TTDL-ZABTER-08-NYA-027: Difference between revisions

From Dudjom Wiki
TTDL-ZABTER-08-NYA-027
No edit summary
No edit summary
Line 26: Line 26:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|བརྡ་ཡིག་༠༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་མ་ཧཱ་དཱེ་ཝའི་མངོན་སྤྱོད་དྲག་པོའི་འཁྲུལ་འཁོར་བཞུགས་སོ༔
{{TibP|བརྡ་ཡིག་༠༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་དྲག་བཟློག་རྡོ་རྗེའི་ཕ་ལམ་བཞུགས་སོ༔
བརྡ་ཡིག་༠༠༠༠༠༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༠༡༨༦༔ ལྷ་ཆེན་སྒྲུབ་པའི་རྣལ་འབྱོར་གྱིས༔ དྲག་པོ་མངོན་སྤྱོད་ལས་བརྩོན་ཐབས༔ འདི་བརྩོན་དགྲ་སྡེ་ཐལ་བར་བརླག༔ མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ༔ དེ་ལ་དང་པོ་བྲུབ་ཁུང་དུ༔ ལིང་ག་མིང་རུས་ཚང་བར་བཀོད༔ གཞན་ཡང་དགྲ་གཟུགས་བཞིའམ་བརྒྱད༔ ཕྱོགས་མཚམས་བརྒྱད་ནས་ནང་བསྐོར་བཞག༔ གཞན་ཡང་ཤ་དུམ་ཁྲག་བྲན་བཞག༔ དེ་ནས་མཁྱེན་དཔང་གཟུ་དཔང་བཙུགས༔ མཐར་ནི་ལས་ཀྱི་ཆོ་ག་ལ༔ འཇུག་པར་བྱ་བ་འདི་ལྟ་སྟེ༔ བདག་གི་ཁ་རླངས་དང་དྲི་མ་སོང་བ་ཐམས་ཅད་འབྱུང་བའི་ལྷ་མོ་མ་མཱ་ཀི་ཡིས་བཀྲུ་ཞིང་དག་པར་མཛད་དུ་གསོལ༔ བཛྲ་མ་མཱ་ཀི་ཏྲཾཿཁཾཿབཾཿཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ཞེས་ཆབ་བྲན༔ དགྲ་བོའི་ཟག་རྫས་ཐམས་ཅད་འབྱུང་བའི་ལྷ་མོ་དམ་ཚིག་སྒྲོལ་མས་བསྡུས་ནས་རཱུ་པ་ལ་ཐིམ་པར་མཛད་དུ་གསོལ༔ སཾ༔ ཏཱ་རེ་ཏཱཾ་སྭཱ་ཧཱ༔ བཛྲ་ཨ་བེ་ཤ་ཡ་ཨཱཿདགྲ་བོ་གསོད་པའི་དུག་ཁྲག་ཐུན་རྫས་ཐམས་ཅད་འབྱུང་བའི་ལྷ་མོ་སངས་རྒྱས་སྤྱན་མས་བསྡུས་ནས་དགྲ་བོ་ལ་འབེབས་པའི་ཐུན་མཚོན་གྱི་རྫས་རྣམས་ལ་ཐིམ་པར་མཛོད༔ སུཾཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་ཨ་མུ་ཀ་འདུས་སྟྭཾ་ཛཿདེ་ནས་བྲུབ་ཁུང་བསྐྱེད་པ་ལ༔ རང་ཉིད་ཡི་དམ་དྲག་པོ་ཧེ་རུ་ཀའི་ཕ་མཐར༔ མདུན་བསྐྱེད་སྲུང་མ་དབང་ཕྱུག་ཆེན་པོའི་ཚུར་མཐའ་དེ་རུ་ཡི་གེ་ཨེཿནག་པོ་གཅིག་གནས་པ་ལས་འོད་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཉོན་མོངས་དུག་ལྔ་དུག་གསུམ་གྱི་ལས་ཉོན་བག་ཆགས་ཐམས་ཅད་འོད་ཁམ་ནག་གི་རྣམ་པར་བསྡུས་ཏེ་ཨེཿལ་ཐིམ༔ ཨེཿཡིག་ཡོངས་སུ་གྱུར་པ་ལས་གནམ་ལྕགས་ལས་གྲུབ་པའི་གྲུ་གསུམ་མུན་ཁང་ནག་པོ་ཁ་དོག་ལ་གཏིང་ཡངས་པ༔ གཏི་མུག་གི་མུན་པ་འཐིབས་པ༔ ཞེ་སྡང་གི་མེ་དཔུང་འབར་བ༔ ང་རྒྱལ་གྱི་བྲག་རི་རྙིལ་བ༔ འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ༔ ཕྲག་དོག་གི་དུག་རླངས་འཚུབས་པ༔ བླ་འཛིན་གྱི་དྲྭ་བ་བྲེས་པ༔ བླ་འགུག་གི་ལྕགས་ཀྱུ་འཕྲོ་བ༔ བླ་འཆིང་བའི་ཞགས་པ་འཕེན་པ༔ བླ་སྡོམ་པའི་ལྕགས་སྒྲོག་ཐོགས་པ༔ བླ་མྱོས་པའི་དྲིལ་བུ་བསིལ་བ༔ བླ་གསོད་པའི་མཚོན་ཐུན་འདྲིལ་བ༔ རྣམ་པར་ཤེས་པ་རྨུགས་ཤིང་འཐིབས་པར་བྱེད་པའི་ནད་མུག་དུག་རླངས་ཀྱི་ན་བུན་འཐུལ་བ༔ ཕོ་ཉ་སྐར་ལྟར་འཁྲིགས་ཤིང་ལས་མཁན་གློག་ལྟར་འཁྱུགས་པ༔ ཟ་བྱེད་ཤ་ཟ་དང་ཁྲག་འཐུང་རྣམས་ཀྱི་རྐན་སྒྲ་སྡེབ་ཅིང་སོ་སྒྲ་འདོན་པ༔ ནང་དུ་བཀུག་པ་ཙམ་གྱིས་མཐུ་ནུས་སྟོབས་རྩལ་ཐམས་ཅད་མེ་སྟག་ཆུ་ཡིས་བསད་པ་ལྟར་བརླག་པར་བྱེད་པའི་རང་བཞིན་ཅན་དུ་གྱུར༔ ཐར་མེད་ལས་ཀྱི་བཙོན་ཁང་དེའི་ནང་དུ་ནྲྀཿཡིག་སྔོ་སྐྱ་ལས་འོད་འཕྲོས་པས་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས་བསྟན་ལ་རྒོལ་བའི་བདུད་སྡེ་འབངས་འཁོར་རྫས་སྔགས་འཕྲུལ་རྩལ་སྟོབས་ནུས་དང་བཅས་པ་ཐམས་ཅད་དངུལ་ཆུས་ས་སྙིང་བསྡུས་པ་བཞིན་དུ་བསྡུས་ཏེ་ནྲྀཿཡིག་ལ་ཐིམ་པས༔ དེ་ཡོངས་སུ་གྱུར་པ་ལས་དམ་ཉམས་པའི་དགྲ་བོ་དེའི་གཟུགས་ཁམས་སྐྱེ་མཆེད་ཚང་བ་ཤ་སྔོ་ལ་ཧམ་ཞིང་རིད་པ༔ ཁ་ངུ་བ་མིག་ཤི་མིག་ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན་རྐང་ལག་ལྕགས་སྒྲོག་གིས་བསྡམས་པ་བུ་ག་དགུ་ནས་ཁྲག་འཛག་པ་ཕྱི་དབུགས་དང་བྲལ་ཞིང་ནང་དབུགས་མ་ཆད་ཙམ་པ་མགོན་མེད་སྐྱབས་དང་བྲལ་བ་ཞིག་ཏུ་གྱུར༔ བཙོན་ཁང་དེའི་ཕྱི་རིམ་ཕྱོགས་མཚམས་རྣམས་སུ་ཚ་བའི་དམྱལ་ཁམས་བརྒྱད་ཀྱིས་བསྐོར་ཏེ༔ ཕྱི་རུ་བྲོས་ཤིང་ཐར་བའི་ཡུལ་མེད་པར་གྱུར༔ ཕོ་ཉའི་དམིགས་པ་བཏང་བ་ལ༔ རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ལྷ་ཆེན་དབང་ཕྱུག་ཆེན་པོ་འཁོར་དང་བཅས་པའི་ཐུགས་ཀར་ཕོག་པས་སྔོན་གྱི་དམ་ཚིག་གཉན་པོའི་ཐུགས་རྒྱུད་བསྐུལ་ཏེ་སྐད་ཅིག་གིས་དྲག་ཁྲོས་མཐིང་ནག་འབར་བའི་སྐུར་བཞེངས་པར་བསམ༔ བདག་མདུན་གཉིས་སུ་མེད་པའི་ཐུགས་ཀ་ནས་ལས་མཁན་ཕོ་ཉ་དྲག་པོ་དཔག་ཏུ་མེད་པས་སྣང་སྲིད་ཀྱི་ཁམས་ཐམས་ཅད་གོ་མཚམས་མེད་པར་གང་ཞིང་ཁྱབ་ནས་དགྲ་བགེགས་གནོད་བྱེད་ཐམས་ཅད་ཤོག་སྐྱ་རླུང་གིས་བསྐྱོད་པའམ་བྱིའུ་ཆུང་ཁྲ་ཡིས་དེད་པ་བཞིན་དུ་རང་དབང་མེད་པར་བཀུག་ནས་མཚོ་ལ་ཁ་ཆར་བབ་པ་བཞིན་དུ་ལིང་ག་ལ་ཐིམ་ནས་གཉིས་སུ་མི་ཕྱེད་པར་གྱུར༔ དེ་ནས་འགུགས་གཞུག་བྱས་མཐར༔ ན་མོ༔ དཀོན་མཆོག་རྩ་གསུམ་སྐུ་གསུམ་དབང་ཕྱུག་ལྷ་མགོན་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བདེན་པས་དགྲ་བོ་ཆེ་གེ་མོའམ་ཡང་ན་སྒོ་བཞིའི་བསྟན་དགྲ་ཀླ་ཀློ་མཐའ་མི་བདུད་འབངས་སྨོན་ལོག་ལ་སོགས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་གཟུགས་མིང་རུས་སྲོག་ཡིག་འདི་ལ་ཁུག་ཅིག༔ བསྟིམ་ཞིག༔ གཉིས་སུ་མེད་པར་གྱུར་ཅིག༔ ཛཿཧཱུྃ་བཾ་ཧོཿབརྒྱ་རྩ་བརྗོད༔ ཨོཾ་མ་ཧཱ་དཱེ་ཝ་ཧྲཱིཿཨུ་མ་དཱེ་ཝི་ཧྲཱིཾ༔ ས་མ་ཡ་དགྲ་བོ་ཆེ་གེ་ཛཿཧཱུྃ་བཾ་ཧོཿདགྲ་བོ་ཆེ་གེ་མོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུལ་ཐུལ༔ མྱོག་མྱོག་ཡེད་ཡེད༔ ཤ་མ་རུ་ཏི་ཁུག་ཁུག༔ ལིང་མྱོག་ལིང་ཤག་ལིང་ཐུམ་ཙ་མུནྟྲི་ཛཿཧཱུྃ་བཾ་ཧོཿདེ་ནི་བླ་འགུགས་པའི་སྔགས་སོ༔ ཕོ་ཉ་བྲན་ནས་ནམ་གྱི་སྲོད་ལ་བརྒྱ་རྩ༔ ནམ་ཕྱེད་བརྒྱ་རྩ༔ ཐོ་རངས་ལ་བརྒྱ་རྩ༔ ཉིན་ཡང་དེ་ལྟར་བརྗོད༔ རང་དོན་དོ་གལ་ཆེན་པོ་འབྱུང་ཚེ་བྱ་བ་ལས་གང་རུང་ལ་དགོས་པ་མེད་དུ་མི་རུང་ངོ་༔ དེ་ནས་ཕོ་ཉས་བཀུག་པ་ནི༔ ཧྲཱི་ཛཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ ཚོགས་ཀྱི་བདག་པོའི་དུས་ལ་བབ༔ འདོད་པའི་རྒྱལ་པོའི་དུས་ལ་བབ༔ འགུགས་བྱེད་ཆེན་མོའི་དུས་ལ་བབ༔ འཆིང་བྱེད་ཆེན་མོའི་དུས་ལ་བབ༔ སྡོམ་བྱེད་ཆེན་མོའི་དུས་ལ་བབ༔ མྱོས་བྱེད་ཆེན་མོའི་དུས་ལ་བབ༔ དཔལ་མགོན་བདུན་ཅུའི་དུས་ལ་བབ༔ ལྷ་སྲིན་སྡེ་བརྒྱད་དུས་ལ་བབ༔ འཁོར་དང་བཅས་པའི་དུས་ལ་བབ༔ དམ་ཚིག་གཉན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ཐུགས་དམ་ཅན༔ དམ་ཉམས་དགྲ་བགེགས་ལས་ངན་འདི༔ རི་བོའི་རྩེ་དང་རྒྱ་མཚོའི་གཏིང་༔ དཀོན་མཆོག་སྐྱབས་འོག་སྔགས་པའི་ཁྱིམ༔ ལྷ་འདྲེ་མི་མ་ཡིན་གྱི་སྐྱབས༔ གང་ན་གནས་ཀྱང་ཁུག་ལ་ཤོག༔ མ་ཐོགས་མྱུར་དུ་གཟུགས་ལ་ཕོབས༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་མ་ཧཱ་ཀཱ་ལ་སརྦ་ས་པ་རི་ཝཱ་ར་ས་མ་ཡ་དགྲ་བོ་ཆེ་གེ་མོའི་བླ་སྲོག་རྣམ་པར་ཤེས་པ་ཨངྐུ་ཤ་ཛ་ཛཿདེ་ནས་ལྷ་དང་དབྱེ་བ་ནི༔ ཧྲཱི་ཛཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ ཚོགས་ཀྱི་བདག་པོའི་དུས་ལ་བབ༔ འདོད་པའི་རྒྱལ་པོའི་དུས་ལ་བབ༔ འགུགས་བྱེད་ཆེན་མོའི་དུས་ལ་བབ༔ འཆིང་བྱེད་ཆེན་མོའི་དུས་ལ་བབ༔ སྡོམ་བྱེད་ཆེན་མོའི་དུས་ལ་བབ༔ མྱོས་བྱེད་ཆེན་མོའི་དུས་ལ་བབ༔ དཔལ་མགོན་བདུན་ཅུའི་དུས་ལ་བབ༔ ལྷ་སྲིན་སྡེ་བརྒྱད་དུས་ལ་བབ༔ འཁོར་དང་བཅས་པའི་དུས་ལ་བབ༔ དམ་ཚིག་གཉན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ཐུགས་དམ་ཅན༔ དམ་ཉམས་དགྲ་བོ་ལས་ངན་འདི༔ ལྷན་ཅིག་སྐྱེས་པའི་ལྷ་དང་ཕྲོལ༔ མཉམ་པོར་འོང་བའི་བདུད་དང་སྤྲོད༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་མ་ཧཱ་ཀཱ་ལ་སརྦ་ས་པ་རི་ཝཱ་ར་ས་མ་ཡ་དགྲ་བོ་ལྷ་དང་ཕྱེས་ཕྱེས་ཕྲོལ་ཕྲོལ༔ མ་མ་ཏྲག་རཱུ་ཏྲ་མཱ་ར་ཡ་ཕྱེས་ཕཊ༔ དེ་ནས་འཆིང་བར་བྱེད་པ་ལ༔ ཧྲཱི་ཛཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ ཚོགས་ཀྱི་བདག་པོའི་དུས་ལ་བབ༔ འདོད་པའི་རྒྱལ་པོའི་དུས་ལ་བབ༔ འགུགས་བྱེད་ཆེན་མོའི་དུས་ལ་བབ༔ འཆིང་བྱེད་ཆེན་མོའི་དུས་ལ་བབ༔ སྡོམ་བྱེད་ཆེན་མོའི་དུས་ལ་བབ༔ མྱོས་བྱེད་ཆེན་མོའི་དུས་ལ་བབ༔ དཔལ་མགོན་བདུན་ཅུའི་དུས་ལ་བབ༔ ལྷ་སྲིན་སྡེ་བརྒྱད་དུས་ལ་བབ༔ འཁོར་དང་བཅས་པའི་དུས་ལ་བབ༔ དམ་ཚིག་གཉན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ཐུགས་དམ་ཅན༔ དམ་ཉམས་དགྲ་བོ་ལས་ངན་འདི༔ རེངས་པར་མཛོད་ལ་གྲུབ་ཆིངས་ཀྱི༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་མ་ཧཱ་ཀཱ་ལ་སརྦ་ས་པ་རི་ཝཱ་ར་ས་མ་ཡ་ཨ་མུ་ཀ་རིང་རིང་ཆིང་ཆིང་ཐུམ་རི་ལི་ལི་མཱ་ར་ཡ་ཧུར་ཐུམ་རྦད༔ དེ་ནས་སྨྱོ་རུ་གཞུག་པ་ལ༔ ཧྲཱི་ཛཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ ཚོགས་ཀྱི་བདག་པོའི་དུས་ལ་བབ༔ འདོད་པའི་རྒྱལ་པོའི་དུས་ལ་བབ༔ འགུགས་བྱེད་ཆེན་མོའི་དུས་ལ་བབ༔ འཆིང་བྱེད་ཆེན་མོའི་དུས་ལ་བབ༔ སྡོམ་བྱེད་ཆེན་མོའི་དུས་ལ་བབ༔ མྱོས་བྱེད་ཆེན་མོའི་དུས་ལ་བབ༔ དཔལ་མགོན་བདུན་ཅུའི་དུས་ལ་བབ༔ ལྷ་སྲིན་སྡེ་བརྒྱད་དུས་ལ་བབ༔ འཁོར་དང་བཅས་པའི་དུས་ལ་བབ༔ དམ་ཚིག་གཉན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ཐུགས་དམ་ཅན༔ དམ་ཉམས་དགྲ་བོ་ལས་ངན་འདི༔ སྨྱོས་ཤིང་བརྒྱལ་ཏེ་མྱོས་སུ་ཆུག༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་མ་ཧཱ་ཀཱ་ལ་སརྦ་ས་པ་རི་ཝཱ་ར་ས་མ་ཡ༔ དགྲ་བོ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་མཱ་ར་ཡ་རྦད་སོད༔ དེ་ནས་གཏུབ་པར་བྱེད་པ་ལ༔ ཧྲཱི་ཛཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ ཚོགས་ཀྱི་བདག་པོའི་དུས་ལ་བབ༔ འདོད་པའི་རྒྱལ་པོའི་དུས་ལ་བབ༔ འགུགས་བྱེད་ཆེན་མོའི་དུས་ལ་བབ༔ འཆིང་བྱེད་ཆེན་མོའི་དུས་ལ་བབ༔ སྡོམ་བྱེད་ཆེན་མོའི་དུས་ལ་བབ༔ མྱོས་བྱེད་ཆེན་མོའི་དུས་ལ་བབ༔ དཔལ་མགོན་བདུན་ཅུའི་དུས་ལ་བབ༔ ལྷ་སྲིན་སྡེ་བརྒྱད་དུས་ལ་བབ༔ འཁོར་དང་བཅས་པའི་དུས་ལ་བབ༔ དམ་ཚིག་གཉན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ཐུགས་དམ་ཅན༔ དམ་ཉམས་དགྲ་བོ་ལས་ངན་འདི༔ དུམ་བུར་གཏུབ་ལ་ཕྱེ་མར་ཐུལ༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་མ་ཧཱ་ཀཱ་ལ་སརྦ་ས་པ་རི་ཝཱ་ར་ས་མ་ཡ༔ དགྲ་བོ་ཏ་ཐ་ཡ་ཏ་ཐ་ཡ་ཕྱེ་མ་ཕྱེ་མ་མཱ་ར་ཡ་རྦད་རྦད་སོད་སོད༔ དེ་ནས་ཏྲི་ཤུལ་ཐོགས་ལ༔ ཧྲཱིཿརྡོ་རྗེའི་དམ་བཅའ་དང་ལྡན་པའི༔ གནམ་ལྕགས་ཏྲི་ཤུལ་འབར་བ་འདི༔ དགྲ་བོའི་ལུས་ངག་ཡིད་ལ་ཕོབས༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ཨ་མུ་ཀ་མཱ་ར་ཡ་ཐུལ་ཐུལ་རྦད་སོད༔ དེ་ནས་ཞགས་པས་བཏབ་ལ༔ ཧྲཱིཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ཕྲིན་ལས་མཛོད༔ ཐེབས་ནས་ཤོར་མེད་ཞགས་པ་འདི༔ དགྲ་བོའི་ལུས་ངག་ཡིད་ལ་ཕོབས༔ མེ་སྟག་ཆུ་ཡིས་བསད་བཞིན་ཐོངས༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཧུར་ཐུམ་རྦད༔ དེ་ནས་ལྕགས་ཀྱུས་གདབ་ལ༔ ཧྲཱིཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ཕྲིན་ལས་མཛོད༔ འགུགས་བྱེད་ལྕགས་ཀྱུ་འབར་བ་འདི༔ དགྲ་བོའི་ལུས་ངག་ཡིད་ལ་ཕོབས༔ བཀུག་ཅིང་བསྒྲལ་བའི་ལས་མཛོད་ཅིག༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཧུར་ཐུམ་རྦད༔ དེ་ནས་བེ་ཅོན་ཐོགས་ལ༔ ཧྲཱིཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ཕྲིན་ལས་མཛོད༔ བརྡུང་བྱེད་བེ་ཅོན་འབར་བ་འདི༔ དགྲ་བོའི་ལུས་ངག་ཡིད་ལ་ཕོབས༔ ཐལ་བའི་རྡུལ་ཕྲན་བརླག་པར་མཛོད༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཧུར་ཐུམ་རྦད༔ དེ་ནས་རལ་གྲི་འབར་བས་གདབ་ལ༔ ཧཱུྃ༔ དབང་ཕྱུག་ཆེན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ཕྲིན་ལས་མཛོད༔ གནམ་ལྕགས་རལ་གྲི་ངར་མ་འདི༔ དགྲ་བོའི་ལུས་ངག་ཡིད་ལ་ཕོབས༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཧུར་ཐུམ་རྦད༔ དེ་ནས་རྒྱ་གྲམ་འབར་བས་གདབ་ལ༔ ཧཱུྃ༔ དབང་ཕྱུག་ཆེན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ཕྲིན་ལས་མཛོད༔ སྣ་ཚོགས་རྡོ་རྗེ་འབར་བ་འདི༔ དགྲ་གེགས་ལུས་ངག་ཡིད་ལ་ཕོབས༔ ཐལ་བའི་རྡུལ་དུ་བརླག་པར་མཛོད༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཧུར་ཐུམ་རྦད༔ དེ་ནས་ཟངས་ཕྱེས་བྲབ་ལ༔ ཧྲཱིཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ཕྲིན་ལས་མཛོད༔ ཟངས་ཕྱེའི་ཐུན་ཆར་དྲག་ཕོབ་ལ༔ དགྲ་བོ་མ་ཤོར་མྱུར་དུ་སོད༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཧུར་ཐུམ་རྦད༔ དེ་ནས་ལྕགས་ཕྱེས་བྲབ་ལ༔ ཧྲཱིཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ཕྲིན་ལས་མཛོད༔ ལྕགས་ཕྱེའི་ཐུན་ཆར་དྲག་ཕོབ་ལ༔ དགྲ་བོ་མ་ཤོར་མྱུར་དུ་སོད༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཧུར་ཐུམ་རྦད༔ དེ་ནས་རྡོ་ཕྱེས་བྲབ་ལ༔ ཧྲཱིཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ཕྲིན་ལས་མཛོད༔ རྡོ་ཕྱེའི་ཐུན་ཆར་དྲག་ཕོབ་ལ༔ དགྲ་བོ་མ་ཤོར་མྱུར་དུ་སོད༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཧུར་ཐུམ་རྦད༔ དེ་ནས་ཡུངས་དཀར་བྲབ་ལ༔ ཧྲཱིཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ཕྲིན་ལས་མཛོད༔ ཉུང་དཀར་ཐུན་ཆར་དྲག་ཕོབ་ལ༔ དགྲ་བོ་མ་ཤོར་མྱུར་དུ་སོད༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཧུར་ཐུམ་རྦད༔ དེ་ནས་ཉུང་ནག་བྲབ་ལ༔ ཧྲཱིཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ཕྲིན་ལས་མཛོད༔ ཉུང་ནག་ཐུན་ཆར་དྲག་ཕོབ་ལ༔ དགྲ་བོ་མ་ཤོར་མྱུར་དུ་སོད༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཧུར་ཐུམ་རྦད༔ དེ་ནས་ཏིལ་དཀར་བྲབ་ལ༔ ཧྲཱིཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ཕྲིན་ལས་མཛོད༔ ཏིལ་དཀར་ཐུན་ཆར་དྲག་ཕོབ་ལ༔ དགྲ་བོ་མ་ཤོར་མྱུར་དུ་སོད༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཧུར་ཐུམ་རྦད༔ དེ་ནས་ཏིལ་ནག་བྲབ་ལ༔ ཧྲཱིཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ཕྲིན་ལས་མཛོད༔ ཏིལ་ནག་ཐུན་ཆར་དྲག་ཕོབ་ལ༔ དགྲ་བོ་མ་ཤོར་མྱུར་དུ་སོད༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཧུར་ཐུམ་རྦད༔ དེ་ནས་ཀེ་མཚེ་བྲབ་ལ༔ ཧྲཱིཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ཕྲིན་ལས་མཛོད༔ ཀེ་མཚེའི་ཐུན་ཆར་དྲག་ཕོབ་ལ༔ དགྲ་བོ་མ་ཤོར་མྱུར་དུ་སོད༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཧུར་ཐུམ་རྦད༔ དེ་ནས་ཤངས་མཚེ་བྲབ་ལ༔ ཧྲཱིཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ཕྲིན་ལས་མཛོད༔ ཤངས་མཚེ་ཐུན་ཆར་དྲག་ཕོབ་ལ༔ དགྲ་བོ་མ་ཤོར་མྱུར་དུ་སོད༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཧུར་ཐུམ་རྦད༔ དེ་ནས་དུག་ཐུན་གདབ་ལ༔ ཧྲཱིཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ཕྲིན་ལས་མཛོད༔ སྣ་ཚོགས་དུག་ཐུན་ཆར་ཕོབ་ལ༔ དགྲ་བོ་མ་ཤོར་མྱུར་དུ་སོད༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཧུར་ཐུམ་རྦད༔ དེ་ནས་ཁྲག་སྣ་བཏབ་ལ༔ ཧྲཱིཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ཕྲིན་ལས་མཛོད༔ རྒྱུ་རྐྱེན་གསོད་པའི་ཁྲག་ཐུན་ཐོབས༔ དགྲ་བོ་མ་ཤོར་མྱུར་དུ་སོད༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་པ་རི་ཝཱ་ར་དགྲ་བོ་མཱ་ར་ཡ་རྦད་རྦད་ཧུར་ཐུམ་སོད༔ དེ་ནས་ས་ཐུན་གདབ་ལ༔ ཧྲཱིཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ ས་ཐུན་དྲག་པོ་དགྲ་ལ་ཐོབས༔ ས་ཁམས་རང་གཤེད་རང་ལ་ཕོབས༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་པ་རི་ཝཱ་ར་དགྲ་བོ་མཱ་ར་ཡ་རྦད་རྦད་ཧུར་ཐུམ་སོད༔ དེ་ནས་ཆུ་ཐུན་གདབ་ལ༔ ཧྲཱིཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ ཆུ་ཐུན་དྲག་པོ་དགྲ་ལ་ཐོབས༔ ཆུ་ཁམས་རང་གཤེད་རང་ལ་ཕོབས༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་པ་རི་ཝཱ་ར་དགྲ་བོ་མཱ་ར་ཡ་རྦད་རྦད་ཧུར་ཐུམ་སོད༔ དེ་ནས་མེ་ཐུན་གདབ་ལ༔ ཧྲཱིཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ མེ་ཐུན་དྲག་པོ་དགྲ་ལ་ཐོབས༔ མེ་ཁམས་རང་གཤེད་རང་ལ་ཕོབས༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་པ་རི་ཝཱ་ར་དགྲ་བོ་མཱ་ར་ཡ་རྦད་རྦད་ཧུར་ཐུམ་སོད༔ དེ་ནས་རླུང་ཐུན་ཐོགས་ལ༔ ཧྲཱིཿདབང་ཕྱུག་ཆེན་པོའི་དུས་ལ་བབ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ རླུང་ཐུན་དྲག་པོ་དགྲ་ལ་ཐོབས༔ རླུང་ཁམས་རང་གཤེད་རང་ལ་ཕོབས༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་པ་རི་ཝཱ་ར་དགྲ་བོ་མཱ་ར་ཡ་རྦད་རྦད་ཧུར་ཐུམ་སོད༔ ཧྲཱིཿདབང་ཕྱུག་ལྷ་ཚོགས་དུས་ལ་བབ༔ མ་གཡེལ་ཕྲིན་ལས་མྱུར་དུ་མཛོད༔ ཕོ་ཉ་ལས་མཁན་ལས་ལ་ཁྱེས༔ ཕུར་པ་ཅན་གྱིས་སྙིང་ལ་རྒྱོབ༔ རྡོ་རྗེ་ཅན་གྱིས་ཤ་རུས་ཐུལ༔ རལ་གྲི་ཅན་གྱིས་དུམ་བུར་གཏུབ༔ འཁོར་ལོ་ཅན་གྱིས་ཕྱེ་མར་གཏོར༔ ཟ་བྱེད་འབར་བས་ཤ་ལ་རོལ༔ ཁྲག་འཐུང་ཚོགས་ཀྱིས་ཁྲག་ལ་རོལ༔ ལྷ་འདྲེ་གདུག་པའི་ཟ་སྐལ་གྱིས༔ རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ ལོ་ཟླར་འགྱངས་སུ་མ་ཤོར་བར༔ དོ་ནུབ་ཉིད་དུ་བརླག་པར་མཛོད༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་དགྲ་བོ་མཱ་ར་ཡ་རྦད་རྦད་ཧུར་ཐུམ་སོད༔ དྲག་སྔགས་བརྗོད་ཅིང་གཏུབ༔ དེ་ནས་ཞལ་དུ་བསྟབས་པ་ནི༔ ཧྲཱིཿདམ་ཉམས་དགྲ་བོ་བསྒྲལ་བ་ཡི༔ ཕུང་ཁམས་སྐྱེ་མཆེད་ལོངས་སྤྱོད་བཅས༔ དབང་ཕྱུག་ཆེན་པོའི་ཞལ་དུ་བསྟབས༔ ཨུ་མ་དཱེ་ཝིའི་ཞལ་དུ་བསྟབས༔ དཔལ་མགོན་བདུན་ཅུའི་ཞལ་དུ་བསྟབས༔ དྲེགས་པའི་འཁོར་གྱི་ཞལ་དུ་བསྟབས༔ ལྷ་སྲིན་སྡེ་བརྒྱད་ཞལ་དུ་བསྟབས༔ བཞེས་ཤིག་རོལ་ཞིག་ཁ་རཾ་ཁཱ་ཧི༔ མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་པ་རི་ཝཱ་ར་དགྲ་བོའི་མཱཾ་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ དེ་ལྟར་དགྲ་བགེགས་བསྒྲལ་བའི་ལས་བརྩོན་ཚེ༔ རང་ཉིད་ལྷ་ཡི་ང་རྒྱལ་དང་ལྡན་ཞིང་༔ མདུན་བསྐྱེད་ལྷ་ཡང་མངོན་སུམ་གསལ་བ་དང་༔ ལིང་ག་དགྲ་བོ་དངོས་སུ་གསལ་བ་དང་༔ ཐུན་མཚོན་ལས་མཁན་མཚོན་ཐོགས་དམག་དཔུང་དུ༔ བསྐྱེད་ཅིང་གདབ་ཚེ་དགྲ་བོའི་མི་ནོར་དཀོར༔ མེ་སྟག་ཆུ་ཡིས་བསད་པ་ཇི་བཞིན་དུ༔ མིང་གི་ལྷག་ཙམ་མེད་པར་བརླག་པར་བསམ༔ མཐར་ནི་ཤོག་བྲིས་ལིང་ག་མ་གཏོགས་པའི༔ ཟན་གྱི་ཉ་བོ་ཐམས་ཅད་དུམ་བུར་གཏུབ༔ ལྷ་ཚོགས་ཞལ་དུ་དགྲབགེགས་ཤ་ཁྲག་ཏུ༔ ལྷག་མེད་བསྟབས་པས་ལྷག་མེད་རོལ་པར་བསམ༔ དེ་ཡིས་དགྲ་དཔུང་མ་ལུས་བརླག་པ་དང་༔ བགེགས་རྣམས་ཐམས་ཅད་ལྷག་མེད་གཞོམ་པར་བྱེད༔ སྔགས་མཁན་བཀྲ་ཤིས་མཐུ་ཆེ་བསོད་ནམས་རྒྱས༔ སྙན་དང་གྲགས་པས་ས་སྟེང་ཁྱབ་པར་གྱུར༔ བཀའ་སྲུང་དྲེགས་པ་གཟའ་བདུད་རྒྱལ་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་མཁྱེན་རབ་རྒྱ་མཚོས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་ཀྱིས་གཏན་ལ་ཕབ་པའི་ཡི་གེ་པ་ཡང་དེ་ཉིད་དོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}}
ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༠༢༠༤༔ འདི་ཡི་ལག་ལེན་རིམ་པ་ལ༔ དྲག་པོའི་གཏོར་མ་རྩེ་གསུམ་ལ༔ འཁོར་ནི་གཉིས་དང་བརྒྱད་ཀྱིས་བསྐོར༔ ཟོར་ཀོང་ཁྲག་ཀོང་སྐྱུ་གུས་བསྐོར༔ མཆོད་རྫས་དྲག་པོའི་རྣམ་ལྔ་དང་༔ ལིང་རོ་ཉལ་ཉིལ་ཁྲག་སྐྱེམས་དང་༔ གཏོར་མ་ཤ་དུམ་མང་པོ་བཤམས༔ དེ་ནས་གཏོར་མ་དེ་ཉིད་ནི༔ ལྷ་ཆེན་ཡབ་ཡུམ་འཁོར་བཅས་སུ༔ གསལ་ཏེ་བཟློག་པའི་ལས་བཅོལ་བྱ༔ འགུགས་གཞུག་བྱས་མཐར༔ ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་བླ་མ་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས༔ ཐུགས་དམ་བསྐུལ་ལོ་བཟློག་པའི་ལས་ལ་བཞེངས༔ སྐུ་ནི་དྲག་པོའི་གར་བསྒྱུར་རབ་ཁྲོས་པས༔ མི་སྲུན་རྔམས་བརྗིད་གར་དགུའི་ཉམས་ལྡན་ཅིང་༔ རབ་འཇིགས་དུར་ཁྲོད་ཆས་བརྒྱད་རྒྱན་རྫོགས་པའི༔ སྣང་སྲིད་ཐམས་ཅད་ཡོངས་སུ་འགེངས་པར་མཛོད༔ གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས༔ ཧཱུྃ་ཕཊ་རྒྱོབ་སོད་བྷྱོ་ཟློག་སྒྲ་སྒྲོགས་ཤིང་༔ ཐུགས་སྤྲུལ་འཁོར་བའི་སྡུག་བསྔལ་གཞོམ་བྱེད་པའི༔ ཐུན་མཚོན་རྫས་སྔགས་ཁྲོ་ཆུང་ཁྱུང་སྡིག་པ༔ བསྐལ་འཇིགས་མེ་རླུང་ཆུ་ལྟར་འཁྲུགས་པ་ཡིས༔ དྲག་པོའི་མངོན་སྤྱོད་འཁྲུལ་འཁོར་རབ་ཏུ་འགྱེད༔ གནོད་བྱེད་དགྲ་གེགས་བཟློག་བསྒྱུར་ལས་མཛོད་ཅིག༔ འཇིག་རྟེན་དབང་ཕྱུག་རབ་ཁྲོས་དྲག་པོའི་སྐུ༔ མཐིང་ནག་འབར་བ་ཞལ་གཅིག་ཕྱག་གཉིས་པ༔ དབུ་ཡིས་སྲིད་པའི་རྩེ་ནས་ལྷ་གསུམ་འདུལ༔ ལྷ་ཡི་གདོན་ཚོགས་མ་ལུས་དགྲ་ལ་བཟློག༔ ཕྱག་གཡས་གནམ་ལྕགས་ཏྲི་ཤུལ་ཀླད་ལ་བསྐོར༔ ལྷ་མ་ཡིན་གྱི་སྡེ་ཚོགས་དགྲ་ལ་བཟློག༔ ཕྱག་གཡོན་འཆིང་བྱེད་ཞགས་པ་ཐུགས་ཀར་འཛིན༔ བཀའ་སྲུང་སྡེ་བརྒྱད་གཡོ་འཁྲུག་དགྲ་ལ་བཟློག༔ སྐེད་པ་བར་སྣང་ཁམས་ཀྱི་འཇིག་རྟེན་འདུལ༔ མི་དང་མི་མིན་གནོད་པ་དགྲ་ལ་བཟློག༔ ཞབས་གཉིས་ངན་སོང་གསུམ་གྱི་སྐྱེ་སྒོ་བཅད༔ ངན་སོང་འཁོར་བའི་གཡོ་འཁྲུག་དགྲ་ལ་བཟློག༔ སྲིད་པ་ཤར་གྱི་སྐྱེ་འགྲོ་ཁ་ལོ་སྒྱུར༔ ཞི་བའི་ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ༔ ཤར་ཕྱོགས་སྐྱོང་མཛད་ཐུགས་ཀྱི་སྤྲུལ་པ་ཡིས༔ ཤར་གྱི་བསྟན་དགྲ་སྡེ་དང་བཅས་པ་བཟློག༔ བསྟན་དགྲའི་མཐུ་ནུས་རྫས་སྔགས་རྦོད་གཏོང་བཅས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐུལ༔ སྲིད་པ་ལྷོ་ཕྱོགས་སྐྱེ་འགྲོ་ཁ་ལོ་བསྒྱུར༔ རྒྱས་པའི་ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ༔ ལྷོ་ཕྱོགས་སྐྱོང་མཛད་ཡོན་ཏན་སྤྲུལ་པ་ཡིས༔ ལྷོ་ཡི་བསྟན་དགྲ་སྡེ་དང་བཅས་པ་བཟློག༔ བསྟན་དགྲའི་མཐུ་ནུས་རྫས་སྔགས་རྦོད་གཏོང་བཅས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐུལ༔ སྲིད་པ་ནུབ་ཀྱི་སྐྱེ་འགྲོ་ཁ་ལོ་བསྒྱུར༔ དབང་གི་ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ༔ ནུབ་ཕྱོགས་སྐྱོང་མཛད་ཡོན་ཏན་སྤྲུལ་པ་ཡིས༔ ནུབ་ཀྱི་བསྟན་དགྲ་སྡེ་དང་བཅས་པ་བཟློག༔ བསྟན་དགྲའི་མཐུ་ནུས་རྫས་སྔགས་རྦོད་གཏོང་བཅས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐུལ༔ སྲིད་པ་བྱང་གི་སྐྱེ་འགྲོ་ཁ་ལོ་བསྒྱུར༔ དྲག་པོའི་ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ༔ བྱང་ཕྱོགས་སྐྱོང་མཛད་ཕྲིན་ལས་སྤྲུལ་པ་ཡིས༔ བྱང་ཕྱོགས་བསྟན་དགྲ་སྡེ་དང་བཅས་པ་བཟློག༔ བསྟན་དགྲའི་མཐུ་ནུས་རྫས་སྔགས་རྦོད་གཏོང་བཅས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐུལ༔ སྲིད་པ་དབུས་ཕྱོགས་སྐྱེ་འགྲོ་ཁ་ལོ་བསྒྱུར༔ ཕྲིན་ལས་རབ་འབྱམས་མ་ལུས་ལྷུན་གྱིས་གྲུབ༔ དབུས་ཕྱོགས་བསྟན་དགྲ་སྡེ་དང་བཅས་པ་བཟློག༔ བསྟན་དགྲའི་མཐུ་ནུས་རྫས་སྔགས་རྦོད་གཏོང་བཅས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐུལ༔ སྲིད་པ་མཚམས་བཞིའི་སྐྱེ་འགྲོ་ཁ་ལོ་བསྒྱུར༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ༔ མཚམས་བཞི་སྐྱོང་བའི་བཀའ་སྲུང་དྲེགས་པའི་འཁོར༔ མཚམས་བཞིའི་བསྟན་དགྲ་སྡེ་དང་བཅས་པ་བཟློག༔ བསྟན་དགྲའི་མཐུ་ནུས་རྫས་སྔགས་རྦོད་གཏོང་བཅས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐུལ༔ བསྟན་དང་འགྲོ་ལ་རྒོལ་བའི་བསམ་སྤྱོད་ཀྱིས༔ ས་རྡོ་རྩི་ཤིང་རྫས་སྔགས་ཀྱིས་སྦག་ནས༔ སྲོག་ཆགས་ཕྲ་མོ་གཟན་ལ་འགྱེད་ནས་སུ༔ ལོ་འབྲས་ཟས་གོས་དཔལ་ལ་ཟ་བྱེད་པའི༔ རྫས་སྔགས་འཕྲུལ་གྱི་མཁན་པོ་དང་བཅས་པ༔ སྒྲོན་ཤིང་ཚལ་དུ་མེ་ཆེན་མཆེད་པ་བཞིན༔ རྗེས་ཤུལ་ལྷག་མ་མེད་པར་བརླག་པར་མཛོད༔ སླར་ཡང་འབྱུང་ན་མཐུ་དང་སྟོབས་ཀྱིས་བཟློག༔ རྫས་ངན་སྔགས་དང་ལོག་པའི་ཏིང་འཛིན་གྱིས༔ ས་སྐྱོང་གཞི་བདག་ལྷ་སྲིན་དབང་བསྒྱུར་ནས༔ མི་རྣམས་ཤེས་རྒྱུད་ནག་ཕྱོགས་ལ་བསྒྱུར་བའི༔ མཐའ་མི་སྡིག་སྤྱོད་ལས་ངན་བདུད་སྡེ་འབངས༔ རྩ་སྦུར་དུས་མཐའི་མེ་ཡིས་གཞོམ་པ་བཞིན༔ སྐད་ཅིག་མྱུར་བ་ཉིད་དུ་བརླག་པར་མཛོད༔ རྫས་སྔགས་ཏིང་འཛིན་ནུས་པ་རང་གཤེད་ཕོབས༔ རྗེས་ཤུལ་མེད་པར་བསྟན་དགྲའི་སྲོག་ལ་བཟློག༔ མིག་བསླུས་འཕྲུལ་བསྒྱུར་འགྲོ་བའི་སྣང་སེམས་བསླུ༔ ས་རྡོ་རིན་ཆེན་ནོར་དུ་བསྒྱུར་ནས་སུ༔ ས་མིག་གནས་བཟུང་ཡུལ་ཀུན་རིམ་པ་བཞིན༔ ཁ་ལོ་བསྒྱུར་ཞིང་རྒྱལ་ཁམས་མངའ་འོག་འདྲེན༔ སེམས་ཅན་བདེ་སྐྱིད་དཀར་པོའི་དགེ་བཅུ་བསྣུབ༔ མཐའ་མེད་འཁོར་བའི་ཁྲི་མུན་གནས་སུ་འཕང་༔ འདི་འདྲའི་ལས་ངན་གདུག་འདྲེ་བདུད་སྡེ་འབངས༔ མ་ལུས་འབྲུ་དྲུག་སེར་བས་བཅོམ་པ་བཞིན༔ དཀོན་མཆོག་རྩ་གསུམ་སྲུང་མ་སྤྱི་དང་ནི༔ དབང་ཕྱུག་དྲེགས་པའི་ཚོགས་ཀྱིས་བརླག་པར་མཛོད༔ དབང་ཕྱུག་ལྷ་མགོན་བཀའ་སྲུང་དྲེགས་པའི་སྡེ༔ མ་ལུས་དཀར་པོ་དགེ་བའི་གྲོགས་སུ་བསྐུལ༔ ལྷ་དམག་དཀར་པོའི་དབུ་འཕང་མཐོ་བ་དང་༔ ལྷ་མིན་རྨ་ཕོབ་ཉམ་ཐག་ལས་མཛོད་ལ༔ སྐྱེ་འགྲོའི་སྡུག་བསྔལ་ཉེས་ཚོགས་ནད་མུག་མཚོན༔ མ་ལུས་བསྟན་དགྲ་མཐའ་མིའི་སྟེང་དུ་བཟློག༔ མུ་སྟེགས་ཀླ་ཀློའི་མཐའ་མི་ཧོར་ཕུ་དང་༔ ཀྱ་སོགས་བསྟན་དགྲ་མ་ལུས་སྡེ་དང་བཅས༔ འཆི་བདག་ལས་ཀྱི་གཤིན་རྗེའི་ཁ་རུ་བཟློག༔ ལུས་ཀྱི་ལྷ་ལ་རྫས་སྔགས་ཀྱིས་གཏོར་བས༔ མི་རྣམས་ཀུན་ལ་ནད་རིམས་སྣ་ཚོགས་དར༔ དེ་ཡང་བཀའ་སྲུང་དྲེགས་པའི་སྟོབས་ཀྱིས་བཟློག༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་སྟོབས་ཀྱིས་བཟློག༔ ཆོས་ཉིད་རྣམ་པར་དག་པའི་སྟོབས་ཀྱིས་བཟློག༔ རྟེན་འབྲེལ་རྒྱུ་འབྲས་ཟབ་མོའི་སྟོབས་ཀྱིས་བཟློག༔ ཧཱུྃ་ཧྲཱིཿདབང་ཕྱུག་མ་ཧཱ་དཱེ་ཝ་ལྷ་ཆེན་པོ༔ ཁམས་གསུམ་སྣོད་བཅུད་ཀུན་གྱི་མེས་ཆེན་པོ༔ སྲིད་པ་ལེགས་ཉེས་ཀུན་གྱི་བྱེད་པ་པོ༔ ཐུགས་དམ་བསྐུལ་ལོ་བཟློག་པའི་ལས་མཛོད་ཅིག༔ ཁམས་གསུམ་གཡོ་འཁྲུག་སྲིད་པའི་སྡུག་བསྔལ་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ དགྲ་ཇག་ཆོམ་རྐུན་བསམ་ངན་སྦྱོར་རྩུབ་དང་༔ བཀའ་སྲུང་གཞི་བདག་ཕོ་གདོན་མོ་གདོན་དང་༔ ཀླུ་གདོན་ཆེ་འདྲེ་ཆུང་སྲི་གོད་སྲི་སོགས༔ གནོད་བྱེད་དགྲ་བགེགས་ལོག་པར་འདྲེན་པ་རྣམས༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ མི་ཡི་ན་ཚ་ཕྱུགས་ཀྱི་གོད་ཁ་དང་༔ ཞིང་གི་སད་སེར་ལོ་ནད་བཙའ་ཐན་དང་༔ མུ་གེ་འཁྲུགས་རྩོད་མི་མཐུན་ཕྱོགས་རྣམས་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ ཟ་འདྲེ་ཕུང་སྲི་འགོང་འདྲེ་བསེ་རག་དང་༔ སྔོན་གྱི་ལས་དང་འཕྲལ་རྐྱེན་ལས་གྱུར་པའི༔ འདྲེ་གདོན་གནོད་བྱེད་མ་ལུས་ཐམས་ཅད་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ ཧྲཱིཿདབང་ཕྱུག་མ་ཧཱ་དཱེ་ཝ་ལྷའི་བླ་མ༔ ཡུམ་མཆོག་ཨུ་མ་དཱེ་ཝི་མ་ཆེན་མོ༔ སྲིད་པ་མོ་རྒྱུད་ཡོངས་ཀྱི་དབང་ཕྱུག་མོ༔ ཁམས་གསུམ་གནས་རིགས་ཀུན་གྱི་ལེགས་ཉེས་བསྒྱུར༔ ཁྲོས་པའི་རྒྱལ་མོ་ཆེན་མོ་འཁོར་དང་བཅས༔ དམ་ཚིག་གཉན་པོས་བཟློག་པའི་ལས་བཅོལ་ལོ༔ ཁམས་གསུམ་གཡོ་འཁྲུག་སྲིད་པའི་སྡུག་བསྔལ་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ དགྲ་ཇག་ཆོམ་རྐུན་བསམ་ངན་སྦྱོར་རྩུབ་དང་༔ བཀའ་སྲུང་གཞི་བདག་ཕོ་གདོན་མོ་གདོན་དང་༔ ཀླུ་གདོན་ཆེ་འདྲེ་ཆུང་སྲི་གོད་སྲི་སོགས༔ གནོད་བྱེད་དགྲ་བགེགས་ལོག་པར་འདྲེན་པ་རྣམས༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ མི་ཡི་ན་ཚ་ཕྱུགས་ཀྱི་གོད་ཁ་དང་༔ ཞིང་གི་སད་སེར་ལོ་ནད་བཙའ་ཐན་པ༔ མུ་གེ་འཁྲུགས་རྩོད་མི་མཐུན་ཕྱོགས་ངན་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ ཟ་འདྲེ་ཕུང་སྲི་འགོང་འདྲེ་བསེ་རག་དང་༔ སྔོན་གྱི་ལས་དང་འཕྲལ་རྐྱེན་ལས་གྱུར་པའི༔ འདྲེ་གདོན་གནོད་བྱེད་མ་ལུས་ཐམས་ཅད་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ ཧྲཱིཿལྷ་ཆེན་ཚོགས་ཀྱི་བདག་པོ་དབང་ཆེན་དཔལ༔ སྣང་སྲིད་ལེགས་ཉེས་ཀུན་གྱི་བྱེད་པོ་ཆེ༔ དམ་ཚིག་གཉན་པོས་བཟློག་པའི་ལས་བཅོལ་ལོ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་དང་༔ མི་ཕྱུགས་ནད་རིམས་བར་ཆད་རྐྱེན་གེགས་དང་༔ འཇིགས་དང་སྡུག་བསྔལ་མི་མཐུན་ཕྱོགས་ངན་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ དཔལ་མགོན་བདུན་ཅུ་རྩ་ལྔ་འཁོར་དང་བཅས༔ སངས་རྒྱས་བསྟན་སྲུང་དཀར་ཕྱོགས་སྐྱོང་བའི་ལྷ༔ དམ་ཚིག་གཉན་གྱིས་བཟློག་པའི་ལས་བཅོལ་ལོ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་དང་༔ མི་ཕྱུགས་ནད་རིམས་བར་ཆད་རྐྱེན་གེགས་དང་༔ འཇིགས་དང་སྡུག་བསྔལ་མི་མཐུན་ཕྱོགས་ངན་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་གཉན་པོ་རྣམས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་དཔལ༔ དམ་ཚིག་གཉན་གྱིས་བཟློག་པའི་ལས་བཅོལ་ལོ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་དང་༔ མི་ཕྱུགས་ནད་རིམས་བར་ཆད་རྐྱེན་གེགས་དང་༔ འཇིགས་དང་སྡུག་བསྔལ་མི་མཐུན་ཕྱོགས་ངན་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ ཧཱུྃ་ཛཿབཀའ་ཡི་ལྷ་སྲིན་སྡེ་བརྒྱད་སྡེ་དང་དཔུང་༔ བསྟན་དགྲའི་སྲོག་གི་གཤེད་དུ་ལྷུན་གྱིས་གྲུབ༔ དམ་ཚིག་གཉན་གྱིས་བཟློག་པའི་ལས་བཅོལ་ལོ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་དང་༔ མི་ཕྱུགས་ནད་རིམས་བར་ཆད་རྐྱེན་གེགས་དང་༔ འཇིགས་དང་སྡུག་བསྔལ་མི་མཐུན་ཕྱོགས་ངན་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ སྣང་སྲིད་ཡུལ་གཞི་སྐྱོང་བའི་གཞི་བདག་ཚོགས༔ རང་ཕྱོགས་སྐྱོང་ཞིང་དགྲ་ལ་རྒོལ་བར་བྱེད༔ དམ་ཚིག་གཉན་གྱིས་བཟློག་པའི་ལས་བཅོལ་ལོ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་དང་༔ མི་ཕྱུགས་ནད་རིམས་བར་ཆད་རྐྱེན་གེགས་དང་༔ འཇིགས་དང་སྡུག་བསྔལ་མི་མཐུན་ཕྱོགས་ངན་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ མདོར་ན་ལྷ་ཆེན་དབང་ཕྱུག་ཆེན་པོ་ཡི༔ འཁོར་འབངས་བཀའ་སྡོད་དྲེགས་པའི་སྡེ་ཚོགས་རྣམས༔ མ་ཐོགས་མྱུར་དུ་སྐུར་བཞེངས་འདིར་གཤེགས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་བཟློག་བསྒྱུར་དྲག་པོའི་ཕྲིན་ལས་མཛོད༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་དང་༔ མི་ཕྱུགས་ནད་རིམས་བར་ཆད་རྐྱེན་གེགས་དང་༔ འཇིགས་དང་སྡུག་བསྔལ་མི་མཐུན་ཕྱོགས་ངན་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ ཧཱུྃ༔ ཁམས་གསུམ་སྲིད་པའི་མེས་ཆེན་པོ༔ དབང་ཕྱུག་མ་ཧཱ་དཱེ་ཝ་ཡིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ སེམས་ཅན་ཀུན་གྱི་གནོད་འཚེ་བཟློག༔ སྣང་སྲིད་ལེགས་ཉེས་བྱེད་པ་མོ༔ ལྷ་མོ་ཨུ་མ་དཱེ་ཝི་ཡིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ སྣང་སྲིད་ཡོངས་ཀྱི་གནོད་འཚེ་བཟློག༔ འདོད་པ་ཁམས་ཀྱི་དབང་ཆེན་པོ༔ ལྷ་ཆེན་ག་ཎ་པ་ཏི་ཡིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ འདོད་ཁམས་ཡོངས་ཀྱི་གནོད་འཚེ་བཟློག༔ ལྷ་གཉན་ཀླུ་ཡི་དབང་ཆེན་པོ༔ དཔལ་མགོན་བདུན་ཅུ་རྩ་ལྔ་ཡིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ སྣོད་བཅུད་བརྟན་གཡོའི་གནོད་འཚེ་བཟློག༔ སྣང་སྲིད་ཁ་ལོ་བསྒྱུར་བའི་ལྷ༔ དྲེགས་པའི་སྡེ་དཔོན་འབངས་བཅས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དྲེགས་པ་ཡོངས་ཀྱི་གནོད་འཚེ་བཟློག༔ ལྷ་ཡི་དབང་པོ་བརྒྱ་བྱིན་དང་༔ དེ་འཁོར་ལྷ་དང་ལྷ་མོ་ཡིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ལྷ་དང་ལྷ་མོའི་གནོད་འཚེ་བཟློག༔ ལྷ་མིན་དབང་པོ་ཐག་བཟང་རིས༔ ལྷ་མིན་ཕོ་མོ་འཁོར་དང་བཅས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ལྷ་མིན་ཡོངས་ཀྱི་གནོད་འཚེ་བཟློག༔ མི་ཡི་དབང་པོ་འཁོར་ལོས་སྒྱུར༔ དགྲ་ལྷ་ཡུལ་ལྷའི་ཚོགས་དང་བཅས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ མི་རྣམས་ཡོངས་ཀྱི་གནོད་འཚེ་བཟློག༔ བྱོལ་སོང་དབང་པོ་སེང་རབ་བརྟན༔ དེ་འཁོར་ཡང་འཁོར་བཅས་རྣམས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ བྱོལ་སོང་ཡོངས་ཀྱི་གནོད་འཚེ་བཟློག༔ ཡི་དྭགས་དབང་པོ་ཁ་འབར་མ༔ དེ་འཁོར་བྲན་འབངས་བཅས་རྣམས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ཡི་དྭགས་ཡོངས་ཀྱི་གནོད་འཚེ་བཟློག༔ དམྱལ་བའི་དབང་པོ་ཆོས་ཀྱི་རྒྱལ༔ དེ་འཁོར་གཤིན་རྗེའི་སྡེ་ཚོགས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དམྱལ་བ་ཡོངས་ཀྱི་གནོད་འཚེ་བཟློག༔ ལྷ་ཆེན་ཚངས་པ་དཀར་པོ་དང་༔ ལྷ་དམག་བྱེ་བ་བསམ་ཡས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དཀར་པོ་ལྷ་ཡི་གནོད་འཚེ་བཟློག༔ བཙན་རྒོད་ཡམས་ཤུད་སྲོག་བདུད་པོ༔ བཙན་དམག་བྱེ་བ་འབུམ་བཅས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དམར་པོ་བཙན་གྱི་གནོད་འཚེ་བཟློག༔ གཤིན་རྗེ་ཡ་མ་རཱ་ཙ་ནི༔ འཁོར་ཚོགས་དམག་དང་དཔུང་བཅས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ འཆི་བདག་གཤིན་རྗེའི་གནོད་འཚེ་བཟློག༔ སྲོག་བདག་པེ་ཧར་རྒྱལ་པོ་དང་༔ དེ་འཁོར་ཡང་འཁོར་དཔུང་བཅས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ སྲོག་བདག་རྒྱལ་པོའི་གནོད་འཚེ་བཟློག༔ མ་མོ་སྲིད་པའི་རྒྱལ་མོ་ཆེ༔ སྤྲུལ་པ་འབངས་འཁོར་བཅས་རྣམས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ སྲིད་པ་མ་མོའི་གནོད་འཚེ་བཟློག༔ གནོད་སྦྱིན་ཀཱ་ལ་ཡཀྴ་ནི༔ རབ་འཇིགས་དྲེགས་པའི་འཁོར་གྱིས་བསྐོར༔ དམར་གྱི་གཏོར་མ་འདི་བཞེས་ལ༔ མི་སྲུན་གནོད་སྦྱིན་གནོད་འཚེ་བཟློག༔ བདུད་པོ་སྐོས་རྗེ་བྲང་དཀར་ནི༔ རབ་འཇིགས་དྲག་པོའི་འཁོར་དང་བཅས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ནག་པོ་བདུད་ཀྱི་གནོད་འཚེ་བཟློག༔ ཀླུ་བདུད་འཆི་བདག་མགོ་དགུ་པ༔ འཁོར་འབངས་སྣང་སྲིད་ཀླུ་ཡི་ཚོགས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ གཏུམ་པོ་ཀླུ་ཡི་གནོད་འཚེ་བཟློག༔ དམ་ཅན་རྡོ་རྗེ་ལེགས་པ་སྐྱོངས༔ འཁོར་འབངས་སྡེ་རིགས་བཅས་རྣམས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ འགོང་པོ་ཐེའུ་རང་གནོད་འཚེ་བཟློག༔ བགེགས་རྒྱལ་བི་ན་ཡ་ག་ཡི༔ འབངས་འཁོར་སྡེ་རིས་བཅས་རྣམས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ བགེགས་རིགས་ཡོངས་ཀྱི་གནོད་འཚེ་བཟློག༔ ས་བདག་འཁོར་ལོས་སྒྱུར་བའི་རྒྱལ༔ གཉན་དང་ཡུལ་ལྷ་གཞི་བདག་ཚོགས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ གཉན་དང་གཞི་བདག་གནོད་འཚེ་བཟློག༔ ལྷ་ཆེན་དགྲ་བླ་བཅུ་གསུམ་པོ༔ འགོ་ཞིང་སྐྱོབ་པའི་ལྷ་དང་བཅས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ལྷ་སྲུང་ཡོངས་ཀྱི་གནོད་འཚེ་བཟློག༔ ཧཱུྃ༔ ལྷ་ཆེན་སྤྲུལ་པའི་བཀའ་སྡོད་ཚོགས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བར་བྱེད་པ་ཡི༔ བནྡྷེ་སྔགས་པའི་བྱད་ཁ་བཟློག༔ གཡུང་དྲུང་བོན་གྱི་བྱད་ཁ་བཟློག༔ མུ་སྟེགས་ནག་པོའི་མཐུ་ནུས་བཟློག༔ མཐའ་མི་ཀླ་ཀློའི་བྱད་ཁ་བཟློག༔ སྐྱེས་པ་ཕོ་ཡི་དམོད་བྱད་བཟློག༔ ཟ་མ་མོ་ཡི་དམོད་བྱད་བཟློག༔ བྱིས་པ་ཆུང་གི་དམོད་བྱད་བཟློག༔ ལེགས་པར་སྨོན་པའི་བྱད་ཁ་བཟློག༔ ངན་པར་སྨོན་པའི་བྱད་ཁ་བཟློག༔ ཕ་མ་སྤུན་ཟླའི་གེགས་སྲི་བཟློག༔ ནད་རིགས་བཞི་བརྒྱ་རྩ་བཞི་བཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག༔ བྱིས་པའི་གདོན་ཆེན་བཅོ་ལྔ་བཟློག༔ ཟ་འདྲེ་ཕུང་སྲི་ཤི་སྲི་བཟློག༔ གྲོང་འདྲེ་ཡུལ་འདྲེ་ཐམས་ཅད་བཟློག༔ མི་ཡི་ན་ཚ་རིམས་ཡམས་བཟློག༔ ཕྱུགས་ཀྱི་གོད་ཁ་འགོང་གཤེད་བཟློག༔ མུ་གེ་བསེ་རག་བྱུར་འདྲེ་བཟློག༔ ཉེ་བ་ཡོངས་ཀྱི་ཉེ་འདྲེ་བཟློག༔ ཕུ་ནུ་ཡོངས་ཀྱི་རུས་འདྲེ་བཟློག༔ གྲི་ཁ་མཚོན་ཁ་ཐམས་ཅད་བཟློག༔ ལྟས་ངན་མཚན་ངན་རྨི་ངན་བཟློག༔ མོ་རྩིས་རྟེན་འབྲེལ་ངན་པ་བཟློག༔ དགྲ་ཇག་ཆོམ་རྐུན་ཐམས་ཅད་བཟློག༔ གཅན་གཟན་གདུག་པའི་ཟ་ཁ་བཟློག༔ གཟུགས་ཅན་སྐྱེ་འགྲོའི་རྒོལ་འཚེ་བཟློག༔ གཟུགས་མེད་ལྷ་འདྲེའི་རྒོལ་འཚེ་བཟློག༔ མི་མཐུན་མི་འདོད་ཕྱོགས་རྣམས་ཀུན༔ བསྟན་དགྲ་དམ་ཉམས་སྟེང་དུ་བཟློག༔ སྡང་བར་བྱེད་པའི་དགྲ་ལ་བཟློག༔ གནོད་པར་བྱེད་པའི་བགེགས་ལ་བཟློག༔ ཟ་བར་བྱེད་པའི་འདྲེ་ལ་བཟློག༔ ཕུང་བར་བྱེད་པའི་སྲི་ལ་བཟློག༔ བསླབ་སློབ་དམ་ཉམས་སྟེང་དུ་བཟློག༔ བྲན་གཡོག་ངོ་ལོག་སྟེང་དུ་བཟློག༔ དཀོན་མཆོག་གསུམ་གྱི་བདེན་པས་བཟློག༔ རྩ་གསུམ་རྒྱ་མཚོའི་མཐུ་ཡིས་བཟློག༔ བཀའ་སྲུང་དྲེགས་པའི་སྟོབས་ཀྱིས་བཟློག༔ ཆོས་ཉིད་རྣམ་དག་བདེན་པས་བཟློག༔ རྟེན་འབྲེལ་བསླུ་མེད་བདེན་པས་བཟློག༔ ཨོཾ་མ་ཧཱ་དཱེ་ཝ་སརྦ་ས་པ་རི་ཝཱ་ར་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ༔ བྷྱོ་བྷྱོ༔ བཟློག་བཟློག༔ དཀོན་མཆོག་རྩ་གསུམ་དཔང་བཙུགས་ཏེ༔ ལྷ་ཆེན་འཁོརབཅས་ཡིད་ལ་བྱས༔ སྤྲུལ་དང་ཡང་སྤྲུལ་དཔག་མེད་པས༔ བཟློག་འགྱུར་དྲག་པོའི་ལས་བྱེད་པར༔ བསམ་ཞིང་འདི་བརྗོད་ཉེས་ཚོགས་བཟློག༔ དགེ་ལེགས་ཡོན་ཏན་གོང་འཕེལ་བྱེད༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་བཀའ་ལོག་སྲོག་ལ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ནས་བཏོན་ཏེ་མི་ལོ་ཉེར་བཞིའི་བར་དུ་བཀའ་རྒྱ་བྱས་མཐར་སློབ་བུ་མཁྱེན་རབ་རྒྱ་མཚོས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ཡང་དེ་ཉིད་དོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 13:47, 13 August 2024

Wylie title TTDL-ZABTER-08-NYA-027.pdf
Location bdud 'joms gling pa zab gter
Volume 8, Text 27, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms srung ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
བརྡ་ཡིག་༠༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་དྲག་བཟློག་རྡོ་རྗེའི་ཕ་ལམ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༠༢༠༤༔ འདི་ཡི་ལག་ལེན་རིམ་པ་ལ༔ དྲག་པོའི་གཏོར་མ་རྩེ་གསུམ་ལ༔ འཁོར་ནི་གཉིས་དང་བརྒྱད་ཀྱིས་བསྐོར༔ ཟོར་ཀོང་ཁྲག་ཀོང་སྐྱུ་གུས་བསྐོར༔ མཆོད་རྫས་དྲག་པོའི་རྣམ་ལྔ་དང་༔ ལིང་རོ་ཉལ་ཉིལ་ཁྲག་སྐྱེམས་དང་༔ གཏོར་མ་ཤ་དུམ་མང་པོ་བཤམས༔ དེ་ནས་གཏོར་མ་དེ་ཉིད་ནི༔ ལྷ་ཆེན་ཡབ་ཡུམ་འཁོར་བཅས་སུ༔ གསལ་ཏེ་བཟློག་པའི་ལས་བཅོལ་བྱ༔ འགུགས་གཞུག་བྱས་མཐར༔ ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་བླ་མ་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས༔ ཐུགས་དམ་བསྐུལ་ལོ་བཟློག་པའི་ལས་ལ་བཞེངས༔ སྐུ་ནི་དྲག་པོའི་གར་བསྒྱུར་རབ་ཁྲོས་པས༔ མི་སྲུན་རྔམས་བརྗིད་གར་དགུའི་ཉམས་ལྡན་ཅིང་༔ རབ་འཇིགས་དུར་ཁྲོད་ཆས་བརྒྱད་རྒྱན་རྫོགས་པའི༔ སྣང་སྲིད་ཐམས་ཅད་ཡོངས་སུ་འགེངས་པར་མཛོད༔ གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས༔ ཧཱུྃ་ཕཊ་རྒྱོབ་སོད་བྷྱོ་ཟློག་སྒྲ་སྒྲོགས་ཤིང་༔ ཐུགས་སྤྲུལ་འཁོར་བའི་སྡུག་བསྔལ་གཞོམ་བྱེད་པའི༔ ཐུན་མཚོན་རྫས་སྔགས་ཁྲོ་ཆུང་ཁྱུང་སྡིག་པ༔ བསྐལ་འཇིགས་མེ་རླུང་ཆུ་ལྟར་འཁྲུགས་པ་ཡིས༔ དྲག་པོའི་མངོན་སྤྱོད་འཁྲུལ་འཁོར་རབ་ཏུ་འགྱེད༔ གནོད་བྱེད་དགྲ་གེགས་བཟློག་བསྒྱུར་ལས་མཛོད་ཅིག༔ འཇིག་རྟེན་དབང་ཕྱུག་རབ་ཁྲོས་དྲག་པོའི་སྐུ༔ མཐིང་ནག་འབར་བ་ཞལ་གཅིག་ཕྱག་གཉིས་པ༔ དབུ་ཡིས་སྲིད་པའི་རྩེ་ནས་ལྷ་གསུམ་འདུལ༔ ལྷ་ཡི་གདོན་ཚོགས་མ་ལུས་དགྲ་ལ་བཟློག༔ ཕྱག་གཡས་གནམ་ལྕགས་ཏྲི་ཤུལ་ཀླད་ལ་བསྐོར༔ ལྷ་མ་ཡིན་གྱི་སྡེ་ཚོགས་དགྲ་ལ་བཟློག༔ ཕྱག་གཡོན་འཆིང་བྱེད་ཞགས་པ་ཐུགས་ཀར་འཛིན༔ བཀའ་སྲུང་སྡེ་བརྒྱད་གཡོ་འཁྲུག་དགྲ་ལ་བཟློག༔ སྐེད་པ་བར་སྣང་ཁམས་ཀྱི་འཇིག་རྟེན་འདུལ༔ མི་དང་མི་མིན་གནོད་པ་དགྲ་ལ་བཟློག༔ ཞབས་གཉིས་ངན་སོང་གསུམ་གྱི་སྐྱེ་སྒོ་བཅད༔ ངན་སོང་འཁོར་བའི་གཡོ་འཁྲུག་དགྲ་ལ་བཟློག༔ སྲིད་པ་ཤར་གྱི་སྐྱེ་འགྲོ་ཁ་ལོ་སྒྱུར༔ ཞི་བའི་ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ༔ ཤར་ཕྱོགས་སྐྱོང་མཛད་ཐུགས་ཀྱི་སྤྲུལ་པ་ཡིས༔ ཤར་གྱི་བསྟན་དགྲ་སྡེ་དང་བཅས་པ་བཟློག༔ བསྟན་དགྲའི་མཐུ་ནུས་རྫས་སྔགས་རྦོད་གཏོང་བཅས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐུལ༔ སྲིད་པ་ལྷོ་ཕྱོགས་སྐྱེ་འགྲོ་ཁ་ལོ་བསྒྱུར༔ རྒྱས་པའི་ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ༔ ལྷོ་ཕྱོགས་སྐྱོང་མཛད་ཡོན་ཏན་སྤྲུལ་པ་ཡིས༔ ལྷོ་ཡི་བསྟན་དགྲ་སྡེ་དང་བཅས་པ་བཟློག༔ བསྟན་དགྲའི་མཐུ་ནུས་རྫས་སྔགས་རྦོད་གཏོང་བཅས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐུལ༔ སྲིད་པ་ནུབ་ཀྱི་སྐྱེ་འགྲོ་ཁ་ལོ་བསྒྱུར༔ དབང་གི་ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ༔ ནུབ་ཕྱོགས་སྐྱོང་མཛད་ཡོན་ཏན་སྤྲུལ་པ་ཡིས༔ ནུབ་ཀྱི་བསྟན་དགྲ་སྡེ་དང་བཅས་པ་བཟློག༔ བསྟན་དགྲའི་མཐུ་ནུས་རྫས་སྔགས་རྦོད་གཏོང་བཅས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐུལ༔ སྲིད་པ་བྱང་གི་སྐྱེ་འགྲོ་ཁ་ལོ་བསྒྱུར༔ དྲག་པོའི་ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ༔ བྱང་ཕྱོགས་སྐྱོང་མཛད་ཕྲིན་ལས་སྤྲུལ་པ་ཡིས༔ བྱང་ཕྱོགས་བསྟན་དགྲ་སྡེ་དང་བཅས་པ་བཟློག༔ བསྟན་དགྲའི་མཐུ་ནུས་རྫས་སྔགས་རྦོད་གཏོང་བཅས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐུལ༔ སྲིད་པ་དབུས་ཕྱོགས་སྐྱེ་འགྲོ་ཁ་ལོ་བསྒྱུར༔ ཕྲིན་ལས་རབ་འབྱམས་མ་ལུས་ལྷུན་གྱིས་གྲུབ༔ དབུས་ཕྱོགས་བསྟན་དགྲ་སྡེ་དང་བཅས་པ་བཟློག༔ བསྟན་དགྲའི་མཐུ་ནུས་རྫས་སྔགས་རྦོད་གཏོང་བཅས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐུལ༔ སྲིད་པ་མཚམས་བཞིའི་སྐྱེ་འགྲོ་ཁ་ལོ་བསྒྱུར༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ༔ མཚམས་བཞི་སྐྱོང་བའི་བཀའ་སྲུང་དྲེགས་པའི་འཁོར༔ མཚམས་བཞིའི་བསྟན་དགྲ་སྡེ་དང་བཅས་པ་བཟློག༔ བསྟན་དགྲའི་མཐུ་ནུས་རྫས་སྔགས་རྦོད་གཏོང་བཅས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐུལ༔ བསྟན་དང་འགྲོ་ལ་རྒོལ་བའི་བསམ་སྤྱོད་ཀྱིས༔ ས་རྡོ་རྩི་ཤིང་རྫས་སྔགས་ཀྱིས་སྦག་ནས༔ སྲོག་ཆགས་ཕྲ་མོ་གཟན་ལ་འགྱེད་ནས་སུ༔ ལོ་འབྲས་ཟས་གོས་དཔལ་ལ་ཟ་བྱེད་པའི༔ རྫས་སྔགས་འཕྲུལ་གྱི་མཁན་པོ་དང་བཅས་པ༔ སྒྲོན་ཤིང་ཚལ་དུ་མེ་ཆེན་མཆེད་པ་བཞིན༔ རྗེས་ཤུལ་ལྷག་མ་མེད་པར་བརླག་པར་མཛོད༔ སླར་ཡང་འབྱུང་ན་མཐུ་དང་སྟོབས་ཀྱིས་བཟློག༔ རྫས་ངན་སྔགས་དང་ལོག་པའི་ཏིང་འཛིན་གྱིས༔ ས་སྐྱོང་གཞི་བདག་ལྷ་སྲིན་དབང་བསྒྱུར་ནས༔ མི་རྣམས་ཤེས་རྒྱུད་ནག་ཕྱོགས་ལ་བསྒྱུར་བའི༔ མཐའ་མི་སྡིག་སྤྱོད་ལས་ངན་བདུད་སྡེ་འབངས༔ རྩ་སྦུར་དུས་མཐའི་མེ་ཡིས་གཞོམ་པ་བཞིན༔ སྐད་ཅིག་མྱུར་བ་ཉིད་དུ་བརླག་པར་མཛོད༔ རྫས་སྔགས་ཏིང་འཛིན་ནུས་པ་རང་གཤེད་ཕོབས༔ རྗེས་ཤུལ་མེད་པར་བསྟན་དགྲའི་སྲོག་ལ་བཟློག༔ མིག་བསླུས་འཕྲུལ་བསྒྱུར་འགྲོ་བའི་སྣང་སེམས་བསླུ༔ ས་རྡོ་རིན་ཆེན་ནོར་དུ་བསྒྱུར་ནས་སུ༔ ས་མིག་གནས་བཟུང་ཡུལ་ཀུན་རིམ་པ་བཞིན༔ ཁ་ལོ་བསྒྱུར་ཞིང་རྒྱལ་ཁམས་མངའ་འོག་འདྲེན༔ སེམས་ཅན་བདེ་སྐྱིད་དཀར་པོའི་དགེ་བཅུ་བསྣུབ༔ མཐའ་མེད་འཁོར་བའི་ཁྲི་མུན་གནས་སུ་འཕང་༔ འདི་འདྲའི་ལས་ངན་གདུག་འདྲེ་བདུད་སྡེ་འབངས༔ མ་ལུས་འབྲུ་དྲུག་སེར་བས་བཅོམ་པ་བཞིན༔ དཀོན་མཆོག་རྩ་གསུམ་སྲུང་མ་སྤྱི་དང་ནི༔ དབང་ཕྱུག་དྲེགས་པའི་ཚོགས་ཀྱིས་བརླག་པར་མཛོད༔ དབང་ཕྱུག་ལྷ་མགོན་བཀའ་སྲུང་དྲེགས་པའི་སྡེ༔ མ་ལུས་དཀར་པོ་དགེ་བའི་གྲོགས་སུ་བསྐུལ༔ ལྷ་དམག་དཀར་པོའི་དབུ་འཕང་མཐོ་བ་དང་༔ ལྷ་མིན་རྨ་ཕོབ་ཉམ་ཐག་ལས་མཛོད་ལ༔ སྐྱེ་འགྲོའི་སྡུག་བསྔལ་ཉེས་ཚོགས་ནད་མུག་མཚོན༔ མ་ལུས་བསྟན་དགྲ་མཐའ་མིའི་སྟེང་དུ་བཟློག༔ མུ་སྟེགས་ཀླ་ཀློའི་མཐའ་མི་ཧོར་ཕུ་དང་༔ ཀྱ་སོགས་བསྟན་དགྲ་མ་ལུས་སྡེ་དང་བཅས༔ འཆི་བདག་ལས་ཀྱི་གཤིན་རྗེའི་ཁ་རུ་བཟློག༔ ལུས་ཀྱི་ལྷ་ལ་རྫས་སྔགས་ཀྱིས་གཏོར་བས༔ མི་རྣམས་ཀུན་ལ་ནད་རིམས་སྣ་ཚོགས་དར༔ དེ་ཡང་བཀའ་སྲུང་དྲེགས་པའི་སྟོབས་ཀྱིས་བཟློག༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་སྟོབས་ཀྱིས་བཟློག༔ ཆོས་ཉིད་རྣམ་པར་དག་པའི་སྟོབས་ཀྱིས་བཟློག༔ རྟེན་འབྲེལ་རྒྱུ་འབྲས་ཟབ་མོའི་སྟོབས་ཀྱིས་བཟློག༔ ཧཱུྃ་ཧྲཱིཿདབང་ཕྱུག་མ་ཧཱ་དཱེ་ཝ་ལྷ་ཆེན་པོ༔ ཁམས་གསུམ་སྣོད་བཅུད་ཀུན་གྱི་མེས་ཆེན་པོ༔ སྲིད་པ་ལེགས་ཉེས་ཀུན་གྱི་བྱེད་པ་པོ༔ ཐུགས་དམ་བསྐུལ་ལོ་བཟློག་པའི་ལས་མཛོད་ཅིག༔ ཁམས་གསུམ་གཡོ་འཁྲུག་སྲིད་པའི་སྡུག་བསྔལ་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ དགྲ་ཇག་ཆོམ་རྐུན་བསམ་ངན་སྦྱོར་རྩུབ་དང་༔ བཀའ་སྲུང་གཞི་བདག་ཕོ་གདོན་མོ་གདོན་དང་༔ ཀླུ་གདོན་ཆེ་འདྲེ་ཆུང་སྲི་གོད་སྲི་སོགས༔ གནོད་བྱེད་དགྲ་བགེགས་ལོག་པར་འདྲེན་པ་རྣམས༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ མི་ཡི་ན་ཚ་ཕྱུགས་ཀྱི་གོད་ཁ་དང་༔ ཞིང་གི་སད་སེར་ལོ་ནད་བཙའ་ཐན་དང་༔ མུ་གེ་འཁྲུགས་རྩོད་མི་མཐུན་ཕྱོགས་རྣམས་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ ཟ་འདྲེ་ཕུང་སྲི་འགོང་འདྲེ་བསེ་རག་དང་༔ སྔོན་གྱི་ལས་དང་འཕྲལ་རྐྱེན་ལས་གྱུར་པའི༔ འདྲེ་གདོན་གནོད་བྱེད་མ་ལུས་ཐམས་ཅད་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ ཧྲཱིཿདབང་ཕྱུག་མ་ཧཱ་དཱེ་ཝ་ལྷའི་བླ་མ༔ ཡུམ་མཆོག་ཨུ་མ་དཱེ་ཝི་མ་ཆེན་མོ༔ སྲིད་པ་མོ་རྒྱུད་ཡོངས་ཀྱི་དབང་ཕྱུག་མོ༔ ཁམས་གསུམ་གནས་རིགས་ཀུན་གྱི་ལེགས་ཉེས་བསྒྱུར༔ ཁྲོས་པའི་རྒྱལ་མོ་ཆེན་མོ་འཁོར་དང་བཅས༔ དམ་ཚིག་གཉན་པོས་བཟློག་པའི་ལས་བཅོལ་ལོ༔ ཁམས་གསུམ་གཡོ་འཁྲུག་སྲིད་པའི་སྡུག་བསྔལ་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ དགྲ་ཇག་ཆོམ་རྐུན་བསམ་ངན་སྦྱོར་རྩུབ་དང་༔ བཀའ་སྲུང་གཞི་བདག་ཕོ་གདོན་མོ་གདོན་དང་༔ ཀླུ་གདོན་ཆེ་འདྲེ་ཆུང་སྲི་གོད་སྲི་སོགས༔ གནོད་བྱེད་དགྲ་བགེགས་ལོག་པར་འདྲེན་པ་རྣམས༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ མི་ཡི་ན་ཚ་ཕྱུགས་ཀྱི་གོད་ཁ་དང་༔ ཞིང་གི་སད་སེར་ལོ་ནད་བཙའ་ཐན་པ༔ མུ་གེ་འཁྲུགས་རྩོད་མི་མཐུན་ཕྱོགས་ངན་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ ཟ་འདྲེ་ཕུང་སྲི་འགོང་འདྲེ་བསེ་རག་དང་༔ སྔོན་གྱི་ལས་དང་འཕྲལ་རྐྱེན་ལས་གྱུར་པའི༔ འདྲེ་གདོན་གནོད་བྱེད་མ་ལུས་ཐམས་ཅད་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ ཧྲཱིཿལྷ་ཆེན་ཚོགས་ཀྱི་བདག་པོ་དབང་ཆེན་དཔལ༔ སྣང་སྲིད་ལེགས་ཉེས་ཀུན་གྱི་བྱེད་པོ་ཆེ༔ དམ་ཚིག་གཉན་པོས་བཟློག་པའི་ལས་བཅོལ་ལོ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་དང་༔ མི་ཕྱུགས་ནད་རིམས་བར་ཆད་རྐྱེན་གེགས་དང་༔ འཇིགས་དང་སྡུག་བསྔལ་མི་མཐུན་ཕྱོགས་ངན་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ དཔལ་མགོན་བདུན་ཅུ་རྩ་ལྔ་འཁོར་དང་བཅས༔ སངས་རྒྱས་བསྟན་སྲུང་དཀར་ཕྱོགས་སྐྱོང་བའི་ལྷ༔ དམ་ཚིག་གཉན་གྱིས་བཟློག་པའི་ལས་བཅོལ་ལོ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་དང་༔ མི་ཕྱུགས་ནད་རིམས་བར་ཆད་རྐྱེན་གེགས་དང་༔ འཇིགས་དང་སྡུག་བསྔལ་མི་མཐུན་ཕྱོགས་ངན་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་གཉན་པོ་རྣམས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་དཔལ༔ དམ་ཚིག་གཉན་གྱིས་བཟློག་པའི་ལས་བཅོལ་ལོ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་དང་༔ མི་ཕྱུགས་ནད་རིམས་བར་ཆད་རྐྱེན་གེགས་དང་༔ འཇིགས་དང་སྡུག་བསྔལ་མི་མཐུན་ཕྱོགས་ངན་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ ཧཱུྃ་ཛཿབཀའ་ཡི་ལྷ་སྲིན་སྡེ་བརྒྱད་སྡེ་དང་དཔུང་༔ བསྟན་དགྲའི་སྲོག་གི་གཤེད་དུ་ལྷུན་གྱིས་གྲུབ༔ དམ་ཚིག་གཉན་གྱིས་བཟློག་པའི་ལས་བཅོལ་ལོ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་དང་༔ མི་ཕྱུགས་ནད་རིམས་བར་ཆད་རྐྱེན་གེགས་དང་༔ འཇིགས་དང་སྡུག་བསྔལ་མི་མཐུན་ཕྱོགས་ངན་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ སྣང་སྲིད་ཡུལ་གཞི་སྐྱོང་བའི་གཞི་བདག་ཚོགས༔ རང་ཕྱོགས་སྐྱོང་ཞིང་དགྲ་ལ་རྒོལ་བར་བྱེད༔ དམ་ཚིག་གཉན་གྱིས་བཟློག་པའི་ལས་བཅོལ་ལོ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་དང་༔ མི་ཕྱུགས་ནད་རིམས་བར་ཆད་རྐྱེན་གེགས་དང་༔ འཇིགས་དང་སྡུག་བསྔལ་མི་མཐུན་ཕྱོགས་ངན་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ མདོར་ན་ལྷ་ཆེན་དབང་ཕྱུག་ཆེན་པོ་ཡི༔ འཁོར་འབངས་བཀའ་སྡོད་དྲེགས་པའི་སྡེ་ཚོགས་རྣམས༔ མ་ཐོགས་མྱུར་དུ་སྐུར་བཞེངས་འདིར་གཤེགས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་བཟློག་བསྒྱུར་དྲག་པོའི་ཕྲིན་ལས་མཛོད༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་དང་༔ མི་ཕྱུགས་ནད་རིམས་བར་ཆད་རྐྱེན་གེགས་དང་༔ འཇིགས་དང་སྡུག་བསྔལ་མི་མཐུན་ཕྱོགས་ངན་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ ཧཱུྃ༔ ཁམས་གསུམ་སྲིད་པའི་མེས་ཆེན་པོ༔ དབང་ཕྱུག་མ་ཧཱ་དཱེ་ཝ་ཡིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ སེམས་ཅན་ཀུན་གྱི་གནོད་འཚེ་བཟློག༔ སྣང་སྲིད་ལེགས་ཉེས་བྱེད་པ་མོ༔ ལྷ་མོ་ཨུ་མ་དཱེ་ཝི་ཡིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ སྣང་སྲིད་ཡོངས་ཀྱི་གནོད་འཚེ་བཟློག༔ འདོད་པ་ཁམས་ཀྱི་དབང་ཆེན་པོ༔ ལྷ་ཆེན་ག་ཎ་པ་ཏི་ཡིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ འདོད་ཁམས་ཡོངས་ཀྱི་གནོད་འཚེ་བཟློག༔ ལྷ་གཉན་ཀླུ་ཡི་དབང་ཆེན་པོ༔ དཔལ་མགོན་བདུན་ཅུ་རྩ་ལྔ་ཡིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ སྣོད་བཅུད་བརྟན་གཡོའི་གནོད་འཚེ་བཟློག༔ སྣང་སྲིད་ཁ་ལོ་བསྒྱུར་བའི་ལྷ༔ དྲེགས་པའི་སྡེ་དཔོན་འབངས་བཅས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དྲེགས་པ་ཡོངས་ཀྱི་གནོད་འཚེ་བཟློག༔ ལྷ་ཡི་དབང་པོ་བརྒྱ་བྱིན་དང་༔ དེ་འཁོར་ལྷ་དང་ལྷ་མོ་ཡིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ལྷ་དང་ལྷ་མོའི་གནོད་འཚེ་བཟློག༔ ལྷ་མིན་དབང་པོ་ཐག་བཟང་རིས༔ ལྷ་མིན་ཕོ་མོ་འཁོར་དང་བཅས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ལྷ་མིན་ཡོངས་ཀྱི་གནོད་འཚེ་བཟློག༔ མི་ཡི་དབང་པོ་འཁོར་ལོས་སྒྱུར༔ དགྲ་ལྷ་ཡུལ་ལྷའི་ཚོགས་དང་བཅས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ མི་རྣམས་ཡོངས་ཀྱི་གནོད་འཚེ་བཟློག༔ བྱོལ་སོང་དབང་པོ་སེང་རབ་བརྟན༔ དེ་འཁོར་ཡང་འཁོར་བཅས་རྣམས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ བྱོལ་སོང་ཡོངས་ཀྱི་གནོད་འཚེ་བཟློག༔ ཡི་དྭགས་དབང་པོ་ཁ་འབར་མ༔ དེ་འཁོར་བྲན་འབངས་བཅས་རྣམས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ཡི་དྭགས་ཡོངས་ཀྱི་གནོད་འཚེ་བཟློག༔ དམྱལ་བའི་དབང་པོ་ཆོས་ཀྱི་རྒྱལ༔ དེ་འཁོར་གཤིན་རྗེའི་སྡེ་ཚོགས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དམྱལ་བ་ཡོངས་ཀྱི་གནོད་འཚེ་བཟློག༔ ལྷ་ཆེན་ཚངས་པ་དཀར་པོ་དང་༔ ལྷ་དམག་བྱེ་བ་བསམ་ཡས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དཀར་པོ་ལྷ་ཡི་གནོད་འཚེ་བཟློག༔ བཙན་རྒོད་ཡམས་ཤུད་སྲོག་བདུད་པོ༔ བཙན་དམག་བྱེ་བ་འབུམ་བཅས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དམར་པོ་བཙན་གྱི་གནོད་འཚེ་བཟློག༔ གཤིན་རྗེ་ཡ་མ་རཱ་ཙ་ནི༔ འཁོར་ཚོགས་དམག་དང་དཔུང་བཅས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ འཆི་བདག་གཤིན་རྗེའི་གནོད་འཚེ་བཟློག༔ སྲོག་བདག་པེ་ཧར་རྒྱལ་པོ་དང་༔ དེ་འཁོར་ཡང་འཁོར་དཔུང་བཅས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ སྲོག་བདག་རྒྱལ་པོའི་གནོད་འཚེ་བཟློག༔ མ་མོ་སྲིད་པའི་རྒྱལ་མོ་ཆེ༔ སྤྲུལ་པ་འབངས་འཁོར་བཅས་རྣམས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ སྲིད་པ་མ་མོའི་གནོད་འཚེ་བཟློག༔ གནོད་སྦྱིན་ཀཱ་ལ་ཡཀྴ་ནི༔ རབ་འཇིགས་དྲེགས་པའི་འཁོར་གྱིས་བསྐོར༔ དམར་གྱི་གཏོར་མ་འདི་བཞེས་ལ༔ མི་སྲུན་གནོད་སྦྱིན་གནོད་འཚེ་བཟློག༔ བདུད་པོ་སྐོས་རྗེ་བྲང་དཀར་ནི༔ རབ་འཇིགས་དྲག་པོའི་འཁོར་དང་བཅས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ནག་པོ་བདུད་ཀྱི་གནོད་འཚེ་བཟློག༔ ཀླུ་བདུད་འཆི་བདག་མགོ་དགུ་པ༔ འཁོར་འབངས་སྣང་སྲིད་ཀླུ་ཡི་ཚོགས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ གཏུམ་པོ་ཀླུ་ཡི་གནོད་འཚེ་བཟློག༔ དམ་ཅན་རྡོ་རྗེ་ལེགས་པ་སྐྱོངས༔ འཁོར་འབངས་སྡེ་རིགས་བཅས་རྣམས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ འགོང་པོ་ཐེའུ་རང་གནོད་འཚེ་བཟློག༔ བགེགས་རྒྱལ་བི་ན་ཡ་ག་ཡི༔ འབངས་འཁོར་སྡེ་རིས་བཅས་རྣམས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ བགེགས་རིགས་ཡོངས་ཀྱི་གནོད་འཚེ་བཟློག༔ ས་བདག་འཁོར་ལོས་སྒྱུར་བའི་རྒྱལ༔ གཉན་དང་ཡུལ་ལྷ་གཞི་བདག་ཚོགས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ གཉན་དང་གཞི་བདག་གནོད་འཚེ་བཟློག༔ ལྷ་ཆེན་དགྲ་བླ་བཅུ་གསུམ་པོ༔ འགོ་ཞིང་སྐྱོབ་པའི་ལྷ་དང་བཅས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ལྷ་སྲུང་ཡོངས་ཀྱི་གནོད་འཚེ་བཟློག༔ ཧཱུྃ༔ ལྷ་ཆེན་སྤྲུལ་པའི་བཀའ་སྡོད་ཚོགས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བར་བྱེད་པ་ཡི༔ བནྡྷེ་སྔགས་པའི་བྱད་ཁ་བཟློག༔ གཡུང་དྲུང་བོན་གྱི་བྱད་ཁ་བཟློག༔ མུ་སྟེགས་ནག་པོའི་མཐུ་ནུས་བཟློག༔ མཐའ་མི་ཀླ་ཀློའི་བྱད་ཁ་བཟློག༔ སྐྱེས་པ་ཕོ་ཡི་དམོད་བྱད་བཟློག༔ ཟ་མ་མོ་ཡི་དམོད་བྱད་བཟློག༔ བྱིས་པ་ཆུང་གི་དམོད་བྱད་བཟློག༔ ལེགས་པར་སྨོན་པའི་བྱད་ཁ་བཟློག༔ ངན་པར་སྨོན་པའི་བྱད་ཁ་བཟློག༔ ཕ་མ་སྤུན་ཟླའི་གེགས་སྲི་བཟློག༔ ནད་རིགས་བཞི་བརྒྱ་རྩ་བཞི་བཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག༔ བྱིས་པའི་གདོན་ཆེན་བཅོ་ལྔ་བཟློག༔ ཟ་འདྲེ་ཕུང་སྲི་ཤི་སྲི་བཟློག༔ གྲོང་འདྲེ་ཡུལ་འདྲེ་ཐམས་ཅད་བཟློག༔ མི་ཡི་ན་ཚ་རིམས་ཡམས་བཟློག༔ ཕྱུགས་ཀྱི་གོད་ཁ་འགོང་གཤེད་བཟློག༔ མུ་གེ་བསེ་རག་བྱུར་འདྲེ་བཟློག༔ ཉེ་བ་ཡོངས་ཀྱི་ཉེ་འདྲེ་བཟློག༔ ཕུ་ནུ་ཡོངས་ཀྱི་རུས་འདྲེ་བཟློག༔ གྲི་ཁ་མཚོན་ཁ་ཐམས་ཅད་བཟློག༔ ལྟས་ངན་མཚན་ངན་རྨི་ངན་བཟློག༔ མོ་རྩིས་རྟེན་འབྲེལ་ངན་པ་བཟློག༔ དགྲ་ཇག་ཆོམ་རྐུན་ཐམས་ཅད་བཟློག༔ གཅན་གཟན་གདུག་པའི་ཟ་ཁ་བཟློག༔ གཟུགས་ཅན་སྐྱེ་འགྲོའི་རྒོལ་འཚེ་བཟློག༔ གཟུགས་མེད་ལྷ་འདྲེའི་རྒོལ་འཚེ་བཟློག༔ མི་མཐུན་མི་འདོད་ཕྱོགས་རྣམས་ཀུན༔ བསྟན་དགྲ་དམ་ཉམས་སྟེང་དུ་བཟློག༔ སྡང་བར་བྱེད་པའི་དགྲ་ལ་བཟློག༔ གནོད་པར་བྱེད་པའི་བགེགས་ལ་བཟློག༔ ཟ་བར་བྱེད་པའི་འདྲེ་ལ་བཟློག༔ ཕུང་བར་བྱེད་པའི་སྲི་ལ་བཟློག༔ བསླབ་སློབ་དམ་ཉམས་སྟེང་དུ་བཟློག༔ བྲན་གཡོག་ངོ་ལོག་སྟེང་དུ་བཟློག༔ དཀོན་མཆོག་གསུམ་གྱི་བདེན་པས་བཟློག༔ རྩ་གསུམ་རྒྱ་མཚོའི་མཐུ་ཡིས་བཟློག༔ བཀའ་སྲུང་དྲེགས་པའི་སྟོབས་ཀྱིས་བཟློག༔ ཆོས་ཉིད་རྣམ་དག་བདེན་པས་བཟློག༔ རྟེན་འབྲེལ་བསླུ་མེད་བདེན་པས་བཟློག༔ ཨོཾ་མ་ཧཱ་དཱེ་ཝ་སརྦ་ས་པ་རི་ཝཱ་ར་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ༔ བྷྱོ་བྷྱོ༔ བཟློག་བཟློག༔ དཀོན་མཆོག་རྩ་གསུམ་དཔང་བཙུགས་ཏེ༔ ལྷ་ཆེན་འཁོརབཅས་ཡིད་ལ་བྱས༔ སྤྲུལ་དང་ཡང་སྤྲུལ་དཔག་མེད་པས༔ བཟློག་འགྱུར་དྲག་པོའི་ལས་བྱེད་པར༔ བསམ་ཞིང་འདི་བརྗོད་ཉེས་ཚོགས་བཟློག༔ དགེ་ལེགས་ཡོན་ཏན་གོང་འཕེལ་བྱེད༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་བཀའ་ལོག་སྲོག་ལ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ནས་བཏོན་ཏེ་མི་ལོ་ཉེར་བཞིའི་བར་དུ་བཀའ་རྒྱ་བྱས་མཐར་སློབ་བུ་མཁྱེན་རབ་རྒྱ་མཚོས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ཡང་དེ་ཉིད་དོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།