TTDL-ZABTER-12-NA-044: Difference between revisions
No edit summary |
No edit summary |
||
| Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཡང་གསང་བླ་མ་སྒྲུབ་པའི་ཆ་ལག༔ ཚོགས་མཆོད་བདུད་རྩིའི་རྒྱ་མཚོ༔ | |||
|fulltitle=chos nyid nam mkha'i klong mdzod las: yang gsang bla ma sgrub pa'i cha lag: tshogs mchod bdud rtsi'i rgya mtsho: | |||
|citation=Khrag 'thung [[Bdud 'joms gling pa]]. ''Chos nyid nam mkha'i klong mdzod las yang gsang bla ma sgrub pa'i cha lag tshogs mchod bdud rtsi'i rgya mtsho''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 12: 259-267. Thimphu, Bhutan: Lama Kuenzang Wangdue, 2004. | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|collectiontitle=bdud 'joms gling pa zab gter | |collectiontitle=bdud 'joms gling pa zab gter | ||
|author=bdud 'joms gling pa | |author=bdud 'joms gling pa | ||
|sourcerevealer=bdud 'joms gling pa | |sourcerevealer=bdud 'joms gling pa | ||
| | |tibgenre=Feast Offering - tshogs mchod - tshogs kyi 'khor lo | ||
|terma=Yes | |terma=Yes | ||
|cycle=chos nyid nam mkha'i klong mdzod | |cycle=chos nyid nam mkha'i klong mdzod | ||
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་ | |cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་ | ||
| | |volumenumber=12 | ||
|volnumtib=༡༢ | |volnumtib=༡༢ | ||
|volyigtib=ན | |volyigtib=ན | ||
| | |totalvolumes=21 | ||
|textnuminvol=044 | |textnuminvol=044 | ||
|pagenumbers=259-267 | |||
|totalpages=9 | |||
|beginfolioline=1a1 | |||
|endfolioline=5a4 | |||
|totalfolios=5 | |||
|multivolumework=No | |||
|rectonotes=tshogs mchod | |||
|versonotes=bdud 'joms gu ru'i gsang sgrub | |||
|colophontib=ཞེས་པ་འདི་ཉིད་རྣལ་འབྱོར་དྷརྨ་ཤྲཱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། | |||
|colophonwylie=zhes pa 'di nyid rnal 'byor d+harma shrIs bskul ngor bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'o/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM// | |||
|pdflink=File:TTDL-ZABTER-12-NA-044.pdf | |pdflink=File:TTDL-ZABTER-12-NA-044.pdf | ||
