TTDL-ZABTER-08-NYA-020: Difference between revisions

From Dudjom Wiki
TTDL-ZABTER-08-NYA-020
No edit summary
No edit summary
Line 26: Line 26:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|བརྡ་ཡིག་༠༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་དྲག་སྒྲུབ་དུག་གི་རྒྱ་མཚོ་བཞུགས་སོ༔ བརྡ་ཡིག་༠༠༠༠༠༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༠༡༣༠༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ཡི༔ དྲག་སྒྲུབ་དུག་གི་རྒྱ་མཚོ་ལ༔ མདུན་དུ་དཀྱིལ་འཁོར་ཟླ་གམ་པ༔ ཕྱི་རིམ་དམར་ནག་ཟླ་གམ་གྱིས༔ ནང་རིམ་མཐིང་ནག་ཡང་ཟླ་གམ༔ ལྟེ་བར་ཕུང་ས་སྣ་ཚོགས་ཀྱིས༔ བྲུབ་དོང་ནག་པོ་རིམ་གསུམ་བྱ༔ བང་རིམ་ངོས་ལ་རིམ་པ་བཞིན༔ སྟེང་མར་ལྷ་དབྱེའི་རྫས་རྣམས་བྱུགས༔ བར་པའི་ངོས་ལ་ཕུང་ཤུལ་དང་༔ བརྒྱ་ལམ་གཡུལ་ཆེན་ས་རྣམས་བྱུགས༔ འོག་མར་དུག་ཁྲག་སྣ་ཚོགས་བྱུགས༔ ནང་དུ་དགྲ་བོའི་རཱུ་པ་ལ༔ རབ་ན་རྒྱུ་རྐྱེན་གསོད་པའི་རྫས༔ མི་རྒོད་གྲི་ལ་ཤི་བ་དང་༔ དྲེའུ་རྒོད་དུག་གིས་ཤི་བ་དང་༔ ཁྱི་རྒོད་སྨྱོས་ནས་ཤི་བ་ཡི༔ ཁྲག་གསུམ་ལ་ནི་ཡུག་ས་དགུའི༔ ཁོག་དྲེག་བསྲེས་པའི་སྣག་ཚ་ལ༔ དུག་གི་ཕ་ནི་རེ་ལྕགས་ལ༔ མ་ནི་ཐར་ནུ་བུ་ཐང་ཕྲོམ༔ བསྡེབ་པའི་ཁུ་བ་བསྲེས་པས་བྲིས༔ ཤ་སྐམ་རོ་གཟུགས་ཉམ་ཐག་ཅིང་༔ ཁ་ནི་ངུ་ལ་ཤི་བའི་མིག༔ སྣ་ཞོམ་སྐྲ་གཟེང་རྐང་ལག་བཞི༔ ལྕགས་གཟེར་གྱིས་བསྡམ་སྤྱི་བོ་རུ༔ རུས་སམ་ཡང་ན་མ་ཤེས་ཛ༔ མིག་ལ་ལོང་ལོང་སྣ་ལ་འཚུབས༔ རྣ་བར་འོན་འོན་ཁ་ལ་ལྐུགས༔ ཚིག་བཞིར་ཛཿཧཱུཾ་བཾ་ཧོཿདང་༔ ལྷུ་བཞིར་ཞ་ཞ་ཆག་ཆག་བྲིས༔ མཚན་མར་ཕཊཿདང་བརླ་གཉིས་ལ༔ བླ་ཁུག་རྐང་མཐིལ་ཆིང་ཆིང་བྲིས༔ ལག་མཐིལ་སྡོམ་སྡོམ་སྟེང་ཕྱོགས་སུ༔ ནན་ནན་ཕྲག་གཡས་སོད་སོད་དང་༔ ཕྲག་པ་གཡོན་དུ་རྦད་རྦད་བྲིས༔ སྙིང་གར་ནྲྀཿལ་ཛ་བཞིས་བསྐོར༔ དེ་མཐར་མིང་རུས་མཁན་གསུམ་མཐར༔ ཁུག་ཛ་མཱ་ར་ཡ་ཐུམ་རི་ལི་ལི་རྦད༔ ཧུར་ཐུམ་རྦད༔ བཛྲ་ཨཾ་གུ་ཤ་ཛཿཛྭ་ལ་པ་ཡ༔ ཛྭ་ལ་པ་ཡ་རྦད༔ ཆིང་ཆིང་མྱོས་མྱོས་རྦད༔ རྨུག་རྨུག་འཐིབ་ཐིབ་སོད༔ ཏ་ཐ་ཡ་ཏ་ཐ་ཡ་རྦད་སོད་ནན༔ རཱུ་པའི་གཡས་གཡོན་སྦྲུལ་ནག་གཉིས་འཁྱུད་ཅིང་༔ རྩེའུ་གཉིས་ལ་སོ་བཏབ་པས་ཟ་བར་བྱས༔ དེ་ལ་དུག་གསུམ་བྱུག་ཅིང་དེའི་ཕྱི་རིམ༔ ཛ་ཁྲམ་གྱིས་བསྐོར་མཚོན་ཆ་མང་པོ་ཡི༔ རྩེ་མོ་ནང་བསྟན་བྲིས་ལ་ཆག་གྲུམ་གྱིས༔ སྣོད་དུ་བཞག་ནས་འགུགས་གཞུག་གྲངས་མང་དང་༔ ནམ་གྱི་སྲོད་ལ་བླ་འགུགས་སྔགས་མང་བརྗོད༔ དེ་ནས་ཤི་ལྤགས་ལྷར་གྲིལ་བྲུབ་ཁུང་དུ༔ འཕང་ནས་སྟེང་དུ་མཉྫིའི་ཁྲི་ཡི་ཁར༔ གཏོར་མ་སྔགས་ཀྱི་སྙིང་པོ་ཅན་གཅིག་བཞག༔ ཕྱོགས་བཞིར་གཏོར་མ་ཆུང་བ་བཞིས་བསྐོར་བཞག༔ བྲུབ་དོང་མཐའ་མར་གཏོར་མ་བརྒྱད་བཞག་ལ༔ སྤྲོ་ན་སྡེ་བརྒྱད་སྐུ་གཟུགས་རིས་བྲིས་གཟུག༔ འཛིན་གཏོར་ལ་ནི་སྲོག་གི་འཁོར་ལོ་བསྟེན༔ སྟེང་དུ་བསྲུང་བའི་ལྷ་གསུམ་སྣང་བརྙན་བཙུག༔ ཕྱི་རིམ་མཚོན་ཆ་སྣ་ཚོགས་ཟངས་ལྕགས་སམ༔ ཡང་ན་དུག་ཤིང་ངམ་ནི་དུག་ཤོག་ལ༔ བྲིས་ནས་ཚོན་གྱིས་སྦག་ལ་བཙུག་ཀྱང་རུང་༔ ཕྱོགས་བཞིར་དགྲ་བོའི་མིང་རུས་བྲིས་པ་ཡི༔ ཤོག་གུས་དཀྲིས་པའི་སྡོང་བུ་རིང་མོ་བརྒྱད༔ གཟུག་ཅིང་དེ་གསོད་དུག་ཁྲག་བསྲེས་པ་བཞག༔ མི་བསད་མཚོན་དང་རྦབ་རྡོའི་ཕྱེ་རྣམས་དང་༔ ཉུང་དཀར་ནག་དང་ཏིལ་གཉིས་ཀེ་ཤངས་མཚེ༔ འབྲུ་ནག་ཟངས་ལྕགས་མཁར་གོང་ཕྱེ་སོགས་པའི༔ དུག་ཐུན་དུག་སྣ་བསགས་པ་གསོད་པའི་རྫས༔ དེའི་མདུན་མཆོད་པའི་ཡོ་བྱད་འབྱོར་ཚད་བཤམས༔ དང་པོ་རང་ཉིད་ཡི་དམ་ལྷར་བསྒོམ་ནས༔ བསྙེན་བསྒྲུབ་མཆོད་བསྟོད་ཐམས་ཅད་གྲུབ་པའི་མཐར༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ སྐད་ཅིག་དེ་ཉིད་དུ་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་རྒྱ་ཆེ་ཞིང་བཀོད་ལེགས་པ་ལྷུན་གྲུབ་བདེ་བ་ཆེན་པོའི་བཀོད་པ་རབ་ཏུ་རྫོགས་པའི་དབུས་སུ༔ རང་ཉིད་ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་པས་ཏྲི་ཤུལ་རྩེ་གསུམ་ཀླད་ལ་བསྐོར་ཞིང་དགྲ་བགེགས་གདུག་པ་ཅན་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱ་རུ་འགེམས་ཤིང་ལུས་པོ་དུམ་བུ་སྟོང་དུ་གཏོར་བར་བྱེད་པ༔ གཡོན་པས་ལྕགས་ཀྱུ་འབར་བས་ཁམས་གསུམ་དབང་དུ་སྡུད་པ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་དུ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པར་བསྐྱེད་དོ༔ སྐུ་ཡི་སྟོད་ཀྱི་ཆ་ལ་བཀའ་བརྒྱུད་བླ་མ༔ སྐེད་པ་བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས༔ སྐུ་སྨད་ཀྱི་ཆ་ལ་མ་རྒྱུད་མཁའ་འགྲོ༔ མཐའ་བསྐོར་དུ་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པས་བསྐོར་བར་བསམ༔ མདུན་དུ་དུར་ཁྲོད་རབ་འཇིགས་མེ་རླུང་འཚུབས་མའི་དབུས་སུ་གནམ་ལྕགས་ལས་གྲུབ་པའི་གྲུ་གསུམ་མུན་ཁང་ནག་པོ་རིམ་པ་གསུམ་གྱི་འོག་མར་གཏི་མུག་གི་མུན་པ་འཐིབས་པ༔ བར་ན་ང་རྒྱལ་གྱི་བྲག་རི་རྙིལ་བ༔ སྟེང་རིམ་ན་ཞེ་སྡང་གི་མེ་དཔུང་འབར་བ༔ ནང་གི་འཁོར་ཡུག་ཏུ་ནད་མུག་དུག་མཚོན་གྱི་ན་བུན་སྔོ་དམར་དུ་འཁྲིགས་པ༔ ཕྱི་རིམ་འཁོར་ཡུག་ཏུ་ཕྲག་དོག་གི་རླུང་དམར་འཚུབས་ཤིང་གཡོ་བ༔ ཕྱི་ནང་བར་མཚམས་ཐམས་ཅད་དུ་བླ་འཛིན་གྱི་དྲྭ་བ་བྲེས་ཤིང་བླ་འགུག་གི་ལྕགས་ཀྱུ་འཕྲོ་བ༔ ཕོ་ཉ་སྐར་ལྟར་འཁྲིགས་ཤིང་ལས་མཁན་རླུང་ལྟར་གཡོ་བ༔ ཤན་པ་དང་ལག་དམར་སེར་ལྟར་རྒྱུ་ཞིང་ཐོག་ལྟར་འབེབས་པ༔ ཟ་བྱེད་ཤ་ཟ་དང་ཁྲག་འཐུང་གི་ཚོགས་རྣམས་ཀྱི་གླལ་སྒྲ་ལྡིར་ཞིང་སྡང་མིག་གཡོ་བར་བསྐྱེད་དོ༔ ཐར་མེད་ལས་ཀྱི་བཙོན་ཁང་ནག་པོ་དེའི་ནང་དུ་དགྲ་བོའི་མི་ནོར་འཁོར་དང་བཅས་པའི་སྲོག་འདུས་པའི་ངོ་བོ་ནྲྀ་ཡིག་ལྗང་སྔོན་ལས་འོད་འཕྲོས་པས་དགྲ་བོའི་བླ་ཚེ་སྲོག་གསུམ་ཐམས་ཅད་འུབ་ཏུ་འདུས་ཤིང་ཐིམ་པ་ལས་གནས་སུ་གྱུར་ནས༔ རཱུ་པ་ཁ་ངུ་བ༔ མིག་ཤི་མིག༔ ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན༔ བྱང་སེམས་དཀར་དམར་ཐུར་དུ་འབབ་པ༔ རྐང་ལག་ལྕགས་སྒྲོག་གིས་བསྡམས་ཤིང་༔ ཧམ་པ་སྐྱ་བ་རིད་པ་ཉམ་ཐག་དབུགས་དང་བྲལ་ལ་ཁད་འདར་ཕྲི་ལི་ལི་བྱེད་པ་ཞིག་ཏུ་གྱུར༔ དེའི་སྟེང་གི་ནམ་མཁར་འདོམ་གང་འཕགས་པའི་སྟེང་དུ་པདྨ་ཉི་མ་རོ་ཡི་གདན་ལ་ལྷ་ཆེན་དབང་ཕྱུག་ཆེན་པོ་ཁམས་གསུམ་སྣང་སྲིད་ཐམས་ཅད་ཀྱི་ངོ་བོར་གྱུར་པ་སྐུ་མདོག་མཐིང་ནག་ཤིན་ཏུ་ཁྲོས་ཤིང་གཏུམ་པ༔ ཕྱག་གཡས་སྲོག་གཅོད་ཀྱི་སྤུ་གྲི་ཕྱར་ཞིང་གཡོན་པས་འགུགས་བྱེད་ཀྱི་ལྕགས་ཀྱུ་བསྣམས་པ༔ ཞལ་གདངས་པའི་ནང་ནས་དུག་ཁྲག་གི་སྐྱེམས་མདའ་འཕེན་པ་དགྲ་བོའི་ལུས་ལ་ཐེབ་ཅིང་༔ ཤངས་ནས་ནད་ཀྱི་ན་བུན་སྔོ་དམར་དུ་འཕྲོས་ནས་དགྲ་བོའི་སྲོག་ལ་ཐེབ་པ༔ སྤྱན་གསུམ་དམར་ཟླུམ་ཉི་མ་འབུམ་གྱི་འོད་ལྟར་འབར་བ་ལས་འོད་ཟེར་གྱི་དུམ་བུ་སྐར་མདའ་བཞིན་དུ་འཕྲོས་པས་དགྲ་ལ་ཐོག་ཆར་འབེབས་པ༔ རལ་པ་གནམ་དུ་གཟིངས་པའི་གསེབ་ནས་རྩ་གསུམ་རྒྱལ་བ་རྒྱ་མཚོ་འཁྲིགས་ཤིང་འཕྲོ་བ༔ ཟར་བུ་ས་ལ་ཕེབས་པའི་གསེབ་ནས་བཀའ་སྲུང་དང་ཆོས་སྐྱོང་སྡེ་བརྒྱད་དང་ལྷ་འདྲེ་ཐམས་ཅད་ན་བུན་བཞིན་དུ་འཐིབས་ཤིང་རླུང་དམར་བཞིན་དུ་གཡོ་བར་བསམ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་ཅིང་དགྲ་བོའི་ལྷ་སྲུང་ཐམས་ཅད་གནོན་པ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་ཞིང་བསྐལ་པའི་མེ་རླུང་དྲག་པོ་འབར་ཞིང་གཡོ་བས་བསྐལ་པ་བཤིགས་ནུས་པ༔ བ་སྤུའི་བུ་ག་ནས་མཐའ་མི་ཀླ་ཀློ་ལྟ་ལོག་བསྟན་དགྲ་རྣམས་ཀྱི་རྫས་སྔགས་ཏིང་ངེ་འཛིན་གྱི་ནུས་མཐུ་གསོད་པར་བྱེད་པའི་དྲི་ངན་དང་མེ་རླུང་དུག་གི་ན་བུན་འཕྲོས་ཤིང་གཡོ་བ༔ བསྟན་དགྲ་སྡེ་དང་བཅས་པ་དུག་སྦྲུལ་སྒྱུ་ཁྲག་གིས་མྱོས་པ་ལྟར་ལྡང་ནུས་དང་བྲལ་བར་བྱེད་པ༔ ཕོ་ཉ་ལས་མཁན་འདྲེ་གདོན་སྣ་ཚོགས་བར་མཚམས་མེད་པར་དགྲ་བོའི་ཡུལ་དུ་ཁ་ཆར་བུ་ཡུག་བཞིན་དུ་འཚུབས་ཤིང་འཕྲོ་བ༔ དགྲ་བོའི་བླ་མཆོད་བསྐུལ་ཞིང་སྲུང་བཟློག་བྱས་པར་གྱུར་ན་ཁོ་རང་ལ་རང་གཤེད་དུ་གྱུར་ནས་ལྷ་ཆེན་གྱི་སྤྲུལ་པ་འཆི་བདག་ལས་ཀྱི་གཤིན་རྗེ་ནག་པོ་ཁོ་ཡི་སྨིན་མཚམས་ནས་ལངས་ཏེ་དཔྲལ་བའི་མིག་བཅར་ནས་ཁོག་པའི་སྲོག་གཅོད་པར་བྱེད་པ༔ བདག་གི་སྲུང་མདུད་དང་བྱིན་རླབས་རྟེན་གསུམ་ཐམས་ཅད་དགྲ་ལ་ཐོབ་པ་ཡོད་ནའང་དེ་ལ་ལྷ་ཆེན་གྱི་འོད་ཕོག་ནས་བྱིན་ནུས་སྐུ་ལ་བསྡུས་ཤིང་ལྷག་མ་ལ་ཕོ་གདོན་མོ་གདོན་ཀླུ་གདོན་ཐམས་ཅད་ཚངས་ཁང་འཁྲིགས་པས་ཁོ་ཡི་སྲོག་གི་གཤེད་དུ་བསྒྱུར་བར་བསྒོམ༔ དབང་ཕྱུག་ཆེན་པོའི་གཡོན་དུ་ལྷ་མོ་ཨུ་མ་དཱེ་ཝི་ནག་མོ་གཡས་རལ་གྲི་གཡོན་ཞགས་པ་བསྣམས་པ་སྲིན་མོ་ཁྲོས་པའི་ཉམས་ཅན་ནག་མོ་ཁྲག་གི་རལ་པ་ཅན་འབུམ་ཕྲག་གཅིག་གིས་བསྐོར་ནས་ཐན་དང་ལྟས་ངན་དལ་ཡམས་ནད་མུག་ལས་ལ་འགྱེད་ཅིང་དགྲ་བོ་རྗེས་མེད་དུ་བརླག་ཅིང་ཕུང་བར་བྱེད་པ༔ གཡས་སུ་སྲས་མཆོག་ཚོགས་ཀྱི་བདག་པོ་སྐུ་མདོག་དུད་ཁ་གཡས་གནམ་ལྕགས་ཀྱི་འཁོར་ལོ་དང་གཡོན་བདུད་ཞགས་ནག་པོ་ཐོག་པ་གླང་པོ་ཆེའི་དབུ་ཅན་ཉི་ཟླའི་གདན་ལ་འགྱིང་བ་འཁོར་དུ་ཤ་ཟ་འབུམ་དང་ཁྲག་འཐུང་སྟོང་ལས་མཁན་གྲངས་མེད་པས་བསྐོར་བར་བསམ༔ འོག་གི་ཁྲི་མུན་ནག་པོའི་མཐའ་བསྐོར་དབང་ཕྱུག་ཆེན་པོའི་མདུན་འོག་ཏུ་གཤིན་རྗེ་ཡ་མ་རཱ་ཙ་སྐུ་མདོག་ནག་པོ་གླང་གི་མགོ་ཅན་གཡས་སྲོག་གཅོད་ཀྱི་སྟྭ་ཆེན་དང་གཡོན་པས་ཞགས་པ་ནག་པོ་བསྣམས་པ༔ མ་ཧེ་སྔོ་ནག་ལ་བཅིབས་ཤིང་ལས་མཁན་བྱེ་བ་དུང་ཕྱུར་གྱིས་བསྐོར་བ༔ གཡས་འོག་ཏུ་གཟའ་བདུད་དུག་གི་སྤུ་གྲི་གཟའ་བརྒྱད་སྡེ་བརྒྱད་གདོང་བཞི་རྒྱུ་སྐར་དང་བཅས་པས་བསྐོར་བ༔ རྒྱབ་འོག་ཏུ་དམ་ཅན་རྡོ་རྗེ་ལེགས་པ་མཆེད་འཁོར་སུམ་བརྒྱ་དང་དྲུག་ཅུས་བསྐོར་བ༔ བྱང་དུ་བདུད་པོ་ཕུང་བྱེད་ཆེན་པོ་མི་ནག་རྟ་ནག་ཅན༔ བཙན་རྒྱལ་སྲོག་ལེན་དམར་པོ་མི་དམར་རྟ་དམར་ཅན༔ ཀླུ་བདུད་འཆི་བདག་མགོ་དགུ་མི་སྔོན་རྟ་སྔོན་ཅན་དེ་དག་ལ་འཁོར་ནག་པོའི་ཚོགས་དང་དམར་པོའི་ཚོགས་དང་སྔོན་པོའི་ཚོགས་བསམ་གྱིས་མི་ཁྱབ་ཅིང་གྲངས་ཀྱིས་མི་ལོངས་བར་བསྐྱེད་དོ༔ དེའི་ཕྱི་རིམ་འཁོར་ཡུག་ཏུ་བཀའ་སྲུང་ཆོས་སྐྱོང་སྡེ་བརྒྱད་དང་ལྷ་འདྲེ་དྲེགས་པའི་ཚོགས་བསམ་གྱིས་མི་ཁྱབ་པས་བར་དང་གོ་མཚམས་མེད་པར་གང་བར་བསམ༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་ཐུགས་ཀར་རང་རང་རིགས་ཀྱི་སྲོག་ཡིག་ཕྲ་མོའི་མཐར་གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཐམས་ཅད༔ ཨོཾ་མ་ཧཱ་དཱེ་ཝ་ཀཱ་ལ་ལོ་ཀི་ཤྭ་ར་ཧཱུྃ་ཕཊ༔ ཅེས་སྔགས་དེ་ཁོ་ནར་གྱུར་ནས་བཟླས་པ་ཙམ་གྱིས་དབྱེར་མེད་དུ་འགྲུབ་པར་བསྒོམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿདགྲ་བོ་དབང་དུ་སྡུད་པའི་ཕྱིར༔ དབང་ཕྱུག་དམར་པོ་གཤེགས་སུ་གསོལ༔ དགྲ་བོ་ཧུར་ཐུམ་གསོད་པའི་ཕྱིར༔ དབང་ཕྱུག་ཐལ་སྐྱ་གཤེགས་སུ་གསོལ༔ དགྲ་བོ་རྗེས་མེད་བརླག་པའི་ཕྱིར༔ དབང་ཕྱུག་ནག་པོ་གཤེགས་སུ་གསོལ༔ དགྲ་བོ་ལྷ་དང་ཕྱེ་བའི་ཕྱིར༔ ཚོགས་བདག་ནག་པོ་གཤེགས་སུ་གསོལ༔ དགྲ་བོའི་སྙིང་ཁྲག་རོལ་པའི་ཕྱིར༔ ཨུ་མ་དཱེ་ཝི་གཤེགས་སུ་གསོལ༔ དགྲ་བོ་བཀུག་བསྒྲལ་ལས་མཛད་ཕྱིར༔ ལས་མཁན་དམ་ཅན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་བརྟན་བཞུགས་གསོལ་བ་ནི༔ ཧཱུྃ་ཧྲཱི༔ གསང་ཆེན་དྲག་པོའི་དཀྱིལ་འཁོར་འདིར༔ བླ་རྡོ་སྲོག་འཁོར་འབྲལ་མེད་རྟེན༔ དམ་ཅན་བསྒྲུབ་པའི་རྟེན་དུ་བཙུགས༔ དབང་ཕྱུག་ཆེན་པོ་རྟེན་ལ་བཞུགས༔ ཨུ་མ་དཱེ་ཝི་རྟེན་ལ་བཞུགས༔ ཚོགས་ཀྱི་བདག་པོ་རྟེན་ལ་བཞུགས༔ གཤིན་རྗེའི་རྒྱལ་པོ་རྟེན་ལ་བཞུགས༔ གཟའ་བདུད་རྒྱལ་པོ་རྟེན་ལ་བཞུགས༔ རྡོ་རྗེ་ལེགས་པ་རྟེན་ལ་བཞུགས༔ བདུད་ཀྱི་རྒྱལ་པོ་རྟེན་ལ་བཞུགས༔ བཙན་གྱི་རྒྱལ་པོ་རྟེན་ལ་བཞུགས༔ ཀླུ་ཡི་རྒྱལ་པོ་རྟེན་ལ་བཞུགས༔ དཔལ་མགོན་བདུན་ཅུ་རྟེན་ལ་བཞུགས༔ དྲེགས་པའི་འཁོར་ཚོགས་རྟེན་ལ་བཞུགས༔ ལྷ་སྲིན་སྡེ་བརྒྱད་རྟེན་ལ་བཞུགས༔ རྟེན་ལ་བཞུགས་ཤིང་མཐུ་མ་ཆུང་༔ རྟེན་ལ་བཞུགས་ཤིང་རྩལ་མ་ཞན༔ རྟེན་ལ་བཞུགས་ཤིང་བང་མ་བུལ༔ རྟེན་ལ་བཞུགས་ཤིང་གོང་མ་གཡེལ༔ རྟེན་ལ་བཞུགས་ཤིང་ཕྲག་མ་དོག༔ རྟེན་ལ་བཞུགས་ཤིང་ཐུགས་མ་གཡེལ༔ རྟེན་ལ་བཞུགས་ཤིང་རྒྱང་མ་རིང་༔ རྟེན་ལ་བཞུགས་ཤིང་ལས་མ་འགྱངས༔ ཅི་བསམ་དོན་ཀུན་གྲུབ་པ་ཡི༔ ཕྲིན་ལས་སྒྲུབ་ལ་རོགས་ལྡན་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ མ་ཧཱ་དཱེ་ཝ་སརྦ་ས་པ་རི་ཝཱ་ར་ས་མ་ཡ་སྟྭཾ༔ ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱིཿའཁོར་འདས་དབང་ཕྱུག་སྤྱན་རས་གཟིགས༔ དབང་ཆེན་རྟ་མཆོག་རོལ་པའི་ཐུགས༔ ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ༔ ཀུན་གྱི་གཙོ་ལ་ཕྱག་འཚལ་ལོ༔ སྐད་ཅིག་མི་འབྲལ་སྲུང་སྐྱོབ་མཛོད༔ ན་མོ་མ་ཧཱ་དཱེ་ཝ་ཡེ༔ དེ་ནས་མཆོད་པ་འབུལ་བ་ནི༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པས་དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་གསུམ་ཁ་རྗེ་དབང་ཐང་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་ཁུག་ཅིག༔ ཛཿཧཱུྃ་བཾ་ཧོཿལན་བདུན་བརྗོད་མཐར༔ བདག་མདུན་ལས་སྤྲུལ་པའི་མཚོན་ཐུན་སྣ་ཚོགས་ཀྱི་ཆར་ཕབ་ནས་དགྲ་བོའི་གཟུགས་ཕུང་རྡུལ་དུ་བརླག་ནས་ཤ་ཁྲག་རུས་གསུམ་ཐམས་ཅད་ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ཨོཾ་ཨཱཿཧཱུྃ་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ནམ་མཁའ་མཛོད་ཀྱི་སྔགས་ལན་བདུན་བརྗོད༔ ཧཱུྃ་ཧྲཱིཿདམར་ཆེན་ཁྲག་གི་ཨརྒྷཾ་དང་༔ ཆུ་སེར་དྲོན་མོའི་ཞབས་བསིལ་དང་༔ དབང་པོ་ལྔ་ཡི་མེ་ཏོག་དང་༔ ཤ་ཆེན་བདུག་སྤོས་ཞུན་ཆེན་མེ༔ མཁྲིས་པའི་དྲི་ཆབ་ཤ་རུས་པའི༔ ཞལ་ཟས་རྐང་གླིང་རོལ་མོ་སོགས༔ ཉེར་སྤྱོད་མཆོད་པའི་བྱེ་བྲག་ཀུན༔ ལྷ་ཆེན་དབང་ཕྱུག་ཆེན་པོ་དང་༔ ལས་མཁན་འཁོར་ཚོགས་རྣམས་ལ་འབུལ༔ དགྲ་བོ་བསྒྲལ་བའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་ནས་ཤཔྟ་པྲ་ཏཱིཙྪ་པཱུ་ཛ་ཧོཿདེ་ནས་ནང་མཆོད་འབུལ་བ་ལ༔ ཧཱུྃ་ཧྲཱིཿགཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་༔ རོ་མངར་རེག་བྱ་འཇམ་ལ་སོགས༔ འདོད་ཡོན་ལྔ་ཡི་ལོངས་སྤྱོད་ཚོགས༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང་༔ བཀའ་སྡོད་དྲེགས་པའི་ཚོགས་ལ་འབུལ༔ དགྲ་བོ་བཀུག་ནས་བསྒྲལ་བར་མཛོད༔ ཨོཾ་ཨཱཿཧཱུྃ་རཱུ་པ་ཤཔྟ་གནྡྷེ་རཱ་ས་སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་ཧོཿདེ་ནས་གསང་མཆོད་འབུལ་བ་ལ༔ ཧཱུྃ་ཧྲཱིཿདམ་ཉམས་དགྲ་བོ་བསྒྲལ་བ་ཡི༔ བདུད་རྩི་ལྔ་སྦྱོར་སྨན་ཆེན་པོ༔ རཀྟ་ཁྲག་གི་རྒྱ་མཚོ་དང་༔ ཤ་ཁྲག་དོན་སྙིང་གཏོར་མའི་ཚོགས༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང་༔ བཀའ་སྡོད་དྲེགས་པའི་ཚོགས་ལ་འབུལ༔ དགྲ་བོ་བཀུག་ནས་བསྒྲལ་བར་མཛོད༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ དེ་ནས་ཁྱད་པར་གྱི་མཆོད་པ་ནི༔ ཧཱུྃ་ཧྲཱིཿགདུག་པའི་དགྲ་བོ་བསྒྲལ་བ་ཡི༔ ཞིང་ཆེན་ལྤགས་པ་ལྷབས་མ་ལྷུབ༔ ཤ་ཚིལ་རི་བོ་དཔུངས་སེ་དཔུང་༔ ཁྲག་ཆེན་རྒྱ་མཚོ་མེ་རེ་རེ༔ རུས་པའི་གྲམ་ཁྲོད་ཉི་ལི་ལི༔ འདོད་ཡོན་མཆོད་སྤྲིན་ཐིབས་སེ་ཐིབ༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང་༔ བཀའ་སྡོད་དྲེགས་པའི་ཚོགས་ལ་འབུལ༔ དགྲ་བོ་བཀུག་ནས་བསྒྲལ་བར་མཛོད༔ མ་ཧཱ་པཉྩ་ལ་ཁཱ་ཧི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི༔ ཧཱུྃ་ཧྲཱིཿམི་སྲུན་དགྲ་བོ་བསྒྲལ་བ་ཡི༔ དོན་ལྔ་སྣོད་དྲུག་དབང་པོ་ལྔ༔ ཕུང་ལྔ་ཁམས་ལྔ་སྐྱེ་མཆེད་དང་༔ དབང་ཡུལ་ཁམས་ཆེན་ཚེ་བསོད་ནམས༔ ལོངས་སྤྱོད་འདོད་རྒུའི་དཔལ་ཡོན་བཅས༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང་༔ བཀའ་སྡོད་དྲེགས་པའི་ཚོགས་ལ་འབུལ༔ དགྲ་བོ་བཀུག་ནས་བསྒྲལ་བར་མཛོད༔ སརྦ་ག་ཎ་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱིཿབརྡལ་ཁྱབ་འཁོར་འདས་ཡོངས་ཀྱི་བདག༔ སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ ཀུན་འདུས་ཀུན་གཞི་ནམ་མཁའ་ཆེ༔ ཁམས་གསུམ་དབང་ཕྱུག་ཆེ་ལ་བསྟོད༔ སྣང་སྲིད་དུར་ཁྲོད་གཞལ་ཡས་ནས༔ རཱུ་ཏྲའི་ཤ་དང་ཁྲག་ལ་རྔམས༔ འབྱུང་ཆེན་ལྔ་ཡི་ལུས་བཟུང་ནས༔ ལོ་སྐོར་བཅུ་གཉིས་ཕོ་ཉར་འགྱེད༔ སྨེ་བ་དགུ་ཡི་ཁ་དོག་ངོམས༔ སྐྱེ་མཆེད་བཅུ་གཉིས་ཟས་སུ་སྤྱོད༔ དྲག་ཤུལ་ནག་པོ་ཁྱོད་ལ་བསྟོད༔ དུར་ཁྲོད་བརྒྱད་ཀྱི་བདག་པོར་སྤྲུལ༔ གནས་ཡུལ་ཀུན་གྱི་དབང་པོ་བྱེད༔ བསྟན་དགྲའི་སྲོག་གི་གཤེད་དུ་ཆེ༔ དུར་ཁྲོད་བདག་པོ་ཁྱོད་ལ་བསྟོད༔ ལྷ་མགོན་དཔལ་མགོན་ཀུན་གྱི་གཞི༔ སྡེ་བརྒྱད་ལྷ་འདྲེ་ཀུན་གྱི་དཔལ༔ ཞིང་སྐྱོང་ཚོགས་བདག་ཀུན་གྱི་རྒྱལ༔ དབང་ཕྱུག་མ་ཧཱ་དཱེ་ཝར་བསྟོད༔ ཁྱོད་བསྟེན་མཆོད་དང་བསྟོད་པའི་མཐུས༔ སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ༔ དགྱེས་པའི་ཞལ་དང་འགྲུབ་པའི་རྟགས་མཚན་ཀུན༔ རིང་པོར་མ་འགྱང་ད་ལྟ་ཉིད་དུ་སྟོན༔ སྐད་ཅིག་འབྲལ་བ་མེད་པའི་སྲུང་སྐྱོབ་མཛོད༔ ཞི་རྒྱས་དབང་དྲག་ཕྲིན་ལས་ལྷུན་གྲུབ་ཅིང་༔ བརྣག་པའི་དགྲ་བོ་མ་ཤོར་མྱུར་དུ་སོད༔ བསད་རྟགས་དོན་སྙིང་དམར་པོ་ཁྱེར་ལ་ཤོག༔ རིམ་གྲོ་སྲུང་ཟློག་མ་སྒུགས་ཧུར་ཐུམ་སོད༔ རྒྱལ་དང་རྒྱལ་སྲས་རྣམས་ཀྱི་བཀའ་དམ་ཚིག༔ དཔང་དུ་བཙུག་ནས་ཕྲིན་ལས་དེ་བཅོལ་ལོ༔ མི་འདའ་དམ་ཅན་ཡོངས་ཀྱི་སྤྱི་རྗེ་དཔལ༔ བདག་གི་སྒོ་གསུམ་བག་མེད་དབང་གྱུར་པས༔ སྲུང་མ་གཉན་པོའི་ཐུགས་དང་འགལ་གྱུར་གང་༔ མི་འཆབ་མི་སྦེད་སྙིང་ནས་བཤགས་བགྱིའོ༔ ཕྱིན་ཆད་འགལ་བར་གྱུར་ཀྱང་དེ་ཡང་བཤགས༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་བརྗོད༔ དེ་ལྟར་དྲག་པོའི་ལས་ལ་བརྩོན་པའི་མི༔ མི་མཐུན་ཕྱོགས་རྣམས་ཀུན་ལས་རྣམ་རྒྱལ་ཞིང་༔ དགྲ་དཔུང་མ་ལུས་ལྷ་ཡང་རུང་སྟེ་བཀུག༔ དམ་ཚིག་གཉན་པོ་སྲོག་གི་གཏའ་རུ་ཟུངས༔ སྲུང་མ་གཉན་པོའི་སྲོག་རྩ་དེ་ཀ་ལེགས༔ དེ་ལྟར་གནད་ལྡན་སྐྱེས་བུ་གང་དག་གིས༔ ཟླ་གསུམ་ནན་ཆེར་བསྒྲུབ་པས་ངེས་པར་འགྲུབ༔ ཐེ་ཚོམ་བྱུང་ན་པད་འབྱུང་བདག་གིས་བསླུས༔ དོན་དེ་ཤེས་པར་མཛོད་ཅིག་སྐལ་ལྡན་རྣམས༔ བཀའ་འདི་གནོད་སྦྱིན་ཤན་པ་ཁྱོད་ལ་གཏད༔ དམ་ཉམས་ལག་ཏུ་མ་བཏང་ས་མ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེ་ནས་གདན་དྲངས་ཏེ་མི་ལོ་ཉེར་བཞིའི་བར་དུ་བཀའ་རྒྱ་བྱས་མཐར་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་མཆོག་མཁྱེན་རབ་རྒྱ་མཚོས་བསྐུལ་ངོར་ལྷ་ལུང་ནོར་བུའི་གླིང་དུ་དག་པར་ཕབ་པའི་ཡི་གེ་པ་ཡང་དེ་ཉིད་དོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}}
{{TibP|བརྡ་ཡིག་༠༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་བསྐུལ་བ་ཁམས་གསུམ་གཡོ་བྱེད་བཞུགས་སོ༔
བརྡ་ཡིག་༠༠༠༠༠༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༠༡༤༦༔ མ་འོངས་ལྔ་བརྒྱའི་ཐ་མ་ལ༔ པདྨ་བདག་གི་བརྒྱུད་འཛིན་རྣམས༔ བསྟན་དང་འགྲོ་བའི་དོན་ཆེད་དུ༔ ལྷ་ཆེན་སྒྲུབ་པའི་སྐྱེས་བུ་ལ༔ བསྐུལ་བ་ཁམས་གསུམ་གཡོ་བྱེད་དགོས༔ དེ་ལ་སྒྲུབ་པ་སྔོན་སོང་བའི༔ སྐྱེས་བུ་དམ་པ་དེ་ཉིད་ཀྱི༔ དམར་གཏོར་ཁྲག་གིས་རབ་བྲན་ནས༔ འགུགས་གཞུག་བྱ་ཞིང་ཤ་ཁྲག་གིས༔ རི་དང་རྒྱ་མཚོར་དམིགས་ནས་སུ༔ ལྷ་དང་སྲུང་མར་བསྐུལ་སྐྱེམས་བྱ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ སྣང་སྲིད་རྩ་གསུམ་བཀའ་སྲུང་གི༔ དཀྱིལ་འཁོར་རོལ་པར་གསལ་བའི་ངང་༔ ཧཱུྃ་ཧྲཱིཿསངས་རྒྱས་ཆོས་དང་དགེ་འདུན་རྒྱ་མཚོ་དང་༔ བླ་མ་ཡི་དམ་མཁའ་འགྲོ་དཀོན་མཆོག་གསུམ༔ ཐུགས་རྗེ་བརྩེ་བ་ཆེན་པོས་བདག་ལ་དགོངས༔ སྙིང་ནས་གསོལ་བ་འདེབས་སོ་བཀའ་དྲིན་ཅན༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་སྐུར་བཞེངས་ཤིག༔ བཀའ་སྲུང་དྲེགས་པའི་སྡེ་ཚོགས་དབང་བསྡུས་ལ༔ ང་ཡི་བསམ་དོན་འགྲུབ་པའི་ལས་མཛོད་ཅིག༔ ཁྱད་པར་ཁམས་གསུམ་དབང་ཆེན་ལྷའི་བླ་མ༔ དབང་ཕྱུག་མ་ཧཱ་དཱེ་ཝ་འཁོར་དང་བཅས༔ དཀོན་མཆོག་རྩ་གསུམ་བདེན་པའི་ནུས་སྟོབས་དང་༔ གསང་སྔགས་རྡོ་རྗེ་ཐེག་པའི་རྟེན་འབྲེལ་མཐུས༔ སྐད་ཅིག་མི་འབྲལ་བདག་གི་གྲོགས་འབངས་སུ༔ འགྲུབ་ཅིང་ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ རྒྱལ་དང་རྒྱལ་སྲས་མཁྱེན་བརྩེ་ནུས་པའི་བདག༔ མ་ལུས་བདག་གི་མགོན་དང་དཔུང་མཛོད་ཅིག༔ དུས་གསུམ་རྒྱལ་དང་དེ་སྲས་བཅས་རྣམས་ཀྱི༔ བཀའ་དམ་དཔང་བཙུག་བཀའ་སྲུང་དྲེགས་ཚོགས་བསྐུལ༔ མ་འདའ་མ་གཡེལ་དབང་ཆེན་ལྷའི་བླ་མ༔ དབང་ཕྱུག་མ་ཧཱ་དཱེ་ཝ་དགོངས་སུ་གསོལ༔ བདག་གིས་དད་ཅིང་མོས་པའི་སྟོབས་ཤུགས་ཀྱིས༔ ལྷ་ལས་ལྷ་ཡི་མཆོག་ཏུ་ཁྱོད་བསྒྲུབ་ནས༔ དཀའ་བ་དང་བླངས་ངལ་བ་ཁྱད་དུ་བསད༔ ཟས་ཀྱི་ཕུད་དང་ནོར་གྱི་བཅུད་བསྡུས་ཏེ༔ ལྷ་ཁྱོད་བསྒྲུབ་བསྙེན་མཆོད་དང་གསོལ་ལ་བརྩོན༔ བསླུའམ་མི་བསླུ་དཀོན་མཆོག་དཔང་ལ་བཞུགས༔ བཀའ་སྲུང་དྲེགས་པའི་གཙོ་མཆོག་རིན་པོ་ཆེ༔ སྒྲུབ་པའི་འབྲས་བུ་ཆུད་མི་ཟ་བ་རུ༔ ལྷ་མཆོག་ཁྱེད་ཀྱི་ཐུགས་རྗེ་ད་དགོངས་འཚལ༔ བདག་ནི་སྟོབས་འབྱོར་ནུས་པ་ཉམ་ཕྲ་བས༔ སྐྱབས་མགོན་དཔུང་གཉེན་ལྷ་དང་སྲུང་མ་ཁུར༔ མ་གཡེལ་མ་འགྱངས་སྟོབས་ཤུགས་ནུས་རྩལ་བྱུང་༔ ནམ་མཁའི་དབང་ཕྱུག་ཁྱབ་བདག་ཆེན་པོ་སྟེ༔ སྟེང་ཕྱོགས་ལྷ་ཡི་སྲིད་པ་དབང་བསྡུས་ལ༔ མི་སྲུན་རྔམས་འཇིགས་དྲག་པོའི་ལས་ལ་ཆོས༔ གནམ་ལྷའི་དམག་དཔུང་དགྲ་བོའི་ཡུལ་དུ་དྲོངས༔ སྤྱིར་ནི་དཀོན་མཆོག་གསུམ་གྱི་བསྟན་དགྲ་དང་༔ སྒོས་སུ་དགེ་འདུན་ཆོས་ཁྲིམས་བཤིག་པ་དང་༔ ཁྱད་པར་ཡིད་ལ་བརྣག་པའི་དགྲ་བོ་ཡི༔ གནམ་གྱི་འཇུ་ཐག་ཆོད་ལ་ཚེ་ལས་བསྟུང་༔ མིང་གི་ལྷག་ཙམ་མེད་པར་རྡུལ་དུ་རློག༔ ཆུ་ཡི་དབང་ཕྱུག་ཆུ་ཁམས་ཁ་ལོ་བསྒྱུར༔ སྐྱེ་འགྲོའི་ཁྲག་ལ་རོལ་པའི་ཁྲག་འཐུང་ཆེ༔ ཆུ་ཡི་ལྷ་རྣམས་མ་ལུས་དབང་དུ་བསྡུས༔ ཆུ་བདག་དམག་དཔུང་དགྲ་བོའི་ཡུལ་དུ་དྲོངས༔ སྤྱིར་ན་དཀོན་མཆོག་གསུམ་གྱི་བསྟན་དགྲ་དང་༔ སྒོས་སུ་དགེ་འདུན་ཆོས་ཁྲིམས་བཤིག་པ་དང་༔ ཁྱད་པར་ཡིད་ལ་བརྣག་པའི་དགྲ་བོ་ཡི༔ སྙིང་ཁྲག་དྲོན་མོ་ཧུབ་ཀྱིས་རོལ་མཛོད་ཅིག༔ མིང་གི་ལྷག་ཙམ་མེད་པར་རྡུལ་དུ་རློག༔ ས་ཡི་དབང་ཕྱུག་ས་ཁམས་ཁ་ལོ་བསྒྱུར༔ སྐྱེ་འགྲོའི་ཤ་ལ་རོལ་པའི་ཤ་ཟ་ཆེ༔ ས་བདག་མ་ལུས་ཐམས་ཅད་དབང་དུ་བསྡུས༔ ས་ལྷའི་དམག་ཚོགས་དགྲ་བོའི་ཡུལ་དུ་དྲོངས༔ སྤྱིར་ན་དཀོན་མཆོག་གསུམ་གྱི་བསྟན་དགྲ་དང་༔ སྒོས་སུ་དགེ་འདུན་ཆོས་ཁྲིམས་བཤིག་པ་དང་༔ ཁྱད་པར་ཡིད་ལ་བརྣག་པའི་དགྲ་བོ་ཡི༔ ཤ་ཚིལ་རུས་པ་དྲོན་མོར་རྔམས་པར་རོལ༔ མིང་གི་ལྷག་ཙམ་མེད་པར་རྡུལ་དུ་རློག༔ མེ་ཡི་དབང་ཕྱུག་མེ་ཁམས་ཁ་ལོ་བསྒྱུར༔ སྐྱེ་འགྲོའི་སྲོག་ལ་རོལ་པའི་སྲོག་བདུད་པོ༔ མེ་ལྷའི་དམག་ཚོགས་མ་ལུས་དབང་དུ་བསྡུས༔ མེ་ཁམས་དམག་དཔུང་དགྲ་བོའི་ཡུལ་དུ་དྲོངས༔ སྤྱིར་ན་དཀོན་མཆོག་གསུམ་གྱི་བསྟན་དགྲ་དང་༔ སྒོས་སུ་དགེ་འདུན་ཆོས་ཁྲིམས་བཤིག་པ་དང་༔ ཁྱད་པར་ཡིད་ལ་བརྣག་པའི་དགྲ་བོ་ཡི༔ སྲོག་གི་དབང་པོ་རྩ་དང་བཅས་པ་རོལ༔ མིང་གི་ལྷག་ཙམ་མེད་པར་རྡུལ་དུ་རློག༔ རླུང་གི་དབང་ཕྱུག་རླུང་ཁམས་ཁ་ལོ་བསྒྱུར༔ སྐྱེ་འགྲོའི་དབུགས་ལ་རོལ་བའི་དབུགས་ལེན་པ༔ རླུང་ལྷའི་དམག་ཚོགས་དགྲ་བོའི་ཡུལ་དུ་དྲོངས༔ སྤྱིར་ན་དཀོན་མཆོག་གསུམ་གྱི་བསྟན་དགྲ་དང་༔ སྒོས་སུ་དགེ་འདུན་ཆོས་ཁྲིམས་བཤིག་པ་དང་༔ ཁྱད་པར་ཡིད་ལ་བརྣག་པའི་དགྲ་བོ་ཡི༔ དབུགས་དང་རླུང་གི་འཕྲོ་འདུ་ལྷག་མེད་རོལ༔ མིང་གི་ལྷག་ཙམ་མེད་པར་རྡུལ་དུ་རློག༔ ཧཱུྃ་ཛཿལྷ་ཆེན་དབང་ཕྱུག་ཆེན་པོ་འཁོར་དང་བཅས༔ བསྐུལ་ལོ་རྦད་དོ་དམ་ཚིག་གཉན་པོ་བསྐུལ༔ མ་གཡེལ་མ་འགྱངས་མྱུར་དུ་དགྲ་ལ་རྒྱུགས༔ སྐྱེ་འགྲོའི་བདེ་སྐྱིད་གསལ་ལམ་དམ་པའི་ཆོས༔ ཕྱི་རོལ་ལྟ་ལོག་ཀླ་ཀློས་ཐབས་ཀྱིས་བསྣུབས༔ བདེ་སྐྱིད་དལ་བའི་ཡོན་ཏན་ལྡན་པ་ལ༔ བདུད་སྤྲུལ་སྐྱེས་བུས་འཁྲུགས་རྩོད་ཁྲིམས་ཀྱིས་བསྣུབས༔ དགེ་འདུན་ཆོས་ཁྲིམས་གཉན་པོ་དམ་རྒྱའི་ཆིངས༔ དམ་ལོག་མི་སྲུན་སྐྱེ་བོས་བཤིག་ཅིང་བཅད༔ དཔལ་འབྱོར་ལོངས་སྤྱོད་འདོད་ཡོན་དཔལ་ཁ་ལ༔ འགོང་འདྲེ་བསེ་རག་མི་སྲུན་ཇག་པས་བཅོམ༔ ཆོས་བཞིན་སྤྱོད་པའི་རྣལ་འབྱོར་དམ་པ་ལ༔ ཆོས་མིན་ལོག་ལྟའི་དགྲ་འདྲེ་གཤེད་དུ་ལངས༔ བསྟན་པའི་གཞི་མ་དགེ་འདུན་ཆོས་སྡེ་ལ༔ ཕྲག་དོག་ཞེ་སྡང་རྒོལ་བའི་དགྲ་འདྲེ་ལངས༔ འགྲོ་བའི་བསོད་ནམས་དཀར་པོའི་དགེ་བ་ལ༔ ནག་ཕྱོགས་ལྷ་སྲིན་མི་མིན་དགྲ་རུ་ལངས༔ ཕན་བདེ་འབྱུང་གནས་མདོ་སྔགས་ཟབ་མོའི་ཆོས༔ ཕན་ཚུན་ཕམ་རྒྱལ་རྩོད་པའི་མཚོན་ཆར་བཀོལ༔ དཀར་ཕྱོགས་སྐྱོང་བའི་ལྷ་དང་སྲུང་མ་ལ༔ མི་སྲུན་སྐྱེས་བུའི་རྫས་སྦྱོར་ངན་སྔགས་ཀྱིས༔ སྟོབས་ནུས་དབུ་འཕང་སྨད་ཅིང་བློ་ཡིད་བསྒྱུར༔ མ་ཉེས་བདེ་བར་འདུག་པའི་རྣལ་འབྱོར་ལ༔ རྒོལ་བའི་དགྲ་འདྲེ་གློ་བུར་ལྡང་ཞིང་བཅོམ༔ ཁ་དཀར་ཁོང་གནག་ལྕེ་གཉིས་འཆང་བ་དང་༔ དགེ་འདུན་ནང་དགྲ་དམ་སྲི་མིར་བརྫུ་དང་༔ བདུད་པོ་སྨོན་ལོག་བཙུན་གཟུགས་ལ་བརྫུ་ཞིང་༔ དམ་ཚིག་སྡོམ་པའི་ནོར་ལ་ཇག་ཆོམ་བྱེད༔ འདི་འདྲའི་ལས་དང་སྐལ་པ་ངན་པ་ལ༔ ལྷ་དང་སྲུང་མ་དག་གིས་མ་གཟིགས་སམ༔ བདག་སོགས་གདུལ་བྱ་ཡལ་བར་དོར་སྲིད་ན༔ བརྩེ་བའི་ཐུགས་རྗེ་ཆེན་པོ་མེད་དམ་ཅི༔ དུས་ངན་ཡོ་ལངས་དགྲ་འདྲེ་མི་ཐུལ་ན༔ མཛད་ཕྲིན་རྒྱ་མཚོ་མངའ་བ་མ་ལགས་སམ༔ བརྒྱུད་འཛིན་རྗེས་སུ་བསྒྲུབ་པ་དོན་མེད་ན༔ སྐྱོབ་པའི་ནུས་མཐུ་མངའ་བ་གང་ན་བཞུགས༔ ང་ཡི་ཡིད་ལ་བརྣག་པའི་དགྲ་བོ་འདི༔ བཀའ་སྲུང་དྲེགས་པའི་ཚོགས་ཀྱིས་མི་བསྒྲལ་ན༔ དམ་ཚིག་དམ་ལ་གནས་པ་མི་བདེན་ནམ༔ དམ་ཉམས་བདུད་པོ་མི་སྲུན་ལས་ངན་རྣམས༔ ལོ་ཟླ་མང་པོའི་འགྱངས་སུ་ཤོར་སྲིད་ན༔ བཀའ་སྲུང་དམ་ཅན་རྒྱ་མཚོ་གང་ན་བཞུགས༔ བཀའ་ལོག་དམ་ཉམས་ཁྲིམས་བཤིག་ལག་དམར་རྣམས༔ ཁེ་དྲག་དཔལ་ཆེ་མགོ་འཕང་མཐོ་བ་འདི༔ ད་ལྟ་ཉིད་དུ་ནམ་ལངས་སྐར་མ་བཞིན༔ རྗེས་ཤུལ་ལྷག་མ་མེད་པར་མ་བསྒྲལ་ན༔ བཀའ་སྲུང་དམ་ཅན་དམ་ལས་འདས་པ་ཡིན༔ དུས་གསུམ་རྒྱལ་བའི་བཀའ་དམ་དཔང་བཙུགས་ནས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་མ་ལུས་པ༔ བསྐུལ་ལོ་དོ་ནུབ་ཉིད་དུ་ལས་ལ་རྒྱུག༔ ཧཱུྃ་ཛཿདབང་ཕྱུག་མ་ཧཱ་དཱེ་ཝ་ལས་ལ་བསྐུལ༔ མ་གཡེལ་མ་འགྱངས་དོ་ནུབ་དགྲ་ལ་རྒྱུག༔ བཙུན་མོ་ཨུ་མ་དཱེ་ཝི་ལས་ལ་བསྐུལ༔ མ་གཡེལ་མ་འགྱངས་དོ་ནུབ་དགྲ་ལ་རྒྱུག༔ སྲས་མཆོག་ཚོགས་ཀྱི་བདག་པོ་ལས༴མ་གཡེལ༴བཀའ་སྡོད་དཔལ་མགོན་བདུན་ཅུ་ལས༴མ་གཡེལ༴གཤིན་རྗེ་ཡ་མ་རཱ་ཙ་ལས༴མ་གཡེལ༴གཟའ་བདུད་དུག་གི་སྤུ་གྲི་ལས༴མ་གཡེལ༴དམ་ཅན་རྡོ་རྗེ་ལེགས་པ་ལས༴མ་གཡེལ༴བདུད་ཕོ་སྲོག་ལེན་ནག་པོ་ལས༴མ་གཡེལ༴བཙན་རྒྱལ་ཤན་པ་ཀུས་འདེབས་ལས༴མ་གཡེལ༴ཀླུ་བདུད་ནཱ་ག་རཱ་ཙ་ལས༴མ་གཡེལ༴བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ལས༴མ་གཡེལ་མ་འགྱངས་དོ་ནུབ་དགྲ་ལ་རྒྱུག༔ སྟོང་གསུམ་གཞི་བདག་ཁམས་གསུམ་སྲིད་པའི་ལྷ༔ དབང་ཕྱུག་མ་ཧཱ་དཱེ་ཝའི་མཐུ་སྟོབས་ཀྱིས༔ སྐད་ཅིག་ད་ལྟ་ཉིད་དུ་ལས་ལ་ཆོས༔ བསྐུལ་ལོ་རྦད་དོ་མངོན་སྤྱོད་ཕྲིན་ལས་མཛོད༔ ཛཿདབང་ཕྱུག་ལྷ་ཆེན་དྲེགས་པའི་གཙོ༔ མ་ཧཱ་དཱེ་ཝ་སྟོབས་པོ་ཆེ༔ སྟེང་གི་ལྷ་ཁམས་ཁྱོད་ཀྱི་འབངས༔ སྟེང་གི་ལྷ་དམག་ལས་ལ་ཆོས༔ ལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱི་འཁོར༔ བར་གྱི་ལྷ་སྲིན་ལས་ལ་ཆོས༔ གཉན་དང་ཀླུ་བདུད་ཁྱོད་ཀྱི་འབངས༔ སྟོང་གསུམ་ཀླུ་གཉན་ལས་ལ་ཆོས༔ བཀའ་སྲུང་དྲེགས་པ་ཁྱོད་ཀྱི་སྡེ༔ དམ་ཅན་རྒྱ་མཚོ་ལས་ལ་ཆོས༔ སྣང་སྲིད་ལྷ་འདྲེ་ཁྱོད་ཀྱི་འབངས༔ ལྷ་འདྲེའི་སྡེ་དཔུང་དགྲ་ལ་རྒྱུག༔ སྟོང་གསུམ་གཞི་བདག་ཁྱོད་ཀྱི་འཁོར༔ ཡུལ་ལྷའི་དམག་དཔུང་ལས་ལ་ཆོས༔ ཁམས་གསུམ་སེམས་ཅན་ཁྱོད་ཀྱི་སྡེ༔ མ་ལུས་མ་ཐོགས་དགྲ་ལ་རྒྱུག༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ གནམ་ལ་ལྷ་དམག་འཚུབས་ཤིང་སོང་༔ བར་སྣང་སྡེ་བརྒྱད་གཡོ་ཞིང་སོང་༔ ས་གཞི་ལྷ་འདྲེས་གང་ཞིང་སོང་༔ ནམ་མཁར་སྤྲིན་ནག་འཐིབས་ཤིང་སོང་༔ བར་སྣང་གློག་དམར་འཁྱུགས་ཤིང་སོང་༔ ས་གཞིར་ཐོག་སེར་འབེབས་ཤིང་སོང་༔ གཟའ་སྐར་ཐང་ལ་འབེབས་ཤིང་སོང་༔ ལྟས་ངན་ཡོ་ལང་གཡོ་ཞིང་སོང་༔ ནད་མུག་ན་བུན་འཐིབས་ཤིང་སོང་༔ སྣང་སྲིད་འོད་ཀྱིས་འགེང་ཞིང་སོང་༔ བྱ་ཚོགས་འུར་སྒྲ་འདོན་ཞིང་སོང་༔ གཅན་གཟན་ངར་སྐད་འདོན་ཞིང་སོང་༔ བླ་འབོད་ལྷང་ལྷང་སྒྲོགས་ཤིང་སོང་༔ བླ་འཛིན་ལྕགས་ཀྱུ་ཐོགས་ཤིང་སོང་༔ བླ་བཅིངས་དྲྭ་བ་གཤམ་ཞིང་སོང་༔ འུག་པའི་ཧ་ཧ་རྒོད་ཅིང་སོང་༔ བྱ་རོགས་ཤ་སྐད་སྒྲོགས་ཤིང་སོང་༔ ཝ་མོ་ཉིན་བརྒྱལ་བྱེད་ཅིང་སོང་༔ སྤྱང་མོ་ངུ་འདུར་བྱེད་ཅིང་སོང་༔ སྒོ་ཁྱིས་ཀི་སྒྲ་འདོན་ཞིང་སོང་༔ དུད་འགྲོ་མི་གཏམ་སྨྲ་ཞིང་སོང་༔ ཕོ་བདུད་བསྭོ་སྒྲ་སྒྲོགས་ཤིང་སོང་༔ མོ་བདུད་ངུ་འབོད་བྱེད་ཅིང་སོང་༔ ཐེའུ་རང་མི་གཟུགས་སྟོན་ཞིང་སོང་༔ དགྲ་བོའི་ཡུལ་དུ་དམག་སྣ་དྲོངས༔ དགྲ་བོའི་སྟེང་དུ་དྲག་ཏུ་རྒྱུག༔ བླ་མཆོད་ཕུག་གི་ཕུང་འདྲེར་བསྒྱུར༔ བསྲུང་བཟློག་བྱས་ཚད་རང་གཤེད་ཕོབས༔ དགྲ་བོའི་རིམ་གྲོ་གང་བྱས་ཚད༔ ཁོ་རང་སྲོག་གི་གཤེད་དུ་ཕོབས༔ བཟློག་དར་འཁོར་ལོ་རྫས་སྔགས་ཀུན༔ དགྲ་བོ་ཁོ་ཡི་བདུད་དུ་ཕོབས༔ ཕན་པའི་ལས་ཀ་བྱས་ཚད་ཀུན༔ དགྲ་བོ་ཁོ་རང་ཕུང་གཞིར་བསྒྱུར༔ ཕོ་རྒྱུད་རྩ་བ་རྩད་ནས་ཆོད༔ མོ་རྒྱུད་རྩ་བ་མངལ་ནས་སྐོམས༔ དགྲ་བོའི་དམག་ཇག་གྲི་ཁར་སོད༔ དགྲ་བོའི་ཚོང་པ་དགྲ་ལ་སྤྲོད༔ དགྲ་བོའི་སྨན་པ་རྦབ་དྲིལ་སོད༔ དགྲ་བོའི་མགྲིན་པོ་ཆུ་གྲིར་སོད༔ དགྲ་བོའི་སྐྱེས་པ་ཧུར་ཐུམ་སོད༔ མ་སྲུའི་བྲང་བརྡུང་བྱེད་དུ་ཆུགས༔ དགྲ་བོའི་མནའ་མ་འགགས་གྲིར་སོད༔ དྭ་ཕྲུག་མུ་གེས་འཆི་རུ་ཆུགས༔ དགྲ་བོའི་མཁར་ཁང་རྨིང་ནས་བསྒྱེལ༔ དགྲ་བོའི་ཉེ་བ་གཤེད་དུ་ཕོབས༔ དགྲ་བོའི་ཕུ་ནུ་བདུད་དུ་ཕོབས༔ ནང་འཐབ་འཁྲུག་རྩོད་བྱེད་དུ་ཆུགས༔ བདག་གི་སྲུང་བ་གོས་དུམ་སྐྲ༔ བྱིན་རླབས་རྟེན་གསུམ་གང་རུང་ཡང་༔ དགྲ་བོས་འཆང་སྤྱོད་བྱས་འགྱུར་ན༔ རེག་ཕུང་ཧ་ལ་བཞིན་བསྒྱུར་ལ༔ ཕུང་ཉེས་བརླག་པའི་རྫས་སུ་བསྒྱུར༔ དགྲ་བོའི་ཤ་ལ་རྔམས་ཟས་ཀྱིས༔ ཤ་ཕུད་བྲུབ་དོང་ཁ་རུ་ཁྱེར༔ དགྲ་བོའི་ཁྲག་ལ་རྔམས་པར་རོལ༔ སྙིང་ཁྲག་བྲུབ་དོང་ནང་དུ་ཕོབས༔ དགྲ་བོའི་སྲོག་རྩ་རྒལ་ནས་ཆོད༔ གློ་སྙིང་མངོན་སུམ་ཁྱེར་ལ་ཤོག༔ དགྲ་བོའི་དབུགས་ལེན་ཤན་པ་མཛོད༔ མིང་ཡིག་རྩང་གིས་ངོས་ལ་ཕོབས༔ དགྲ་བོའི་བླ་རྐུས་ལིང་གར་ཕོབས༔ ཙ་སྒྲ་བཤུད་སྒྲ་འདོན་དུ་ཆུག༔ སྲུང་བྱེད་རིམ་གྲོའི་དུས་མ་སྒུགས༔ གློ་བུར་ཧུར་ཐུམ་ནད་ཀྱིས་སོད༔ ཟ་ཞག་གྲངས་སུ་མ་འདའ་བར༔ སྙིང་ཁྲག་ཁར་སྐྱུགས་སྐད་ཅིག་སོད༔ ནད་གཏོང་བཟློག་བཅོས་མ་སྒུགས་པར༔ ནང་རོལ་འོག་སྒོར་བཤལ་ཆུགས་སོད༔ ཕན་གྲོགས་ཉེ་དུ་མ་བཙུད་པར༔ ནད་དང་རིམས་ཀྱི་དལ་ཁ་ཕོབས༔ སྐྱོབ་པའི་བླ་བཙུན་དང་ཕྲོལ་ལ༔ རེག་ཕུང་དུག་གི་ཡོ་ལངས་ཐོབས༔ མ་གཡེལ་མྱུར་དུ་ལས་ལ་རྒྱུག༔ མ་འགྱངས་དོ་ནུབ་ཉིད་དུ་སོད༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ སྨོས་པ་ཇི་བཞིན་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་དཱེ་ཝ་ཨུ་མ་དཱེ་ཝི་ག་ཎ་པ་ཏི་ཡ་མ་རཱ་ཙ་རཱ་ཧུ་ལ་བཛྲ་ས་དྷུ་ཏི་པ་རཱ་ཙ༔ ནཱ་ག་ཙནྟྲི་ནཱ་ག་རཱ་ཙ་དགྲ་བོ་མཱ་ར་ཡ་རྦད་སོད༔ མཱཾ་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ བ་སུ་ཏ་ལ་ཁཱ་ཧི༔ ས་མ་ཡ་ཆོ་ཆོ་རྒྱུག་རྒྱུག་བྷྱོ་བྷྱོ༔ ཞེས་དྲག་ཏུ་བསྐུལ༔ གཏོར་མ་ཁྲག་སྐྱེམས་ཕྱི་ལ་དོར༔ དར་བརྡབ༔ འུར་རྡོ་འཕང༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ་སོགས་པའི་བཀའ་སྲུང་དྲེགས་པའི་སྡེ་ཚོགས་ཐམས་ཅད་ཀྱི་མཚོན་ཐུན་སྣ་ཚོགས་ཐོགས་ཏེ་དགྲ་བོའི་ཡུལ་དུ་སོང་ནས་དགྲ་བོ་མི་ནོར་འཁོར་དང་བཅས་པ་མེ་འབར་ཆུ་ཡིས་བསད་པ་ལྟར་སོང་བར་བསམ༔ དུས་གསུམ་དུ་ནི་བསྐུལ་བར་བྱ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ སྣོད་མིན་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་སྨོན་ལམ་ལས་ཀྱིས་འབྲེལ་བའི་སློབ་བུ་མཁྱེན་རབ་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏན་ལ་ཕབ་སྟེ་དག་པར་ཕབ་པའི་ཡི་གེ་པ་ནི་རྒྱ་མཚོའི་མིང་མཐའ་ཅན་དེ་ཉིད་དོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 13:37, 13 August 2024

Wylie title TTDL-ZABTER-08-NYA-020.pdf
Location bdud 'joms gling pa zab gter
Volume 8, Text 20, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms srung ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
བརྡ་ཡིག་༠༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་བསྐུལ་བ་ཁམས་གསུམ་གཡོ་བྱེད་བཞུགས་སོ༔ བརྡ་ཡིག་༠༠༠༠༠༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༠༡༤༦༔ མ་འོངས་ལྔ་བརྒྱའི་ཐ་མ་ལ༔ པདྨ་བདག་གི་བརྒྱུད་འཛིན་རྣམས༔ བསྟན་དང་འགྲོ་བའི་དོན་ཆེད་དུ༔ ལྷ་ཆེན་སྒྲུབ་པའི་སྐྱེས་བུ་ལ༔ བསྐུལ་བ་ཁམས་གསུམ་གཡོ་བྱེད་དགོས༔ དེ་ལ་སྒྲུབ་པ་སྔོན་སོང་བའི༔ སྐྱེས་བུ་དམ་པ་དེ་ཉིད་ཀྱི༔ དམར་གཏོར་ཁྲག་གིས་རབ་བྲན་ནས༔ འགུགས་གཞུག་བྱ་ཞིང་ཤ་ཁྲག་གིས༔ རི་དང་རྒྱ་མཚོར་དམིགས་ནས་སུ༔ ལྷ་དང་སྲུང་མར་བསྐུལ་སྐྱེམས་བྱ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ སྣང་སྲིད་རྩ་གསུམ་བཀའ་སྲུང་གི༔ དཀྱིལ་འཁོར་རོལ་པར་གསལ་བའི་ངང་༔ ཧཱུྃ་ཧྲཱིཿསངས་རྒྱས་ཆོས་དང་དགེ་འདུན་རྒྱ་མཚོ་དང་༔ བླ་མ་ཡི་དམ་མཁའ་འགྲོ་དཀོན་མཆོག་གསུམ༔ ཐུགས་རྗེ་བརྩེ་བ་ཆེན་པོས་བདག་ལ་དགོངས༔ སྙིང་ནས་གསོལ་བ་འདེབས་སོ་བཀའ་དྲིན་ཅན༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་སྐུར་བཞེངས་ཤིག༔ བཀའ་སྲུང་དྲེགས་པའི་སྡེ་ཚོགས་དབང་བསྡུས་ལ༔ ང་ཡི་བསམ་དོན་འགྲུབ་པའི་ལས་མཛོད་ཅིག༔ ཁྱད་པར་ཁམས་གསུམ་དབང་ཆེན་ལྷའི་བླ་མ༔ དབང་ཕྱུག་མ་ཧཱ་དཱེ་ཝ་འཁོར་དང་བཅས༔ དཀོན་མཆོག་རྩ་གསུམ་བདེན་པའི་ནུས་སྟོབས་དང་༔ གསང་སྔགས་རྡོ་རྗེ་ཐེག་པའི་རྟེན་འབྲེལ་མཐུས༔ སྐད་ཅིག་མི་འབྲལ་བདག་གི་གྲོགས་འབངས་སུ༔ འགྲུབ་ཅིང་ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ རྒྱལ་དང་རྒྱལ་སྲས་མཁྱེན་བརྩེ་ནུས་པའི་བདག༔ མ་ལུས་བདག་གི་མགོན་དང་དཔུང་མཛོད་ཅིག༔ དུས་གསུམ་རྒྱལ་དང་དེ་སྲས་བཅས་རྣམས་ཀྱི༔ བཀའ་དམ་དཔང་བཙུག་བཀའ་སྲུང་དྲེགས་ཚོགས་བསྐུལ༔ མ་འདའ་མ་གཡེལ་དབང་ཆེན་ལྷའི་བླ་མ༔ དབང་ཕྱུག་མ་ཧཱ་དཱེ་ཝ་དགོངས་སུ་གསོལ༔ བདག་གིས་དད་ཅིང་མོས་པའི་སྟོབས་ཤུགས་ཀྱིས༔ ལྷ་ལས་ལྷ་ཡི་མཆོག་ཏུ་ཁྱོད་བསྒྲུབ་ནས༔ དཀའ་བ་དང་བླངས་ངལ་བ་ཁྱད་དུ་བསད༔ ཟས་ཀྱི་ཕུད་དང་ནོར་གྱི་བཅུད་བསྡུས་ཏེ༔ ལྷ་ཁྱོད་བསྒྲུབ་བསྙེན་མཆོད་དང་གསོལ་ལ་བརྩོན༔ བསླུའམ་མི་བསླུ་དཀོན་མཆོག་དཔང་ལ་བཞུགས༔ བཀའ་སྲུང་དྲེགས་པའི་གཙོ་མཆོག་རིན་པོ་ཆེ༔ སྒྲུབ་པའི་འབྲས་བུ་ཆུད་མི་ཟ་བ་རུ༔ ལྷ་མཆོག་ཁྱེད་ཀྱི་ཐུགས་རྗེ་ད་དགོངས་འཚལ༔ བདག་ནི་སྟོབས་འབྱོར་ནུས་པ་ཉམ་ཕྲ་བས༔ སྐྱབས་མགོན་དཔུང་གཉེན་ལྷ་དང་སྲུང་མ་ཁུར༔ མ་གཡེལ་མ་འགྱངས་སྟོབས་ཤུགས་ནུས་རྩལ་བྱུང་༔ ནམ་མཁའི་དབང་ཕྱུག་ཁྱབ་བདག་ཆེན་པོ་སྟེ༔ སྟེང་ཕྱོགས་ལྷ་ཡི་སྲིད་པ་དབང་བསྡུས་ལ༔ མི་སྲུན་རྔམས་འཇིགས་དྲག་པོའི་ལས་ལ་ཆོས༔ གནམ་ལྷའི་དམག་དཔུང་དགྲ་བོའི་ཡུལ་དུ་དྲོངས༔ སྤྱིར་ནི་དཀོན་མཆོག་གསུམ་གྱི་བསྟན་དགྲ་དང་༔ སྒོས་སུ་དགེ་འདུན་ཆོས་ཁྲིམས་བཤིག་པ་དང་༔ ཁྱད་པར་ཡིད་ལ་བརྣག་པའི་དགྲ་བོ་ཡི༔ གནམ་གྱི་འཇུ་ཐག་ཆོད་ལ་ཚེ་ལས་བསྟུང་༔ མིང་གི་ལྷག་ཙམ་མེད་པར་རྡུལ་དུ་རློག༔ ཆུ་ཡི་དབང་ཕྱུག་ཆུ་ཁམས་ཁ་ལོ་བསྒྱུར༔ སྐྱེ་འགྲོའི་ཁྲག་ལ་རོལ་པའི་ཁྲག་འཐུང་ཆེ༔ ཆུ་ཡི་ལྷ་རྣམས་མ་ལུས་དབང་དུ་བསྡུས༔ ཆུ་བདག་དམག་དཔུང་དགྲ་བོའི་ཡུལ་དུ་དྲོངས༔ སྤྱིར་ན་དཀོན་མཆོག་གསུམ་གྱི་བསྟན་དགྲ་དང་༔ སྒོས་སུ་དགེ་འདུན་ཆོས་ཁྲིམས་བཤིག་པ་དང་༔ ཁྱད་པར་ཡིད་ལ་བརྣག་པའི་དགྲ་བོ་ཡི༔ སྙིང་ཁྲག་དྲོན་མོ་ཧུབ་ཀྱིས་རོལ་མཛོད་ཅིག༔ མིང་གི་ལྷག་ཙམ་མེད་པར་རྡུལ་དུ་རློག༔ ས་ཡི་དབང་ཕྱུག་ས་ཁམས་ཁ་ལོ་བསྒྱུར༔ སྐྱེ་འགྲོའི་ཤ་ལ་རོལ་པའི་ཤ་ཟ་ཆེ༔ ས་བདག་མ་ལུས་ཐམས་ཅད་དབང་དུ་བསྡུས༔ ས་ལྷའི་དམག་ཚོགས་དགྲ་བོའི་ཡུལ་དུ་དྲོངས༔ སྤྱིར་ན་དཀོན་མཆོག་གསུམ་གྱི་བསྟན་དགྲ་དང་༔ སྒོས་སུ་དགེ་འདུན་ཆོས་ཁྲིམས་བཤིག་པ་དང་༔ ཁྱད་པར་ཡིད་ལ་བརྣག་པའི་དགྲ་བོ་ཡི༔ ཤ་ཚིལ་རུས་པ་དྲོན་མོར་རྔམས་པར་རོལ༔ མིང་གི་ལྷག་ཙམ་མེད་པར་རྡུལ་དུ་རློག༔ མེ་ཡི་དབང་ཕྱུག་མེ་ཁམས་ཁ་ལོ་བསྒྱུར༔ སྐྱེ་འགྲོའི་སྲོག་ལ་རོལ་པའི་སྲོག་བདུད་པོ༔ མེ་ལྷའི་དམག་ཚོགས་མ་ལུས་དབང་དུ་བསྡུས༔ མེ་ཁམས་དམག་དཔུང་དགྲ་བོའི་ཡུལ་དུ་དྲོངས༔ སྤྱིར་ན་དཀོན་མཆོག་གསུམ་གྱི་བསྟན་དགྲ་དང་༔ སྒོས་སུ་དགེ་འདུན་ཆོས་ཁྲིམས་བཤིག་པ་དང་༔ ཁྱད་པར་ཡིད་ལ་བརྣག་པའི་དགྲ་བོ་ཡི༔ སྲོག་གི་དབང་པོ་རྩ་དང་བཅས་པ་རོལ༔ མིང་གི་ལྷག་ཙམ་མེད་པར་རྡུལ་དུ་རློག༔ རླུང་གི་དབང་ཕྱུག་རླུང་ཁམས་ཁ་ལོ་བསྒྱུར༔ སྐྱེ་འགྲོའི་དབུགས་ལ་རོལ་བའི་དབུགས་ལེན་པ༔ རླུང་ལྷའི་དམག་ཚོགས་དགྲ་བོའི་ཡུལ་དུ་དྲོངས༔ སྤྱིར་ན་དཀོན་མཆོག་གསུམ་གྱི་བསྟན་དགྲ་དང་༔ སྒོས་སུ་དགེ་འདུན་ཆོས་ཁྲིམས་བཤིག་པ་དང་༔ ཁྱད་པར་ཡིད་ལ་བརྣག་པའི་དགྲ་བོ་ཡི༔ དབུགས་དང་རླུང་གི་འཕྲོ་འདུ་ལྷག་མེད་རོལ༔ མིང་གི་ལྷག་ཙམ་མེད་པར་རྡུལ་དུ་རློག༔ ཧཱུྃ་ཛཿལྷ་ཆེན་དབང་ཕྱུག་ཆེན་པོ་འཁོར་དང་བཅས༔ བསྐུལ་ལོ་རྦད་དོ་དམ་ཚིག་གཉན་པོ་བསྐུལ༔ མ་གཡེལ་མ་འགྱངས་མྱུར་དུ་དགྲ་ལ་རྒྱུགས༔ སྐྱེ་འགྲོའི་བདེ་སྐྱིད་གསལ་ལམ་དམ་པའི་ཆོས༔ ཕྱི་རོལ་ལྟ་ལོག་ཀླ་ཀློས་ཐབས་ཀྱིས་བསྣུབས༔ བདེ་སྐྱིད་དལ་བའི་ཡོན་ཏན་ལྡན་པ་ལ༔ བདུད་སྤྲུལ་སྐྱེས་བུས་འཁྲུགས་རྩོད་ཁྲིམས་ཀྱིས་བསྣུབས༔ དགེ་འདུན་ཆོས་ཁྲིམས་གཉན་པོ་དམ་རྒྱའི་ཆིངས༔ དམ་ལོག་མི་སྲུན་སྐྱེ་བོས་བཤིག་ཅིང་བཅད༔ དཔལ་འབྱོར་ལོངས་སྤྱོད་འདོད་ཡོན་དཔལ་ཁ་ལ༔ འགོང་འདྲེ་བསེ་རག་མི་སྲུན་ཇག་པས་བཅོམ༔ ཆོས་བཞིན་སྤྱོད་པའི་རྣལ་འབྱོར་དམ་པ་ལ༔ ཆོས་མིན་ལོག་ལྟའི་དགྲ་འདྲེ་གཤེད་དུ་ལངས༔ བསྟན་པའི་གཞི་མ་དགེ་འདུན་ཆོས་སྡེ་ལ༔ ཕྲག་དོག་ཞེ་སྡང་རྒོལ་བའི་དགྲ་འདྲེ་ལངས༔ འགྲོ་བའི་བསོད་ནམས་དཀར་པོའི་དགེ་བ་ལ༔ ནག་ཕྱོགས་ལྷ་སྲིན་མི་མིན་དགྲ་རུ་ལངས༔ ཕན་བདེ་འབྱུང་གནས་མདོ་སྔགས་ཟབ་མོའི་ཆོས༔ ཕན་ཚུན་ཕམ་རྒྱལ་རྩོད་པའི་མཚོན་ཆར་བཀོལ༔ དཀར་ཕྱོགས་སྐྱོང་བའི་ལྷ་དང་སྲུང་མ་ལ༔ མི་སྲུན་སྐྱེས་བུའི་རྫས་སྦྱོར་ངན་སྔགས་ཀྱིས༔ སྟོབས་ནུས་དབུ་འཕང་སྨད་ཅིང་བློ་ཡིད་བསྒྱུར༔ མ་ཉེས་བདེ་བར་འདུག་པའི་རྣལ་འབྱོར་ལ༔ རྒོལ་བའི་དགྲ་འདྲེ་གློ་བུར་ལྡང་ཞིང་བཅོམ༔ ཁ་དཀར་ཁོང་གནག་ལྕེ་གཉིས་འཆང་བ་དང་༔ དགེ་འདུན་ནང་དགྲ་དམ་སྲི་མིར་བརྫུ་དང་༔ བདུད་པོ་སྨོན་ལོག་བཙུན་གཟུགས་ལ་བརྫུ་ཞིང་༔ དམ་ཚིག་སྡོམ་པའི་ནོར་ལ་ཇག་ཆོམ་བྱེད༔ འདི་འདྲའི་ལས་དང་སྐལ་པ་ངན་པ་ལ༔ ལྷ་དང་སྲུང་མ་དག་གིས་མ་གཟིགས་སམ༔ བདག་སོགས་གདུལ་བྱ་ཡལ་བར་དོར་སྲིད་ན༔ བརྩེ་བའི་ཐུགས་རྗེ་ཆེན་པོ་མེད་དམ་ཅི༔ དུས་ངན་ཡོ་ལངས་དགྲ་འདྲེ་མི་ཐུལ་ན༔ མཛད་ཕྲིན་རྒྱ་མཚོ་མངའ་བ་མ་ལགས་སམ༔ བརྒྱུད་འཛིན་རྗེས་སུ་བསྒྲུབ་པ་དོན་མེད་ན༔ སྐྱོབ་པའི་ནུས་མཐུ་མངའ་བ་གང་ན་བཞུགས༔ ང་ཡི་ཡིད་ལ་བརྣག་པའི་དགྲ་བོ་འདི༔ བཀའ་སྲུང་དྲེགས་པའི་ཚོགས་ཀྱིས་མི་བསྒྲལ་ན༔ དམ་ཚིག་དམ་ལ་གནས་པ་མི་བདེན་ནམ༔ དམ་ཉམས་བདུད་པོ་མི་སྲུན་ལས་ངན་རྣམས༔ ལོ་ཟླ་མང་པོའི་འགྱངས་སུ་ཤོར་སྲིད་ན༔ བཀའ་སྲུང་དམ་ཅན་རྒྱ་མཚོ་གང་ན་བཞུགས༔ བཀའ་ལོག་དམ་ཉམས་ཁྲིམས་བཤིག་ལག་དམར་རྣམས༔ ཁེ་དྲག་དཔལ་ཆེ་མགོ་འཕང་མཐོ་བ་འདི༔ ད་ལྟ་ཉིད་དུ་ནམ་ལངས་སྐར་མ་བཞིན༔ རྗེས་ཤུལ་ལྷག་མ་མེད་པར་མ་བསྒྲལ་ན༔ བཀའ་སྲུང་དམ་ཅན་དམ་ལས་འདས་པ་ཡིན༔ དུས་གསུམ་རྒྱལ་བའི་བཀའ་དམ་དཔང་བཙུགས་ནས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་མ་ལུས་པ༔ བསྐུལ་ལོ་དོ་ནུབ་ཉིད་དུ་ལས་ལ་རྒྱུག༔ ཧཱུྃ་ཛཿདབང་ཕྱུག་མ་ཧཱ་དཱེ་ཝ་ལས་ལ་བསྐུལ༔ མ་གཡེལ་མ་འགྱངས་དོ་ནུབ་དགྲ་ལ་རྒྱུག༔ བཙུན་མོ་ཨུ་མ་དཱེ་ཝི་ལས་ལ་བསྐུལ༔ མ་གཡེལ་མ་འགྱངས་དོ་ནུབ་དགྲ་ལ་རྒྱུག༔ སྲས་མཆོག་ཚོགས་ཀྱི་བདག་པོ་ལས༴མ་གཡེལ༴བཀའ་སྡོད་དཔལ་མགོན་བདུན་ཅུ་ལས༴མ་གཡེལ༴གཤིན་རྗེ་ཡ་མ་རཱ་ཙ་ལས༴མ་གཡེལ༴གཟའ་བདུད་དུག་གི་སྤུ་གྲི་ལས༴མ་གཡེལ༴དམ་ཅན་རྡོ་རྗེ་ལེགས་པ་ལས༴མ་གཡེལ༴བདུད་ཕོ་སྲོག་ལེན་ནག་པོ་ལས༴མ་གཡེལ༴བཙན་རྒྱལ་ཤན་པ་ཀུས་འདེབས་ལས༴མ་གཡེལ༴ཀླུ་བདུད་ནཱ་ག་རཱ་ཙ་ལས༴མ་གཡེལ༴བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ལས༴མ་གཡེལ་མ་འགྱངས་དོ་ནུབ་དགྲ་ལ་རྒྱུག༔ སྟོང་གསུམ་གཞི་བདག་ཁམས་གསུམ་སྲིད་པའི་ལྷ༔ དབང་ཕྱུག་མ་ཧཱ་དཱེ་ཝའི་མཐུ་སྟོབས་ཀྱིས༔ སྐད་ཅིག་ད་ལྟ་ཉིད་དུ་ལས་ལ་ཆོས༔ བསྐུལ་ལོ་རྦད་དོ་མངོན་སྤྱོད་ཕྲིན་ལས་མཛོད༔ ཛཿདབང་ཕྱུག་ལྷ་ཆེན་དྲེགས་པའི་གཙོ༔ མ་ཧཱ་དཱེ་ཝ་སྟོབས་པོ་ཆེ༔ སྟེང་གི་ལྷ་ཁམས་ཁྱོད་ཀྱི་འབངས༔ སྟེང་གི་ལྷ་དམག་ལས་ལ་ཆོས༔ ལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱི་འཁོར༔ བར་གྱི་ལྷ་སྲིན་ལས་ལ་ཆོས༔ གཉན་དང་ཀླུ་བདུད་ཁྱོད་ཀྱི་འབངས༔ སྟོང་གསུམ་ཀླུ་གཉན་ལས་ལ་ཆོས༔ བཀའ་སྲུང་དྲེགས་པ་ཁྱོད་ཀྱི་སྡེ༔ དམ་ཅན་རྒྱ་མཚོ་ལས་ལ་ཆོས༔ སྣང་སྲིད་ལྷ་འདྲེ་ཁྱོད་ཀྱི་འབངས༔ ལྷ་འདྲེའི་སྡེ་དཔུང་དགྲ་ལ་རྒྱུག༔ སྟོང་གསུམ་གཞི་བདག་ཁྱོད་ཀྱི་འཁོར༔ ཡུལ་ལྷའི་དམག་དཔུང་ལས་ལ་ཆོས༔ ཁམས་གསུམ་སེམས་ཅན་ཁྱོད་ཀྱི་སྡེ༔ མ་ལུས་མ་ཐོགས་དགྲ་ལ་རྒྱུག༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ གནམ་ལ་ལྷ་དམག་འཚུབས་ཤིང་སོང་༔ བར་སྣང་སྡེ་བརྒྱད་གཡོ་ཞིང་སོང་༔ ས་གཞི་ལྷ་འདྲེས་གང་ཞིང་སོང་༔ ནམ་མཁར་སྤྲིན་ནག་འཐིབས་ཤིང་སོང་༔ བར་སྣང་གློག་དམར་འཁྱུགས་ཤིང་སོང་༔ ས་གཞིར་ཐོག་སེར་འབེབས་ཤིང་སོང་༔ གཟའ་སྐར་ཐང་ལ་འབེབས་ཤིང་སོང་༔ ལྟས་ངན་ཡོ་ལང་གཡོ་ཞིང་སོང་༔ ནད་མུག་ན་བུན་འཐིབས་ཤིང་སོང་༔ སྣང་སྲིད་འོད་ཀྱིས་འགེང་ཞིང་སོང་༔ བྱ་ཚོགས་འུར་སྒྲ་འདོན་ཞིང་སོང་༔ གཅན་གཟན་ངར་སྐད་འདོན་ཞིང་སོང་༔ བླ་འབོད་ལྷང་ལྷང་སྒྲོགས་ཤིང་སོང་༔ བླ་འཛིན་ལྕགས་ཀྱུ་ཐོགས་ཤིང་སོང་༔ བླ་བཅིངས་དྲྭ་བ་གཤམ་ཞིང་སོང་༔ འུག་པའི་ཧ་ཧ་རྒོད་ཅིང་སོང་༔ བྱ་རོགས་ཤ་སྐད་སྒྲོགས་ཤིང་སོང་༔ ཝ་མོ་ཉིན་བརྒྱལ་བྱེད་ཅིང་སོང་༔ སྤྱང་མོ་ངུ་འདུར་བྱེད་ཅིང་སོང་༔ སྒོ་ཁྱིས་ཀི་སྒྲ་འདོན་ཞིང་སོང་༔ དུད་འགྲོ་མི་གཏམ་སྨྲ་ཞིང་སོང་༔ ཕོ་བདུད་བསྭོ་སྒྲ་སྒྲོགས་ཤིང་སོང་༔ མོ་བདུད་ངུ་འབོད་བྱེད་ཅིང་སོང་༔ ཐེའུ་རང་མི་གཟུགས་སྟོན་ཞིང་སོང་༔ དགྲ་བོའི་ཡུལ་དུ་དམག་སྣ་དྲོངས༔ དགྲ་བོའི་སྟེང་དུ་དྲག་ཏུ་རྒྱུག༔ བླ་མཆོད་ཕུག་གི་ཕུང་འདྲེར་བསྒྱུར༔ བསྲུང་བཟློག་བྱས་ཚད་རང་གཤེད་ཕོབས༔ དགྲ་བོའི་རིམ་གྲོ་གང་བྱས་ཚད༔ ཁོ་རང་སྲོག་གི་གཤེད་དུ་ཕོབས༔ བཟློག་དར་འཁོར་ལོ་རྫས་སྔགས་ཀུན༔ དགྲ་བོ་ཁོ་ཡི་བདུད་དུ་ཕོབས༔ ཕན་པའི་ལས་ཀ་བྱས་ཚད་ཀུན༔ དགྲ་བོ་ཁོ་རང་ཕུང་གཞིར་བསྒྱུར༔ ཕོ་རྒྱུད་རྩ་བ་རྩད་ནས་ཆོད༔ མོ་རྒྱུད་རྩ་བ་མངལ་ནས་སྐོམས༔ དགྲ་བོའི་དམག་ཇག་གྲི་ཁར་སོད༔ དགྲ་བོའི་ཚོང་པ་དགྲ་ལ་སྤྲོད༔ དགྲ་བོའི་སྨན་པ་རྦབ་དྲིལ་སོད༔ དགྲ་བོའི་མགྲིན་པོ་ཆུ་གྲིར་སོད༔ དགྲ་བོའི་སྐྱེས་པ་ཧུར་ཐུམ་སོད༔ མ་སྲུའི་བྲང་བརྡུང་བྱེད་དུ་ཆུགས༔ དགྲ་བོའི་མནའ་མ་འགགས་གྲིར་སོད༔ དྭ་ཕྲུག་མུ་གེས་འཆི་རུ་ཆུགས༔ དགྲ་བོའི་མཁར་ཁང་རྨིང་ནས་བསྒྱེལ༔ དགྲ་བོའི་ཉེ་བ་གཤེད་དུ་ཕོབས༔ དགྲ་བོའི་ཕུ་ནུ་བདུད་དུ་ཕོབས༔ ནང་འཐབ་འཁྲུག་རྩོད་བྱེད་དུ་ཆུགས༔ བདག་གི་སྲུང་བ་གོས་དུམ་སྐྲ༔ བྱིན་རླབས་རྟེན་གསུམ་གང་རུང་ཡང་༔ དགྲ་བོས་འཆང་སྤྱོད་བྱས་འགྱུར་ན༔ རེག་ཕུང་ཧ་ལ་བཞིན་བསྒྱུར་ལ༔ ཕུང་ཉེས་བརླག་པའི་རྫས་སུ་བསྒྱུར༔ དགྲ་བོའི་ཤ་ལ་རྔམས་ཟས་ཀྱིས༔ ཤ་ཕུད་བྲུབ་དོང་ཁ་རུ་ཁྱེར༔ དགྲ་བོའི་ཁྲག་ལ་རྔམས་པར་རོལ༔ སྙིང་ཁྲག་བྲུབ་དོང་ནང་དུ་ཕོབས༔ དགྲ་བོའི་སྲོག་རྩ་རྒལ་ནས་ཆོད༔ གློ་སྙིང་མངོན་སུམ་ཁྱེར་ལ་ཤོག༔ དགྲ་བོའི་དབུགས་ལེན་ཤན་པ་མཛོད༔ མིང་ཡིག་རྩང་གིས་ངོས་ལ་ཕོབས༔ དགྲ་བོའི་བླ་རྐུས་ལིང་གར་ཕོབས༔ ཙ་སྒྲ་བཤུད་སྒྲ་འདོན་དུ་ཆུག༔ སྲུང་བྱེད་རིམ་གྲོའི་དུས་མ་སྒུགས༔ གློ་བུར་ཧུར་ཐུམ་ནད་ཀྱིས་སོད༔ ཟ་ཞག་གྲངས་སུ་མ་འདའ་བར༔ སྙིང་ཁྲག་ཁར་སྐྱུགས་སྐད་ཅིག་སོད༔ ནད་གཏོང་བཟློག་བཅོས་མ་སྒུགས་པར༔ ནང་རོལ་འོག་སྒོར་བཤལ་ཆུགས་སོད༔ ཕན་གྲོགས་ཉེ་དུ་མ་བཙུད་པར༔ ནད་དང་རིམས་ཀྱི་དལ་ཁ་ཕོབས༔ སྐྱོབ་པའི་བླ་བཙུན་དང་ཕྲོལ་ལ༔ རེག་ཕུང་དུག་གི་ཡོ་ལངས་ཐོབས༔ མ་གཡེལ་མྱུར་དུ་ལས་ལ་རྒྱུག༔ མ་འགྱངས་དོ་ནུབ་ཉིད་དུ་སོད༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ སྨོས་པ་ཇི་བཞིན་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་དཱེ་ཝ་ཨུ་མ་དཱེ་ཝི་ག་ཎ་པ་ཏི་ཡ་མ་རཱ་ཙ་རཱ་ཧུ་ལ་བཛྲ་ས་དྷུ་ཏི་པ་རཱ་ཙ༔ ནཱ་ག་ཙནྟྲི་ནཱ་ག་རཱ་ཙ་དགྲ་བོ་མཱ་ར་ཡ་རྦད་སོད༔ མཱཾ་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ བ་སུ་ཏ་ལ་ཁཱ་ཧི༔ ས་མ་ཡ་ཆོ་ཆོ་རྒྱུག་རྒྱུག་བྷྱོ་བྷྱོ༔ ཞེས་དྲག་ཏུ་བསྐུལ༔ གཏོར་མ་ཁྲག་སྐྱེམས་ཕྱི་ལ་དོར༔ དར་བརྡབ༔ འུར་རྡོ་འཕང༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ་སོགས་པའི་བཀའ་སྲུང་དྲེགས་པའི་སྡེ་ཚོགས་ཐམས་ཅད་ཀྱི་མཚོན་ཐུན་སྣ་ཚོགས་ཐོགས་ཏེ་དགྲ་བོའི་ཡུལ་དུ་སོང་ནས་དགྲ་བོ་མི་ནོར་འཁོར་དང་བཅས་པ་མེ་འབར་ཆུ་ཡིས་བསད་པ་ལྟར་སོང་བར་བསམ༔ དུས་གསུམ་དུ་ནི་བསྐུལ་བར་བྱ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ སྣོད་མིན་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་སྨོན་ལམ་ལས་ཀྱིས་འབྲེལ་བའི་སློབ་བུ་མཁྱེན་རབ་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏན་ལ་ཕབ་སྟེ་དག་པར་ཕབ་པའི་ཡི་གེ་པ་ནི་རྒྱ་མཚོའི་མིང་མཐའ་ཅན་དེ་ཉིད་དོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།