཀློང་གྲོལ་དང་༔ ཉམས་སུ་ནུབ་པ་སྤྲོས་བྲལ་ལ༔ བཅུན་ཞིང་བཅོས་མར་བསྒོམ་པར་སེམས༔ རྟོག་གེ་བ་ལ་སྒོམ་ཅན་དང་༔ ཤར་རྗེས་སྟོང་པར་རྒྱས་འདེབས་པ༔ བསྒོམ་རྗེས་འབྲས་བུར་རེ་རློམ་སྐྱེ༔ མ་རྟོགས་ཁ་ལྟ་སྟོང་འབྱམས་སོགས༔ དེ་དག་ལྟར་སྒོམ་ཉོན་རེ་མོངས༔ ཨ་རེ་སྡུག་སྟེ་རྨོངས་གཏིང་ཞ༔ དེ་དག་གང་དུའང་མ་གྱུར་པའི༔ ལམ་མེད་ལམ་མཆོག་ཨ་ཏིའི་ལམ༔ གང་ཤར་མ་ཞེན་རང་ངོར་གྲོལ༔ སྦྲུལ་གྱི་མདུད་པ་ཞིག་པ་ལྟར༔ ཐོལ་གྱིས་ཤར་ལ་ངང་དུ་གྲོལ༔ ཀློང་ལས་ཤར་ཏེ་ཀློང་དུ་གྲོལ༔ མཁའ་ལས་གློག་བྱུང་ཀློང་ཐིམ་ལྟར༔ གཞི་ཡི་ཀློང་དུ་གྲོལ་བར་ཞོག༔ འཁོར་བ་དང་ནི་འདས་པ་གཉིས༔ གང་ལ་མ་བརྩལ་མ་བསྒྲོད་པར༔ རིག་པའི་རང་ངོར་རྫོགས་པ་ལ༔ བྱས་ཤིང་བཟོ་བཅོས་གང་མ་ལན༔ རང་སྣང་རང་གིས་སྤྱོད་ཡུལ་གྲུབ༔ གྲུབ་པ་མ་ཡིན་སོ་ཚུགས་མེད༔ མ་གྲུབ་ཡང་མིན་འདི་ལྟར་བྱེད༔ གང་ནས་གྲོལ་ཏེ་གར་ཕྱིན་མིན༔ གང་ལ་རང་ངོར་སངས་པས་ན༔ དེ་ལྟར་རང་ཀློང་རང་སྐུ་ཞིང་༔ མ་བྱས་ངང་གིས་གྲུབ་པའོ༔ གང་ཞིག་འཁྲུལ་པའི་གཉིད་ངོག་ཏུ༔ ཡུལ་འཛིན་འཁོར་བ་ཡོངས་གྲུབ་ལྟར༔ གང་འཁྲུལ་གང་དུ་མ་བསྒྲོད་པའི༔ འདུས་བྱས་བདེ་སྡུག་རང་ངོའི་གཞན༔ གཉིས་ཀྱང་གཤིས་རྩལ་ངང་དུ་རྫོགས༔ དེ་ནས་གང་དུ་མི་དོགས་ཤིང་༔ གང་ལའང་རེ་བ་མེད་པ་ཡི༔ ཆོས་ཉིད་ངང་རྫོགས་རྩལ་རིག་པས༔ མཁན་པོ་ཉིད་ལ་མཁན་པོ་སད༔ ཉི་ཟླ་འོད་ཀྱི་དཀྱིལ་འཁོར་དུ༔ མ་བྱས་རང་བྱུང་གྲུབ་པ་ལྟར༔ སེམས་ཀྱི་འཁོར་འདས་དཀྱིལ་འཁོར་དུ༔ མ་བརྩལ་ངང་གིས་གྲུབ་པའོ༔ རང་ལས་རང་གྲོལ་རང་ཆོས་སྐུ༔ དེ་ལས་འབྲས་བུ་ལོག་མ་ཚོལ༔ རང་ཤར་རང་ངོར་གྲོལ་ལ་ཞོག༔ གང་ཤར་རིག་སྟོང་ངང་དུ་ཤིག༔ རང་ཀློང་ནས་ཤར་རང་ཀློང་གྲོལ༔ གཉིས་དང་སོ་སོར་ཕྱོགས་རིས་སུ༔ མ་འཛིན་མི་སེམས་ངང་ལ་ཞོག༔ བཅོས་བསྒྱུར་སྤངས་ལེན་ཕྱེ་བྲབ་པ༔ ཐམས་ཅད་ངོ་བོ་གཅིག་ཏུ་གྲོལ༔ བྱེ་བྲག་བཟང་ངན་གང་ཡང་མེད༔ འཁོར་འདས་ཡོངས་གྲུབ་ངང་རྫོགས་པའི༔ ཅིར་ཡང་བསྒྱུར་བའི་ཆོ་འཕྲུལ་ཅན༔ རིག་པ་གཞི་སྟེ་རིག་པ་ལམ༔ རིག་པ་འབྲས་བུ་ལྷུན་གྲུབ་ཉིད༔ རིག་པ་མི་བལྟར་བལྟ་བ་ལ༔ རིག་པ་མི་སྒོམ་བསྒོམ་པའོ༔ རིག་པ་མི་སྤྱོད་སྤྱོད་པ་སྟེ༔ རིག་པ་ངོ་བོ་ཀ་དག་ལ༔ རིག་པ་རང་བཞིན་མ་འགགས་པ༔ རིག་པ་ཐུགས་རྗེ་ཕྱོགས་མེད་ལ༔ རིག་པ་བསྒོམ་མེད་རྫོགས་པ་ཆེ༔ རིག་པ་སྤྲོས་པ་དང་བྲལ་ཞིང་༔ རིག་པ་སྐྱེ་མེད་ཆོས་སྐུ་འོ༔ རིག་པ་རང་ལ་རྫོགས་པ་ལས༔ བྱ་རྩོལ་བཅོས་བསྒྱུར་གནས་བསྒྲོད་མེད༔ རྣལ་འབྱོར་ལམ་འདིར་ངེས་གྲོལ་ན༔ འཕེལ་འགྲིབ་མེད་པའི་བཀོད་པ་རྫོགས༔ སྐྱེ་ནུབ་མེད་པའི་བདེ་སྐྱིད་ལ༔ འབད་རྩོལ་མེད་པའི་ལོངས་སྤྱོད་དོ༔ དེ་ལྟར་ངེས་གསང་སྙིང་པོའི་ཆོས༔ མ་བསྒོམ་ཚུལ་གྱིས་བསྒོམ་མཛོད་ལ༔ བལྟ་རྒྱུ་མེད་པའི་ཚུལ་དུ་ལྟོས༔ ཡིད་ལ་ཅི་ཡང་མི་བྱེད་པའི༔ བྱེད་པ་ཆེན་པོའི་ངང་ནས་བྱ༔ བྱ་རྩོལ་བཅོས་བསྒྱུར་མེད་པ་ཡིས༔ བྱ་རྩོལ་རྫོགས་པའི་ངང་ལ་ཞོག༔ ལམ་འདིའི་དབང་ཐོབ་ལམ་འདི་རུ༔ ཉམས་སུ་ལེན་དང་ཉམས་མྱོང་བའི༔ མ་ནོར་ལམ་ལ་ངེས་བརྒལ་ན༔ དེ་ནི་ཚེ་འདིར་མངོན་སངས་རྒྱས༔ མ་འོངས་ང་ཡི་རྗེས་འཇུག་རྣམས༔ འདི་བཞིན་བསྒོམ་སྒྲུབ་ཉམས་སུ་ལོངས༔ ཨོ་རྒྱན་ང་དང་འབྲལ་བ་མེད༔ སྐྱེ་བ་ཕྱི་མར་མི་ལྟོས་པར༔ ཚེ་འདིར་མངོན་པར་སངས་རྒྱས་པའོ༔ དེས་ནི་སྒོམ་དང་བསྒྲུབ་པ་ཀུན༔ དལ་མེད་རྟག་ཏུ་ལྷུར་ལེན་མཛོད༔ ས་མ་ཡ༔ མ་འོངས་ལྔ་བརྒྱའི་ཐ་མ་ལ༔ མཁས་པར་རློམ་པའི་རང་མཐོང་ཅན༔ དོན་ལ་གདོལ་པ་ལས་ཉན་པའི༔ མི་ནག་བཙུན་པའི་ཚུལ་འཛིན་རྣམས༔ དཀོར་དང་སྡིག་ཟས་སླད་མར་རྔམས༔ དགེ་སྡིག་ཆོས་ལ་རློམ་ཆོས་མཚང་༔ བྱ་བྱེད་གང་ལ་དེའི་ཚུགས་འཛིན༔ ལྐོག་ཏུ་བུད་མེད་ཡིབས་སུ་སྦས༔ ཐར་པའི་འབྲས་བུ་དེ་ལ་འཚོངས༔ དེ་འདྲའི་ཟོག་པོ་བརྫུ་བ་མཁན༔ ཁྱེད་ཅག་ཆོས་ཀྱི་མཚང་མི་ལོན༔ ཕྱི་རུ་ཁ་ལྟ་ཅོ་འདྲི་བྱེད༔ ནང་དུ་མྱོང་མེད་རྨོན་པའི་སེམས༔ སྡིག་པའི་སློབ་དཔོན་སྦྱང་མོ་འདྲས༔ འཁོར་སློབ་སྡིག་ཚུད་རི་ཁྱིའི་བུ༔ ཁྱོད་ཅག་རང་རང་བདེ་བར་སྡོད༔ ང་ཡི་བཀའ་ལ་སླད་མ་གཞུག༔ ཨོཾ་རྒྱན་མཁའ་འགྲོའི་སྙིང་ཐིག་གི༔ ཆོས་ཀྱི་བདག་པོ་ཁྱོད་མ་ཡིན༔ ས་མ་ཡ༔ སྔགས་སྲུང་ཨེ་ཀ་ཙ་ཏི་དང་༔ དཔལ་ལྡན་རང་བྱུང་རྒྱལ་མོར་གཉེར༔ གཡུ་ཡི་ཕྲེང་བ་ཅན་གྱིས་སྲུངས༔ ཆོས་བཞིན་སྤྱོད་ལ་བུ་ལྟར་སྐྱོངས༔ དམ་ཉམས་སྲོག་གི་གཤེད་མར་ཕོབ༔ སྙིང་འདྲ་གཅིག་ལས་ཤོར་ཏ་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་མ་ནུས་ཀུན་གྱིས་སྤངས་པའི་ཟོག་པོ་བདུད་འཇོམས་རྡོ་རྗེ་གར་དབང་འོད་གསལ་གླིང་པས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཞི་ལ་བཀའ་རྒྱས་བཏབ་སྟེ་མཐར་སྨར་སྟོད་འབྲོས་ཕུག་མཁའ་འགྲོའི་གནས་མཆོག་དབེན་པའི་ཁྲོད་དུ་དག་པར་ཕབ་པའི་ཡི་གེའི་རིས་བྱེད་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།།།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 09:17, 11 August 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 7, Text 8, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Verso: bdud 'joms mkha' 'gro gsang ye | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | ||
| Cycle | ཐུགས་སྒྲུབ་ཡེ་ཤེས་ཉི་མ་ (thugs sgrub ye shes nyi ma) | |
| Parent Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |
| Deity | mkha' 'gro gsang ba ye shes | |