|authortib=བདུད་འཇོམས་གླིང་པ་ | |||
|sourcerevealertib=བདུད་འཇོམས་གླིང་པ་ | |||
|volumeLetter=NA | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-12-NA | |InitCategories=Dudjom Tersar Project; TTDL-ZABTER-Volume-12-NA | ||
}} | }} | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཡང་གསང་བླ་མ་སྒྲུབ་པའི་ཆ་ལག༔ ཚོགས་མཆོད་བདུད་རྩིའི་རྒྱ་མཚོ་བཞུགས་སོ༔ | ||
དྡྂ།༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཉམས་ཆག་བསྐང་ཞིང་ཚོགས་རྫོགས་ཕྱིར༔ ཚོགས་མཆོད་ཕུལ་བའི་རིམ་པ་ལ༔ ཤ་ཆང་ལ་སོགས་ཟས་སྣ་དང་༔ སྤོད་ཀྱི་རིགས་བྱེད་འབྱོར་ཚོགས་ཀུན༔ རི་རབ་རོལ་མཚོའི་ཚུལ་དུ་བཀོད༔ སྤོས་བདུག་གཙང་མའི་ཆབ་ཀྱིས་བྲན༔ ཧཱུྃ་ཧྲཱིཿརང་ཉིད་ལྷ་ཡི་ཐུགས་ཀ་ནས༔ སྦྱོང་བྱེད་ཡི་གེ་འབྲུ་གསུམ་འཕྲོས༔ རཾ་ལས་མེ་ཡིས་ཉེས་སྐྱོན་བསྲེགས༔ ཡཾ་ལས་རླུང་གིས་དངོས་འཛིན་བཤིག༔ ཁཾ་ལས་ཆུ་ཡིས་དྲི་མ་བཀྲུས༔ རཾ་ཡཾ་ཁཾ༔ ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན༔ དབྱིངས་ལས་དབྱིངས་ཀྱི་བཅུད་ཆེན་པོ༔ རྡོ་རྗེ་གསུམ་གྱི་སྙིང་པོར་རྡོལ༔ ཨོཾ་གྱིས་དབྱིངས་ལས་མཆོད་སྤྲིན་ཤར༔ ཨཱཿཡིས་ཟག་མེད་བདུད་རྩིར་བསྒྱུར༔ ཧཱུྃ་གིས་འདོད་ཡོན་ནམ་མཁའ་མཛོད༔ རྒྱལ་བའི་ཞིང་ཁམས་ཡོངས་ཁྱབ་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ དེ་ནས་སྤྱན་འདྲེན་པ་ནི༔ སྤོས་བསྲེག་རོལ་མོ་སྣ་ཚོགས་ཀྱི༔ སྒྲ་དང་བཅས་ཏེ་འདི་སྐད་དོ༔ ཧཱུྃ་ཧྲཱིཿརང་སྣང་རྣམ་དག་དོན་གྱི་འོག་མིན་གནས༔ ལྷུན་གྲུབ་བཀོད་པ་རབ་རྫོགས་ཞིང་ཁམས་ནས༔ བརྒྱུད་གསུམ་བླ་མ་ཡེ་ཤེས་སྒྱུ་འཕྲུལ་ལྷ༔ ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ལ༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་མཆོག་ཉེར་བཞི་ཡུལ་ནི་སུམ་ཅུ་དང་༔ དུར་ཁྲོད་བརྒྱད་དང་ཧེ་རུའི་གནས་བཅུ་སོགས༔ སྐུ་གསུམ་ཞིང་ཁམས་རབ་འབྱམས་མཐའ་ཡས་ན༔ བཞུགས་པའི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ མ་ལུས་ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ སྣང་བ་འཇའ་དང་འོད་དུ་ཀྱི་ལི་ལི༔ རིག་འཛིན་སྐུ་དང་ཐིག་ལེར་ཤིགས་སེ་ཤིག༔ དབུ་སྐྲ་མཛེས་པའི་ཐོར་ཅོག་ལྡེམས་སེ་ལྡེམ༔ ལྷག་མ་ལྕང་ལོའི་ཟར་བུ་ད་ལ་ལ༔ དཔའ་བོའི་ཚོགས་ཀྱིས་བྲོ་བརྡུང་ཁྲིགས་སེ་ཁྲིག༔ དཔའ་མོའི་ཚོགས་ཀྱིས་གླུ་ལེན་འུ་རུ་རུ༔ མ་དང་མཁའ་འགྲོས་གར་བྱེད་འཁྱུགས་སེ་འཁྱུག༔ བྱིན་རླབས་དངོས་གྲུབ་སྦྲང་ཆར་ཉི་ལི་ལི༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སརྦ་མ་ཧཱ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་སརྦ་ས་མ་ཡ་ཛ་ཛཿཨེ་ཨ་རལླི་ཕེཾ་ཕེཾ༔ ཏིཥྛ་བཛྲ༔ དེ་ནས་བདུད་རྩི་སྐྱེམས་མཆོད་འབུལ་བ་ནི༔ ན་མོ༔ རང་བྱུང་ཡེ་ཤེས་བྱང་ཆུབ་སེམས༔ ཐབས་དང་ཤེས་རབ་གཉིས་སུ་མེད༔ ཟུང་འཇུག་བདེ་བ་ཆེན་པོའི་བཅུད༔ བདེ་སྟོང་བདུད་རྩིའི་སྐྱེམས་མཆོད་བཞེས༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ དེ་ནས་ཚོགས་ཕུད་འབུལ་བ་ལ༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་ངོ་བོ་སྐུ་དང་ཡེ་ཤེས་ཏེ༔ ཚོགས་ཀྱི་རང་བཞིན་བདེ་སྟོང་བདུད་རྩིར་གནས༔ ཚོགས་ཀྱི་རྣམ་པ་ཤ་ལྔ་བདུད་རྩི་ལྔ༔ ཞུ་བས་འདོད་ཡོན་ནམ་མཁའ་མཛོད་དུ་སྤྲིན༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་༔ སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་བཅས་ལ༔ གུས་པས་འབུལ་ལོ་དགྱེས་པ་ཆེན་པོར་རོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནཱི་སརྦ་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་བཤགས་པ་འབུལ་བ་ནི༔ ཧོཿརྩ་གསུམ་སྲུང་མར་བཅས་པ་དགོངས༔ བདག་ནི་མ་རིག་འཁྲུལ་དབང་གིས༔ སྡོམ་དང་བསླབ་པ་དམ་ཉམས་སོགས༔ སྒོ་གསུམ་ཉེས་པའི་སྒྲིབ་ཚོགས་ཀུན༔ ཞལ་ཟས་ཚོགས་ཀྱིས་བསྐང་ཞིང་བཤགས༔ དག་ཚངས་མཆོག་ཐུན་དངོས་གྲུབ་སྩོལ༔ ཧཱུྃ༔ ག་ཎ་ཙཀྲ་སཏྭ་སོགས་ཚང་བར་བརྗོད༔ དེ་ནས་ཉམས་པ་བསྒྲལ་བ་ལ༔ འགུགས་གཞུག་ཅི་མང་མཐར༔ ཧཱུྃ༔ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ གང་འདུལ་མཛད་པ་ཕྲིན་ལས་ཀྱིས༔ ཉམས་པ་བདུན་ལྡན་དགྲ་དང་བགེགས༔ ལྕགས་ཀྱུ་འབར་བས་སྙིང་ནས་ཟུངས༔ ཞགས་པ་འབར་བས་སྐེ་ནས་ཆིངས༔ ལྕགས་སྒྲོག་འབར་བས་ཡན་ལག་སྡོམས༔ དྲིལ་བུ་འབར་བས་མྱོས་སུ་ཆུག༔ སྐྱབས་མགོན་ལྷ་སྲུང་ཀུན་དང་ཕྲོལ༔ སྨྱོ་འབོག་བརྒྱལ་ནས་རེངས་སུ་ཆུག༔ དུག་གསུམ་དབྱིངས་སྒྲོལ་ཕུར་པ་ཐོབ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ ཉོན་མོངས་ལྔ་དང་ཕུང་པོ་ལྔ༔ ཡེ་ཤེས་ཐུན་མཚོན་འབར་བས་ཤིག༔ ཐལ་བ་རྡུལ་དུ་བརླག་པར་མཛོད༔ གུ་རུ་དྷེ་ཝ་ཌཱཀྐི་ནཱི་སརྦ་ས་པ་རི་ཝཱ་ར་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ནན་ཨེ་ཧུར་ཐུམ་ཛ་རྦད་སོད༔ དེ་ནས་ཞལ་དུ་བསྟབས་པ་ལ༔ ཧཱུྃ༔ དགྲ་བགེགས་བསྒྲལ་བའི་ལྔ་ཕུང་འདི༔ རྩ་གསུམ་སྲུང་མའི་ཞལ་དུ་བསྟབས༔ ལྷག་མ་མེད་པར་བཞེས་ཤིག་རོལ༔ འཁྲུལ་མི་ཤེས་པའི་ས་རུ་སྒྲོལ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཁཱ་ཧི༔ ལྷག་མ་འབུལ་བ་ནི༔ ཧཱུྃ༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་མནའ་བོར་ཏེ༔ རྡོ་རྗེའི་ཐ་ཚིག་གཉེར་བླང་བའི༔ དྲེགས་པ་ཕོ་མོ་མིང་སྲིང་ཚོགས༔ འདིར་གཤེགས་འདོད་ཡོན་ཚོགས་ལྷག་རོལ༔ ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་མཛོད༔ ས་མ་ཡ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ རིག་འཛིན་རྒྱལ་བ་རྒྱ་མཚོའི་ཚོགས༔ མ་གཡེལ་ཐུགས་དམ་གནད་ནས་བསྐུལ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ བསྟན་དང་བསྟན་འཛིན་ལ་གནོད་པའི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ མ་ལུས་ཐལ་བའི་རྡུལ་དུ་རློགས༔ དུས་ལ་བབ་པོ་ས་མ་ཡ༔ དེ་ནས་ཆད་མདོ་བཏང་བ་ལ༔ ཧཱུྃ་བྷྱོ༔ སྔོན་ཚེ་འདས་པའི་བསྐལ་པ་ལ༔ སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀའི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ བཀའ་སྡོད་དམ་ཅན་སྟོབས་ལྡན་དང་༔ དེ་དང་དེ་འཁོར་ཡང་འཁོར་བཅས༔ ཆད་མདོ་དམར་གྱི་གཏོར་མ་ལོངས༔ མི་མཐུན་ཕྱོགས་ཀུན་བཟློག་བསྒྱུར་དང་༔ འགྲོ་དོན་ཕྲིན་ལས་ཡོངས་གྲུབ་མཛོད༔ གཞན་ཡང་རྡོ་རྗེ་འཆང་ནས་བཟུང་༔ རྩ་བའི་བླ་མ་ཡན་ཆད་ཀྱིས༔ བཀའ་བསྒོ་དམ་བཞག་དྲེགས་པ་ཅན༔ མ་ལུས་འདིར་གཤེགས་གཏོར་མ་ལོངས༔ སྔོན་གྱི་ཐ་ཚིག་ཇི་བཞིན་དུ༔ ཕྱི་ནང་བར་ཆད་རྐྱེན་དབང་བཟློག༔ ཞི་རྒྱས་དབང་དང་དྲག་པོའི་ལས༔ གང་བསམ་འདོད་དོན་ཡོངས་གྲུབ་མཛོད༔ དེ་ནས་བརྟན་མ་སྐྱོང་བ་ནི༔ བཤལ་ཆུའི་གཏོར་མ་བཏང་བ་ལ༔ ཧཱུྃ་བྷྱོ༔ བརྟན་མ་ཡ་མ་སྐྱོང་མའི་ཚོགས༔ འཁོར་དང་བཅས་པ་མ་ལུས་ཀུན༔ འདིར་གཤེགས་བཤལ་ཆུའི་གཏོར་མ་ལོངས༔ སྔོན་གྱི་གཡར་དམ་ཇི་བཞིན་དུ༔ བསྟན་དང་བསྟན་འཛིན་སྡེ་སྐྱོངས་ལ༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ མ་མ་ཧྲཱིཾ་ཧྲཱིཾ་ཨེ་དཾ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ལ༔ ཧཱུྃ་བྷྱོ༔ གསང་བ་བླ་མེད་དཀྱིལ་འཁོར་འདིར༔ བར་དུ་གཅོད་པའི་དམ་སྲི་བགེགས༔ གྲུ་གསུམ་ཨེ་ཡི་མཁར་རུ་བྲུབ༔ རི་རབ་ས་ཡི་འོག་ཏུ་མནན༔ ཡེ་ཤེས་རོལ་པའི་བྲོ་བརྡུང་སྟེ༔ འཆོར་མེད་ལས་ཀྱི་ཕྱག་རྒྱས་བཅིངས༔ ཨོཾ་ལཾ༔ ཨཱ་ལཾ༔ ཧཱུྃ་ལཾ༔ སུཾ་ལཾ༔ སྟྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ རིག་འཛིན་བླ་མའི་དཀྱིལ་འཁོར་གྱི༔ གསང་གསུམ་ཆོས་ཉིད་ཀློང་མཛོད་ལས༔ རྡོ་རྗེ་གསུམ་གྱི་དབང་དངོས་གྲུབ༔ ད་ལྟ་ཉིད་དུ་ཐོབ་པར་སྩོལ༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཧཱུྃ༔ དེ་ནས་བཤགས་པ་བྱ་བ་ལ༔ ཧཱུྃ༔ རིག་འཛིན་བླ་མའི་ལྷ་ཚོགས་དགོངས༔ བདག་གི་སྒོ་གསུམ་བག་མེད་པས༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་དང་བསླབ་པ་དམ་ཉམས་བཤགས༔ ཡི་གེ་བརྒྱ་པ་ཅི་ནུས་བཟླས༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧོཿདུས་གསུམ་བསགས་པའི་རྣམ་དཀར་དགེ༔ མ་གྱུར་སེམས་ཅན་ཡོངས་ལ་བསྔོ༔ ཁམས་གསུམ་སེམས་ཅན་མ་ལུས་ཀུན༔ ཕྱམ་གཅིག་རྫོགས་སངས་རྒྱས་གྱུར་ཅིག༔ དེ་ནས་རྟག་ཆད་མཐའ་བསལ་ལ༔ ཧོཿཡེ་ཤེས་རོལ་པའི་དཀྱིལ་འཁོར་ལྷ༔ ཆོས་ཉིད་བརྡལ་ཁྱབ་ཆེན་པོར་ཨཱཿཧཱུྃ༔ མཁའ་ལས་འཇའ་ཚོན་ཤར་བ་བཞིན༔ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡང་༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ ན་མོ༔ སྨིན་གྲོལ་དབང་བྱིན་ཀུན་གྱི་མཛོད༔ བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ མཆོག་ཐུན་དངོས་གྲུབ་འབྱུང་བའི་གནས༔ ཡི་དམ་རྒྱ་མཚོའི་བཀྲ་ཤིས་ཤོག༔ རབ་འབྱམས་ཕྲིན་ལས་ལྷུན་གྱིས་གྲུབ༔ ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག༔ ས་མ་ཡ༔ བསྐྱེད་རིམ་ཟབ་མོའི་གནད་ལྡན་པའི༔ འདི་སྒྲུབ་དམ་ལྡན་སྐྱེས་བུ་རྣམས༔ ཟླ་བ་དྲུག་ནས་དངོས་གྲུབ་ཐོབ༔ བཀའ་སྲུང་གནོད་སྦྱིན་དམར་ནག་དང་༔ གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ ཞེས་པ་འདི་ཉིད་རྣལ་འབྱོར་དྷརྨ་ཤྲཱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 09:15, 20 August 2024
| Wylie title | chos nyid nam mkha'i klong mdzod las: yang gsang bla ma sgrub pa'i cha lag: tshogs mchod bdud rtsi'i rgya mtsho: | |
|---|---|---|
| Location | bdud 'joms gling pa zab gter Volume 12, Text 44, Pages 259-267 (Folios 1a1 to 5a4) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las yang gsang bla ma sgrub pa'i cha lag tshogs mchod bdud rtsi'i rgya mtsho. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: 259-267. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: tshogs mchod Verso: bdud 'joms gu ru'i gsang sgrub | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Feast Offering - tshogs mchod - tshogs kyi 'khor lo | |
| Cycle | ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod) | |
| Colophon |
ཞེས་པ་འདི་ཉིད་རྣལ་འབྱོར་དྷརྨ་ཤྲཱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། | |
|
zhes pa 'di nyid rnal 'byor d+harma shrIs bskul ngor bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'o/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM// | ||