DJYD-KABUM-07-JA-014: Difference between revisions
No edit summary |
m (Text replacement - "ཧོཿ" to "ཧོཿ ") |
||
| Line 40: | Line 40: | ||
༄༅། །དམ་རྫས་བདུད་རྩིའི་སྒྲུབ་ཐབས་གསལ་བར་བཀོད་པ་འཆི་མེད་འདོད་འཇོའི་གཏེར་བུམ་ཞེས་བྱ་བ། ཁྱབ་བདག་བླ་མ་མཚོ་སྐྱེས་ཐོད་ཕྲེང་རྩལ་གྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཉོན་མོངས་བདུད་ཁམས་ཡེ་ཤེས་རྩིར་སྦྱར་བས། །སྲིད་པའི་གཅོང་ནད་བདེ་ཆེན་ལང་ཚོར་སྒྲུབ། །སྒྱུ་འཕྲུལ་རྡོ་རྗེའི་གར་མཁན་གུ་རུ་རྗེས། །དེང་འདིར་རྟག་པ་དམ་པའི་ཤིས་པ་སྩོལ། །གསང་ཆེན་ལམ་གྱི་ཐབས་མཁས་ངོ་མཚར་ཕུལ། །དམ་རྫས་སྒྲུབ་པའི་མན་ངག་བདུད་རྩིའི་རྒྱུན། །སྐལ་བཟང་འཆི་མེད་འདོད་པ་འཇོ་བའི་སླད། ། {{TibChung|[2a]}} ལེགས་བཤད་གཏེར་བུམ་བཅུད་དུ་འདི་ན་ལེན། །{{TibChung|དེ་ཡང་གུ་རུ་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་འཁོར་ལོ་ལ་བརྟེན་ནས་རྡོ་རྗེ་ཐེག་པའི་དམ་ཚིག་གི་རྫས་ར་སཱ་ཡ་ནའི་སྒྲུབ་པ་ཟབ་མོ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་གསལ་བར་འཆད་པ་ལ་སྤྱི་དོན་རྣམ་པ་བདུན་ཏེ། བདུད་རྩིའི་ངོ་བོ་བཞག་པ། ངེས་ཚིག་བཤད་པ། རྣམ་གྲངས་ཀྱི་དབྱེ་བ། བསྟེན་པར་གསུངས་ཚུལ། དམ་རྫས་བསགས་ཐབས། སྒྲུབ་པའི་ཐབས་དངོས། དེའི་འབྲས་བུ་འཐོབ་ཚུལ་ལོ། །དང་པོ་ནི། འཁོར་འདས་ཐམས་ཅད་ཆོས་ཀྱི་དབྱིངས་བཟང་ངན་ཕྱོགས་ལྷུང་བྲལ་བའི་ཀློང་དུ་རོ་གཅིག་ཅིང་གདོད་མ་ཉིད་ནས་རང་བཞིན་གྱིས་རྣམ་པར་དག་པ་ནི་བདུད་རྩིའི་ངོ་བོ་སྟེ། བམ་བརྒྱད་ལས། {{TibChung|[2b]}} སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །མ་བཅོས་ལྷུན་གྲུབ་རྫོགས་སངས་རྒྱས། །དུས་གསུམ་སྲིད་གསུམ་སྐུ་གསུང་ཐུགས། །ཡེ་ནས་བདུད་རྩི་ཡིན་པའི་ཕྱིར། །ངེས་པའི་ཀློང་ནས་བཀའ་སྩལ་ཏོ། །ཞེས་པས་སྲིད་པ་གསུམ་གྱིས་བསྡུས་པའི་ཉོན་མོངས་པ་ལྔ་དང་། འདོད་པའི་ཡོན་ཏན་ལྔ་དང་། འབྱུང་བ་ལྔ་དང་། ཕུང་པོ་ལྔར་སྣང་བ་ཐམས་ཅད་ཀྱང་རིགས་ལྔ་ཡབ་ཡུམ་གྱི་རང་བཞིན་ཅན་དུ་མངོན་བར་བྱང་ཆུབ་པའི་ཕྱིར། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །རང་བྱུང་གདོད་ནས་རྣམ་པར་དག །ཅེས་གསུངས་སོ། །གཉིས་པ་ངེས་ཚིག་ནི། ཨ་མྲྀ་ཏའི་སྒྲ་ལས་འཆི་བ་མེད་པ་ཞེས་བདུད་རྩིར་འཇུག་པ་སྟེ་འཆི་བའི་འཇིགས་པ་སེལ་བའི་གསོས་སུ་གྱུར་པའི་ཕྱིར། རྣམ་རྟོག་གི་བདུད་ལ་རིག་པ་ཡེ་ཤེས་ཀྱི་རྩིས་འདེབས་པས་ན་བདུད་རྩི་སྟེ། མན་ངག་ལས། །བདུད་ནི་བདག་འཛིན་རྟོག་ཚོགས་བཅས། །རྩི་ནི་རང་རིག་མཉམ་པ་ཉིད། ཅེས་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཆེན་པོར་རྒྱས་འདེབས་པའི་སྨན་ཡིན་པས་ན་ཆོས་སྨན་ཞེས་ཀྱང་བྱ་སྟེ། འཁོར་འདས་ཆོས་ཀུན་ཡེ་ཤེས་སྨན༔ བརྡ་བཏགས་ཆོས་སྨན་དེ་སྤྱད་ན༔ ཉོན་མོངས་དུག་རྣམས་སྨན་དུ་འགྱུར༔ ཞེས་སོ། །གསུམ་པ་དབྱེ་བ་ནི། དེ་ཉིད་ལས། མཚོན་བྱ་ཆོས་ཉིད་དོན་གྱི་བདུད་རྩི་དང་༔ མཚོན་བྱེད་རྟགས་ཀྱི་བདུད་རྩིའོ༔ ཞེས་གསུངས་ཤིང་། ཆོས་ཀྱི་བདུད་ {{TibChung|[3a]}} རྩི། དོན་གྱི་བདུད་རྩི། རྟགས་ཀྱི་བུད་རྩི། རྫས་ཀྱི་བདུད་རྩི་སོགས་སྒྲས་བརྗོད་རིགས་ཀྱི་སྒོ་ནས་ཕྱེས་ན་དུ་མར་དབྱེར་ཡོད་དོ། །བཞི་པ་བསྟེན་པར་གསུངས་ཚུལ་ནི། དེ་ལྟ་བུའི་བདུད་རྩི་ཉིད་ཡེ་ནས་བླང་དོར་མེད་པའི་ཆོས་ཉིད་ཀྱི་རོལ་པ་ཡིན་པས་དང་། རིགས་ལྔའི་རང་བཞིན་ཡིན་པས་དང་། དངོས་གྲུབ་སྒྲུབ་པའི་རྫས་ཡིན་པས་དང་། མཁའ་འགྲོ་རྣམས་འདུ་ཞིང་བརྟུལ་ཞུགས་སྤྱོད་པའི་གྲོགས་སུ་འགྱུར་བས་ན་དང་དུ་བླང་བར་བྱ་བ་ཡིན་ཏེ། བདུད་རྩིའི་རྒྱུད་ལས། ར་སཱ་ཡ་ན་སྨན་ཆེན་པོ། །ཟོས་པས་མཆོག་ཐུན་དངོས་གྲུབ་ཐོབ། །ཅེས་སོགས་གསུངས་སོ། །ལྔ་པ་དམ་རྫས་བསགས་ཚུལ་ནི། དེ་ཉིད་ལས། གཙོ་བོ་དམ་རྫས་བདུད་རྩི་ལྔ། །རྩ་བ་བརྒྱད་ལ་ཡན་ལག་སྟོང་། །དམ་རྫས་རྩི་བཅུད་སྨན་དུ་སྦྱར། །ཞེས་གསུངས་པས། སྨན་རྩ་བ་བརྒྱད་ལ་ཡན་ལག་སྟོང་དུ་ཚང་བར་སྦྱོར་བ་སྟེ། འདི་དག་གི་རྣམ་གྲངས་དབྱེ་བསྡུ་ཇི་སྙེད་པ་ཞིག་འབྱུང་བ་རྒྱས་པར་གཞན་དུ་བཤད་པ་ལས་ཤེས་ཤིང་། སྐབས་དོན་གྱི་ལག་ལེན་ཞིབ་པར་འོག་ཏུ་འཆད་དོ། །དྲུག་པ་ཐབས་དངོས་ནི། བླ་མའི་ཐུགས་སྒྲུབ་བདེ་གཤེགས་དགོངས་པ་ཡོངས་སུ་འདུས་བའི་ཟབ་ཏིག་རྩ་བར། བདུད་རྩི་མཆོག་གི་སྦྱོར་བ་ནི༔ རིག་འཛིན་རྩལ་འཆང་བརྒྱུད་པ་ཡི༔ ཁམས་ལྔ་བཅུད་ཀྱི་སྙིང་པོ་སྟེ༔ ཤ་ཆེན་ལྔ་ཡིས་ནུས་པ་བསྐྱེད༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བས༔ དངོས་གྲུབ་ {{TibChung|[3b]}} རབ་འབྱམས་འགྲུབ་པར་འགྱུར༔ དེ་ཕྱིར་རྫས་རྣམས་ཚོགས་པ་ན༔ འཁྱིལ་བའི་སྔགས་ཀྱིས་དྲི་མ་བསལ༔ ཁྲོལ་བུ་ཐོད་ཕྲེང་རིགས་ལྔས་སྦྱངས༔ བཏགས་བཙག་སྦོལ་ལ་ཕབ་ཀྱིས་བྲན༔ རང་བྱུང་བྷནྡྷའི་སྣོད་དུ་བསྐྱིལཿ དཀྱིལ་འཁོར་ཡོངས་རྫོགས་བསྐྱེད་ཅིང་བཟླས༔ ཁྱད་པར་བདུད་རྩི་བསྡུ་བ་དང་༔ དབབ་དང་བསྐྱིལ་བའི་དམིགས་པ་བཅས༔ སྔགས་རྣམས་བཟླས་པས་ནུས་པ་བརྟན༔ སྐབས་སུ་སྨན་སྲུང་སྤྱན་དྲངས་ཤིང་༔ རྟོག་པ་བསལ་ནས་ལས་ལ་བསྐུལ༔ སྒྲུབ་པ་ཆེན་པོས་གཞུང་བསྲངས་ལ༔ བདུན་ཕྲག་གཅིག་གམ་གསུམ་དུ་བརྩོན༔ ཡ་མཚན་གཟུགས་དང་སྙན་པའི་སྒྲ༔ བདེ་རླུང་སེམས་ལ་དབང་ཐོབ་འགྱུར་༔ དྲི་དང་རོ་དང་རྒྱ་ཆེར་འཕེལ༔ དེ་ཚེ་དངོས་གྲུབ་ཚུལ་བཞིན་བླང་༔ སྣོད་ལྡན་དབང་གིས་རྗེས་སུ་བཟུང་༔ གང་ཞིག་དྲི་ཙམ་ཚོར་བས་ཀྱང་༔ ཚེ་རིང་ནད་མེད་ཉམས་ཆག་སྐོང་༔ ཡིད་འཕྲོག་དཔལ་ཆེན་མཐུ་རྩལ་ལྡན༔ མཆོག་གི་རིག་འཛིན་འགྲུབ་པར་འགྱུར༔ ཞེས་གསུངས་པའི་དོན་ཉིད་མན་ངག་ལག་ལེན་དུ་བསྡེབས་པ་ལ་གསུམ་སྟེ། སྒྲུབ་གཞི་རྫས་དང་ཡོ་བྱད་སྟ་གོན་དུ་བྱ་བ། སྒྲུབ་ཆོས་ཕྲིན་ལས་ཀྱི་རིམ་པ་གཞུང་བསྲང་བ། སྒྲུབ་འབྲས་དངོས་གྲུབ་ཀྱི་དགའ་སྟོན་སྤེལ་ཞིང་མཐའ་རྒྱས་སུ་བྱ་བའོ། །དང་པོ་ནི། སྤྱིར་སྟོན་འཁོར་གནས་དུས་ཡོ་བྱད་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་སྟེ། གཞན་རྣམས་སྒྲུབ་གཞུང་དུ་གསུངས་ {{TibChung|[4a]}} པ་ལྟར་ལས་ཁྱད་པར་བདུད་རྩི་སྒྲུབ་པའི་དུས་ནི་སྟོན་དཔྱིད་བསིལ་དྲོད་སྙོམས་པའི་ཡར་གྱི་ངོའི་ཚེས་བརྒྱད་ལ་མཆོག་ཏུ་ཤིས་པར་བཤད། བསྒྲུབ་བྱའི་རྫས་ཀྱི་གཙོ་བོ་བདུད་རྩི་ལྔ་དང་ཤ་ལྔ་སྨན་རྩ་བ་བརྒྱད་ལ་ཡན་ལག་སྟོང་སྦྱར་བ་སྟེ། དེ་ལས་བདུད་རྩི་ལྔ་དང་ཤ་ལྔ་དངོས་ནི་དེང་དུས་ཚད་ལྡན་ལག་ཏུ་ཐེབ་པར་དཀའ་ཞིང་རྟོག་པའི་དབང་གིས་གསག་ཏུའང་མི་བཏུབ་པས་གཏེར་བྱོན་རིགས་དང་རིག་འཛིན་གོང་མ་རྣམས་ཀྱིས་བསྒྲུབས་པའི་ཆོས་སྨན་ལ་ཚང་བས་ན་སེལ་མེད་ཁུངས་ལྡན་གྱི་ཕབ་རྒྱུན་ཉིད་གཞིར་བཞག །སྨན་སྦྱོར་ལག་ཏུ་བླང་བྱ་རྩ་བ་བརྒྱད་ཕྱོགས་མཐུན། ཙནྡན་སྨུག་པོ། མཱུ་ལ་མ་ནུ་པ་ཏྲ། ལི་ཤི། གནྡྷ་བྷ་དྲ། གུར་གུམ། ཛཱ་ཏི། ག་བུར། ཤིང་ཚྭ་རྣམས་ལ་བྱ་ཞིང་། ཡན་ལག་གི་སྨན་སྤྱིར་སྣང་ཞིང་སྲིད་པའི་རྩི་བཅུད་ཐམས་ཅད་སྨན་དུ་སྦྱོར་བར་གསུངས་པས་རྒྱ་བལ་མོན་སོགས་ནས་བྱུང་བའི་སྨན་སྣ་ཇི་ཙམ་ཚོགས་པ་དང་། བཞུ་བ་དང་མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེའི་རིགས་སུ་གྱུར་པ། མི་དང་འདབ་ཆགས་སྡེར་ཆགས་རི་དྭགས་གཡུང་དྭགས་ཆུ་གནས་ས་འཛུལ་རྣམས་ཀྱི་ཤ་ཁྲག་སྙིང་སྣ་དབང་པོ་ལྔ། ལྔ་ཚན་ལྔ། དཀར་མངར་འབྲུ་སྣ་སོགས་སྦྱོར་དུ་མི་རུང་བ་གང་ཡང་མེད་པས་གང་འཛོམ་བསགས། འོན་ཀྱང་གནས་སྐབས་སུ་དུག་རིགས་གཙོས་ནུས་པ་དྲི་རོ་ཁ་དོག་ཤ་མེ་ཏོག་གི་སྤྱང་ཀི་རྣམས་སྤང་བྱར་བཤད་པས་མི་སྦྱོར། སྨན་གང་ཡང་རྒྱུ་དང་ {{TibChung|[4b]}} ཁུངས་དག་ལ་བམ་རུལ་འཁེང་སད་སོགས་སྐྱོན་གྱིས་མ་གོས་ཤིང་ཧ་ཅང་རྙིང་ཆེས་པ་སོགས་མ་ཡིན་པར་གཙང་ལ་ཁ་དོག་དྲི་རོ་མ་ཉམས་པ་ཁོ་ན་སྦྱར། རིན་པོ་ཆེ་དང་དབང་རིལ་གྱིས་མཚོན་གཡའ་སེལ་དུག་འདོན་ངར་འདོགས་དགོས་པའི་རིགས་རྣམས་གསོ་རིག་གི་གཞུང་ལས་བཤད་པ་ལྟར་བྱ། ཤ་སྣ་སོགས་དངོས་སུ་མ་འཛོམ་པའམ་རྟོག་པས་མ་ཆུན་ཀྱང་བཏང་སྙོམས་སུ་བཞག་མི་རུང་བས་ཟན་ལ་མི་དང་དུད་འགྲོ་རྣམས་ཀྱི་གཟུགས་འབུར་མའམ་སྤར་བཏབ་པ་མང་དུ་འཆོས་ཏེ་ནྲྀ་ལྗང་གུ་ལས་མི་དང་། སུ་སེར་པོ་ལས་དུད་འགྲོའི་རིགས་བརྒྱ་སྟོང་མང་པོ་གསལ་གཏབ་པའི་མཐར་སོ་སོའི་ཚེ་ཟད་པས་ལས་ཀྱིས་ཤི་བའི་ཕུང་པོ་ཤ་ཁྲག་ཏུ་དམིགས་ལ་དམ་རྫས་ཀྱི་རྒྱུར་སྦྱོར་བར་གསུངས་པ་ལྟར་བྱ་ཞིང་། ཁྱད་པར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཐུགས་དམ་བསྐང་བའི་ཕྱིར། གླང་ཆེན། རྨ་བྱ། སེང་གེ །གྱི་ལིང་། ཤང་ཤང་ལྔའི་ཤ་མེད་དུ་མི་རུང་བས་མ་འཛོམ་ན་དེ་རྣམས་ཀྱི་ཚབ་ཏུ་གཡག་ཞོལ་ཅན། བྱ་ངང་པ། ཁྱི་དཀར་པོ། རྟ་དཀར་པོ། ཁྲུང་ཁྲུང་དཀར་མོའི་ཤ་སལ་བྱ་བར་གསུངས་པས་དངོས་སམ་གཟུགས་བརྙན་ལའང་མ་ཆད་པ་གལ་ཆེ། སྨན་གྱི་སྦྱར་ཚད་གཞུང་དང་ཕྱག་ལེན་རྣམས་ལས་འདྲ་མིན་མང་ཡང་ཕྱག་ལེན་དངོས་གཙང་བའི་ལུགས་གཅིག་ལ་མཚོན་ན། གཞི་ཨ་རུ་ར་ཁོ་ན་ལ་བྱེད་དགོས་པས་གང་མང་དང་དེའང་རུས་པ་དང་བྲལ་བ་བྱུང་ན་ལེགས། བ་རུ་ར། སྐྱུ་རུ་ {{TibChung|[5a]}} ར། གུར་གུམ་རྣམས་དེའི་བཞི་ཆ་རེ། ཙན་དན་དཀར་དམར། ཨ་ག་རུ་ནག་པོ་རྣམས་བསྡོམས་པ་བཞི་ཆ་གཅིག །ན་གི་དུལ་མ། གི་ཝཾ། ཅུ་གང་། ལི་ཤི། ཛཱ་ཏི། སུ་གྨེལ། ཀ་ཀོ་ལ་རྣམས་བསྡོམས་པ་བརྒྱད་ཆ་གཅིག །བཟང་སྨན་གཞན་ཐམས་ཅད་བསྡོམས་པ་བཞི་ཆ་གཅིག །སྔོ་སྨན་རིགས་ཐམས་ཅད་བསྡོམས་པ་དང་ཤ་སྣ་སོགས་ནང་སྨན་ཕྱོགས་བསྡོམས་བརྒྱད་ཆ་གཅིག །དབང་ལག་བཞི་ཆ་གཅིག །ལི་ག་དུར། རྟ་མོན་པ། བུར་སྦྲང་ཀར་རྣམས་བཞི་ཆ་ཙམ་བསྲེ་བ་ཡིན་ལ། བཟང་སྨན་དཀོན་པ་དང་འབྱོར་པ་དམན་པའི་རིགས་ཀྱིས་བུང་བསྐྱེད་རུ་རྟ་དང་ལི་ག་དུར་རྟ་མོན་པ་སོགས་ཅུང་མང་བ་བཏང་དུ་བཏུབ། སྤང་སྤོས་ཀྱིས་མཚོན་པའི་སྔོ་སྨན་རིགས་རྣམས་མང་ན་མི་ལེགས། སྤྱིར་སྨན་སྦྱོར་ལེགས་པའི་ཚད་ནི་མདོག་བཟང་ལ་བརྟག་ཏུ་མི་བཏུབ་པ། དྲི་བཟང་ལ་ངོས་བཟུང་དཀའ་བ། རོ་ཞིམ་ལ་སྨྲར་མེད་པ། ཟོས་ན་ཁ་ཟས་གཞན་གྱིས་སྨན་ངད་མི་འཕྲོག་པ་འབྱུང་ཞེས་གསུངས། དེ་ལྟར་སྦྱར་ཚད་ངེས་པའི་སྒོ་ནས་སྨན་རྣམས་རིགས་ལྔར་དབྱེ་ཚུལ་ཞིབ་ཏུ་གསུངས་པ་ལྟར་སོ་སོའི་དབྱེ་བ་དེ་བཞིན་དུ་སྦྱར་ཏེ་བསགས་ལ་ཐོག་མར་ཁྲོལ་བུར་བསྒྲུབ་ཅིང་གདོད་བཏགས་བཙག་སོགས་བྱ་བ་ཡིན་མོད། སྨན་བུང་མང་ཞིང་སྒྲུབ་ཞག་གྲངས་བཅད་ཀྱི་སྐབས་འདིར་འཇུག་པ་མི་བདེ་བས་ཡོངས་གྲགས་དཀྱུས་ཀྱི་ཕྱག་ལེན་སྟབས་བདེའི་ {{TibChung|[5b]}} དབང་དུ་སྨན་ཕྱེ་སྔ་ཚགས་སུ་ཚུད་པར་བྱས་ན་ལེགས་པས། ཁྲོལ་སྒྲུབ་རྟེན་རིགས་དབྱེ་མཚོན་ཙམ་སོ་སོར་བཞག །བྱིངས་རྣམས་ཕྱོགས་གཅིག་འཐགས་ཏེ་ཤིན་ཏུ་ཞིབ་མོར་བཏུལ་ནས་དར་ཚགས་ལ་དྲངས། ཞིབ་པ་ལྟར་སྣང་ཡང་རླན་གྱིས་སྦོལ་སྐབས་རྩིང་སྐྱོན་འབྱུང་བས་དར་ཚགས་ཀྱང་ཞིབ་པར་བྱས་ལ་སྨན་ཕྱེ་རྣམས་དར་རས་དཀར་སེར་གང་རུང་གི་སྒྱེའུར་བླུགས། ཀ་པཱ་ལ་མཚན་ལྡན་ལྔའི་ནང་དུ་སྨན་ཕྱེ་རྣམས་དང་སྟེང་དུ་ཁྲོལ་སྒྲུབ་རྟེན་གཙོ་བོ། དབུས་སུ་དྲི་ཆེན་དང་མིའི་ཤ །ཤར་དུ་བྱང་སེམས་དཀར་པོ་དང་བ་གླང་གི་ཤ །ལྷོར་ཀླད་པ་དང་ཁྱིའི་ཤ །ནུབ་ཏུ་པདྨ་རཀྟ་དང་རྟའི་ཤ །བྱང་དུ་དྲི་ཆུ་དང་གླང་པོ་ཆེའི་ཤ་རྣམས་ཏེ་དེ་རྣམས་ཕབ་རྒྱུན་གྱིས་འཐུས་པར་བྱས་ནས། སྨན་སྣ་འཇོག་རྒྱུ། དབུས་སུ་ཨ་རུ་ར། ཛཱ་ཏི། སུ་གྨེལ། ཨ་ག་རུ། སྨད་འབྲས་གསུམ། དུ་རུ་ཀ །གླ་རྩི། ཤར་དུ་ཅུ་གང་། ག་བུར། ཐལ་དཀར་རྡོ་རྗེ། ཙནྡན་དཀར་པོ། རིང་བསྲེལ། ལྷོར་བ་རུ་ར། ཀ་ཀོ་ལ། ཞོ་ཤ་རྣམ་གསུམ། ཙི་ཏྲ་ཀ །ནུབ་ཏུ་ལི་ཤི །ཙནྡན་དམར་པོ། སྐྱུ་རུ་ར། སེ་འབྲུ། སྟར་བུ། སིནྡྷུ་ར། རྒུན་འབྲུམ། ཚ་བ་གསུམ། བྱང་དུ་གུར་གུམ། ཅོང་ཞི། བྲག་ཞུན། ལྕེ་སོག་དཀར་པོ། སྤོས་དཀར། ལི་ག་དུར་རྣམས་ཉུང་དུ་རེ་ཐུམ་བྱས་ལ་འཇོག །བརྡའི་བདུད་རྩི་ལྔའམ་སྐྱོབས་སུ་གྲགས་པ། དྲི་ཆེན་གྱི་ཨ་རུ་ར། བྱང་སེམས་ཀྱི་ག་བུར། ཤ་ {{TibChung|[6a]}} ཆེན་གྱི་ཙནྡན་དམར་པོ། རཀྟའི་དུ་རུ་ཀ །དྲི་ཆུའི་གླ་རྩི་རྣམས་ཀྱང་སོ་སོར་བསྡོགས། སྨན་གྱི་དཀྱིལ་འཁོར་སྟེང་དུ་ཚངས་པའི་ཕོ་བྲང་དུ་གྲགས་པ་རྒྱ་གདུགས་ལྟ་བུའི་གདུགས་དབུས་སྲོག་ཤིང་ལ་བཟང་ཤིང་བྱང་བུར་སྟེང་དུ་ཚངས་པ་དང་འོག་ཏུ་བརྒྱ་བྱིན་རྒྱབ་ཏུ་སྔགས་བྱང་འདོད་གསོལ་བྲིས་པ་བཏགས་པ་དང་ལྷན་ཅིག་ཀུ་ཤའི་ཆུན་པོ་དང་རྔ་མ་དཀར་པོའང་འདོགས། ཤམ་བུའི་ནང་ཅུང་ཟད་རྒྱས་ན་ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་རྒྱུ་སྐར་ཉེར་བརྒྱད་སྨན་སྲུང་ལྷ་མོ་བརྒྱད་བཅས་ཚང་བའམ། བསྡུ་ན་རྒྱུ་སྐར་ཉེར་བརྒྱད་ཀྱི་ཙཀླི་ཙམ་དར་གྱི་འཕུར་ལྕེ་དང་ལྡན་པ་སོ་སོའི་སྔགས་བྱང་འདོད་གསོལ་ཅན་ཕྱོགས་མ་འཆོལ་བར་ཞལ་ནང་བསྟན་དུ་བཀོད། ཤམ་བུའི་རྒྱབ་ངོས་སུ་མེ་ལོང་བཅུ་ལ་ཁྲོ་བཅུའི་སྔགས་མཚལ་གྱིས་བྲིས་པ་ཕྱོགས་མཚམས་མ་ནོར་བར་གདགས་ཤིང་བར་མཚམས་རྣམས་སུ་དར་དཔྱངས་དྲིལ་གཡེར་སོགས་ཀྱིས་མཛེས་པར་བརྒྱན། གཞན་སྒྲུབ་པའི་དཀྱིལ་འཁོར་ལ་འོས་པའི་ཡོ་བྱད་རྣམས་པྲ་ཁྲིད་གཞུང་བཞིན་ཉེ་བར་བསྡོག་གོ། །གཉིས་པ་སྒྲུབ་ཆོས་ཕྲིན་ལས་ཀྱི་རིམ་པ་གཞུང་བསྲང་བ་ལ་གཉིས། སྔོན་དུ་འགྲོ་བའི་ལས་རིམ་དང་། དངོས་གཞི་ཇི་ལྟར་སྒྲུབ་ཚུལ་ལོ། །དང་པོ་ནི། སྒྲུབ་ཆེན་ལ་འཇུག་པའི་ཉིན་དང་པོར་སཱའི་ཚོ་ག །ཕྱི་ནང་གསང་བའི་མཚམས་གཅོད་པ། མ་ཏྲཾ་བསྒྲལ་ཞིང་ཆག་ཆག་གདབ་པ། རྟེན་གྱི་དཀྱིལ་འཁོར་བཞེངས་ {{TibChung|[6b]}} པ་རྣམས་དང་། ཉིན་གཉིས་པར་བདག་གི་རྣལ་འབྱོར་བཟླས་པའི་མཐར་ཐུག་པའི་བར་སྔོན་དུ་འགྲོ་བས། སྒྲུབ་རྫས་རྣམས་ལ་ཐུན་མོང་དུ་བགེགས་བསལ་ཞིང་། བདུད་རྩི་འཁྱིལ་བས་བསྒྲུབས་པའི་ལས་བུམ་གྱི་ཆུས་ཁྲུས་གསོལ་བྱ། རྒྱན་བཀོད་སྐབས་རྡོ་རྗེ་རྒྱལ་ཚབ་པས་སྨན་གྱི་ཕོ་བྲང་དང་། གཞན་རྣམས་ཀྱིས་སྒྲུབ་རྫས་རྣམས་རིམ་པར་ཐོགས་ལ། ཐོག་མར་སྨན་འགོད་པ་ནི།}} ཧཱུྃ༔ དབུས་ཀྱི་བྷནྡྷ་སུལ་མང་དུ༔ དྲི་ཆེན་དག་དང་སྦྱར་བའི་སྨན༔ ཛཱ་ཏི་ཕ་ལ་ཨ་རུ་ར༔ ཨ་ག་རུ་དང་དུ་རུ་ཀ༔ གླ་རྩི་དག་དང་སྦྱར་བའི་སྨན༔ བསྙེན་པའི་སྙིང་པོ་ཛཔྲ་འདྲེན་ན༔ ལྷ་མོ་བཞི་ཡིས་བྱིན་གྱིས་རློབས༔ རྣམ་སྣང་ཡབ་ཡུམ་ཐུགས་དམ་བསྐང་༔ ཆོས་དབྱིངས་ཡེ་ཤེས་ཐོབ་བགྱིད་སླད༔ དབུས་ཕྱོགས་བྷནྡྷའི་གཞལ་ཡས་སུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ ཤར་ཕྱོགས་བྷནྡྷ་སུལ་འབྲིང་དུ༔ བྱང་ཆུབ་སེམས་དང་སྦྱར་བའི་སྨན༔ ཤ་རི་རཾ་དང་ཉ་རི་རཾ༔ ཅུ་གང་དང་ནི་ག་བུར་དང་༔ ཐལ་དཀར་རྡོ་རྗེ་ལ་སོགས་པ༔ བསྙེན་པའི་སྙིང་པོ་ཛཔྲ་འདྲེན་ན༔ ལཱ་སྱ་དཀར་མོས་བྱིན་གྱིས་རློབས༔ རྡོར་སེམས་ཡབ་ཡུམ་ཐུགས་དམ་བསྐང་༔ མེ་ལོང་ཡེ་ {{TibChung|[7a]}} ཤེས་ཐོབ་བགྱིད་སླད༔ ཤར་ཕྱོགས་བྷནྡྷའི་གཞལ་ཡས་སུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ ལྷོ་ཕྱོགས་བྷནྡྷ་སུལ་གསུམ་དུ༔ མཱཾ་ས་དག་དང་སྦྱར་བའི་སྨན༔ སྙིང་ཞོ་ཤ་དང་མཁལ་ཞོ་ཤ༔ གླ་གོར་ཞོ་ཤ་ཙི་ཏྲ་ཀ༔ ཀ་ཀོ་ལ་དང་སྦྱར་བའི་སྨན༔ བསྙེན་པའི་སྙིང་པོ་ཛཔྲ་འདྲེན་ན༔ མཱ་ལྱ་སྔོན་མོས་བྱིན་གྱིས་རློབས༔ རིན་འབྱུང་ཡབ་ཡུམ་ཐུགས་དམ་བསྐང་༔ མཉམ་ཉིད་ཡེ་ཤེས་ཐོབ་བགྱིད་སླད༔ ལྷོ་ཕྱོགས་བྷནྡྷའི་གཞལ་ཡས་སུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ ནུབ་ཕྱོགས་བྷནྡྷ་སུལ་མེད་དུ༔ པདྨ་རཀྟ་སྦྱར་བའི་སྨན༔ ཙནྡན་སྨུག་པོ་ལི་ཤི་དང་༔ སྐྱུ་རུ་ར་དང་སྟར་བུ་དང་༔ རྒུན་འབྲུམ་ལ་སོགས་སྦྱར་བའི་སྨན༔ བསྙེན་པའི་སྙིང་པོ་ཛཔྲ་འདྲེན་ན༔ གཱིརྟི་དམར་མོས་བྱིན་གྱིས་རློབས༔ སྣང་མཐའ་ཡབ་ཡུམ་ཐུགས་དམ་བསྐང་༔ སོར་རྟོག་ཡེ་ཤེས་ཐོབ་བགྱིད་སླད༔ ནུབ་ཕྱོགས་བྷནྡྷའི་གཞལ་ཡས་སུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ བྱང་ཕྱོགས་བྷནྡྷ་རྒྱ་གྲམ་དུ༔ དྲི་ {{TibChung|[7b]}} ཆུ་དག་ལ་སྦྱར་བའི་སྨན༔ བདུད་རྩི་དྲི་ཆུ་བྲག་ཞུན་དང་༔ ཅོང་ཞི་དང་ནི་གུར་གུམ་དང་༔ ལྕེ་སོག་དཀར་པོ་ལ་སོགས་པ༔ བསྙེན་པའི་སྙིང་པོ་ཛཔྲ་འདྲེན་ན༔ ནཱིརྟི་ལྗང་གུས་བྱིན་གྱིས་རློབས༔ དོན་གྲུབ་ཡབ་ཡུམ་ཐུགས་དམ་བསྐང་༔ བྱ་གྲུབ་ཡེ་ཤེས་ཐོབ་བགྱིད་སླད༔ བྱང་ཕྱོགས་བྷནྡྷའི་གཞལ་ཡས་སུ༔ དགྱེས་ཤིང་བརྟན་པར་བཞུགས་དུ་གསོལ༔ ཧཱུྃ༔ སྨན་རྣམས་སྣ་ཚོགས་ཐ་དད་པ༔ སོ་སོའི་ཡོན་ཏན་བསམ་མི་ཁྱབ༔ རྩ་བ་བརྒྱད་ལ་ཡན་ལག་སྟོང་༔ སྡུག་བསྔལ་ནད་ཀྱི་གསོས་སུ་ཆེ༔ རྩ་གསུམ་ཡོངས་རྫོགས་དཀྱིལ་འཁོར་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ར་སཱ་ཡ་ན་ས་མ་ཡ་ཏིཥྛ་ལྷན༔ {{TibChung|ཞེས་འགོད་ཚིག་ལྔ་ཚན་དང་བསྟུན་ཐོག་མར་དབུས་ཀྱི་བྷནྡྷ་ཉིད་གཞི་སྟེགས་སྟེང་གི་ལྡིང་ཁྲི་རིམ་པ་བར་མར་ཁྲོལ་བུའི་དཀྱིལ་འཁོར་མཎྜལ་ལ་འབྲུ་དཀར་དྲི་བཟང་གིས་སྦགས་པས་ཚོམ་བུ་ལྔ་བཀོད་པའི་ཁར་མཉྫི་བཞག་པ་ལ་དཔྲལ་བ་མདུན་བསྟན་གྱིས་འགོད། དེ་ནས་ཤར་སོགས་ཕྱོགས་བཞིར་དཔྲལ་བ་ནང་དུ་བསྟན་ལ་འགོད་ཅིང་དབུས་དཀར་ཤར་སྔོ་སོགས་དར་ཕྱོགས་མདོག་གིས་བཀབ།}} སྨན་རྣམས་སྣ་ཚོགས་{{TibChung|སོགས་ {{TibChung|[8a]}} ཀྱི་སྐབས་སུ་ཐོད་པའམ་སྣོད་གཞན་དུ་ཤར་ལྷོར་འོ་མ་དང་མང་གསུམ། ལྷོ་ནུབ་ཏུ་རིན་པོ་ཆེའི་ཕྱེ་མ། ནུབ་བྱང་དུ་ཆང་དང་ཕབ་རྩི། བྱང་ཤར་དུ་ཆུ་སྣ་རྣམས་དང་། སྨན་ཕྱེ་ཐོད་པར་མ་ཤོང་བ་ཡོད་ན་བར་མཚམས་གཞན་རྣམས་སུ་ཇི་ལྟར་འཚམས་པར་འགོད། ཐོད་པ་དབུས་མ་གཞན་ལས་མཐོ་བར་བྱས་པའི་ཁར་གསེར་ལ་སོགས་པ་རིན་པོ་ཆེའི་སྣོད་དུ་བླ་མ་གོང་མ་རྣམས་ཀྱི་བྱིན་རྟེན་བདུད་རྩིའི་ཕབ་གཏའ་རྣམས་ཆང་ངམ་དྲི་བཟང་གི་ཆུ་དང་སྦྱར་ཏེ་བཞག །ཐོད་པ་རྣམས་ཀྱི་སྟེང་གཟུངས་ཐག་སྣ་ལྔས་སྦྲེལ་ལ་གཙོ་བོའི་གཟུངས་ཐག་གི་སྣེ་གཉིས་རྡོར་སློབ་དང་རྒྱལ་ཚབ། ཕྱོགས་བཞི་རྒྱལ་ཐེབས་རིགས་བཞིའི་ཕྱག་ཏུ་སླེབ་པར་བྱ། སྨན་གྱི་ཕོ་བྲང་དང་ཚངས་པ་བརྒྱ་བྱིན་གྱི་བར་དུ་དམུ་ཐག་དཀར་པོས་སྦྲེལ་ཞིང་། སྨན་ཁང་ལ་ནང་ནས་རིམ་བཞིན་མཐིང་དམར་དཀར་བའི་དར་ཡོལ་སུམ་རིམ་བྲེ། དེ་ནས་སྒྲོམ་ཁྲིའི་རིམ་པ་དང་པོར་བུམ་པ་སོགས་སྒྲུབ་རྟེན་གཞན་རྣམས་འགོད་ཅིང་། རྒྱན་བཀོད་ནས་བཟུང་བྱིན་དབབ་པའི་བར་གྱི་ཉིན་གཉིས་པའི་བྱ་བ་རྣམས་སྒྲུབ་ཁོག་གི་གཞུང་བཞིན་བྱའོ། །གཉིས་པ་དངོས་གཞི་ལ་གསུམ། སྒྲུབ་པའི་དཀྱིལ་འཁོར་གཞུང་བསྲང་བ། སྨན་ཁྲོལ་བུར་སྦྱོང་བ། ཕྱེ་མར་སྒྲུབ་པའོ། །དང་པོ་ནི། ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བདག་དང་དཀྱིལ་འཁོར་སྒྲུབ་རྫས་ཀྱིས་མཚོན་པའི་སྣོད་བཅུད་ཐམས་ཅད་ {{TibChung|[8b]}} སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་རང་བཞིན་དབྱེར་མེད་དུ་གསལ་བཏབ་ལ་ཛཔྲ་བཟླས་བསྙེན་བསྟོད་བཤགས་པ་དམ་བཟུང་གི་བར་གྲུབ་པ་དང་། གཉིས་པ་ཁྲོལ་བུར་སྦྱོང་བའི་དགོངས་པ་ལ། ཐོག་མར་སྨན་སྲུང་སྤྱན་དྲང་བ་ནི། སྤོས་དཀར་གྱི་དུད་པ་འཐུལ། ཁ་དོག་སྣ་ཚོགས་བའི་དར་གྱིས་གཡབ་ཅིང་དབྱངས་དང་རོལ་མོར་བཅས་པས།}} ཧཱུྃ༔ ཚངས་དང་དྲང་སྲོང་ཀླུ་རྣམས་དང་༔ རྩི་ཤིང་སྨན་གྱི་ལྷ་མོ་དང་༔ ར་སཱ་ཡ་ནའི་སྲུང་མའི་ཚོགས༔ སྔོན་ཚེ་འདས་དུས་དང་པོ་ལ༔ ཀུན་བཟང་ལྷ་ཡི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་དབང་མནོས་ཏེ༔ སྡོམ་ལ་གནས་པའི་རིག་འཛིན་རྣམས༔ དུས་གསུམ་བདེ་གཤེགས་མཆོད་པ་དང་༔ སྨན་གྱི་རིག་འཛིན་བསྒྲུབ་པའི་ཕྱིར༔ འཁོར་དང་བཅས་ཏེ་སྤྱན་འདྲེན་ན༔ འདིར་གཤེགས་དམ་ཚིག་ཚུལ་བཞིན་དགོངས༔ ར་སཱ་ཡ་ནའི་དངོས་གྲུབ་སྩོལ༔ {{TibChung|ཅེས་བསྐུལ་ཞིང་སྤྱན་དྲངས་པས།}} སྔོན་བྱོན་སྨན་གྱི་དམ་ཚིག་གི་དངོས་གྲུབ་ཐོབ་ཅིང་སྒྲུབ་པ་པོའི་སྡོང་གྲོགས་མཛད་པར་དམ་མནོས་པའི་སྨན་གྱི་རིག་འཛིན་ལྷ་དང་དྲང་སྲོང་སྲུང་མ་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་བྱོན་ནས་སྨན་གྱི་ཕོ་ {{TibChung|[9a]}} བྲང་སྟེང་གི་ནམ་མཁར་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པར་{{TibChung|བསམ་ལ། རྟོག་པ་བསལ་བ་ནི། བྱིན་གྱིས་བརླབས་པའི་བདུད་རྩི་འཐོར་ཞིང་།}} ཧཱུྃ༔ ར་སཱ་ཡ་ནའི་རིག་འཛིན་རྣམས༔ ཚངས་དང་དྲང་སྲོང་གཙང་མ་ཟ༔ དེ་དག་གྲོལ་བར་ངས་མ་བཤད༔ ཁྱི་དང་ཕག་པ་མི་གཙང་ཟ༔ དེ་དག་གྲོལ་བར་ངས་མ་བཤད༔ ཀླུ་དང་བྲམ་ཟེ་གཙང་མ་ཟ༔ དེ་དག་གྲོལ་བར་ངས་མ་བཤད༔ བྱོལ་སོང་རྩྭ་མཆོག་ཟ་བ་ཡང་༔ ཇི་སྲིད་འཚོ་ཡི་བར་དུ་ཟ༔ དེ་དག་གྲོལ་བར་ངས་མ་བཤད༔ ཡང་དག་དོན་གྱི་ལུང་འདི་ཉོན༔ རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི༔ ཆོས་སྐུ་གཅིག་ལས་ཐ་དད་པའི༔ རིགས་ལྔའི་རང་བཞིན་འདིར་བསྟན་ཏེ༔ དེ་ལྟར་རྟོགས་ན་གྲོལ་ཞེས་བཤད༔ རང་བཞིན་ཡང་དག་དག་པའི་རྫས༔ མཉམ་པའི་དབྱིངས་སུ་རབ་བརྟགས་ན༔ གཉིས་མེད་དོན་གྱིས་ཟིན་པ་ཡིན༔ ཇི་ལྟར་དམིགས་པ་བཞིན་དུ་འགྲུབ༔ གཙང་དང་མི་གཙང་རྟོག་པ་ཅན༔ དངོས་དང་མི་དངོས་གཉིས་མེད་པས༔ མཁས་པ་གཙང་དམེ་གཉིས་མི་བྱེད༔ ཡེ་ཤེས་སྐུ་ལྔར་བསྟན་པའི་ཕྱིར༔ གཙོ་རུ་དང་དུ་བླང་བར་བྱ༔ {{TibChung|[9b]}} གཙང་དམེ་མེད་པར་ཀུན་གྱིས་སྤྱོད༔ དེ་དག་གྲོལ་བར་ངས་བཤད་ཀྱིས༔ ར་སཱ་ཡ་ནའི་རིག་འཛིན་ཚོགས༔ བཏང་སྙོམས་མེད་པའི་ཕྲིན་ལས་མཛོད༔ ཐེ་ཚོམ་མེད་ན་ངེས་པར་འགྲུབ༔ དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག༔ སྒྲུབ་རྫས་འདི་ལ་བྱིན་གྱིས་རློབས༔ སྒྲུབ་པ་པོ་ལ་དབང་ཞིག་སྐུར༔ {{TibChung|ཅེས་བརྗོད་པས།}} སྨན་གྱི་དྲང་སྲོང་རིག་འཛིན་ཐམས་ཅད་གཙང་དམེའི་གཉིས་འཛིན་དག་ནས་འདོད་པའི་དངོས་གྲུབ་སྩོལ་བ་ལ་དགྱེས་བཞིན་དུ་བཞུགས་པར་{{TibChung|བསམ། དེ་ནས་འཕྲོ་འདུ་འཇུ་འདུལ་དངོས་ནི།}} བདག་ཉིད་གུ་རུ་རྩ་བ་གསུམ་གྱི་དཀྱིལ་འཁོར་དུ་གསལ། སྨན་སྣོད་བྷནྡྷ་རྣམས་ཀྱི་ནང་དུ་དབུས་སུ་དྲི་ཆེན་གྱི་སྟེང་དུ་ཨོཾ། ཤར་དུ་བྱང་སེམས་ཀྱི་སྟེང་དུ་ཧཱུཾ། ལྷོར་མཱཾ་སའི་སྟེང་དུ་སྭཱ། ནུབ་ཏུ་རཀྟའི་སྟེང་དུ་ཨཱཿ བྱང་དུ་དྲི་ཆུའི་སྟེང་དུ་ཧཱ་རྣམས་གསལ་བར་གྱུར། དཔའ་བོ་འབྲུ་ལྔ་ལས་འོད་འཕྲོས། བདེ་བར་གཤེགས་པའི་ཐུགས་དམ་གྱི་རྒྱུད་བསྐུལ། འགྲོ་བའི་དོན་བྱས། ཕྱི་འབྱུང་བ་ལྔའི་བཅུད་བསྡུས། སླར་འདུས་པ་ལས་གདོས་པ་ཅན་རྣམས་བཞུ་ཞིང་བཏུལ་ནས་འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་རྣམས་སུ་ {{TibChung|[10a]}} གྱུར། སླར་ཡང་འོད་འཕྲོས། ཉོན་མོངས་དུག་ལྔའི་དབང་གིས་འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་སྟོང་ཞིང་ཟད་སར་བསྒྲལ་ནས་སླར་འདས་ཕྱག་མཚན་ས་བོན་དང་བཅས་པ་ཡེ་ཤེས་ལྔའི་རང་བཞིན་ཐོད་ཕྲེང་རིགས་ལྔའི་སྐུར་གྱུར། ཕོ་བྲང་སྟེང་གི་སྨན་སྲུང་རིག་འཛིན་རྣམས་ཀྱིས་ཀྱང་བརྟན་གཡོའི་རྩ་བཅུད་བདུད་རྩིའི་ཆར་དུ་འབེབས་པར་གྱུར། {{TibChung|ཅེས་པའི་ཏིང་ངེ་འཛིན་དང་མ་བྲལ་བར་གཟུངས་ཐག་སོ་སོར་བླངས་ཏེ།}} ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ར་སཱ་ཡ་ན་ཏ་ན་ཛ་ཡ་གུ་ཧྱ་སིདྡྷི་ཧཱུཾ་ཧྲཱིཿཥྛ༔ {{TibChung|ཞེས་པའི་ཛཔྲ་སྟོང་དུ་གྲངས་ཚང་བར་བཟླ་ཞིང་། ཐུན་པ་རྣམས་ཀྱིས་བསྙེན་རྒྱུན་བླངས་ལ་དེ་ཉིད་རྒྱུན་མི་འཆད་དུ་བཟླ། ཐུན་མཐར་བདུད་རྩིའི་ཆེ་བ་བརྗོད་པ་ནི།}} ཧཱུྃ༔ རྣམ་དག་དྲི་ཆེན་རྣམ་སྣང་མཛད༔ ཕྱི་ནང་གཉིས་ཀ་རྣམ་པར་དག༔ མི་བསྐྱོད་བྱང་ཆུབ་སེམས་དཔའ་ཉིད༔ དམིགས་མེད་དག་པ་ཡེ་ཤེས་ཡིན༔ མཱཾ་ས་རིན་ཆེན་འབྱུང་ལྡན་གཙོ༔ མཉམ་དང་མི་མཉམ་དབྱེར་མེད་དོ༔ སྣང་བར་རཀྟ་མཐའ་ཡས་གསུང་༔ སྐྱེ་འགག་མེད་པ་ཡེ་ནས་དག༔ དོན་ཡོད་དྲི་ཆུ་ལས་གྲུབ་པ༔ དྲི་མེད་རྒྱུ་འབྲས་རྣམ་ {{TibChung|[10b]}} པར་དག༔ ཀུན་ཀྱང་གཙང་ཞིང་དྲི་མེད་པས༔ ཐམས་ཅད་མ་ལུས་སངས་རྒྱས་ལྔ༔ ལུས་པ་མེད་པའི་ཡེ་ཤེས་ངང་༔ མ་བཅོས་ཡེ་ཤེས་དེ་ཉིད་དོ༔ དེ་ཕྱིར་སྨན་གྱི་བཅུད་ཀྱི་མཆོག༔ བདུད་རྩི་ཞེས་ནི་དེ་ལ་བྱའོ༔ {{TibChung|ཞེས་བསྐུལ་ལ།}} ཐོད་ཕྲེང་རིགས་ལྔ་བདུད་རྩིའི་ངོ་བོར་ཞུ་སྟེ་དམ་ཚིག་གི་རྫས་དངོས་གྲུབ་ཀུན་གྱི་དབྱིག་ཏུ་འཁྱིལ་བར་{{TibChung|བསམ། དེ་ནས་སྒྲུབ་ཁོག་བཞིན་ཉུ་ལེ་བསྐྲད་ཅིང་བྱིན་དབབ་པས་ཐུན་དང་པོ་གྲུབ། ཐུན་གཉིས་པ་ལ་ལས་བྱང་གི་མཆོད་པ་བྱིན་རླབས་ནས་བརྩམས་རྩ་བསྙེན་དང་སྨན་ཁྲོལ་བུར་སྦྱོང་བ་སོགས་ཉུལ་བསྐྲད་བྱིན་འབེབས་ཡན་སྔར་ལྟར་བསྐྱར། ཐུན་གསུམ་པ་ཡང་དེ་དང་མཚུངས་པ་ལས་ཆེ་བརྗོད་འོད་ཞུ་བཅས་སོང་རྗེས། ཆོས་སྐྱོང་གི་གཏོར་ཆོག་དང་ཚོགས་མཆོད་སོགས་རྗེས་རིམ་རྣམས་མཐར་དབྱུང་ཞིང་ཉུལ་བསྐྲད་བྱིན་འབེབས་རྒྱས་པར་བྱ། མཚན་ཐུན་གསུམ་གྱི་ཐུན་དང་པོར་ལས་བྱང་གི་ཚོགས་བསགས་དང་མཚམས་གཅོད་ནས་བརྩམས་སྔོན་འགྲོའི་ཆོས་རྣམས་དང་། ཐུན་རྗེས་མའི་མཐར་ཚོགས་མཆོད་ཉེར་བསྡུ་སོགས་རྗེས་རིམ་མདོར་བསྡུས་སྦྱོར་བ་ཙམ་ལས་གཞན་རྣམས་ཉིན་ཐུན་བར་མའི་འགྲོས་ལྟར་ལ། ཉིན་མཚན་གྱི་ཐུན་ཕྱི་མའི་སྨན་ཛཔྲ་རྗེས་སུ་འོག་གི་སྨན་སྦོལ་བའི་སྐབས་སུ་འབྱུང་བའི་སྔགས་བརྒྱ་རྩ་ཙམ་རེ་བཟླས་པས་མཚམས་ཀྱི་ཆང་སོགས་བྱོན་ {{TibChung|[11a]}} གྱིས་བརླག དེ་ལྟ་བུའི་ཚུལ་གྱིས་ཁྲོལ་སྒྲུབ་ཞག་གསུམ་གྲུབ་པའི་ཉིན་བཞི་པའི་སྔ་དྲོའི་ཐུན་གྱི་མཐར་འོད་ཞུ་གྲུབ་པའི་རྗེས་ཐོག་ཏུ་སྨན་ཐོད་རྣམ་དབུས་ཀྱི་ཐོད་པར་བསྡུ། ཁྲོལ་བུའི་ཐུན་པོ་རྣམས་ཀྱང་ཕྱོགས་གཅིག་ཏུ་བསྲེས་ལ་དེ་ཉིད་གཟུངས་མར་མངའ་གསོལ་བས་དར་གྱིས་ལྕིབས་ནས་བླངས་ཏེ་སློབ་དཔོན་ལ་འབུལ་ཞིང་།}} རིགས་ཐམས་ཅད་གསང་ཆེན་རིགས་གཅིག་བདེ་བ་ཆེན་པོ་ཆོས་ཀྱི་སྐུའི་རང་བཞིན་དུ་གྱུར་པ་དེ་ཉིད་དམ་ཚིག་གི་རྫས་ཐབས་ཤེས་དབྱེར་མེད་རོ་གཅིག་ཏུ་ཞུ་ཞིང་འདྲེས་ཏེ་དངོས་གྲུབ་ཀྱི་སྙིང་པོ་འོད་ཀྱི་གོང་བུའི་རྣམ་པས་ཐུགས་ཀྱི་ཐིག་ལེར་ཐིམ་པར་{{TibChung|མོས་ལ་དཀྱིལ་འཁོར་མདུན་གྱི་སྟེགས་བུ་ལ་འགོད་དོ། །གསུམ་པ་བདུད་རྩི་ཕྱེ་མར་སྒྲུབ་པ་ལ་གཉིས། སྦྱོར་བ་བཏགས་བཙགས་སོགས་ཀྱི་དགོངས་པ་དང་། ཕྱེ་མ་དངོས་ཀྱི་དགོངས་རྒྱུད་དོ། །སྔ་མ་ལ་སྤྱི་དང་ཁྱད་པར་གཉིས་ཀྱི། དང་པོ་ནི། སློབ་དཔོན་ཡབ་ཡུམ་འཁོར་དང་བཅས་པ་ཆས་ཀྱིས་བརྒྱན་ལ་ཁྲོལ་བུའི་ཛཔྲ་བཟླ་ཞིང་དཀྱིལ་འཁོར་བསྐོར། བླ་མ་རྩ་བ་གསུམ་གྱི་ང་རྒྱལ་བཟུང་ནས་མཆོག་གི་ཧསྟ་གཡབ་ཅིང་སྦྱར་བའི་སྤོས་བསྲེག །རྐང་གི་གླིང་བུ་དང་ཀུ་ཤའི་གླུ་བླངས་པ་སོགས་དྲག་པོའི་རོལ་གར་མང་པོ་དང་བཅས་པས་རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐུལ། མཁའ་ {{TibChung|[11b]}} འགྲོ་དམ་ཅན་དབང་དུ་བསྡུས་ནས་ལས་ལ་བཙུད། དགྲ་བགེགས་རྣམས་གཟིར་ཞིང་ཚར་གཅོད་པའི་བརྟུལ་ཞུགས་བསྐྱེད་ལ་ཉམས་བསྐྱང་ངོ་། །གཉིས་པ་ལ་ལྔ། བཏགས་པ། བཙགས་པ། སྦོལ་བ། གཞལ་བ། འགོད་པའོ། །དང་པོ་བཏགས་པ་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཞིང་ཆེ་ཆུང་གི་གཡས་གཞི་དངོས་སམ་རི་མོར་བྲིས་པ་བརྩེགས་མར་བཏིང་། དེ་ལ་གུ་གུལ་གྱིས་བྱུག་ཅིང་རཀྟའི་ཐིག་ལེས་མཚན་མ་བཀོད། དེའི་སྟེང་དུ་གཏན་གཏུན་ཐབས་ཤེས་ཀྱི་བརྡ་མཚོན་པར་བཞག །སློབ་དཔོན་དཀྱིལ་འཁོར་དང་གཟུངས་མ་སློབ་དཔོན་ལ་ཞལ་ཕྱོགས་པས་འཁོད་དེ་རྐང་པ་གཉིས་སྨན་གཞོང་གི་འགྲམ་གཡས་གཡོན་ཕན་ཚུན་བསྣོལ་མར་བརྐྱང་། སློབ་དཔོན་གྱིས་ལག་པ་སོར་མོ་བསྣོལ། མཛུབ་མོ་བསྒྲེང་། མཐེ་བོང་བཀུག་པ་བྱིན་དབབ་པའི་རྒྱས་གཏུན་བུ་བཟུང་། ཡུམ་གྱིས་མཁའ་དབྱིངས་ཀྱི་རྒྱས་གཏུན་ཁུང་བཟུང་ལ།}} གཏུན་ཁུང་ཤེས་རབ་ཡུམ་གྱི་མཁའ་དབྱིངས་སུ། །གཏུན་བུ་ཐབས་མཆོག་ཡབ་ཀྱི་རྡོ་རྗེ་ཡིས། །ལས་ཉོན་མཚན་རྟོག་འཐག་པས་སྨན་གྱི་དངོས། །དབྱིངས་ཡེ་གཉིས་མེད་ཡེ་ཤེས་འོད་འཕྲོར་གྱུར། །{{TibChung|ཅེས་དམིགས་ཏེ།}} ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་རུ་ལུ་རུ་ལུ་ཧཱུཾ་ཧྲཱིཿཋཱ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཧྲཱིཿཋཱ༔ {{TibChung|ཞེས་ {{TibChung|[12a]}} པའི་ཛཔྲ་ཉིད་དབྱངས་ཀྱི་ཚུལ་དུ་བཟླ་བཞིན་པས་བཏག་གོ །གཉིས་པ་བཙག་པ་ནི། དཀྱིལ་འཁོར་གྱི་ལྷོར་ཡུམ་གྱིས་སྣོད་དང་དར་ཚག་བཟེད། སློབ་དཔོན་གྱིས་སྨན་བླུགས་ལ།}} ཡབ་ཡུམ་ཐབས་ཤེས་མཉམ་པར་སྦྱོར་བ་ལས། །ཡེ་ཤེས་བདུད་རྩི་དཀར་འཚེར་མེ་རེ་རེ། །འོ་མའི་ཆུ་རྒྱུན་ལྟ་བུར་ལུང་པར་གྱུར། {{TibChung|ཅེས་དམིགས་ཏེ།}} ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧོ་ས་ཡ་བི་ཤུདྡྷེ་ཧཱུཾ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུཾ་སརྦ་པཉྫ་ཨ་མྲྀ་ཏ་ཀ་མ་ལ་ཀུནྡྷ་ལི་སིདྡྷི་སིདྡྷི་ཧཱུཾ་ཧྲཱིཿཋཱ༔ {{TibChung|ཞེས་བཟླ་བཞིན་པས་སྨན་ཐམས་ཅད་ཚགས་སུ་དྲང་ངོ་། །གསུམ་པ་སྦོལ་བ་ནི། དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་སློབ་དཔོན་ཡབ་ཡུམ་གྱི་བར་དུ་སྨན་སྣོད་ལྕགས་གཡའི་དྲི་མ་མེད་ཅིང་འཕུར་དུས་འཐོར་ཟེགས་མི་འགྲོ་བ་ཟངས་དཀར་ལྟ་བུ་གཙང་ཞིང་ཆེ་བ་བཞག །གུར་གུམ་སོགས་དྲི་བཟང་དང་དམ་རྩིའི་དབང་ལག་སོགས་ཟུར་དུ་ཕྱེས་ལ། །}} སྣོད་ལྟར་སྣང་བ་ཡུམ་གྱི་མཁའ་དབྱིངས་སུ། །བཅུད་སྣང་ཐབས་མཆོག་ཡབ་ཀྱི་རྡོ་རྗེ་ཡིས། །འདྲེས་པར་དཀྲུགས་པས་ཐབས་ཤེས་མཉམ་སྦྱོར་བའི། །བྱང་སེམས་བདུད་རྩི་འོད་དུ་འཁྱིལ་བར་གྱུར། །{{TibChung|ཅེས་དམིགས་ཏེ།}} ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་བི་ཤུདྡྷེ་ཀུནྡྷ་ལཱི་ཧཱུྃ་ཧྲཱིཿཋཱ༔ {{TibChung|ཞེས་བཟླ་བཞིན་པས་སྨན་ཕྱེ་རྣམས་ {{TibChung|[12b]}} རླན་མ་ཕོག་པའི་སྐམ་པོ་འདྲེས་པར་བསྲེས་ལ་འབྲུམ་མེད་པར་བྱ། དེ་ནས་སློབ་དཔོན་གྱིས་བྱིན་གྱིས་བརླབས་པའི་ཆང་སོགས་སྦྲེང་ཞིང་། །}} འཁོར་དང་མྱ་ངན་འདས་པའི་ཆོས་ཐབས་ཅད། །བདེ་ཆེན་དབྱིངས་སུ་རོ་གཅིག་འདྲེས་པར་གྱུར། །{{TibChung|ཅེས་དམིགས་ཏེ་གོང་གི་སྔགས་བཟླ་བཞིན་དུ་རིམ་པར་འོ་མ་རིན་ཆེན་ཆུ་སྣ་རྣམས་བླུགས་ཏེ་སྦོལ། སྨན་ཕྱེ་མང་པོ་ལ་དེ་དག་གིས་བརླན་ཕབ་དཀའ་ན་བྱིན་རླབས་བྱས་པའི་ཆང་བཟང་པོ་གང་འོས་བླུགས་ལ་མཆོག་ཆེན་གྱི་ལག་གཡོན་ནམ་རྐང་ངམ་རྡོ་རྗེས་དཀྲུགས་པར་བཤད་པ་ལྟར་དེར་མཚོན་བྱེད་བྱས་ཏེ་ཤིན་ཏུ་འདྲེས་པར་འཕུར་ཞིང་བསྲེ། །དེ་ནས་དྲི་བཟང་གི་ཕྱེ་མ་སོགས་མདངས་བསྒྱུར་དམ་རྩི་ཕབ་རྒྱུན་རྣམས་དང་། སྨན་ཕྱེ་མང་ཉུང་དང་ནམ་ཟླའི་བབ་དང་བསྟུན་པའི་ཕབ་རྩི་བཟང་པོ་རྣམས་ཀྱིས་ནན་དུ་སྦོལ་ཞིང་བསྲེ། བསྐ་སླའི་ཚད་སྙིམ་པར་བཅངས་ནས་ཆག་གང་དུ་བསྐྱུར་བས་བམ་པོ་འཇིག་ཅིང་ཕྱེ་མར་མི་འདལ་བ་ཙམ་དུ་བྱའོ། །བཞི་པ་གཞལ་བ་ནི། དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་ཡུམ་གྱིས་དར་ཁུག་བཟེད། ཡབ་ཀྱིས་དྲིལ་བུའམ་ཀ་པཱ་ལས་གཞལ་ཞིང་། །}} རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན་ཆེན་པོ། །སྟོབས་ལྡན་ར་སཱ་ཡ་ན་བདུད་རྩིའི་མཆོག །དོན་གྱི་དབྱིངས་ལ་འགྱུར་བ་མེད་པའི་ཕྱིར། །མ་ནོར་གྲངས་སུ་བཅད་དེ་གཞལ་བར་གྱུར། །{{TibChung|ཅེས་མོས་ལ།}} ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ {{TibChung|[13a]}} ཨ་མྲྀ་ཏ་ཧོ་ས་མ་ཡ་བི་ཤུདྡྷེ་ཧཱུཾ་ཧྲཱིཿཋཱ༔ {{TibChung|ཞེས་བཟླ་བཞིན་དུ་གཞལ་ཏེ་རྗེས་སུ་ཇི་ཙམ་འཕེལ་བ་བརྟག་པའི་ཕྱིར་གྲངས་མ་ནོར་བར་བྱ། དེ་ནས་རྒྱས་གདབ་པ་ལ། སྨན་ཁུག་ཁ་དམ་པར་བྱས་ཏེ་དེ་ཉིད་བྷནྡྷ་ཁ་སྦྱོར་གྱི་ནང་དུ་གཞུག་པར་གསུངས་པས་ཕོ་མོའི་ཐོད་པ་མཚན་ལྡན་གྱི་ནང་དུ་རཀྟ་དང་ཆོས་སྨན་སྦྱར་བས་ཕོ་ཐོད་ལ་འཁོར་ལོ་རྩིབས་བཞིའི་ལྟེ་བ་དང་རྩིབས་བཞིར་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ མོ་ཐོད་ལ་པདྨ་འདབ་བཞིའི་ལྟེ་བ་དང་འདབ་མར་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། གཉིས་ཀའི་མུ་ཁྱུད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཤྲཱི་མ་ཧཱ་སུ་ཁ་ཧཱུཾ་ཧྲཱིཿཋཱ༔ ཞེས་པས་བསྐོར་བ་བྲིས་ལ་མོ་ཐོད་འོག་དང་ཕོ་ཐོད་སྟེང་མ་བྱས་པའི་བར་དུ་གཞུག་སྨན་མང་ན་དེ་ཉིད་ཟངས་དཀར་སོགས་སྣོད་གཙང་གཡའ་མེད་པའི་ནང་དུ་འཇོག་ཅིང་བར་མཚམས་བལ་བུའི་ཕུར་མ་རླན་ཅན་གྱིས་གཅེར། གང་ལྟར་སྨན་སྣོད་ཕྱི་ནས་དར་སྣ་ཚོགས་ཀྱིས་དྲིལ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་པའི་མདུད་ཁར་རྡོ་རྗེ་རྒྱ་གྲམ་གྱི་རྒྱས་གདབ། དར་ཟབ་ཀྱི་ན་བཟའ་གསོལ་ཞིང་གཡས་གཡོན་དུ་རྡོ་དྲིལ་དང་སྟེང་དུ་དབུ་རྒྱན་བཅིང་། རུས་སྦལ་གྱི་ཁོག་པར་གི་ཝཾ་གིས་ཧྲཱིཿཡིག་བྲིས་པས་སྟེང་ནས་བཀབ། དེ་དག་གི་ཚེ།}} ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧྱ་གྲཱི་ཝ་ས་མ་ཡ་དྷརྨ་དྷཱ་ཏུ་ཧཱུཾ་ཧྲཱིཿཋཱ༔ {{TibChung|ཞེས་བཟླའོ། །འདི་སྐབས་ཁྲོལ་སྒྲུབ་ཀྱི་ཚོམ་བུའི་དཀྱིལ་འཁོར་བསྡུ། རྡོ་རྗེ་རྒྱལ་ཚབ་སོགས་ཀྱིས་ཞི་བའི་སྦྱིན་སྲེག་ {{TibChung|[13b]}} བྱ་ཞིང་མེའི་ཕུད་ཀྱིས་དྲོད་འབེབས་མར་མེ་སྦར། དམ་སྲི་མནན་པ་ལ་སླར་ཡང་བཀུག་གཟིར་དྲག་ཏུ་བྱ་ཞིང་རྟ་བྲོ་བརྡུང་། སྒོ་བྱང་རྣམས་གསོ་ཞིང་དངོས་གྲུབ་སྲུང་བའི་ཕྲིན་བཅོལ་ནན་ཏན་དུ་བྱའོ། །ལྔ་པ་དཀྱིལ་འཁོར་དུ་འགོད་པ་ནི། སྨན་གྱི་ཕོ་བྲང་ལ་ཛཱ་ཏི། ག་བུར། ཙནྡན། གླ་རྩི། དུ་རུ་ཀ་སྟེ་དྲིའི་རྒྱལ་པོ་ལྔ་དང་། གུ་གུལ་ཚིལ་ཆེན་སྦྱར་བའི་དུད་པས་བདུག་ཅིང་དྲག་སྔགས་ཡུངས་ཐུན་ཚམ་རྔམས་བཅས་པས་བགེགས་བསྐྲད། སློབ་དཔོན་དྲིལ་སྤོས་ཐོགས་པས་སྣ་དྲངས་ཏེ་རྒྱལ་ཚབ་སོགས་ཀྱིས་སྨན་གྱི་ཕོ་བྲང་བཏེགས་ལ། སརྦ་པཉྩའི་ཛཔྲ་དབྱངས་བཟླ་ཞིང་དཀྱིལ་འཁོར་ལ་གཡས་སུ་བསྐོར་ནས་མདུན་དུ་འཁོད་དེ།}} ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་དུ༔ རྩ་བ་བརྒྱད་ལ་ཡན་ལག་སྟོང་ལ་སོགས༔ འབྲས་བུ་སྐུ་གསུང་ཐུགས་སུ་བསྒྲུབ་པའི་ཕྱིར༔ དུག་གིས་དུག་བསལ་དུག་ལྔ་ཡེ་ཤེས་ལྔ༔ སྨན་གྱིས་སྨན་སྩལ་སྨན་ལྔ་བདུད་རྩི་ལྔ༔ དུག་ལྔ་མ་སྤངས་སྐུ་ལྔ་ལྷུན་གྱིས་གྲུབ༔ དབྱིངས་ནས་སྤྱན་དྲངས་རྒྱལ་བའི་སྐུར་བསྐྱེད་དེ༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་མཆོད་པ་དང་༔ རྣལ་འབྱོར་དབང་ཕྱུག་ཐུགས་དམ་བསྐང་བའི་ཕྱིར༔ བདུད་རྩི་མཆོག་གི་ཕོ་བྲང་མངའ་གསོལ་བས༔ གསང་བ་མཆོག་གི་ {{TibChung|[14a]}} དབུས་སུ་བརྟན་པར་བཞུགས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ས་མ་ཡ་ཏི་ཥྛ་ལྷན༔ {{TibChung|ཞེས་གཙོ་བོར་མངའ་གསོལ་ཏེ་དཀྱིལ་འཁོར་དབུས་ཀྱི་བར་ལྡིང་མཉྫི་བརྟན་པོའི་ཁར་བཞུགས་སུ་གསོལ་ལ་འོག་ཏུ་དུག་གསུམ་གྱི་ཚིལ་བུ་དང་ཞུན་ཆེན་གྱི་མར་མེ་སྦར། སྟེང་དུ་གཟུངས་རྡོར་བཞག་པའི་སྲད་བུའི་སྣེ་དང་དམུ་ཐག་སྦྲེལ། ཕྱི་ནས་དར་ཡོལ་བྲེས་ལ་མེ་ངད་རླུང་གིས་མི་འཕྲོག་ཅིང་ཕྱོགས་རེ་རེར་ཚ་ཆེས་གྲང་ཆེས་མ་ཡིན་པར་སྨན་གྱི་ཁང་བུ་སྤྱི་སྙོམས་སུ་དྲོད་ཆི་ལེ་བར་བྱ། དེ་ནས་དགུ་པའི་ཛཔྲ་བརྒྱ་རྩ་བརྒྱད་བཟླས་མཐར་ཉུ་ལེ་བསྐྲད་ཅིང་བྱིན་དབབ་པ་སོགས་བྱའོ། །སྤྱིར་བཏགས་བཙག་གི་སྐོར་འདི་ཁོ་ན་ལ་ཉིན་གཅིག་ཏུ་བྱས་ཏེ་ཕྱིར་ཉིན་ནས་ཕྱེ་སྒྲུབ་ཀྱི་གཞུང་བསྲང་བ་ཡིན་མོད། བཏགས་བཙག་ཕོན་མང་མེད་པའི་སྔ་དྲོ་ཙམ་གྱིས་གྲུབ་ན་དངོས་གཞི་བསྙེན་སྒྲུབ་གལ་ཆེ་བའི་གནད་ཀྱིས་ཕྱི་དྲོ་ནས་ཕྱེ་སྒྲུབ་ཀྱི་དབུ་ཚུགས་ནའང་ལེགས་པ་ཡིན་ནོ། །གཉིས་པ་ཕྱེ་མ་སྒྲུབ་པའི་དགོངས་པ་ལ་བཞི། འཇུ་འདུལ། བསྐྱིལ་བ། དབབ་པ། དབང་དུ་བྱ་བའོ། །དང་པོ་ནི། བདག་མདུན་སྒྲུབ་རྫས་དབྱེར་མེད་དུ་ཤེས་པས་ལས་བྱང་གི་གཞུང་བསྲང་ལ་བཟླས་པའི་མཐར་ཐུག་པའི་བར་གྲུབ་རྗེས། སླར་ཡང་དམིགས་ཕྱེད་པའི་ཕྱིར་སྨན་གྱི་དཀྱིལ་འཁོར་མདུན་དུ་ཕྱེས་ནས་ཁྱད་པར་དུ་བསྒྲུབ་ {{TibChung|[14b]}} པ་སྟེ། མཆོད་རྫས་བྱིན་རླབས་སྔོན་དུ་འགྲོ་བས།}} ཧཱུྃ་ཧྲཱིཿ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ འོད་འཕྲོས་རྫས་ཀྱི་དངོས་འཛིན་སྦྱངས༔ སྟོང་པའི་ངང་ལས་ཡུམ་ལྔའི་ཀློང་༔ བདེ་ཆེན་ཕོ་བྲང་འོད་དུ་འབར༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང་༔ ཡཾ་ལས་རླུང་དང་རཾ་ལས་མེ༔ ཀེཾ་ལས་ཐོད་པའི་སྒྱེད་བུའི་སྟེང་༔ ཨ་ལས་ཡེ་ཤེས་ཀ་པཱ་ལ༔ ཡངས་ཤིང་རྒྱ་ཆེའི་ནང་ཁོངས་སུ༔ འཁོར་འདས་དྭངས་བཅུད་བདུད་རྩིར་འཁྱིལ༔ དེ་དབུས་ཉི་ཟླ་པདྨའི་སྟེང་༔ པདྨ་དབང་ཆེན་སྐུ་མདོག་དམར༔ {{TibChung|ཞེས་སོགས་ནས།}} བསྐལ་པའི་མེ་རླུང་འཚུབས་དཀྱིལ་བཞུགས༔ ཐུགས་ཀའི་ཙིཏྟ་གྱེན་བསྟན་སྦུབས༔ པདྨ་འདབ་བརྒྱད་གེ་སར་དབུས༔ རྗེ་བཙུན་འོད་འབར་ཐོད་ཕྲེང་རྩལ༔ ཨ་ཙཱར་ལོ་བརྒྱད་ལོན་ཚུལ་ཅན༔ {{TibChung|ཞེས་སོགས་ལས་བྱང་བཞིན་ལྷ་ཚོགས་ཡོངས་རྫོགས་གསལ་བཏབ་ལ་སྤྱན་འདྲེན་ནས་ཕྱག་མཆོད་བསྟོད་པའི་མཐར་ཐུག་གི་བར་དུ་བཏང་། དེ་ནས་སྨན་སྲུང་སྤྱན་འདྲེན་དང་རྟོག་བསལ་ཁྲོལ་སྒྲུབ་སྐབས་ལྟར་བྱས་ལ། ལས་ཀྱི་རྡོ་རྗེས་གཟུངས་ཐག་གི་སྣེ་མོ་ལྔ་རྡོ་རྗེ་རྒྱལ་པོ་དང་རྒྱལ་ཐེབས་བཞིའི་ཕྱག་ཏུ་ཕུལ་བ་དེ་རྣམས་ཀྱིས་ལག་གཡོན་པའི་མཐེ་བོང་དང་སྲིན་ {{TibChung|[15a]}} ལག་སྦྱར་བ་རྟ་མགྲིན་ཡབ་ཡུམ་དུ་བསྒོམ་ཞིང་གུང་མཛུབ་དང་མཐེའུ་ཆུང་བསྒྲེང་བའི་བར་དུ་བཟུང་སྟེ།}} ཤེས་རབ་སྒྲོག་གིས་སྦྲེལ་བའི་གཟུངས་ཐག་ལ། །རིག་པ་སྲོག་གིས་འབྲེལ་བའི་ལུ་གུ་རྒྱུད། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ཐོབ་བར། །སྐྱེ་བ་ཇི་སྲིད་བར་དུ་མི་བཏང་དོ། །{{TibChung|ཞེས་བཟུང་ལ་གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད་ཁོང་གསེང་བྲེང་ཆགས་སུ་ཡོད་པ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱེད་པར་མོས་ལ།}} བདག་མདུན་ཐུགས་ཀར་འོད་ལྔའི་ཀློང་༔ གསེར་གྱི་རྡོ་རྗེ་རྩེ་ལྔའི་ལྟེར༔ དྭངས་མ་ཧྲཱིཿཡིག་སྔགས་ཀྱིས་མཚན༔ རང་གི་ཐུགས་ཀའི་སྔགས་ཕྲེང་ལས༔ བདེ་ཆེན་འོད་ཟེར་ལུ་གུ་རྒྱུད༔ མཐེབ་སྲིན་ཐབས་ཤེས་མཉམ་སྦྱོར་ལས༔ གཟུངས་ཀྱི་ཐག་པ་ནས་བརྒྱུད་དེ༔ བདུད་རྩི་རྫས་ཀྱི་དཀྱིལ་འཁོར་ལ༔ ཕོག་པས་ཞུ་ཁོལ་རླངས་པ་ཡིས༔ དཀྱིལ་འཁོར་ལྷ་རྣམས་ཐུགས་རྒྱུད་བསྐུལ༔ རྗེས་ཆགས་བདེ་སྟོང་རོལ་པ་ཡིས༔ སྦྱོར་མཚམས་ཀུན་ནས་འོད་ཟེར་སྤྲིན༔ འཁོར་འདས་བརྟན་གཡོ་ཁྱབ་པར་འཕྲོས༔ རྩ་གསུམ་རྒྱལ་བ་མཆོད་པས་མཉེས༔ ཁམས་གསུམ་ཉོན་མོངས་དུག་ཆེན་སྦྱངས༔ སྣང་སྲིད་བདུད་ {{TibChung|[15b]}} རྩིའི་ཕྱག་རྒྱར་རྫོགས༔ ཚུར་འདུས་སྲིད་ཞིའི་ཡེ་ཤེས་དང་༔ དྭངས་བཅུད་ནུས་མཐུ་ཐམས་ཅད་ཀུན༔ རང་དབང་མེད་པར་བསྡུས་ཤིང་བཀུག༔ ལྷ་ཚོགས་རྣམས་ཀྱི་སྦྱོར་མཚམས་ཞུགས༔ བདེ་ཆེན་ཡེ་ཤེས་ལྷག་པར་འབར༔ བྱང་སེམས་དྲག་ཏུ་གཡོ་ཞིང་ཁོལ༔ རླངས་པའི་ན་བུན་མཁའ་ལ་ཁྱབ༔ སྨན་སྐྱོང་ལྷ་མོ་སྤྲིན་ལྟར་གཏིབས༔ བརྟན་གཡོའི་རྩི་བཅུད་དྭངས་མ་ཀུན༔ བདུད་རྩིའི་རྣམ་པར་ཆར་དུ་ཕབ༔ རང་བཞིན་བདུད་རྩིའི་དཀྱིལ་འཁོར་དང་༔ དབྱེར་མེད་ཐིག་ལེ་གཅིག་ཏུ་འཁྱིལ༔ མཆོག་གི་དངོས་གྲུབ་ཐོབ་པར་གྱུར༔ {{TibChung|ཞེས་པའི་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་གནས་པའི་སྒོ་ནས།}} ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ {{TibChung|ཞེས་དགུ་པའི་ཛཔྲ་ཏུ་གྲགས་པ་འདི་ཉིད་ཆིག་དྲིལ་དུ་བཟླ་ཞིང་། བསྙེན་གྲོགས་ཀྱིས་གསུང་མི་ཆད་པར་ཁོར་ཡུག་ཏུ་བཟླའོ། །ཐུན་མཐར་བདུད་རྩིའི་ཆེ་བ་བརྗོད་པ་ནི།}} ཧཱུྃ༔ ཉི་ཟླ་གསལ་བའི་དཀྱིལ་འཁོར་དུ༔ དགུ་པའི་ཛཔྲ་ཀྱིས་བཅུད་བསྡུས་ཏེ༔ དུས་གསུམ་སངས་རྒྱས་མཆོད་པའི་ཕྱིར༔ བཀའ་བཞིན་བསྟེན་ནས་དངོས་གྲུབ་བླངས༔ མུ་ཏིག་དཀར་པོ་དྲི་མེད་ལྟར༔ སྒྲུབ་པ་པོས་ནི་ནན་ {{TibChung|[16a]}} ཏན་བྱ༔ གུ་ཧྱ་ལག་གི་ཕྱག་རྒྱ་ཡིས༔ གཞུང་བཞིན་བསྟེན་ནས་འཕྲོ་འདུ་བྱ༔ ཨོཾ་ལས་ཡེ་ཤེས་འོད་འབྱུང་ཞིང་༔ ཨཱཿཡིས་མེས་བསྲེགས་ཐལ་བར་བརླག༔ ཧཱུཾ་གིས་བདུད་རྩི་རྣམ་པར་དག༔ སརྦས་ཐམས་ཅད་དབང་དུ་བསྡུས༔ པཉྩ་རྣམ་ལྔ་མངོན་སངས་རྒྱས༔ ཨ་ནི་སྐྱེ་མེད་ཆོས་ཀྱི་དབྱིངས༔ མྲྀས་ནི་བདུད་རྩི་རྣམ་པར་དག༔ ཏས་ནི་འཁོར་བ་སྟོང་པར་བྱེད༔ ཧཱུཾ་ནི་ཐུགས་ཀྱི་ས་བོན་ཏེ༔ ཧྲཱིཿ་ས་ནི་ཆགས་པ་དབང་དུ་སྡུད༔ ཋཱས་ནི་སྐྱེ་འཆི་མེད་པའོ༔ དགུ་པའི་ཛཔྲ་ཅེས་དེ་ལ་བྱའོ༔ {{TibChung|ཞེས་བརྗོད་ལ།}} ལྷ་ཚོགས་འོད་ཞུ་བཅུད་ལ་ཐིམ༔ འཆི་མེད་བདུད་རྩིར་འཁྱིལ་བར་གྱུར༔ {{TibChung|ཅེས་ཐུན་བསྡུས་ནས་ཉུ་ལེ་བསྐྲད་ཅིང་བྱིན་འབེབས་བྱ། དེ་ནས་ཐུན་ཕྱི་མ་གཉིས་ལ་བདག་བསྐྱེད་ལས་བྱང་མི་དགོས་པས་མདུན་བསྐྱེད་མཆོད་པ་བྱིན་རླབས་ཕྱིན་ཆད་གོང་བཞིན་བསྐྱར། ཐུན་གསུམ་པའི་མཐར་རྗེས་ཀྱི་ལས་རིམ་རྣམས་སྦྱོར་ཞིང་། མཚན་ཐུན་གྱི་འགྲོས་ཀྱང་སྔར་བཤད་པ་བཞིན་བྱ་སྟེ། འདི་དོན་སྨན་སྒྲུབ་རྩ་བར། བདག་ཉིད་འོད་འབར་རྩ་བའི་དཀྱིལ་འཁོར་དུ་དམིགས་ལ་མཆོད་བསྟོད་འབུལ་ཞིང་རྩ་བའི་བསྙེན་པ་ཅུང་ཟད་བཟླ༔ དེ་ནས་ཕྱོགས་བཞི་དབུས་དང་ལྔར་གཟུངས་ཐག་བཏགས་ལ་སློབ་དཔོན་ {{TibChung|[16b]}} མཆེད་རྒྱལ་པོ་ལྔས་འཐེན་ལ་གཡས་ཕྲེང་བ་བགྲང་ཞིང་༔ གཡོན་ཕྱག་རྒྱ་བདུད་རྩིར་གཏད་ལ་ཛཔྲ་གཡོ་འཁྲུལ་མེད་པར་བགྲང་ངོ་༔ དེའང་གཙོ་བོའི་ས་མཱ་དྷི་མ་ཡེངས་པར་གཏད༔ ཕྱོགས་ཀྱི་རྒྱལ་ཐེབས་བཞིས་གཟུངས་ཐག་ནས་བརྒྱུད་པའི་འཁྲུལ་འཁོར་གྱི་དམིགས་པ་བྱ་ཞིང་རྒྱུན་ཛཔྲ་བགྲང་༔ མཆེད་བྱིངས་ཚོ་གསུམ་མམ་ལྔར་བཅད་དེ་རེས་བྱ་ཞིང་དཀྱིལ་འཁོར་ལ་ཛཔྲ་དབྱངས་རྒྱུན་མི་འཆད་པར་དི་རི་རི་བགྲང་༔ གཞན་ཡང་ལ་ལས་ཕྲིན་ལས་ཀྱི་གཞུང་བསྲང་༔ ལ་ལས་སྐོང་བཤགས་ཆོ་ག་བྱ༔ ལ་ལས་སྲུང་འཁོར་བསྒོམ་ཞིང་སྲུང་སྔགས་བཟླ༔ ཐམས་ཅད་དང་པོ་དུབ་དུབ་མི་བྱ་བར་དལ་ཕབ༔ བར་དུ་རྒྱུན་བསྲིང་༔ མཐར་ངར་ཕྱུང་ལ་བྱའོ༔ ཞེས་གསུངས་ཤིང་། དེ་ལྟར་བསྒྲུབས་པས་རྟགས་མཚན་འབྱུང་ཚུལ་ཡང་། རྟགས་དང་མཚན་མ་བདུན་གྱིས་འབྱུང་༔ འོད་དང་དུ་བ་སྒྲ་དང་དྲི༔ ལྷ་མོའི་གཟུགས་ཀྱང་སྟོན་པར་བྱེད༔ མང་དུ་འཕེལ་ན་འགྲུབ་རྟགས་ཡིན༔ དེ་ལ་ཡ་མཚན་སྐྱེ་མི་བྱ༔ ཞེས་སོ། །འདི་ཉིད་ཕྱེ་སྒྲུབ་ཀྱི་དངོས་གཞི་ཡིན་པས་ཞག་གསུམ་ལ་བྱའོ། །གཉིས་པ་བདུད་རྩི་བསྐྱིལ་ཞིང་བཟུང་བ་ནི། གྲུབ་པའི་རྟགས་བྱུང་བའམ་ཞག་གྲངས་ཐེམས་ནས་བྱ་བ་སྟེ།}} སྒྲུབ་པའི་དཀྱིལ་འཁོར་ཐུགས་ཀ་ནས༔ འོད་འཕྲོས་འཁོར་འདས་དྭངས་བཅུད་བསྡུས༔ སྦྱོར་མཚམས་འདར་ཞིང་འཕྲིག་པར་བཅས༔ དངུལ་ཆུ་དྭངས་པ་ {{TibChung|[17a]}} བཞིན་དུ་འཁྱིལ༔ ལྷ་དང་སྨན་སྐྱོང་སྲུང་མ་ཡིས༔ ལས་ཀྱི་ཕོ་ཉས་བདུད་རྩི་བཀུག༔ དབྱེར་མེད་ཐིམ་པས་གསོས་བཏབ་སྟེ༔ འོད་ཟེར་གཟི་བརྗིད་རབ་འབར་གྱུར༔ {{TibChung|ཅེས་དམིགས་ལ།}} ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུནྡྷ་ལཱི་ཧཱུྃ་ཧྲཱིཿཋཱ༔ {{TibChung|ཞེས་སྟོང་དུ་ཚང་བར་བཟླས་མཐར། བདུད་རྩིའི་སྲུང་མ་བཞི་བསྐུལ་བའི་སླད་དུ་དར་སྣས་གཡབ་ཅིང་སྨན་ཕུད་འཐོར་ལ།}} ཧཱུྃ༔ བདག་ཅག་སྐལ་ལྡན་སྒྲུབ་པ་པོས༔ གཞལ་ཡས་དུར་ཁྲོད་གནས་མཆོག་ཏུ༔ ལོངས་སྤྱོད་དུར་ཁྲོད་རྫས་ལ་བརྟེན༔ སྡོང་བུ་དུར་ཁྲོད་རས་ལ་བལྟམས༔ ཚིལ་ཆེན་མར་ཁུ་རྒྱ་མཚོར་བསྐྱིལ༔ རྒྱལ་བའི་ལྷ་ཚོགས་ཐུགས་དམ་བསྐང་༔ དམ་ཅན་མ་གཡེལ་དམ་ལ་འདུས༔ བདུད་རྩིའི་སྲུང་མ་ཐུགས་དམ་ཅན༔ རྩི་ཡི་ལྷ་མོ་གྲུབ་པ་མོ༔ སྨན་གྱི་ལྷ་མོ་ནོར་གྱི་རྒྱུན༔ ཤིང་གི་ལྷ་མོ་འོད་འཆང་མ༔ ནགས་ཀྱི་ལྷ་མོ་རྨ་བྱའི་མགྲིན༔ རྩི་བཅུད་སྨན་གྱི་བཅུད་སྡུས་ལ༔ བདུད་རྩི་འདི་ལ་བྱིན་ཅིག་ཕོབ༔ དཀྱིལ་འཁོར་འདི་ལ་དབང་ཞིག་སྐུར༔ སྨན་གྱི་སྲུང་མ་དམ་ཚིག་ཅན༔ བདུད་རྩི་སྨན་གྱི་གཡབ་འདོར་ན༔ ཨ་མྲྀ་ཏ་ལ་དགོངས་ {{TibChung|[17b]}} ནས་ཀྱང་༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ རྟགས་དང་མཚན་མ་བསྟན་པ་དང་༔ བདག་གིས་བཅོལ་བའི་ཕྲིན་ལས་མཛོད༔ {{TibChung|ཅེས་བསྐུལ་ལོ། །གསུམ་པ་བདུད་རྩི་བཅུད་ལ་དབབ་པ་ནི།}} དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི༔ སྦྱོར་མཚམས་ཡེ་ཤེས་བདུད་རྩིའི་བཅུད་༔ ཆར་སྤྲིན་འཁྲུགས་བཞིན་དྲག་ཏུ་བབས༔ དམ་ཚིག་སྤྲུལ་པའི་རྫས་ལ་ཐིམ༔ བྱིན་རླབས་གཟི་བརྗིད་འབར་བར་གྱུར༔ {{TibChung|ཅེས་དམིགས་ལ།}} ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲི་ཏ་པྲ་བེ་ཤ་ཡ་ཕེཾ་ཕེཾ་ཧཱུྃ་ཧྲཱིཿཋཱ༔ {{TibChung|ཞེས་སྟོང་དུ་བཟླས་མཐར། དུར་ཁྲོད་ཀྱི་མ་མོ་བརྒྱད་བསྐུལ་བའི་ཕྱིར་དུ་གསུར་ཆེན་གྱི་དུད་པ་བཏང་། མཆོག་ལག་གི་གཡབ་མོ་བཤུག་པའི་གླུ་དང་བཅས་ཏེ།}} ཧཱུྃ༔ འདས་པའི་དུས་ན་མངོན་བྱུང་བ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་ལས༔ འབར་བའི་ཁྲོ་བོའི་ཚོགས་བྱུང་སྟེ༔ འཇིག་རྟེན་དྲེགས་པ་བསྒྲལ་བ་ལས༔ ཡུལ་ཆེན་བརྒྱད་དུ་དུར་ཁྲོད་བརྒྱད༔ མ་མོ་ཆེན་མོ་རྣམ་བརྒྱད་བྱུང་༔ ཀོའུ་རཱི་དང་ཙོའུ་རཱི༔ པྲ་མོ་ཧཱ་དང་བེ་ཏཱ་ལི༔ པུཀྐ་སཱི་དང་ཀསྨ་རི༔ སྨེ་ཤ་ནཱི་དང་ཙཎྜ་ལཱི༔ ཡོན་ཏན་དངོས་གྲུབ་ཆེན་པོ་སྟེ༔ དམ་ {{TibChung|[18a]}} ཚིག་དབང་གིས་གཤེགས་སུ་གསོལ༔ བདུད་རྩི་སྨན་ལ་བྱིན་ཅིག་ཕོབ༔ {{TibChung|ཅེས་བསྐུལ་ལོ། །བཞི་པ་དབང་དུ་བྱ་བ་ནི།}} ཐུགས་ཀའི་འོད་ཀྱིས་འཁོར་འདས་བཅུད༔ འོད་དམར་རྣམ་པར་སླར་ཡང་བསྡུས༔ རྟ་མཆོག་དཔལ་ལ་ཐིམ་པ་ཡིས༔ དབང་དུ་གྱུར་ཅིང་གཟི་བྱིན་བསྐྱེད༔ པདྨ་དབང་ཆེན་ཡབ་ཡུམ་ནི༔ སྦྱོར་བའི་མཚམས་ནས་བྱང་ཆུབ་སེམས༔ སྲིད་ཞི་ཀུན་གྱི་དྭངས་བཅུད་དབྱིག༔ རང་བཞིན་རྫས་ཀྱི་དཀྱིལ་འཁོར་དང་༔ དབྱེར་མེད་འདྲེས་པའི་འོད་ཀློང་ནས༔ རྡོ་རྗེ་གཟུངས་ཀྱི་ཐག་པར་བརྒྱུད༔ བདག་གི་སྙིང་གར་ཐིམ་པ་ཡིས༔ དངོས་གྲུབ་ཡེ་ཤེས་དབང་བསྒྱུར་གྱུར༔ {{TibChung|ཅེས་དམིགས་ལ།}} ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧྱ་གྲཱི་ཝ་ཧྲཱིཿ ཧུ་ལུ་ཧུ་ལུ་ཧྲཱིཿ པདྨ་པདྨ་ཧྲཱིཿ བྷནྡྷ་བྷནྡྷ་ཧྲཱིཿ ཧཱུྃ་ཧྲཱིཿཋཱ༔ {{TibChung|ཞེས་སྟོང་དུ་བཟླས་མཐར། ཐ་ཚིག་བསྒྲགས་ཏེ་ལྷ་གནད་ལ་དབབ་པ་ནི།}} ཧཱུྃ༔ ང་ནི་དཔལ་ལྡན་རྡོ་རྗེ་འཆང་༔ གསང་གསུམ་འཁོར་ལོས་རབ་བསྒྱུར་ཞིང་༔ རིགས་ལྔའི་ལྷ་ཚོགས་འཁོར་དང་བཅས༔ ཐུགས་དམ་དབང་གིས་སྤྱན་འདྲེན་ན༔ དམ་ཚིག་ཚུལ་ {{TibChung|[18b]}} བཞིན་མི་གཤེགས་སམ༔ གྲུབ་པའི་མཆོག་རྣམས་མ་སྩལ་ན༔ སྐུ་གསུང་ཐུགས་དང་འགལ་བར་འགྱུར༔ ས་མ་ཡ་ལ་དགོངས་ནས་ཀྱང་༔ སྐུ་གསུང་ཐུགས་དང་ཡོན་ཏན་དང་༔ ཕྲིན་ལས་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ ང་ནི་ཡེ་ཤེས་ཐམས་ཅད་འཆང་༔ དབྱིངས་ཀྱི་འཁོར་ལོ་རབ་བསྒྱུར་ཞིང་༔ ཟླ་གམ་དམར་པོའི་དཀྱིལ་འཁོར་དུ༔ རཀྟའི་རྒྱ་མཚོ་འཁྲུགས་པའི་དཀྱིལ༔ གསང་བ་ཡུམ་གྱི་མཁའ་ཀློང་ན༔ གདོད་ནས་དག་པའི་བདུད་རྩི་སྦྱོར༔ རྒྱལ་བའི་ཐུགས་དམ་གཉན་བསྐང་ཕྱིར༔ དབང་ཆེན་དབྱིངས་ཀྱི་དངོས་གྲུབ་སྩོལ༔ {{TibChung|ཞེས་དངོས་གྲུབ་བསྡུ་ཞིང་དབང་དུ་བྱའོ། །བདུད་རྩི་བསྐྱིལ་དབབ་དབང་དུ་བྱ་བ་འདི་རྣམས་གྲོལ་ཉིན་ཁོ་ནར་མཐར་ཆགས་སུ་གཏོང་བའམ། ཉིན་གཉིས་པའི་ཐུན་རྗེས་མ་ནས་བསྐྱིལ་བ། ཉིན་གསུམ་པའི་ཐུན་རྗེས་མ་ནས་དབབ་ཁ། གྲོལ་ནང་དབང་དུ་བྱ་བ་རྣམས་རིམ་བཞིན་སྦྱར་རོ། །གསུམ་པ་སྒྲུབ་འབྲས་དངོས་གྲུབ་ཀྱི་དགའ་སྟོན་སྤེལ་ཞིང་མཐའ་རྒྱས་སུ་བྱ་བ་ལ་བཞི། བདག་དོན་དངོས་གྲུབ་ལེན་པ། གཞན་དོན་དབང་བསྐུར་བ། རྒྱ་བཀྲོལ་ཞིང་ལོངས་སྤྱད་པ། རྗེས་ཀྱི་ལས་རིམ་མཐར་དབྱུང་བའོ། །དང་པོ་ནི། སྒྲུབ་ཞག་སང་ཉིན་ཐེམས་པའི་དེ་རིང་གི་ཕྱི་དྲོ་ལ་དངོས་གྲུབ་ཀྱི་རྫས་བཤམ་པར་བྱ་སྟེ། དཀྱིལ་འཁོར་ {{TibChung|[19a]}} ཞལ་བསྒྱུར་དགོས་པར་གསུངས་པའི་ལག་ལེན་མཚོན་དོན་རས་བྲིས་ཀྱི་དཀྱིལ་འཁོར་སྒོ་རྫོགས་སྤྱི་འགྲེ་ལྟར་ལ་དབུས་སུ་ཟླ་གམ་གཅིག །ཕྱི་རིམ་གྲུ་བཞིའི་ཟུར་བཞི་ལ་ཟླ་གམ་རེ་རེ། ཐམས་ཅད་མདོག་དམར་པོ་བཅད་ཁ་ནུབ་ཏུ་བསྟན་པའི་རྒྱབ་ཏུ་རྡོ་རྗེའི་ཕྲེང་བས་བསྐོར་བ་བྲིས་པ་ཉིད་དཀྱིལ་འཁོར་གྱི་མདུན་དུ་སྟེགས་བུ་ཁེབས་ལྡན་ལ་བཀྲམ་པའི་དབུས་སུ་མཉྫིའི་ཁར་ཐོད་པ་མཚན་ལྡན་ཆང་བཟང་པོས་བཀང་བ་དངོས་གྲུབ་ཞུ་བའི་གསོལ་བྱང་དང་བཅས་པ་བཞག་ལ་དར་དམར་མཐིང་གིས་བཀབ། མཐར་དངོས་གྲུབ་ཀྱི་རྫས་གཞན་སྒྲུབ་ཁོག་ཏུ་བཤད་པ་བཞིན་ཚང་བར་བཤམ། ཚོགས་གཏོར་མཆོད་པ་རྣམས་ཀྱང་ཇི་ལྟར་འབྱོར་པ་དཔུང་བསྐྱེད། གྲོལ་ནང་བདག་མདུན་བསྐྱེད་བཟླས་བསྐྱིལ་དབབ་དབང་དུ་བྱ་བའི་བར་དང་།}} བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི༔ ཐུགས་ལས་བདེ་ཆེན་འོད་ཟེར་འཕྲོས༔ མདུན་བསྐྱེད་ལྷ་ཚོགས་ཐམས་ཅད་དང་༔ སྨན་གྱི་ལྷ་དང་དྲང་སྲོང་བསྐུལ༔ དེ་དག་རྣམ་འཕྲུལ་མཐའ་ཡས་པས༔ མི་ཟད་རྒྱན་འཁོར་ཕྲིན་ལས་བཞི༔ ཁྱད་པར་བཛྲ་ཨ་མྲྀ་ཏའི༔ ཡེ་ཤེས་ཟིལ་དང་ར་ཆར་ལྟར་ཕབ༔ བདག་ཐིམ་བྱིན་རླབས་ནུས་སྟོབས་འབར༔ ཧེ་རུ་ཀ་དང་དབྱེར་མེད་ཅིང་༔ དངོས་གྲུབ་རྫས་ {{TibChung|[19b]}} ལ་བསྟིམ་པ་ཡིས༔ ཡིད་བཞིན་འདོད་འཇོའི་ཕུང་པོར་གྱུར༔ {{TibChung|ཅེས་དམིགས་ལ།}} ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཨཱ་ཡུ༔ ཕ་ལ་གུ་ཧྱ་སིདྡྷི་ཧཱུྃ་ཧྲཱིཿཋཱ༔ {{TibChung|ཞེས་སྟོང་དུ་ཚང་བར་བཟླས་མཐར་གཟུངས་ཐག་བསྡུས་ཏེ་བསྙེན་རྒྱུན་སྔ་མ་བཞག་ལ་དངོས་གྲུབ་གསོལ་བའི་སྔགས་བཟླར་གཞུག །དེ་ནས་སློབ་དཔོན་དང་རྒྱལ་ཐེབས་སོགས་དཀྱིལ་འཁོར་གྱི་ཤར་དུ་འཁོད་དེ།}} དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཆར་ལྟར་ཕབ་ནས་བདག་སྒྲུབ་པ་པོ་ལ་སྩལ་བར་{{TibChung|མོས་ཤིང་།}} ཧཱུྃ༔ རང་བྱུང་འཆི་མེད་བདུད་རྩིའི་དཀྱིལ་འཁོར་འདིར༔ བླ་མ་ཡི་དམ་མཁའ་འགྲོ་ཐུགས་དམ་ཅན༔ མ་བསྒྲིབས་ཡེ་ཤེས་སྤྱན་གྱིས་གཟིགས་གྱུར་ཏེ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ འཆི་མེད་བདུད་རྩི་སྨན་གྱི་དངོས་གྲུབ་སྩོལ༔ དུག་གསུམ་ནད་ཀྱིས་ཟིན་པའི་གཅོང་སྙིང་ལ༔ འཚོ་བྱེད་སྨན་གྱི་རྒྱལ་པོའི་རྩི་གཏོང་ཕྱིར༔ སྐྱེ་འཆི་མེད་པའི་དངོས་གྲུབ་ཆེན་པོ་སྟེ༔ བདུད་རྩིའི་རྫས་ལ་བསྟེན་ཏེ་ད་སྩོལ་ཅིག༔ བདུད་རྩི་བསྒྲུབ་པའི་ཞག་གྲངས་ད་ནི་ཚང་༔ བདུད་རྩི་བསྙེན་པའི་ཛཔྲ་ཀྱང་ཚང་ལགས་ན༔ སྐུ་གསུང་ཐུགས་ཀྱི་དངོས་ {{TibChung|[20a]}} གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀཱ་ཡ་ཝཱཀ་ཙིཏྟ་ཧཱུཾ་ཧྲཱིཿཋཱ༔ {{TibChung|ཞེས་དངོས་གྲུབ་བསྐུལ་ལ་སྨན་གྱི་ཕོ་བྲང་གདན་དྲངས་ཏེ་མདུན་དུ་མཉྫིའི་ཁར་འགོད། སློབ་དཔོན་གྱིས་སྙིམ་པ་མེ་ཏོག་དང་བཅས་པས་དཀྱིལ་འཁོར་ལ་འདུད་ཅིང་།}} ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རིག་པ་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི༔ ཐབས་དང་ཤེས་རབ་དབྱིངས་སུ་བདག་འབུལ་གྱིས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བོ་དྷི་ཙིཏྟ་ཀཱ་ཡ་ཝཱཀ་ཙིཏྟ་ས་མ་ཡ་སྟྭཾ༔ {{TibChung|ཞེས་མེ་ཏོག་དོར། སྨན་གྱི་ཕོ་བྲང་རྡོ་རྗེ་རྒྱལ་པོའི་སྤྱི་བོར་བླངས་ལ།}} ཧཱུཾ༔ བདུད་རྩིའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་༔ རང་བཞིན་དཀྱིལ་འཁོར་མི་ཟད་རྒྱན་འཁོར་ལྔ༔ དབྱེར་མེད་གདོད་ནས་མཉམ་པ་ཆེན་པོའི་ངང་༔ ཁྱབ་བདག་ཐིག་ལེ་གཅིག་ཏུ་དབང་བསྐུར་རྫོགས༔ གུ་རུ་མ་ཧཱ་སུ་ཁ་ཨ་མྲྀ་ཏ་མཎྜལ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ས་མ་ཡ་སྟྭཾ་ཛཿཧཱུཾ་བཾ་ཧོཿ | ༄༅། །དམ་རྫས་བདུད་རྩིའི་སྒྲུབ་ཐབས་གསལ་བར་བཀོད་པ་འཆི་མེད་འདོད་འཇོའི་གཏེར་བུམ་ཞེས་བྱ་བ། ཁྱབ་བདག་བླ་མ་མཚོ་སྐྱེས་ཐོད་ཕྲེང་རྩལ་གྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཉོན་མོངས་བདུད་ཁམས་ཡེ་ཤེས་རྩིར་སྦྱར་བས། །སྲིད་པའི་གཅོང་ནད་བདེ་ཆེན་ལང་ཚོར་སྒྲུབ། །སྒྱུ་འཕྲུལ་རྡོ་རྗེའི་གར་མཁན་གུ་རུ་རྗེས། །དེང་འདིར་རྟག་པ་དམ་པའི་ཤིས་པ་སྩོལ། །གསང་ཆེན་ལམ་གྱི་ཐབས་མཁས་ངོ་མཚར་ཕུལ། །དམ་རྫས་སྒྲུབ་པའི་མན་ངག་བདུད་རྩིའི་རྒྱུན། །སྐལ་བཟང་འཆི་མེད་འདོད་པ་འཇོ་བའི་སླད། ། {{TibChung|[2a]}} ལེགས་བཤད་གཏེར་བུམ་བཅུད་དུ་འདི་ན་ལེན། །{{TibChung|དེ་ཡང་གུ་རུ་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་འཁོར་ལོ་ལ་བརྟེན་ནས་རྡོ་རྗེ་ཐེག་པའི་དམ་ཚིག་གི་རྫས་ར་སཱ་ཡ་ནའི་སྒྲུབ་པ་ཟབ་མོ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་གསལ་བར་འཆད་པ་ལ་སྤྱི་དོན་རྣམ་པ་བདུན་ཏེ། བདུད་རྩིའི་ངོ་བོ་བཞག་པ། ངེས་ཚིག་བཤད་པ། རྣམ་གྲངས་ཀྱི་དབྱེ་བ། བསྟེན་པར་གསུངས་ཚུལ། དམ་རྫས་བསགས་ཐབས། སྒྲུབ་པའི་ཐབས་དངོས། དེའི་འབྲས་བུ་འཐོབ་ཚུལ་ལོ། །དང་པོ་ནི། འཁོར་འདས་ཐམས་ཅད་ཆོས་ཀྱི་དབྱིངས་བཟང་ངན་ཕྱོགས་ལྷུང་བྲལ་བའི་ཀློང་དུ་རོ་གཅིག་ཅིང་གདོད་མ་ཉིད་ནས་རང་བཞིན་གྱིས་རྣམ་པར་དག་པ་ནི་བདུད་རྩིའི་ངོ་བོ་སྟེ། བམ་བརྒྱད་ལས། {{TibChung|[2b]}} སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །མ་བཅོས་ལྷུན་གྲུབ་རྫོགས་སངས་རྒྱས། །དུས་གསུམ་སྲིད་གསུམ་སྐུ་གསུང་ཐུགས། །ཡེ་ནས་བདུད་རྩི་ཡིན་པའི་ཕྱིར། །ངེས་པའི་ཀློང་ནས་བཀའ་སྩལ་ཏོ། །ཞེས་པས་སྲིད་པ་གསུམ་གྱིས་བསྡུས་པའི་ཉོན་མོངས་པ་ལྔ་དང་། འདོད་པའི་ཡོན་ཏན་ལྔ་དང་། འབྱུང་བ་ལྔ་དང་། ཕུང་པོ་ལྔར་སྣང་བ་ཐམས་ཅད་ཀྱང་རིགས་ལྔ་ཡབ་ཡུམ་གྱི་རང་བཞིན་ཅན་དུ་མངོན་བར་བྱང་ཆུབ་པའི་ཕྱིར། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །རང་བྱུང་གདོད་ནས་རྣམ་པར་དག །ཅེས་གསུངས་སོ། །གཉིས་པ་ངེས་ཚིག་ནི། ཨ་མྲྀ་ཏའི་སྒྲ་ལས་འཆི་བ་མེད་པ་ཞེས་བདུད་རྩིར་འཇུག་པ་སྟེ་འཆི་བའི་འཇིགས་པ་སེལ་བའི་གསོས་སུ་གྱུར་པའི་ཕྱིར། རྣམ་རྟོག་གི་བདུད་ལ་རིག་པ་ཡེ་ཤེས་ཀྱི་རྩིས་འདེབས་པས་ན་བདུད་རྩི་སྟེ། མན་ངག་ལས། །བདུད་ནི་བདག་འཛིན་རྟོག་ཚོགས་བཅས། །རྩི་ནི་རང་རིག་མཉམ་པ་ཉིད། ཅེས་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཆེན་པོར་རྒྱས་འདེབས་པའི་སྨན་ཡིན་པས་ན་ཆོས་སྨན་ཞེས་ཀྱང་བྱ་སྟེ། འཁོར་འདས་ཆོས་ཀུན་ཡེ་ཤེས་སྨན༔ བརྡ་བཏགས་ཆོས་སྨན་དེ་སྤྱད་ན༔ ཉོན་མོངས་དུག་རྣམས་སྨན་དུ་འགྱུར༔ ཞེས་སོ། །གསུམ་པ་དབྱེ་བ་ནི། དེ་ཉིད་ལས། མཚོན་བྱ་ཆོས་ཉིད་དོན་གྱི་བདུད་རྩི་དང་༔ མཚོན་བྱེད་རྟགས་ཀྱི་བདུད་རྩིའོ༔ ཞེས་གསུངས་ཤིང་། ཆོས་ཀྱི་བདུད་ {{TibChung|[3a]}} རྩི། དོན་གྱི་བདུད་རྩི། རྟགས་ཀྱི་བུད་རྩི། རྫས་ཀྱི་བདུད་རྩི་སོགས་སྒྲས་བརྗོད་རིགས་ཀྱི་སྒོ་ནས་ཕྱེས་ན་དུ་མར་དབྱེར་ཡོད་དོ། །བཞི་པ་བསྟེན་པར་གསུངས་ཚུལ་ནི། དེ་ལྟ་བུའི་བདུད་རྩི་ཉིད་ཡེ་ནས་བླང་དོར་མེད་པའི་ཆོས་ཉིད་ཀྱི་རོལ་པ་ཡིན་པས་དང་། རིགས་ལྔའི་རང་བཞིན་ཡིན་པས་དང་། དངོས་གྲུབ་སྒྲུབ་པའི་རྫས་ཡིན་པས་དང་། མཁའ་འགྲོ་རྣམས་འདུ་ཞིང་བརྟུལ་ཞུགས་སྤྱོད་པའི་གྲོགས་སུ་འགྱུར་བས་ན་དང་དུ་བླང་བར་བྱ་བ་ཡིན་ཏེ། བདུད་རྩིའི་རྒྱུད་ལས། ར་སཱ་ཡ་ན་སྨན་ཆེན་པོ། །ཟོས་པས་མཆོག་ཐུན་དངོས་གྲུབ་ཐོབ། །ཅེས་སོགས་གསུངས་སོ། །ལྔ་པ་དམ་རྫས་བསགས་ཚུལ་ནི། དེ་ཉིད་ལས། གཙོ་བོ་དམ་རྫས་བདུད་རྩི་ལྔ། །རྩ་བ་བརྒྱད་ལ་ཡན་ལག་སྟོང་། །དམ་རྫས་རྩི་བཅུད་སྨན་དུ་སྦྱར། །ཞེས་གསུངས་པས། སྨན་རྩ་བ་བརྒྱད་ལ་ཡན་ལག་སྟོང་དུ་ཚང་བར་སྦྱོར་བ་སྟེ། འདི་དག་གི་རྣམ་གྲངས་དབྱེ་བསྡུ་ཇི་སྙེད་པ་ཞིག་འབྱུང་བ་རྒྱས་པར་གཞན་དུ་བཤད་པ་ལས་ཤེས་ཤིང་། སྐབས་དོན་གྱི་ལག་ལེན་ཞིབ་པར་འོག་ཏུ་འཆད་དོ། །དྲུག་པ་ཐབས་དངོས་ནི། བླ་མའི་ཐུགས་སྒྲུབ་བདེ་གཤེགས་དགོངས་པ་ཡོངས་སུ་འདུས་བའི་ཟབ་ཏིག་རྩ་བར། བདུད་རྩི་མཆོག་གི་སྦྱོར་བ་ནི༔ རིག་འཛིན་རྩལ་འཆང་བརྒྱུད་པ་ཡི༔ ཁམས་ལྔ་བཅུད་ཀྱི་སྙིང་པོ་སྟེ༔ ཤ་ཆེན་ལྔ་ཡིས་ནུས་པ་བསྐྱེད༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བས༔ དངོས་གྲུབ་ {{TibChung|[3b]}} རབ་འབྱམས་འགྲུབ་པར་འགྱུར༔ དེ་ཕྱིར་རྫས་རྣམས་ཚོགས་པ་ན༔ འཁྱིལ་བའི་སྔགས་ཀྱིས་དྲི་མ་བསལ༔ ཁྲོལ་བུ་ཐོད་ཕྲེང་རིགས་ལྔས་སྦྱངས༔ བཏགས་བཙག་སྦོལ་ལ་ཕབ་ཀྱིས་བྲན༔ རང་བྱུང་བྷནྡྷའི་སྣོད་དུ་བསྐྱིལཿ དཀྱིལ་འཁོར་ཡོངས་རྫོགས་བསྐྱེད་ཅིང་བཟླས༔ ཁྱད་པར་བདུད་རྩི་བསྡུ་བ་དང་༔ དབབ་དང་བསྐྱིལ་བའི་དམིགས་པ་བཅས༔ སྔགས་རྣམས་བཟླས་པས་ནུས་པ་བརྟན༔ སྐབས་སུ་སྨན་སྲུང་སྤྱན་དྲངས་ཤིང་༔ རྟོག་པ་བསལ་ནས་ལས་ལ་བསྐུལ༔ སྒྲུབ་པ་ཆེན་པོས་གཞུང་བསྲངས་ལ༔ བདུན་ཕྲག་གཅིག་གམ་གསུམ་དུ་བརྩོན༔ ཡ་མཚན་གཟུགས་དང་སྙན་པའི་སྒྲ༔ བདེ་རླུང་སེམས་ལ་དབང་ཐོབ་འགྱུར་༔ དྲི་དང་རོ་དང་རྒྱ་ཆེར་འཕེལ༔ དེ་ཚེ་དངོས་གྲུབ་ཚུལ་བཞིན་བླང་༔ སྣོད་ལྡན་དབང་གིས་རྗེས་སུ་བཟུང་༔ གང་ཞིག་དྲི་ཙམ་ཚོར་བས་ཀྱང་༔ ཚེ་རིང་ནད་མེད་ཉམས་ཆག་སྐོང་༔ ཡིད་འཕྲོག་དཔལ་ཆེན་མཐུ་རྩལ་ལྡན༔ མཆོག་གི་རིག་འཛིན་འགྲུབ་པར་འགྱུར༔ ཞེས་གསུངས་པའི་དོན་ཉིད་མན་ངག་ལག་ལེན་དུ་བསྡེབས་པ་ལ་གསུམ་སྟེ། སྒྲུབ་གཞི་རྫས་དང་ཡོ་བྱད་སྟ་གོན་དུ་བྱ་བ། སྒྲུབ་ཆོས་ཕྲིན་ལས་ཀྱི་རིམ་པ་གཞུང་བསྲང་བ། སྒྲུབ་འབྲས་དངོས་གྲུབ་ཀྱི་དགའ་སྟོན་སྤེལ་ཞིང་མཐའ་རྒྱས་སུ་བྱ་བའོ། །དང་པོ་ནི། སྤྱིར་སྟོན་འཁོར་གནས་དུས་ཡོ་བྱད་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་སྟེ། གཞན་རྣམས་སྒྲུབ་གཞུང་དུ་གསུངས་ {{TibChung|[4a]}} པ་ལྟར་ལས་ཁྱད་པར་བདུད་རྩི་སྒྲུབ་པའི་དུས་ནི་སྟོན་དཔྱིད་བསིལ་དྲོད་སྙོམས་པའི་ཡར་གྱི་ངོའི་ཚེས་བརྒྱད་ལ་མཆོག་ཏུ་ཤིས་པར་བཤད། བསྒྲུབ་བྱའི་རྫས་ཀྱི་གཙོ་བོ་བདུད་རྩི་ལྔ་དང་ཤ་ལྔ་སྨན་རྩ་བ་བརྒྱད་ལ་ཡན་ལག་སྟོང་སྦྱར་བ་སྟེ། དེ་ལས་བདུད་རྩི་ལྔ་དང་ཤ་ལྔ་དངོས་ནི་དེང་དུས་ཚད་ལྡན་ལག་ཏུ་ཐེབ་པར་དཀའ་ཞིང་རྟོག་པའི་དབང་གིས་གསག་ཏུའང་མི་བཏུབ་པས་གཏེར་བྱོན་རིགས་དང་རིག་འཛིན་གོང་མ་རྣམས་ཀྱིས་བསྒྲུབས་པའི་ཆོས་སྨན་ལ་ཚང་བས་ན་སེལ་མེད་ཁུངས་ལྡན་གྱི་ཕབ་རྒྱུན་ཉིད་གཞིར་བཞག །སྨན་སྦྱོར་ལག་ཏུ་བླང་བྱ་རྩ་བ་བརྒྱད་ཕྱོགས་མཐུན། ཙནྡན་སྨུག་པོ། མཱུ་ལ་མ་ནུ་པ་ཏྲ། ལི་ཤི། གནྡྷ་བྷ་དྲ། གུར་གུམ། ཛཱ་ཏི། ག་བུར། ཤིང་ཚྭ་རྣམས་ལ་བྱ་ཞིང་། ཡན་ལག་གི་སྨན་སྤྱིར་སྣང་ཞིང་སྲིད་པའི་རྩི་བཅུད་ཐམས་ཅད་སྨན་དུ་སྦྱོར་བར་གསུངས་པས་རྒྱ་བལ་མོན་སོགས་ནས་བྱུང་བའི་སྨན་སྣ་ཇི་ཙམ་ཚོགས་པ་དང་། བཞུ་བ་དང་མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེའི་རིགས་སུ་གྱུར་པ། མི་དང་འདབ་ཆགས་སྡེར་ཆགས་རི་དྭགས་གཡུང་དྭགས་ཆུ་གནས་ས་འཛུལ་རྣམས་ཀྱི་ཤ་ཁྲག་སྙིང་སྣ་དབང་པོ་ལྔ། ལྔ་ཚན་ལྔ། དཀར་མངར་འབྲུ་སྣ་སོགས་སྦྱོར་དུ་མི་རུང་བ་གང་ཡང་མེད་པས་གང་འཛོམ་བསགས། འོན་ཀྱང་གནས་སྐབས་སུ་དུག་རིགས་གཙོས་ནུས་པ་དྲི་རོ་ཁ་དོག་ཤ་མེ་ཏོག་གི་སྤྱང་ཀི་རྣམས་སྤང་བྱར་བཤད་པས་མི་སྦྱོར། སྨན་གང་ཡང་རྒྱུ་དང་ {{TibChung|[4b]}} ཁུངས་དག་ལ་བམ་རུལ་འཁེང་སད་སོགས་སྐྱོན་གྱིས་མ་གོས་ཤིང་ཧ་ཅང་རྙིང་ཆེས་པ་སོགས་མ་ཡིན་པར་གཙང་ལ་ཁ་དོག་དྲི་རོ་མ་ཉམས་པ་ཁོ་ན་སྦྱར། རིན་པོ་ཆེ་དང་དབང་རིལ་གྱིས་མཚོན་གཡའ་སེལ་དུག་འདོན་ངར་འདོགས་དགོས་པའི་རིགས་རྣམས་གསོ་རིག་གི་གཞུང་ལས་བཤད་པ་ལྟར་བྱ། ཤ་སྣ་སོགས་དངོས་སུ་མ་འཛོམ་པའམ་རྟོག་པས་མ་ཆུན་ཀྱང་བཏང་སྙོམས་སུ་བཞག་མི་རུང་བས་ཟན་ལ་མི་དང་དུད་འགྲོ་རྣམས་ཀྱི་གཟུགས་འབུར་མའམ་སྤར་བཏབ་པ་མང་དུ་འཆོས་ཏེ་ནྲྀ་ལྗང་གུ་ལས་མི་དང་། སུ་སེར་པོ་ལས་དུད་འགྲོའི་རིགས་བརྒྱ་སྟོང་མང་པོ་གསལ་གཏབ་པའི་མཐར་སོ་སོའི་ཚེ་ཟད་པས་ལས་ཀྱིས་ཤི་བའི་ཕུང་པོ་ཤ་ཁྲག་ཏུ་དམིགས་ལ་དམ་རྫས་ཀྱི་རྒྱུར་སྦྱོར་བར་གསུངས་པ་ལྟར་བྱ་ཞིང་། ཁྱད་པར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཐུགས་དམ་བསྐང་བའི་ཕྱིར། གླང་ཆེན། རྨ་བྱ། སེང་གེ །གྱི་ལིང་། ཤང་ཤང་ལྔའི་ཤ་མེད་དུ་མི་རུང་བས་མ་འཛོམ་ན་དེ་རྣམས་ཀྱི་ཚབ་ཏུ་གཡག་ཞོལ་ཅན། བྱ་ངང་པ། ཁྱི་དཀར་པོ། རྟ་དཀར་པོ། ཁྲུང་ཁྲུང་དཀར་མོའི་ཤ་སལ་བྱ་བར་གསུངས་པས་དངོས་སམ་གཟུགས་བརྙན་ལའང་མ་ཆད་པ་གལ་ཆེ། སྨན་གྱི་སྦྱར་ཚད་གཞུང་དང་ཕྱག་ལེན་རྣམས་ལས་འདྲ་མིན་མང་ཡང་ཕྱག་ལེན་དངོས་གཙང་བའི་ལུགས་གཅིག་ལ་མཚོན་ན། གཞི་ཨ་རུ་ར་ཁོ་ན་ལ་བྱེད་དགོས་པས་གང་མང་དང་དེའང་རུས་པ་དང་བྲལ་བ་བྱུང་ན་ལེགས། བ་རུ་ར། སྐྱུ་རུ་ {{TibChung|[5a]}} ར། གུར་གུམ་རྣམས་དེའི་བཞི་ཆ་རེ། ཙན་དན་དཀར་དམར། ཨ་ག་རུ་ནག་པོ་རྣམས་བསྡོམས་པ་བཞི་ཆ་གཅིག །ན་གི་དུལ་མ། གི་ཝཾ། ཅུ་གང་། ལི་ཤི། ཛཱ་ཏི། སུ་གྨེལ། ཀ་ཀོ་ལ་རྣམས་བསྡོམས་པ་བརྒྱད་ཆ་གཅིག །བཟང་སྨན་གཞན་ཐམས་ཅད་བསྡོམས་པ་བཞི་ཆ་གཅིག །སྔོ་སྨན་རིགས་ཐམས་ཅད་བསྡོམས་པ་དང་ཤ་སྣ་སོགས་ནང་སྨན་ཕྱོགས་བསྡོམས་བརྒྱད་ཆ་གཅིག །དབང་ལག་བཞི་ཆ་གཅིག །ལི་ག་དུར། རྟ་མོན་པ། བུར་སྦྲང་ཀར་རྣམས་བཞི་ཆ་ཙམ་བསྲེ་བ་ཡིན་ལ། བཟང་སྨན་དཀོན་པ་དང་འབྱོར་པ་དམན་པའི་རིགས་ཀྱིས་བུང་བསྐྱེད་རུ་རྟ་དང་ལི་ག་དུར་རྟ་མོན་པ་སོགས་ཅུང་མང་བ་བཏང་དུ་བཏུབ། སྤང་སྤོས་ཀྱིས་མཚོན་པའི་སྔོ་སྨན་རིགས་རྣམས་མང་ན་མི་ལེགས། སྤྱིར་སྨན་སྦྱོར་ལེགས་པའི་ཚད་ནི་མདོག་བཟང་ལ་བརྟག་ཏུ་མི་བཏུབ་པ། དྲི་བཟང་ལ་ངོས་བཟུང་དཀའ་བ། རོ་ཞིམ་ལ་སྨྲར་མེད་པ། ཟོས་ན་ཁ་ཟས་གཞན་གྱིས་སྨན་ངད་མི་འཕྲོག་པ་འབྱུང་ཞེས་གསུངས། དེ་ལྟར་སྦྱར་ཚད་ངེས་པའི་སྒོ་ནས་སྨན་རྣམས་རིགས་ལྔར་དབྱེ་ཚུལ་ཞིབ་ཏུ་གསུངས་པ་ལྟར་སོ་སོའི་དབྱེ་བ་དེ་བཞིན་དུ་སྦྱར་ཏེ་བསགས་ལ་ཐོག་མར་ཁྲོལ་བུར་བསྒྲུབ་ཅིང་གདོད་བཏགས་བཙག་སོགས་བྱ་བ་ཡིན་མོད། སྨན་བུང་མང་ཞིང་སྒྲུབ་ཞག་གྲངས་བཅད་ཀྱི་སྐབས་འདིར་འཇུག་པ་མི་བདེ་བས་ཡོངས་གྲགས་དཀྱུས་ཀྱི་ཕྱག་ལེན་སྟབས་བདེའི་ {{TibChung|[5b]}} དབང་དུ་སྨན་ཕྱེ་སྔ་ཚགས་སུ་ཚུད་པར་བྱས་ན་ལེགས་པས། ཁྲོལ་སྒྲུབ་རྟེན་རིགས་དབྱེ་མཚོན་ཙམ་སོ་སོར་བཞག །བྱིངས་རྣམས་ཕྱོགས་གཅིག་འཐགས་ཏེ་ཤིན་ཏུ་ཞིབ་མོར་བཏུལ་ནས་དར་ཚགས་ལ་དྲངས། ཞིབ་པ་ལྟར་སྣང་ཡང་རླན་གྱིས་སྦོལ་སྐབས་རྩིང་སྐྱོན་འབྱུང་བས་དར་ཚགས་ཀྱང་ཞིབ་པར་བྱས་ལ་སྨན་ཕྱེ་རྣམས་དར་རས་དཀར་སེར་གང་རུང་གི་སྒྱེའུར་བླུགས། ཀ་པཱ་ལ་མཚན་ལྡན་ལྔའི་ནང་དུ་སྨན་ཕྱེ་རྣམས་དང་སྟེང་དུ་ཁྲོལ་སྒྲུབ་རྟེན་གཙོ་བོ། དབུས་སུ་དྲི་ཆེན་དང་མིའི་ཤ །ཤར་དུ་བྱང་སེམས་དཀར་པོ་དང་བ་གླང་གི་ཤ །ལྷོར་ཀླད་པ་དང་ཁྱིའི་ཤ །ནུབ་ཏུ་པདྨ་རཀྟ་དང་རྟའི་ཤ །བྱང་དུ་དྲི་ཆུ་དང་གླང་པོ་ཆེའི་ཤ་རྣམས་ཏེ་དེ་རྣམས་ཕབ་རྒྱུན་གྱིས་འཐུས་པར་བྱས་ནས། སྨན་སྣ་འཇོག་རྒྱུ། དབུས་སུ་ཨ་རུ་ར། ཛཱ་ཏི། སུ་གྨེལ། ཨ་ག་རུ། སྨད་འབྲས་གསུམ། དུ་རུ་ཀ །གླ་རྩི། ཤར་དུ་ཅུ་གང་། ག་བུར། ཐལ་དཀར་རྡོ་རྗེ། ཙནྡན་དཀར་པོ། རིང་བསྲེལ། ལྷོར་བ་རུ་ར། ཀ་ཀོ་ལ། ཞོ་ཤ་རྣམ་གསུམ། ཙི་ཏྲ་ཀ །ནུབ་ཏུ་ལི་ཤི །ཙནྡན་དམར་པོ། སྐྱུ་རུ་ར། སེ་འབྲུ། སྟར་བུ། སིནྡྷུ་ར། རྒུན་འབྲུམ། ཚ་བ་གསུམ། བྱང་དུ་གུར་གུམ། ཅོང་ཞི། བྲག་ཞུན། ལྕེ་སོག་དཀར་པོ། སྤོས་དཀར། ལི་ག་དུར་རྣམས་ཉུང་དུ་རེ་ཐུམ་བྱས་ལ་འཇོག །བརྡའི་བདུད་རྩི་ལྔའམ་སྐྱོབས་སུ་གྲགས་པ། དྲི་ཆེན་གྱི་ཨ་རུ་ར། བྱང་སེམས་ཀྱི་ག་བུར། ཤ་ {{TibChung|[6a]}} ཆེན་གྱི་ཙནྡན་དམར་པོ། རཀྟའི་དུ་རུ་ཀ །དྲི་ཆུའི་གླ་རྩི་རྣམས་ཀྱང་སོ་སོར་བསྡོགས། སྨན་གྱི་དཀྱིལ་འཁོར་སྟེང་དུ་ཚངས་པའི་ཕོ་བྲང་དུ་གྲགས་པ་རྒྱ་གདུགས་ལྟ་བུའི་གདུགས་དབུས་སྲོག་ཤིང་ལ་བཟང་ཤིང་བྱང་བུར་སྟེང་དུ་ཚངས་པ་དང་འོག་ཏུ་བརྒྱ་བྱིན་རྒྱབ་ཏུ་སྔགས་བྱང་འདོད་གསོལ་བྲིས་པ་བཏགས་པ་དང་ལྷན་ཅིག་ཀུ་ཤའི་ཆུན་པོ་དང་རྔ་མ་དཀར་པོའང་འདོགས། ཤམ་བུའི་ནང་ཅུང་ཟད་རྒྱས་ན་ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་རྒྱུ་སྐར་ཉེར་བརྒྱད་སྨན་སྲུང་ལྷ་མོ་བརྒྱད་བཅས་ཚང་བའམ། བསྡུ་ན་རྒྱུ་སྐར་ཉེར་བརྒྱད་ཀྱི་ཙཀླི་ཙམ་དར་གྱི་འཕུར་ལྕེ་དང་ལྡན་པ་སོ་སོའི་སྔགས་བྱང་འདོད་གསོལ་ཅན་ཕྱོགས་མ་འཆོལ་བར་ཞལ་ནང་བསྟན་དུ་བཀོད། ཤམ་བུའི་རྒྱབ་ངོས་སུ་མེ་ལོང་བཅུ་ལ་ཁྲོ་བཅུའི་སྔགས་མཚལ་གྱིས་བྲིས་པ་ཕྱོགས་མཚམས་མ་ནོར་བར་གདགས་ཤིང་བར་མཚམས་རྣམས་སུ་དར་དཔྱངས་དྲིལ་གཡེར་སོགས་ཀྱིས་མཛེས་པར་བརྒྱན། གཞན་སྒྲུབ་པའི་དཀྱིལ་འཁོར་ལ་འོས་པའི་ཡོ་བྱད་རྣམས་པྲ་ཁྲིད་གཞུང་བཞིན་ཉེ་བར་བསྡོག་གོ། །གཉིས་པ་སྒྲུབ་ཆོས་ཕྲིན་ལས་ཀྱི་རིམ་པ་གཞུང་བསྲང་བ་ལ་གཉིས། སྔོན་དུ་འགྲོ་བའི་ལས་རིམ་དང་། དངོས་གཞི་ཇི་ལྟར་སྒྲུབ་ཚུལ་ལོ། །དང་པོ་ནི། སྒྲུབ་ཆེན་ལ་འཇུག་པའི་ཉིན་དང་པོར་སཱའི་ཚོ་ག །ཕྱི་ནང་གསང་བའི་མཚམས་གཅོད་པ། མ་ཏྲཾ་བསྒྲལ་ཞིང་ཆག་ཆག་གདབ་པ། རྟེན་གྱི་དཀྱིལ་འཁོར་བཞེངས་ {{TibChung|[6b]}} པ་རྣམས་དང་། ཉིན་གཉིས་པར་བདག་གི་རྣལ་འབྱོར་བཟླས་པའི་མཐར་ཐུག་པའི་བར་སྔོན་དུ་འགྲོ་བས། སྒྲུབ་རྫས་རྣམས་ལ་ཐུན་མོང་དུ་བགེགས་བསལ་ཞིང་། བདུད་རྩི་འཁྱིལ་བས་བསྒྲུབས་པའི་ལས་བུམ་གྱི་ཆུས་ཁྲུས་གསོལ་བྱ། རྒྱན་བཀོད་སྐབས་རྡོ་རྗེ་རྒྱལ་ཚབ་པས་སྨན་གྱི་ཕོ་བྲང་དང་། གཞན་རྣམས་ཀྱིས་སྒྲུབ་རྫས་རྣམས་རིམ་པར་ཐོགས་ལ། ཐོག་མར་སྨན་འགོད་པ་ནི།}} ཧཱུྃ༔ དབུས་ཀྱི་བྷནྡྷ་སུལ་མང་དུ༔ དྲི་ཆེན་དག་དང་སྦྱར་བའི་སྨན༔ ཛཱ་ཏི་ཕ་ལ་ཨ་རུ་ར༔ ཨ་ག་རུ་དང་དུ་རུ་ཀ༔ གླ་རྩི་དག་དང་སྦྱར་བའི་སྨན༔ བསྙེན་པའི་སྙིང་པོ་ཛཔྲ་འདྲེན་ན༔ ལྷ་མོ་བཞི་ཡིས་བྱིན་གྱིས་རློབས༔ རྣམ་སྣང་ཡབ་ཡུམ་ཐུགས་དམ་བསྐང་༔ ཆོས་དབྱིངས་ཡེ་ཤེས་ཐོབ་བགྱིད་སླད༔ དབུས་ཕྱོགས་བྷནྡྷའི་གཞལ་ཡས་སུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ ཤར་ཕྱོགས་བྷནྡྷ་སུལ་འབྲིང་དུ༔ བྱང་ཆུབ་སེམས་དང་སྦྱར་བའི་སྨན༔ ཤ་རི་རཾ་དང་ཉ་རི་རཾ༔ ཅུ་གང་དང་ནི་ག་བུར་དང་༔ ཐལ་དཀར་རྡོ་རྗེ་ལ་སོགས་པ༔ བསྙེན་པའི་སྙིང་པོ་ཛཔྲ་འདྲེན་ན༔ ལཱ་སྱ་དཀར་མོས་བྱིན་གྱིས་རློབས༔ རྡོར་སེམས་ཡབ་ཡུམ་ཐུགས་དམ་བསྐང་༔ མེ་ལོང་ཡེ་ {{TibChung|[7a]}} ཤེས་ཐོབ་བགྱིད་སླད༔ ཤར་ཕྱོགས་བྷནྡྷའི་གཞལ་ཡས་སུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ ལྷོ་ཕྱོགས་བྷནྡྷ་སུལ་གསུམ་དུ༔ མཱཾ་ས་དག་དང་སྦྱར་བའི་སྨན༔ སྙིང་ཞོ་ཤ་དང་མཁལ་ཞོ་ཤ༔ གླ་གོར་ཞོ་ཤ་ཙི་ཏྲ་ཀ༔ ཀ་ཀོ་ལ་དང་སྦྱར་བའི་སྨན༔ བསྙེན་པའི་སྙིང་པོ་ཛཔྲ་འདྲེན་ན༔ མཱ་ལྱ་སྔོན་མོས་བྱིན་གྱིས་རློབས༔ རིན་འབྱུང་ཡབ་ཡུམ་ཐུགས་དམ་བསྐང་༔ མཉམ་ཉིད་ཡེ་ཤེས་ཐོབ་བགྱིད་སླད༔ ལྷོ་ཕྱོགས་བྷནྡྷའི་གཞལ་ཡས་སུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ ནུབ་ཕྱོགས་བྷནྡྷ་སུལ་མེད་དུ༔ པདྨ་རཀྟ་སྦྱར་བའི་སྨན༔ ཙནྡན་སྨུག་པོ་ལི་ཤི་དང་༔ སྐྱུ་རུ་ར་དང་སྟར་བུ་དང་༔ རྒུན་འབྲུམ་ལ་སོགས་སྦྱར་བའི་སྨན༔ བསྙེན་པའི་སྙིང་པོ་ཛཔྲ་འདྲེན་ན༔ གཱིརྟི་དམར་མོས་བྱིན་གྱིས་རློབས༔ སྣང་མཐའ་ཡབ་ཡུམ་ཐུགས་དམ་བསྐང་༔ སོར་རྟོག་ཡེ་ཤེས་ཐོབ་བགྱིད་སླད༔ ནུབ་ཕྱོགས་བྷནྡྷའི་གཞལ་ཡས་སུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ བྱང་ཕྱོགས་བྷནྡྷ་རྒྱ་གྲམ་དུ༔ དྲི་ {{TibChung|[7b]}} ཆུ་དག་ལ་སྦྱར་བའི་སྨན༔ བདུད་རྩི་དྲི་ཆུ་བྲག་ཞུན་དང་༔ ཅོང་ཞི་དང་ནི་གུར་གུམ་དང་༔ ལྕེ་སོག་དཀར་པོ་ལ་སོགས་པ༔ བསྙེན་པའི་སྙིང་པོ་ཛཔྲ་འདྲེན་ན༔ ནཱིརྟི་ལྗང་གུས་བྱིན་གྱིས་རློབས༔ དོན་གྲུབ་ཡབ་ཡུམ་ཐུགས་དམ་བསྐང་༔ བྱ་གྲུབ་ཡེ་ཤེས་ཐོབ་བགྱིད་སླད༔ བྱང་ཕྱོགས་བྷནྡྷའི་གཞལ་ཡས་སུ༔ དགྱེས་ཤིང་བརྟན་པར་བཞུགས་དུ་གསོལ༔ ཧཱུྃ༔ སྨན་རྣམས་སྣ་ཚོགས་ཐ་དད་པ༔ སོ་སོའི་ཡོན་ཏན་བསམ་མི་ཁྱབ༔ རྩ་བ་བརྒྱད་ལ་ཡན་ལག་སྟོང་༔ སྡུག་བསྔལ་ནད་ཀྱི་གསོས་སུ་ཆེ༔ རྩ་གསུམ་ཡོངས་རྫོགས་དཀྱིལ་འཁོར་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ར་སཱ་ཡ་ན་ས་མ་ཡ་ཏིཥྛ་ལྷན༔ {{TibChung|ཞེས་འགོད་ཚིག་ལྔ་ཚན་དང་བསྟུན་ཐོག་མར་དབུས་ཀྱི་བྷནྡྷ་ཉིད་གཞི་སྟེགས་སྟེང་གི་ལྡིང་ཁྲི་རིམ་པ་བར་མར་ཁྲོལ་བུའི་དཀྱིལ་འཁོར་མཎྜལ་ལ་འབྲུ་དཀར་དྲི་བཟང་གིས་སྦགས་པས་ཚོམ་བུ་ལྔ་བཀོད་པའི་ཁར་མཉྫི་བཞག་པ་ལ་དཔྲལ་བ་མདུན་བསྟན་གྱིས་འགོད། དེ་ནས་ཤར་སོགས་ཕྱོགས་བཞིར་དཔྲལ་བ་ནང་དུ་བསྟན་ལ་འགོད་ཅིང་དབུས་དཀར་ཤར་སྔོ་སོགས་དར་ཕྱོགས་མདོག་གིས་བཀབ།}} སྨན་རྣམས་སྣ་ཚོགས་{{TibChung|སོགས་ {{TibChung|[8a]}} ཀྱི་སྐབས་སུ་ཐོད་པའམ་སྣོད་གཞན་དུ་ཤར་ལྷོར་འོ་མ་དང་མང་གསུམ། ལྷོ་ནུབ་ཏུ་རིན་པོ་ཆེའི་ཕྱེ་མ། ནུབ་བྱང་དུ་ཆང་དང་ཕབ་རྩི། བྱང་ཤར་དུ་ཆུ་སྣ་རྣམས་དང་། སྨན་ཕྱེ་ཐོད་པར་མ་ཤོང་བ་ཡོད་ན་བར་མཚམས་གཞན་རྣམས་སུ་ཇི་ལྟར་འཚམས་པར་འགོད། ཐོད་པ་དབུས་མ་གཞན་ལས་མཐོ་བར་བྱས་པའི་ཁར་གསེར་ལ་སོགས་པ་རིན་པོ་ཆེའི་སྣོད་དུ་བླ་མ་གོང་མ་རྣམས་ཀྱི་བྱིན་རྟེན་བདུད་རྩིའི་ཕབ་གཏའ་རྣམས་ཆང་ངམ་དྲི་བཟང་གི་ཆུ་དང་སྦྱར་ཏེ་བཞག །ཐོད་པ་རྣམས་ཀྱི་སྟེང་གཟུངས་ཐག་སྣ་ལྔས་སྦྲེལ་ལ་གཙོ་བོའི་གཟུངས་ཐག་གི་སྣེ་གཉིས་རྡོར་སློབ་དང་རྒྱལ་ཚབ། ཕྱོགས་བཞི་རྒྱལ་ཐེབས་རིགས་བཞིའི་ཕྱག་ཏུ་སླེབ་པར་བྱ། སྨན་གྱི་ཕོ་བྲང་དང་ཚངས་པ་བརྒྱ་བྱིན་གྱི་བར་དུ་དམུ་ཐག་དཀར་པོས་སྦྲེལ་ཞིང་། སྨན་ཁང་ལ་ནང་ནས་རིམ་བཞིན་མཐིང་དམར་དཀར་བའི་དར་ཡོལ་སུམ་རིམ་བྲེ། དེ་ནས་སྒྲོམ་ཁྲིའི་རིམ་པ་དང་པོར་བུམ་པ་སོགས་སྒྲུབ་རྟེན་གཞན་རྣམས་འགོད་ཅིང་། རྒྱན་བཀོད་ནས་བཟུང་བྱིན་དབབ་པའི་བར་གྱི་ཉིན་གཉིས་པའི་བྱ་བ་རྣམས་སྒྲུབ་ཁོག་གི་གཞུང་བཞིན་བྱའོ། །གཉིས་པ་དངོས་གཞི་ལ་གསུམ། སྒྲུབ་པའི་དཀྱིལ་འཁོར་གཞུང་བསྲང་བ། སྨན་ཁྲོལ་བུར་སྦྱོང་བ། ཕྱེ་མར་སྒྲུབ་པའོ། །དང་པོ་ནི། ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བདག་དང་དཀྱིལ་འཁོར་སྒྲུབ་རྫས་ཀྱིས་མཚོན་པའི་སྣོད་བཅུད་ཐམས་ཅད་ {{TibChung|[8b]}} སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་རང་བཞིན་དབྱེར་མེད་དུ་གསལ་བཏབ་ལ་ཛཔྲ་བཟླས་བསྙེན་བསྟོད་བཤགས་པ་དམ་བཟུང་གི་བར་གྲུབ་པ་དང་། གཉིས་པ་ཁྲོལ་བུར་སྦྱོང་བའི་དགོངས་པ་ལ། ཐོག་མར་སྨན་སྲུང་སྤྱན་དྲང་བ་ནི། སྤོས་དཀར་གྱི་དུད་པ་འཐུལ། ཁ་དོག་སྣ་ཚོགས་བའི་དར་གྱིས་གཡབ་ཅིང་དབྱངས་དང་རོལ་མོར་བཅས་པས།}} ཧཱུྃ༔ ཚངས་དང་དྲང་སྲོང་ཀླུ་རྣམས་དང་༔ རྩི་ཤིང་སྨན་གྱི་ལྷ་མོ་དང་༔ ར་སཱ་ཡ་ནའི་སྲུང་མའི་ཚོགས༔ སྔོན་ཚེ་འདས་དུས་དང་པོ་ལ༔ ཀུན་བཟང་ལྷ་ཡི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་དབང་མནོས་ཏེ༔ སྡོམ་ལ་གནས་པའི་རིག་འཛིན་རྣམས༔ དུས་གསུམ་བདེ་གཤེགས་མཆོད་པ་དང་༔ སྨན་གྱི་རིག་འཛིན་བསྒྲུབ་པའི་ཕྱིར༔ འཁོར་དང་བཅས་ཏེ་སྤྱན་འདྲེན་ན༔ འདིར་གཤེགས་དམ་ཚིག་ཚུལ་བཞིན་དགོངས༔ ར་སཱ་ཡ་ནའི་དངོས་གྲུབ་སྩོལ༔ {{TibChung|ཅེས་བསྐུལ་ཞིང་སྤྱན་དྲངས་པས།}} སྔོན་བྱོན་སྨན་གྱི་དམ་ཚིག་གི་དངོས་གྲུབ་ཐོབ་ཅིང་སྒྲུབ་པ་པོའི་སྡོང་གྲོགས་མཛད་པར་དམ་མནོས་པའི་སྨན་གྱི་རིག་འཛིན་ལྷ་དང་དྲང་སྲོང་སྲུང་མ་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་བྱོན་ནས་སྨན་གྱི་ཕོ་ {{TibChung|[9a]}} བྲང་སྟེང་གི་ནམ་མཁར་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པར་{{TibChung|བསམ་ལ། རྟོག་པ་བསལ་བ་ནི། བྱིན་གྱིས་བརླབས་པའི་བདུད་རྩི་འཐོར་ཞིང་།}} ཧཱུྃ༔ ར་སཱ་ཡ་ནའི་རིག་འཛིན་རྣམས༔ ཚངས་དང་དྲང་སྲོང་གཙང་མ་ཟ༔ དེ་དག་གྲོལ་བར་ངས་མ་བཤད༔ ཁྱི་དང་ཕག་པ་མི་གཙང་ཟ༔ དེ་དག་གྲོལ་བར་ངས་མ་བཤད༔ ཀླུ་དང་བྲམ་ཟེ་གཙང་མ་ཟ༔ དེ་དག་གྲོལ་བར་ངས་མ་བཤད༔ བྱོལ་སོང་རྩྭ་མཆོག་ཟ་བ་ཡང་༔ ཇི་སྲིད་འཚོ་ཡི་བར་དུ་ཟ༔ དེ་དག་གྲོལ་བར་ངས་མ་བཤད༔ ཡང་དག་དོན་གྱི་ལུང་འདི་ཉོན༔ རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི༔ ཆོས་སྐུ་གཅིག་ལས་ཐ་དད་པའི༔ རིགས་ལྔའི་རང་བཞིན་འདིར་བསྟན་ཏེ༔ དེ་ལྟར་རྟོགས་ན་གྲོལ་ཞེས་བཤད༔ རང་བཞིན་ཡང་དག་དག་པའི་རྫས༔ མཉམ་པའི་དབྱིངས་སུ་རབ་བརྟགས་ན༔ གཉིས་མེད་དོན་གྱིས་ཟིན་པ་ཡིན༔ ཇི་ལྟར་དམིགས་པ་བཞིན་དུ་འགྲུབ༔ གཙང་དང་མི་གཙང་རྟོག་པ་ཅན༔ དངོས་དང་མི་དངོས་གཉིས་མེད་པས༔ མཁས་པ་གཙང་དམེ་གཉིས་མི་བྱེད༔ ཡེ་ཤེས་སྐུ་ལྔར་བསྟན་པའི་ཕྱིར༔ གཙོ་རུ་དང་དུ་བླང་བར་བྱ༔ {{TibChung|[9b]}} གཙང་དམེ་མེད་པར་ཀུན་གྱིས་སྤྱོད༔ དེ་དག་གྲོལ་བར་ངས་བཤད་ཀྱིས༔ ར་སཱ་ཡ་ནའི་རིག་འཛིན་ཚོགས༔ བཏང་སྙོམས་མེད་པའི་ཕྲིན་ལས་མཛོད༔ ཐེ་ཚོམ་མེད་ན་ངེས་པར་འགྲུབ༔ དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག༔ སྒྲུབ་རྫས་འདི་ལ་བྱིན་གྱིས་རློབས༔ སྒྲུབ་པ་པོ་ལ་དབང་ཞིག་སྐུར༔ {{TibChung|ཅེས་བརྗོད་པས།}} སྨན་གྱི་དྲང་སྲོང་རིག་འཛིན་ཐམས་ཅད་གཙང་དམེའི་གཉིས་འཛིན་དག་ནས་འདོད་པའི་དངོས་གྲུབ་སྩོལ་བ་ལ་དགྱེས་བཞིན་དུ་བཞུགས་པར་{{TibChung|བསམ། དེ་ནས་འཕྲོ་འདུ་འཇུ་འདུལ་དངོས་ནི།}} བདག་ཉིད་གུ་རུ་རྩ་བ་གསུམ་གྱི་དཀྱིལ་འཁོར་དུ་གསལ། སྨན་སྣོད་བྷནྡྷ་རྣམས་ཀྱི་ནང་དུ་དབུས་སུ་དྲི་ཆེན་གྱི་སྟེང་དུ་ཨོཾ། ཤར་དུ་བྱང་སེམས་ཀྱི་སྟེང་དུ་ཧཱུཾ། ལྷོར་མཱཾ་སའི་སྟེང་དུ་སྭཱ། ནུབ་ཏུ་རཀྟའི་སྟེང་དུ་ཨཱཿ བྱང་དུ་དྲི་ཆུའི་སྟེང་དུ་ཧཱ་རྣམས་གསལ་བར་གྱུར། དཔའ་བོ་འབྲུ་ལྔ་ལས་འོད་འཕྲོས། བདེ་བར་གཤེགས་པའི་ཐུགས་དམ་གྱི་རྒྱུད་བསྐུལ། འགྲོ་བའི་དོན་བྱས། ཕྱི་འབྱུང་བ་ལྔའི་བཅུད་བསྡུས། སླར་འདུས་པ་ལས་གདོས་པ་ཅན་རྣམས་བཞུ་ཞིང་བཏུལ་ནས་འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་རྣམས་སུ་ {{TibChung|[10a]}} གྱུར། སླར་ཡང་འོད་འཕྲོས། ཉོན་མོངས་དུག་ལྔའི་དབང་གིས་འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་སྟོང་ཞིང་ཟད་སར་བསྒྲལ་ནས་སླར་འདས་ཕྱག་མཚན་ས་བོན་དང་བཅས་པ་ཡེ་ཤེས་ལྔའི་རང་བཞིན་ཐོད་ཕྲེང་རིགས་ལྔའི་སྐུར་གྱུར། ཕོ་བྲང་སྟེང་གི་སྨན་སྲུང་རིག་འཛིན་རྣམས་ཀྱིས་ཀྱང་བརྟན་གཡོའི་རྩ་བཅུད་བདུད་རྩིའི་ཆར་དུ་འབེབས་པར་གྱུར། {{TibChung|ཅེས་པའི་ཏིང་ངེ་འཛིན་དང་མ་བྲལ་བར་གཟུངས་ཐག་སོ་སོར་བླངས་ཏེ།}} ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ར་སཱ་ཡ་ན་ཏ་ན་ཛ་ཡ་གུ་ཧྱ་སིདྡྷི་ཧཱུཾ་ཧྲཱིཿཥྛ༔ {{TibChung|ཞེས་པའི་ཛཔྲ་སྟོང་དུ་གྲངས་ཚང་བར་བཟླ་ཞིང་། ཐུན་པ་རྣམས་ཀྱིས་བསྙེན་རྒྱུན་བླངས་ལ་དེ་ཉིད་རྒྱུན་མི་འཆད་དུ་བཟླ། ཐུན་མཐར་བདུད་རྩིའི་ཆེ་བ་བརྗོད་པ་ནི།}} ཧཱུྃ༔ རྣམ་དག་དྲི་ཆེན་རྣམ་སྣང་མཛད༔ ཕྱི་ནང་གཉིས་ཀ་རྣམ་པར་དག༔ མི་བསྐྱོད་བྱང་ཆུབ་སེམས་དཔའ་ཉིད༔ དམིགས་མེད་དག་པ་ཡེ་ཤེས་ཡིན༔ མཱཾ་ས་རིན་ཆེན་འབྱུང་ལྡན་གཙོ༔ མཉམ་དང་མི་མཉམ་དབྱེར་མེད་དོ༔ སྣང་བར་རཀྟ་མཐའ་ཡས་གསུང་༔ སྐྱེ་འགག་མེད་པ་ཡེ་ནས་དག༔ དོན་ཡོད་དྲི་ཆུ་ལས་གྲུབ་པ༔ དྲི་མེད་རྒྱུ་འབྲས་རྣམ་ {{TibChung|[10b]}} པར་དག༔ ཀུན་ཀྱང་གཙང་ཞིང་དྲི་མེད་པས༔ ཐམས་ཅད་མ་ལུས་སངས་རྒྱས་ལྔ༔ ལུས་པ་མེད་པའི་ཡེ་ཤེས་ངང་༔ མ་བཅོས་ཡེ་ཤེས་དེ་ཉིད་དོ༔ དེ་ཕྱིར་སྨན་གྱི་བཅུད་ཀྱི་མཆོག༔ བདུད་རྩི་ཞེས་ནི་དེ་ལ་བྱའོ༔ {{TibChung|ཞེས་བསྐུལ་ལ།}} ཐོད་ཕྲེང་རིགས་ལྔ་བདུད་རྩིའི་ངོ་བོར་ཞུ་སྟེ་དམ་ཚིག་གི་རྫས་དངོས་གྲུབ་ཀུན་གྱི་དབྱིག་ཏུ་འཁྱིལ་བར་{{TibChung|བསམ། དེ་ནས་སྒྲུབ་ཁོག་བཞིན་ཉུ་ལེ་བསྐྲད་ཅིང་བྱིན་དབབ་པས་ཐུན་དང་པོ་གྲུབ། ཐུན་གཉིས་པ་ལ་ལས་བྱང་གི་མཆོད་པ་བྱིན་རླབས་ནས་བརྩམས་རྩ་བསྙེན་དང་སྨན་ཁྲོལ་བུར་སྦྱོང་བ་སོགས་ཉུལ་བསྐྲད་བྱིན་འབེབས་ཡན་སྔར་ལྟར་བསྐྱར། ཐུན་གསུམ་པ་ཡང་དེ་དང་མཚུངས་པ་ལས་ཆེ་བརྗོད་འོད་ཞུ་བཅས་སོང་རྗེས། ཆོས་སྐྱོང་གི་གཏོར་ཆོག་དང་ཚོགས་མཆོད་སོགས་རྗེས་རིམ་རྣམས་མཐར་དབྱུང་ཞིང་ཉུལ་བསྐྲད་བྱིན་འབེབས་རྒྱས་པར་བྱ། མཚན་ཐུན་གསུམ་གྱི་ཐུན་དང་པོར་ལས་བྱང་གི་ཚོགས་བསགས་དང་མཚམས་གཅོད་ནས་བརྩམས་སྔོན་འགྲོའི་ཆོས་རྣམས་དང་། ཐུན་རྗེས་མའི་མཐར་ཚོགས་མཆོད་ཉེར་བསྡུ་སོགས་རྗེས་རིམ་མདོར་བསྡུས་སྦྱོར་བ་ཙམ་ལས་གཞན་རྣམས་ཉིན་ཐུན་བར་མའི་འགྲོས་ལྟར་ལ། ཉིན་མཚན་གྱི་ཐུན་ཕྱི་མའི་སྨན་ཛཔྲ་རྗེས་སུ་འོག་གི་སྨན་སྦོལ་བའི་སྐབས་སུ་འབྱུང་བའི་སྔགས་བརྒྱ་རྩ་ཙམ་རེ་བཟླས་པས་མཚམས་ཀྱི་ཆང་སོགས་བྱོན་ {{TibChung|[11a]}} གྱིས་བརླག དེ་ལྟ་བུའི་ཚུལ་གྱིས་ཁྲོལ་སྒྲུབ་ཞག་གསུམ་གྲུབ་པའི་ཉིན་བཞི་པའི་སྔ་དྲོའི་ཐུན་གྱི་མཐར་འོད་ཞུ་གྲུབ་པའི་རྗེས་ཐོག་ཏུ་སྨན་ཐོད་རྣམ་དབུས་ཀྱི་ཐོད་པར་བསྡུ། ཁྲོལ་བུའི་ཐུན་པོ་རྣམས་ཀྱང་ཕྱོགས་གཅིག་ཏུ་བསྲེས་ལ་དེ་ཉིད་གཟུངས་མར་མངའ་གསོལ་བས་དར་གྱིས་ལྕིབས་ནས་བླངས་ཏེ་སློབ་དཔོན་ལ་འབུལ་ཞིང་།}} རིགས་ཐམས་ཅད་གསང་ཆེན་རིགས་གཅིག་བདེ་བ་ཆེན་པོ་ཆོས་ཀྱི་སྐུའི་རང་བཞིན་དུ་གྱུར་པ་དེ་ཉིད་དམ་ཚིག་གི་རྫས་ཐབས་ཤེས་དབྱེར་མེད་རོ་གཅིག་ཏུ་ཞུ་ཞིང་འདྲེས་ཏེ་དངོས་གྲུབ་ཀྱི་སྙིང་པོ་འོད་ཀྱི་གོང་བུའི་རྣམ་པས་ཐུགས་ཀྱི་ཐིག་ལེར་ཐིམ་པར་{{TibChung|མོས་ལ་དཀྱིལ་འཁོར་མདུན་གྱི་སྟེགས་བུ་ལ་འགོད་དོ། །གསུམ་པ་བདུད་རྩི་ཕྱེ་མར་སྒྲུབ་པ་ལ་གཉིས། སྦྱོར་བ་བཏགས་བཙགས་སོགས་ཀྱི་དགོངས་པ་དང་། ཕྱེ་མ་དངོས་ཀྱི་དགོངས་རྒྱུད་དོ། །སྔ་མ་ལ་སྤྱི་དང་ཁྱད་པར་གཉིས་ཀྱི། དང་པོ་ནི། སློབ་དཔོན་ཡབ་ཡུམ་འཁོར་དང་བཅས་པ་ཆས་ཀྱིས་བརྒྱན་ལ་ཁྲོལ་བུའི་ཛཔྲ་བཟླ་ཞིང་དཀྱིལ་འཁོར་བསྐོར། བླ་མ་རྩ་བ་གསུམ་གྱི་ང་རྒྱལ་བཟུང་ནས་མཆོག་གི་ཧསྟ་གཡབ་ཅིང་སྦྱར་བའི་སྤོས་བསྲེག །རྐང་གི་གླིང་བུ་དང་ཀུ་ཤའི་གླུ་བླངས་པ་སོགས་དྲག་པོའི་རོལ་གར་མང་པོ་དང་བཅས་པས་རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐུལ། མཁའ་ {{TibChung|[11b]}} འགྲོ་དམ་ཅན་དབང་དུ་བསྡུས་ནས་ལས་ལ་བཙུད། དགྲ་བགེགས་རྣམས་གཟིར་ཞིང་ཚར་གཅོད་པའི་བརྟུལ་ཞུགས་བསྐྱེད་ལ་ཉམས་བསྐྱང་ངོ་། །གཉིས་པ་ལ་ལྔ། བཏགས་པ། བཙགས་པ། སྦོལ་བ། གཞལ་བ། འགོད་པའོ། །དང་པོ་བཏགས་པ་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཞིང་ཆེ་ཆུང་གི་གཡས་གཞི་དངོས་སམ་རི་མོར་བྲིས་པ་བརྩེགས་མར་བཏིང་། དེ་ལ་གུ་གུལ་གྱིས་བྱུག་ཅིང་རཀྟའི་ཐིག་ལེས་མཚན་མ་བཀོད། དེའི་སྟེང་དུ་གཏན་གཏུན་ཐབས་ཤེས་ཀྱི་བརྡ་མཚོན་པར་བཞག །སློབ་དཔོན་དཀྱིལ་འཁོར་དང་གཟུངས་མ་སློབ་དཔོན་ལ་ཞལ་ཕྱོགས་པས་འཁོད་དེ་རྐང་པ་གཉིས་སྨན་གཞོང་གི་འགྲམ་གཡས་གཡོན་ཕན་ཚུན་བསྣོལ་མར་བརྐྱང་། སློབ་དཔོན་གྱིས་ལག་པ་སོར་མོ་བསྣོལ། མཛུབ་མོ་བསྒྲེང་། མཐེ་བོང་བཀུག་པ་བྱིན་དབབ་པའི་རྒྱས་གཏུན་བུ་བཟུང་། ཡུམ་གྱིས་མཁའ་དབྱིངས་ཀྱི་རྒྱས་གཏུན་ཁུང་བཟུང་ལ།}} གཏུན་ཁུང་ཤེས་རབ་ཡུམ་གྱི་མཁའ་དབྱིངས་སུ། །གཏུན་བུ་ཐབས་མཆོག་ཡབ་ཀྱི་རྡོ་རྗེ་ཡིས། །ལས་ཉོན་མཚན་རྟོག་འཐག་པས་སྨན་གྱི་དངོས། །དབྱིངས་ཡེ་གཉིས་མེད་ཡེ་ཤེས་འོད་འཕྲོར་གྱུར། །{{TibChung|ཅེས་དམིགས་ཏེ།}} ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་རུ་ལུ་རུ་ལུ་ཧཱུཾ་ཧྲཱིཿཋཱ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཧྲཱིཿཋཱ༔ {{TibChung|ཞེས་ {{TibChung|[12a]}} པའི་ཛཔྲ་ཉིད་དབྱངས་ཀྱི་ཚུལ་དུ་བཟླ་བཞིན་པས་བཏག་གོ །གཉིས་པ་བཙག་པ་ནི། དཀྱིལ་འཁོར་གྱི་ལྷོར་ཡུམ་གྱིས་སྣོད་དང་དར་ཚག་བཟེད། སློབ་དཔོན་གྱིས་སྨན་བླུགས་ལ།}} ཡབ་ཡུམ་ཐབས་ཤེས་མཉམ་པར་སྦྱོར་བ་ལས། །ཡེ་ཤེས་བདུད་རྩི་དཀར་འཚེར་མེ་རེ་རེ། །འོ་མའི་ཆུ་རྒྱུན་ལྟ་བུར་ལུང་པར་གྱུར། {{TibChung|ཅེས་དམིགས་ཏེ།}} ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧོ་ས་ཡ་བི་ཤུདྡྷེ་ཧཱུཾ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུཾ་སརྦ་པཉྫ་ཨ་མྲྀ་ཏ་ཀ་མ་ལ་ཀུནྡྷ་ལི་སིདྡྷི་སིདྡྷི་ཧཱུཾ་ཧྲཱིཿཋཱ༔ {{TibChung|ཞེས་བཟླ་བཞིན་པས་སྨན་ཐམས་ཅད་ཚགས་སུ་དྲང་ངོ་། །གསུམ་པ་སྦོལ་བ་ནི། དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་སློབ་དཔོན་ཡབ་ཡུམ་གྱི་བར་དུ་སྨན་སྣོད་ལྕགས་གཡའི་དྲི་མ་མེད་ཅིང་འཕུར་དུས་འཐོར་ཟེགས་མི་འགྲོ་བ་ཟངས་དཀར་ལྟ་བུ་གཙང་ཞིང་ཆེ་བ་བཞག །གུར་གུམ་སོགས་དྲི་བཟང་དང་དམ་རྩིའི་དབང་ལག་སོགས་ཟུར་དུ་ཕྱེས་ལ། །}} སྣོད་ལྟར་སྣང་བ་ཡུམ་གྱི་མཁའ་དབྱིངས་སུ། །བཅུད་སྣང་ཐབས་མཆོག་ཡབ་ཀྱི་རྡོ་རྗེ་ཡིས། །འདྲེས་པར་དཀྲུགས་པས་ཐབས་ཤེས་མཉམ་སྦྱོར་བའི། །བྱང་སེམས་བདུད་རྩི་འོད་དུ་འཁྱིལ་བར་གྱུར། །{{TibChung|ཅེས་དམིགས་ཏེ།}} ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་བི་ཤུདྡྷེ་ཀུནྡྷ་ལཱི་ཧཱུྃ་ཧྲཱིཿཋཱ༔ {{TibChung|ཞེས་བཟླ་བཞིན་པས་སྨན་ཕྱེ་རྣམས་ {{TibChung|[12b]}} རླན་མ་ཕོག་པའི་སྐམ་པོ་འདྲེས་པར་བསྲེས་ལ་འབྲུམ་མེད་པར་བྱ། དེ་ནས་སློབ་དཔོན་གྱིས་བྱིན་གྱིས་བརླབས་པའི་ཆང་སོགས་སྦྲེང་ཞིང་། །}} འཁོར་དང་མྱ་ངན་འདས་པའི་ཆོས་ཐབས་ཅད། །བདེ་ཆེན་དབྱིངས་སུ་རོ་གཅིག་འདྲེས་པར་གྱུར། །{{TibChung|ཅེས་དམིགས་ཏེ་གོང་གི་སྔགས་བཟླ་བཞིན་དུ་རིམ་པར་འོ་མ་རིན་ཆེན་ཆུ་སྣ་རྣམས་བླུགས་ཏེ་སྦོལ། སྨན་ཕྱེ་མང་པོ་ལ་དེ་དག་གིས་བརླན་ཕབ་དཀའ་ན་བྱིན་རླབས་བྱས་པའི་ཆང་བཟང་པོ་གང་འོས་བླུགས་ལ་མཆོག་ཆེན་གྱི་ལག་གཡོན་ནམ་རྐང་ངམ་རྡོ་རྗེས་དཀྲུགས་པར་བཤད་པ་ལྟར་དེར་མཚོན་བྱེད་བྱས་ཏེ་ཤིན་ཏུ་འདྲེས་པར་འཕུར་ཞིང་བསྲེ། །དེ་ནས་དྲི་བཟང་གི་ཕྱེ་མ་སོགས་མདངས་བསྒྱུར་དམ་རྩི་ཕབ་རྒྱུན་རྣམས་དང་། སྨན་ཕྱེ་མང་ཉུང་དང་ནམ་ཟླའི་བབ་དང་བསྟུན་པའི་ཕབ་རྩི་བཟང་པོ་རྣམས་ཀྱིས་ནན་དུ་སྦོལ་ཞིང་བསྲེ། བསྐ་སླའི་ཚད་སྙིམ་པར་བཅངས་ནས་ཆག་གང་དུ་བསྐྱུར་བས་བམ་པོ་འཇིག་ཅིང་ཕྱེ་མར་མི་འདལ་བ་ཙམ་དུ་བྱའོ། །བཞི་པ་གཞལ་བ་ནི། དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་ཡུམ་གྱིས་དར་ཁུག་བཟེད། ཡབ་ཀྱིས་དྲིལ་བུའམ་ཀ་པཱ་ལས་གཞལ་ཞིང་། །}} རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན་ཆེན་པོ། །སྟོབས་ལྡན་ར་སཱ་ཡ་ན་བདུད་རྩིའི་མཆོག །དོན་གྱི་དབྱིངས་ལ་འགྱུར་བ་མེད་པའི་ཕྱིར། །མ་ནོར་གྲངས་སུ་བཅད་དེ་གཞལ་བར་གྱུར། །{{TibChung|ཅེས་མོས་ལ།}} ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ {{TibChung|[13a]}} ཨ་མྲྀ་ཏ་ཧོ་ས་མ་ཡ་བི་ཤུདྡྷེ་ཧཱུཾ་ཧྲཱིཿཋཱ༔ {{TibChung|ཞེས་བཟླ་བཞིན་དུ་གཞལ་ཏེ་རྗེས་སུ་ཇི་ཙམ་འཕེལ་བ་བརྟག་པའི་ཕྱིར་གྲངས་མ་ནོར་བར་བྱ། དེ་ནས་རྒྱས་གདབ་པ་ལ། སྨན་ཁུག་ཁ་དམ་པར་བྱས་ཏེ་དེ་ཉིད་བྷནྡྷ་ཁ་སྦྱོར་གྱི་ནང་དུ་གཞུག་པར་གསུངས་པས་ཕོ་མོའི་ཐོད་པ་མཚན་ལྡན་གྱི་ནང་དུ་རཀྟ་དང་ཆོས་སྨན་སྦྱར་བས་ཕོ་ཐོད་ལ་འཁོར་ལོ་རྩིབས་བཞིའི་ལྟེ་བ་དང་རྩིབས་བཞིར་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ མོ་ཐོད་ལ་པདྨ་འདབ་བཞིའི་ལྟེ་བ་དང་འདབ་མར་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། གཉིས་ཀའི་མུ་ཁྱུད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཤྲཱི་མ་ཧཱ་སུ་ཁ་ཧཱུཾ་ཧྲཱིཿཋཱ༔ ཞེས་པས་བསྐོར་བ་བྲིས་ལ་མོ་ཐོད་འོག་དང་ཕོ་ཐོད་སྟེང་མ་བྱས་པའི་བར་དུ་གཞུག་སྨན་མང་ན་དེ་ཉིད་ཟངས་དཀར་སོགས་སྣོད་གཙང་གཡའ་མེད་པའི་ནང་དུ་འཇོག་ཅིང་བར་མཚམས་བལ་བུའི་ཕུར་མ་རླན་ཅན་གྱིས་གཅེར། གང་ལྟར་སྨན་སྣོད་ཕྱི་ནས་དར་སྣ་ཚོགས་ཀྱིས་དྲིལ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་པའི་མདུད་ཁར་རྡོ་རྗེ་རྒྱ་གྲམ་གྱི་རྒྱས་གདབ། དར་ཟབ་ཀྱི་ན་བཟའ་གསོལ་ཞིང་གཡས་གཡོན་དུ་རྡོ་དྲིལ་དང་སྟེང་དུ་དབུ་རྒྱན་བཅིང་། རུས་སྦལ་གྱི་ཁོག་པར་གི་ཝཾ་གིས་ཧྲཱིཿཡིག་བྲིས་པས་སྟེང་ནས་བཀབ། དེ་དག་གི་ཚེ།}} ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧྱ་གྲཱི་ཝ་ས་མ་ཡ་དྷརྨ་དྷཱ་ཏུ་ཧཱུཾ་ཧྲཱིཿཋཱ༔ {{TibChung|ཞེས་བཟླའོ། །འདི་སྐབས་ཁྲོལ་སྒྲུབ་ཀྱི་ཚོམ་བུའི་དཀྱིལ་འཁོར་བསྡུ། རྡོ་རྗེ་རྒྱལ་ཚབ་སོགས་ཀྱིས་ཞི་བའི་སྦྱིན་སྲེག་ {{TibChung|[13b]}} བྱ་ཞིང་མེའི་ཕུད་ཀྱིས་དྲོད་འབེབས་མར་མེ་སྦར། དམ་སྲི་མནན་པ་ལ་སླར་ཡང་བཀུག་གཟིར་དྲག་ཏུ་བྱ་ཞིང་རྟ་བྲོ་བརྡུང་། སྒོ་བྱང་རྣམས་གསོ་ཞིང་དངོས་གྲུབ་སྲུང་བའི་ཕྲིན་བཅོལ་ནན་ཏན་དུ་བྱའོ། །ལྔ་པ་དཀྱིལ་འཁོར་དུ་འགོད་པ་ནི། སྨན་གྱི་ཕོ་བྲང་ལ་ཛཱ་ཏི། ག་བུར། ཙནྡན། གླ་རྩི། དུ་རུ་ཀ་སྟེ་དྲིའི་རྒྱལ་པོ་ལྔ་དང་། གུ་གུལ་ཚིལ་ཆེན་སྦྱར་བའི་དུད་པས་བདུག་ཅིང་དྲག་སྔགས་ཡུངས་ཐུན་ཚམ་རྔམས་བཅས་པས་བགེགས་བསྐྲད། སློབ་དཔོན་དྲིལ་སྤོས་ཐོགས་པས་སྣ་དྲངས་ཏེ་རྒྱལ་ཚབ་སོགས་ཀྱིས་སྨན་གྱི་ཕོ་བྲང་བཏེགས་ལ། སརྦ་པཉྩའི་ཛཔྲ་དབྱངས་བཟླ་ཞིང་དཀྱིལ་འཁོར་ལ་གཡས་སུ་བསྐོར་ནས་མདུན་དུ་འཁོད་དེ།}} ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་དུ༔ རྩ་བ་བརྒྱད་ལ་ཡན་ལག་སྟོང་ལ་སོགས༔ འབྲས་བུ་སྐུ་གསུང་ཐུགས་སུ་བསྒྲུབ་པའི་ཕྱིར༔ དུག་གིས་དུག་བསལ་དུག་ལྔ་ཡེ་ཤེས་ལྔ༔ སྨན་གྱིས་སྨན་སྩལ་སྨན་ལྔ་བདུད་རྩི་ལྔ༔ དུག་ལྔ་མ་སྤངས་སྐུ་ལྔ་ལྷུན་གྱིས་གྲུབ༔ དབྱིངས་ནས་སྤྱན་དྲངས་རྒྱལ་བའི་སྐུར་བསྐྱེད་དེ༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་མཆོད་པ་དང་༔ རྣལ་འབྱོར་དབང་ཕྱུག་ཐུགས་དམ་བསྐང་བའི་ཕྱིར༔ བདུད་རྩི་མཆོག་གི་ཕོ་བྲང་མངའ་གསོལ་བས༔ གསང་བ་མཆོག་གི་ {{TibChung|[14a]}} དབུས་སུ་བརྟན་པར་བཞུགས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ས་མ་ཡ་ཏི་ཥྛ་ལྷན༔ {{TibChung|ཞེས་གཙོ་བོར་མངའ་གསོལ་ཏེ་དཀྱིལ་འཁོར་དབུས་ཀྱི་བར་ལྡིང་མཉྫི་བརྟན་པོའི་ཁར་བཞུགས་སུ་གསོལ་ལ་འོག་ཏུ་དུག་གསུམ་གྱི་ཚིལ་བུ་དང་ཞུན་ཆེན་གྱི་མར་མེ་སྦར། སྟེང་དུ་གཟུངས་རྡོར་བཞག་པའི་སྲད་བུའི་སྣེ་དང་དམུ་ཐག་སྦྲེལ། ཕྱི་ནས་དར་ཡོལ་བྲེས་ལ་མེ་ངད་རླུང་གིས་མི་འཕྲོག་ཅིང་ཕྱོགས་རེ་རེར་ཚ་ཆེས་གྲང་ཆེས་མ་ཡིན་པར་སྨན་གྱི་ཁང་བུ་སྤྱི་སྙོམས་སུ་དྲོད་ཆི་ལེ་བར་བྱ། དེ་ནས་དགུ་པའི་ཛཔྲ་བརྒྱ་རྩ་བརྒྱད་བཟླས་མཐར་ཉུ་ལེ་བསྐྲད་ཅིང་བྱིན་དབབ་པ་སོགས་བྱའོ། །སྤྱིར་བཏགས་བཙག་གི་སྐོར་འདི་ཁོ་ན་ལ་ཉིན་གཅིག་ཏུ་བྱས་ཏེ་ཕྱིར་ཉིན་ནས་ཕྱེ་སྒྲུབ་ཀྱི་གཞུང་བསྲང་བ་ཡིན་མོད། བཏགས་བཙག་ཕོན་མང་མེད་པའི་སྔ་དྲོ་ཙམ་གྱིས་གྲུབ་ན་དངོས་གཞི་བསྙེན་སྒྲུབ་གལ་ཆེ་བའི་གནད་ཀྱིས་ཕྱི་དྲོ་ནས་ཕྱེ་སྒྲུབ་ཀྱི་དབུ་ཚུགས་ནའང་ལེགས་པ་ཡིན་ནོ། །གཉིས་པ་ཕྱེ་མ་སྒྲུབ་པའི་དགོངས་པ་ལ་བཞི། འཇུ་འདུལ། བསྐྱིལ་བ། དབབ་པ། དབང་དུ་བྱ་བའོ། །དང་པོ་ནི། བདག་མདུན་སྒྲུབ་རྫས་དབྱེར་མེད་དུ་ཤེས་པས་ལས་བྱང་གི་གཞུང་བསྲང་ལ་བཟླས་པའི་མཐར་ཐུག་པའི་བར་གྲུབ་རྗེས། སླར་ཡང་དམིགས་ཕྱེད་པའི་ཕྱིར་སྨན་གྱི་དཀྱིལ་འཁོར་མདུན་དུ་ཕྱེས་ནས་ཁྱད་པར་དུ་བསྒྲུབ་ {{TibChung|[14b]}} པ་སྟེ། མཆོད་རྫས་བྱིན་རླབས་སྔོན་དུ་འགྲོ་བས།}} ཧཱུྃ་ཧྲཱིཿ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ འོད་འཕྲོས་རྫས་ཀྱི་དངོས་འཛིན་སྦྱངས༔ སྟོང་པའི་ངང་ལས་ཡུམ་ལྔའི་ཀློང་༔ བདེ་ཆེན་ཕོ་བྲང་འོད་དུ་འབར༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང་༔ ཡཾ་ལས་རླུང་དང་རཾ་ལས་མེ༔ ཀེཾ་ལས་ཐོད་པའི་སྒྱེད་བུའི་སྟེང་༔ ཨ་ལས་ཡེ་ཤེས་ཀ་པཱ་ལ༔ ཡངས་ཤིང་རྒྱ་ཆེའི་ནང་ཁོངས་སུ༔ འཁོར་འདས་དྭངས་བཅུད་བདུད་རྩིར་འཁྱིལ༔ དེ་དབུས་ཉི་ཟླ་པདྨའི་སྟེང་༔ པདྨ་དབང་ཆེན་སྐུ་མདོག་དམར༔ {{TibChung|ཞེས་སོགས་ནས།}} བསྐལ་པའི་མེ་རླུང་འཚུབས་དཀྱིལ་བཞུགས༔ ཐུགས་ཀའི་ཙིཏྟ་གྱེན་བསྟན་སྦུབས༔ པདྨ་འདབ་བརྒྱད་གེ་སར་དབུས༔ རྗེ་བཙུན་འོད་འབར་ཐོད་ཕྲེང་རྩལ༔ ཨ་ཙཱར་ལོ་བརྒྱད་ལོན་ཚུལ་ཅན༔ {{TibChung|ཞེས་སོགས་ལས་བྱང་བཞིན་ལྷ་ཚོགས་ཡོངས་རྫོགས་གསལ་བཏབ་ལ་སྤྱན་འདྲེན་ནས་ཕྱག་མཆོད་བསྟོད་པའི་མཐར་ཐུག་གི་བར་དུ་བཏང་། དེ་ནས་སྨན་སྲུང་སྤྱན་འདྲེན་དང་རྟོག་བསལ་ཁྲོལ་སྒྲུབ་སྐབས་ལྟར་བྱས་ལ། ལས་ཀྱི་རྡོ་རྗེས་གཟུངས་ཐག་གི་སྣེ་མོ་ལྔ་རྡོ་རྗེ་རྒྱལ་པོ་དང་རྒྱལ་ཐེབས་བཞིའི་ཕྱག་ཏུ་ཕུལ་བ་དེ་རྣམས་ཀྱིས་ལག་གཡོན་པའི་མཐེ་བོང་དང་སྲིན་ {{TibChung|[15a]}} ལག་སྦྱར་བ་རྟ་མགྲིན་ཡབ་ཡུམ་དུ་བསྒོམ་ཞིང་གུང་མཛུབ་དང་མཐེའུ་ཆུང་བསྒྲེང་བའི་བར་དུ་བཟུང་སྟེ།}} ཤེས་རབ་སྒྲོག་གིས་སྦྲེལ་བའི་གཟུངས་ཐག་ལ། །རིག་པ་སྲོག་གིས་འབྲེལ་བའི་ལུ་གུ་རྒྱུད། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ཐོབ་བར། །སྐྱེ་བ་ཇི་སྲིད་བར་དུ་མི་བཏང་དོ། །{{TibChung|ཞེས་བཟུང་ལ་གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད་ཁོང་གསེང་བྲེང་ཆགས་སུ་ཡོད་པ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱེད་པར་མོས་ལ།}} བདག་མདུན་ཐུགས་ཀར་འོད་ལྔའི་ཀློང་༔ གསེར་གྱི་རྡོ་རྗེ་རྩེ་ལྔའི་ལྟེར༔ དྭངས་མ་ཧྲཱིཿཡིག་སྔགས་ཀྱིས་མཚན༔ རང་གི་ཐུགས་ཀའི་སྔགས་ཕྲེང་ལས༔ བདེ་ཆེན་འོད་ཟེར་ལུ་གུ་རྒྱུད༔ མཐེབ་སྲིན་ཐབས་ཤེས་མཉམ་སྦྱོར་ལས༔ གཟུངས་ཀྱི་ཐག་པ་ནས་བརྒྱུད་དེ༔ བདུད་རྩི་རྫས་ཀྱི་དཀྱིལ་འཁོར་ལ༔ ཕོག་པས་ཞུ་ཁོལ་རླངས་པ་ཡིས༔ དཀྱིལ་འཁོར་ལྷ་རྣམས་ཐུགས་རྒྱུད་བསྐུལ༔ རྗེས་ཆགས་བདེ་སྟོང་རོལ་པ་ཡིས༔ སྦྱོར་མཚམས་ཀུན་ནས་འོད་ཟེར་སྤྲིན༔ འཁོར་འདས་བརྟན་གཡོ་ཁྱབ་པར་འཕྲོས༔ རྩ་གསུམ་རྒྱལ་བ་མཆོད་པས་མཉེས༔ ཁམས་གསུམ་ཉོན་མོངས་དུག་ཆེན་སྦྱངས༔ སྣང་སྲིད་བདུད་ {{TibChung|[15b]}} རྩིའི་ཕྱག་རྒྱར་རྫོགས༔ ཚུར་འདུས་སྲིད་ཞིའི་ཡེ་ཤེས་དང་༔ དྭངས་བཅུད་ནུས་མཐུ་ཐམས་ཅད་ཀུན༔ རང་དབང་མེད་པར་བསྡུས་ཤིང་བཀུག༔ ལྷ་ཚོགས་རྣམས་ཀྱི་སྦྱོར་མཚམས་ཞུགས༔ བདེ་ཆེན་ཡེ་ཤེས་ལྷག་པར་འབར༔ བྱང་སེམས་དྲག་ཏུ་གཡོ་ཞིང་ཁོལ༔ རླངས་པའི་ན་བུན་མཁའ་ལ་ཁྱབ༔ སྨན་སྐྱོང་ལྷ་མོ་སྤྲིན་ལྟར་གཏིབས༔ བརྟན་གཡོའི་རྩི་བཅུད་དྭངས་མ་ཀུན༔ བདུད་རྩིའི་རྣམ་པར་ཆར་དུ་ཕབ༔ རང་བཞིན་བདུད་རྩིའི་དཀྱིལ་འཁོར་དང་༔ དབྱེར་མེད་ཐིག་ལེ་གཅིག་ཏུ་འཁྱིལ༔ མཆོག་གི་དངོས་གྲུབ་ཐོབ་པར་གྱུར༔ {{TibChung|ཞེས་པའི་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་གནས་པའི་སྒོ་ནས།}} ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ {{TibChung|ཞེས་དགུ་པའི་ཛཔྲ་ཏུ་གྲགས་པ་འདི་ཉིད་ཆིག་དྲིལ་དུ་བཟླ་ཞིང་། བསྙེན་གྲོགས་ཀྱིས་གསུང་མི་ཆད་པར་ཁོར་ཡུག་ཏུ་བཟླའོ། །ཐུན་མཐར་བདུད་རྩིའི་ཆེ་བ་བརྗོད་པ་ནི།}} ཧཱུྃ༔ ཉི་ཟླ་གསལ་བའི་དཀྱིལ་འཁོར་དུ༔ དགུ་པའི་ཛཔྲ་ཀྱིས་བཅུད་བསྡུས་ཏེ༔ དུས་གསུམ་སངས་རྒྱས་མཆོད་པའི་ཕྱིར༔ བཀའ་བཞིན་བསྟེན་ནས་དངོས་གྲུབ་བླངས༔ མུ་ཏིག་དཀར་པོ་དྲི་མེད་ལྟར༔ སྒྲུབ་པ་པོས་ནི་ནན་ {{TibChung|[16a]}} ཏན་བྱ༔ གུ་ཧྱ་ལག་གི་ཕྱག་རྒྱ་ཡིས༔ གཞུང་བཞིན་བསྟེན་ནས་འཕྲོ་འདུ་བྱ༔ ཨོཾ་ལས་ཡེ་ཤེས་འོད་འབྱུང་ཞིང་༔ ཨཱཿཡིས་མེས་བསྲེགས་ཐལ་བར་བརླག༔ ཧཱུཾ་གིས་བདུད་རྩི་རྣམ་པར་དག༔ སརྦས་ཐམས་ཅད་དབང་དུ་བསྡུས༔ པཉྩ་རྣམ་ལྔ་མངོན་སངས་རྒྱས༔ ཨ་ནི་སྐྱེ་མེད་ཆོས་ཀྱི་དབྱིངས༔ མྲྀས་ནི་བདུད་རྩི་རྣམ་པར་དག༔ ཏས་ནི་འཁོར་བ་སྟོང་པར་བྱེད༔ ཧཱུཾ་ནི་ཐུགས་ཀྱི་ས་བོན་ཏེ༔ ཧྲཱིཿ་ས་ནི་ཆགས་པ་དབང་དུ་སྡུད༔ ཋཱས་ནི་སྐྱེ་འཆི་མེད་པའོ༔ དགུ་པའི་ཛཔྲ་ཅེས་དེ་ལ་བྱའོ༔ {{TibChung|ཞེས་བརྗོད་ལ།}} ལྷ་ཚོགས་འོད་ཞུ་བཅུད་ལ་ཐིམ༔ འཆི་མེད་བདུད་རྩིར་འཁྱིལ་བར་གྱུར༔ {{TibChung|ཅེས་ཐུན་བསྡུས་ནས་ཉུ་ལེ་བསྐྲད་ཅིང་བྱིན་འབེབས་བྱ། དེ་ནས་ཐུན་ཕྱི་མ་གཉིས་ལ་བདག་བསྐྱེད་ལས་བྱང་མི་དགོས་པས་མདུན་བསྐྱེད་མཆོད་པ་བྱིན་རླབས་ཕྱིན་ཆད་གོང་བཞིན་བསྐྱར། ཐུན་གསུམ་པའི་མཐར་རྗེས་ཀྱི་ལས་རིམ་རྣམས་སྦྱོར་ཞིང་། མཚན་ཐུན་གྱི་འགྲོས་ཀྱང་སྔར་བཤད་པ་བཞིན་བྱ་སྟེ། འདི་དོན་སྨན་སྒྲུབ་རྩ་བར། བདག་ཉིད་འོད་འབར་རྩ་བའི་དཀྱིལ་འཁོར་དུ་དམིགས་ལ་མཆོད་བསྟོད་འབུལ་ཞིང་རྩ་བའི་བསྙེན་པ་ཅུང་ཟད་བཟླ༔ དེ་ནས་ཕྱོགས་བཞི་དབུས་དང་ལྔར་གཟུངས་ཐག་བཏགས་ལ་སློབ་དཔོན་ {{TibChung|[16b]}} མཆེད་རྒྱལ་པོ་ལྔས་འཐེན་ལ་གཡས་ཕྲེང་བ་བགྲང་ཞིང་༔ གཡོན་ཕྱག་རྒྱ་བདུད་རྩིར་གཏད་ལ་ཛཔྲ་གཡོ་འཁྲུལ་མེད་པར་བགྲང་ངོ་༔ དེའང་གཙོ་བོའི་ས་མཱ་དྷི་མ་ཡེངས་པར་གཏད༔ ཕྱོགས་ཀྱི་རྒྱལ་ཐེབས་བཞིས་གཟུངས་ཐག་ནས་བརྒྱུད་པའི་འཁྲུལ་འཁོར་གྱི་དམིགས་པ་བྱ་ཞིང་རྒྱུན་ཛཔྲ་བགྲང་༔ མཆེད་བྱིངས་ཚོ་གསུམ་མམ་ལྔར་བཅད་དེ་རེས་བྱ་ཞིང་དཀྱིལ་འཁོར་ལ་ཛཔྲ་དབྱངས་རྒྱུན་མི་འཆད་པར་དི་རི་རི་བགྲང་༔ གཞན་ཡང་ལ་ལས་ཕྲིན་ལས་ཀྱི་གཞུང་བསྲང་༔ ལ་ལས་སྐོང་བཤགས་ཆོ་ག་བྱ༔ ལ་ལས་སྲུང་འཁོར་བསྒོམ་ཞིང་སྲུང་སྔགས་བཟླ༔ ཐམས་ཅད་དང་པོ་དུབ་དུབ་མི་བྱ་བར་དལ་ཕབ༔ བར་དུ་རྒྱུན་བསྲིང་༔ མཐར་ངར་ཕྱུང་ལ་བྱའོ༔ ཞེས་གསུངས་ཤིང་། དེ་ལྟར་བསྒྲུབས་པས་རྟགས་མཚན་འབྱུང་ཚུལ་ཡང་། རྟགས་དང་མཚན་མ་བདུན་གྱིས་འབྱུང་༔ འོད་དང་དུ་བ་སྒྲ་དང་དྲི༔ ལྷ་མོའི་གཟུགས་ཀྱང་སྟོན་པར་བྱེད༔ མང་དུ་འཕེལ་ན་འགྲུབ་རྟགས་ཡིན༔ དེ་ལ་ཡ་མཚན་སྐྱེ་མི་བྱ༔ ཞེས་སོ། །འདི་ཉིད་ཕྱེ་སྒྲུབ་ཀྱི་དངོས་གཞི་ཡིན་པས་ཞག་གསུམ་ལ་བྱའོ། །གཉིས་པ་བདུད་རྩི་བསྐྱིལ་ཞིང་བཟུང་བ་ནི། གྲུབ་པའི་རྟགས་བྱུང་བའམ་ཞག་གྲངས་ཐེམས་ནས་བྱ་བ་སྟེ།}} སྒྲུབ་པའི་དཀྱིལ་འཁོར་ཐུགས་ཀ་ནས༔ འོད་འཕྲོས་འཁོར་འདས་དྭངས་བཅུད་བསྡུས༔ སྦྱོར་མཚམས་འདར་ཞིང་འཕྲིག་པར་བཅས༔ དངུལ་ཆུ་དྭངས་པ་ {{TibChung|[17a]}} བཞིན་དུ་འཁྱིལ༔ ལྷ་དང་སྨན་སྐྱོང་སྲུང་མ་ཡིས༔ ལས་ཀྱི་ཕོ་ཉས་བདུད་རྩི་བཀུག༔ དབྱེར་མེད་ཐིམ་པས་གསོས་བཏབ་སྟེ༔ འོད་ཟེར་གཟི་བརྗིད་རབ་འབར་གྱུར༔ {{TibChung|ཅེས་དམིགས་ལ།}} ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུནྡྷ་ལཱི་ཧཱུྃ་ཧྲཱིཿཋཱ༔ {{TibChung|ཞེས་སྟོང་དུ་ཚང་བར་བཟླས་མཐར། བདུད་རྩིའི་སྲུང་མ་བཞི་བསྐུལ་བའི་སླད་དུ་དར་སྣས་གཡབ་ཅིང་སྨན་ཕུད་འཐོར་ལ།}} ཧཱུྃ༔ བདག་ཅག་སྐལ་ལྡན་སྒྲུབ་པ་པོས༔ གཞལ་ཡས་དུར་ཁྲོད་གནས་མཆོག་ཏུ༔ ལོངས་སྤྱོད་དུར་ཁྲོད་རྫས་ལ་བརྟེན༔ སྡོང་བུ་དུར་ཁྲོད་རས་ལ་བལྟམས༔ ཚིལ་ཆེན་མར་ཁུ་རྒྱ་མཚོར་བསྐྱིལ༔ རྒྱལ་བའི་ལྷ་ཚོགས་ཐུགས་དམ་བསྐང་༔ དམ་ཅན་མ་གཡེལ་དམ་ལ་འདུས༔ བདུད་རྩིའི་སྲུང་མ་ཐུགས་དམ་ཅན༔ རྩི་ཡི་ལྷ་མོ་གྲུབ་པ་མོ༔ སྨན་གྱི་ལྷ་མོ་ནོར་གྱི་རྒྱུན༔ ཤིང་གི་ལྷ་མོ་འོད་འཆང་མ༔ ནགས་ཀྱི་ལྷ་མོ་རྨ་བྱའི་མགྲིན༔ རྩི་བཅུད་སྨན་གྱི་བཅུད་སྡུས་ལ༔ བདུད་རྩི་འདི་ལ་བྱིན་ཅིག་ཕོབ༔ དཀྱིལ་འཁོར་འདི་ལ་དབང་ཞིག་སྐུར༔ སྨན་གྱི་སྲུང་མ་དམ་ཚིག་ཅན༔ བདུད་རྩི་སྨན་གྱི་གཡབ་འདོར་ན༔ ཨ་མྲྀ་ཏ་ལ་དགོངས་ {{TibChung|[17b]}} ནས་ཀྱང་༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ རྟགས་དང་མཚན་མ་བསྟན་པ་དང་༔ བདག་གིས་བཅོལ་བའི་ཕྲིན་ལས་མཛོད༔ {{TibChung|ཅེས་བསྐུལ་ལོ། །གསུམ་པ་བདུད་རྩི་བཅུད་ལ་དབབ་པ་ནི།}} དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི༔ སྦྱོར་མཚམས་ཡེ་ཤེས་བདུད་རྩིའི་བཅུད་༔ ཆར་སྤྲིན་འཁྲུགས་བཞིན་དྲག་ཏུ་བབས༔ དམ་ཚིག་སྤྲུལ་པའི་རྫས་ལ་ཐིམ༔ བྱིན་རླབས་གཟི་བརྗིད་འབར་བར་གྱུར༔ {{TibChung|ཅེས་དམིགས་ལ།}} ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲི་ཏ་པྲ་བེ་ཤ་ཡ་ཕེཾ་ཕེཾ་ཧཱུྃ་ཧྲཱིཿཋཱ༔ {{TibChung|ཞེས་སྟོང་དུ་བཟླས་མཐར། དུར་ཁྲོད་ཀྱི་མ་མོ་བརྒྱད་བསྐུལ་བའི་ཕྱིར་དུ་གསུར་ཆེན་གྱི་དུད་པ་བཏང་། མཆོག་ལག་གི་གཡབ་མོ་བཤུག་པའི་གླུ་དང་བཅས་ཏེ།}} ཧཱུྃ༔ འདས་པའི་དུས་ན་མངོན་བྱུང་བ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་ལས༔ འབར་བའི་ཁྲོ་བོའི་ཚོགས་བྱུང་སྟེ༔ འཇིག་རྟེན་དྲེགས་པ་བསྒྲལ་བ་ལས༔ ཡུལ་ཆེན་བརྒྱད་དུ་དུར་ཁྲོད་བརྒྱད༔ མ་མོ་ཆེན་མོ་རྣམ་བརྒྱད་བྱུང་༔ ཀོའུ་རཱི་དང་ཙོའུ་རཱི༔ པྲ་མོ་ཧཱ་དང་བེ་ཏཱ་ལི༔ པུཀྐ་སཱི་དང་ཀསྨ་རི༔ སྨེ་ཤ་ནཱི་དང་ཙཎྜ་ལཱི༔ ཡོན་ཏན་དངོས་གྲུབ་ཆེན་པོ་སྟེ༔ དམ་ {{TibChung|[18a]}} ཚིག་དབང་གིས་གཤེགས་སུ་གསོལ༔ བདུད་རྩི་སྨན་ལ་བྱིན་ཅིག་ཕོབ༔ {{TibChung|ཅེས་བསྐུལ་ལོ། །བཞི་པ་དབང་དུ་བྱ་བ་ནི།}} ཐུགས་ཀའི་འོད་ཀྱིས་འཁོར་འདས་བཅུད༔ འོད་དམར་རྣམ་པར་སླར་ཡང་བསྡུས༔ རྟ་མཆོག་དཔལ་ལ་ཐིམ་པ་ཡིས༔ དབང་དུ་གྱུར་ཅིང་གཟི་བྱིན་བསྐྱེད༔ པདྨ་དབང་ཆེན་ཡབ་ཡུམ་ནི༔ སྦྱོར་བའི་མཚམས་ནས་བྱང་ཆུབ་སེམས༔ སྲིད་ཞི་ཀུན་གྱི་དྭངས་བཅུད་དབྱིག༔ རང་བཞིན་རྫས་ཀྱི་དཀྱིལ་འཁོར་དང་༔ དབྱེར་མེད་འདྲེས་པའི་འོད་ཀློང་ནས༔ རྡོ་རྗེ་གཟུངས་ཀྱི་ཐག་པར་བརྒྱུད༔ བདག་གི་སྙིང་གར་ཐིམ་པ་ཡིས༔ དངོས་གྲུབ་ཡེ་ཤེས་དབང་བསྒྱུར་གྱུར༔ {{TibChung|ཅེས་དམིགས་ལ།}} ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧྱ་གྲཱི་ཝ་ཧྲཱིཿ ཧུ་ལུ་ཧུ་ལུ་ཧྲཱིཿ པདྨ་པདྨ་ཧྲཱིཿ བྷནྡྷ་བྷནྡྷ་ཧྲཱིཿ ཧཱུྃ་ཧྲཱིཿཋཱ༔ {{TibChung|ཞེས་སྟོང་དུ་བཟླས་མཐར། ཐ་ཚིག་བསྒྲགས་ཏེ་ལྷ་གནད་ལ་དབབ་པ་ནི།}} ཧཱུྃ༔ ང་ནི་དཔལ་ལྡན་རྡོ་རྗེ་འཆང་༔ གསང་གསུམ་འཁོར་ལོས་རབ་བསྒྱུར་ཞིང་༔ རིགས་ལྔའི་ལྷ་ཚོགས་འཁོར་དང་བཅས༔ ཐུགས་དམ་དབང་གིས་སྤྱན་འདྲེན་ན༔ དམ་ཚིག་ཚུལ་ {{TibChung|[18b]}} བཞིན་མི་གཤེགས་སམ༔ གྲུབ་པའི་མཆོག་རྣམས་མ་སྩལ་ན༔ སྐུ་གསུང་ཐུགས་དང་འགལ་བར་འགྱུར༔ ས་མ་ཡ་ལ་དགོངས་ནས་ཀྱང་༔ སྐུ་གསུང་ཐུགས་དང་ཡོན་ཏན་དང་༔ ཕྲིན་ལས་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ ང་ནི་ཡེ་ཤེས་ཐམས་ཅད་འཆང་༔ དབྱིངས་ཀྱི་འཁོར་ལོ་རབ་བསྒྱུར་ཞིང་༔ ཟླ་གམ་དམར་པོའི་དཀྱིལ་འཁོར་དུ༔ རཀྟའི་རྒྱ་མཚོ་འཁྲུགས་པའི་དཀྱིལ༔ གསང་བ་ཡུམ་གྱི་མཁའ་ཀློང་ན༔ གདོད་ནས་དག་པའི་བདུད་རྩི་སྦྱོར༔ རྒྱལ་བའི་ཐུགས་དམ་གཉན་བསྐང་ཕྱིར༔ དབང་ཆེན་དབྱིངས་ཀྱི་དངོས་གྲུབ་སྩོལ༔ {{TibChung|ཞེས་དངོས་གྲུབ་བསྡུ་ཞིང་དབང་དུ་བྱའོ། །བདུད་རྩི་བསྐྱིལ་དབབ་དབང་དུ་བྱ་བ་འདི་རྣམས་གྲོལ་ཉིན་ཁོ་ནར་མཐར་ཆགས་སུ་གཏོང་བའམ། ཉིན་གཉིས་པའི་ཐུན་རྗེས་མ་ནས་བསྐྱིལ་བ། ཉིན་གསུམ་པའི་ཐུན་རྗེས་མ་ནས་དབབ་ཁ། གྲོལ་ནང་དབང་དུ་བྱ་བ་རྣམས་རིམ་བཞིན་སྦྱར་རོ། །གསུམ་པ་སྒྲུབ་འབྲས་དངོས་གྲུབ་ཀྱི་དགའ་སྟོན་སྤེལ་ཞིང་མཐའ་རྒྱས་སུ་བྱ་བ་ལ་བཞི། བདག་དོན་དངོས་གྲུབ་ལེན་པ། གཞན་དོན་དབང་བསྐུར་བ། རྒྱ་བཀྲོལ་ཞིང་ལོངས་སྤྱད་པ། རྗེས་ཀྱི་ལས་རིམ་མཐར་དབྱུང་བའོ། །དང་པོ་ནི། སྒྲུབ་ཞག་སང་ཉིན་ཐེམས་པའི་དེ་རིང་གི་ཕྱི་དྲོ་ལ་དངོས་གྲུབ་ཀྱི་རྫས་བཤམ་པར་བྱ་སྟེ། དཀྱིལ་འཁོར་ {{TibChung|[19a]}} ཞལ་བསྒྱུར་དགོས་པར་གསུངས་པའི་ལག་ལེན་མཚོན་དོན་རས་བྲིས་ཀྱི་དཀྱིལ་འཁོར་སྒོ་རྫོགས་སྤྱི་འགྲེ་ལྟར་ལ་དབུས་སུ་ཟླ་གམ་གཅིག །ཕྱི་རིམ་གྲུ་བཞིའི་ཟུར་བཞི་ལ་ཟླ་གམ་རེ་རེ། ཐམས་ཅད་མདོག་དམར་པོ་བཅད་ཁ་ནུབ་ཏུ་བསྟན་པའི་རྒྱབ་ཏུ་རྡོ་རྗེའི་ཕྲེང་བས་བསྐོར་བ་བྲིས་པ་ཉིད་དཀྱིལ་འཁོར་གྱི་མདུན་དུ་སྟེགས་བུ་ཁེབས་ལྡན་ལ་བཀྲམ་པའི་དབུས་སུ་མཉྫིའི་ཁར་ཐོད་པ་མཚན་ལྡན་ཆང་བཟང་པོས་བཀང་བ་དངོས་གྲུབ་ཞུ་བའི་གསོལ་བྱང་དང་བཅས་པ་བཞག་ལ་དར་དམར་མཐིང་གིས་བཀབ། མཐར་དངོས་གྲུབ་ཀྱི་རྫས་གཞན་སྒྲུབ་ཁོག་ཏུ་བཤད་པ་བཞིན་ཚང་བར་བཤམ། ཚོགས་གཏོར་མཆོད་པ་རྣམས་ཀྱང་ཇི་ལྟར་འབྱོར་པ་དཔུང་བསྐྱེད། གྲོལ་ནང་བདག་མདུན་བསྐྱེད་བཟླས་བསྐྱིལ་དབབ་དབང་དུ་བྱ་བའི་བར་དང་།}} བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི༔ ཐུགས་ལས་བདེ་ཆེན་འོད་ཟེར་འཕྲོས༔ མདུན་བསྐྱེད་ལྷ་ཚོགས་ཐམས་ཅད་དང་༔ སྨན་གྱི་ལྷ་དང་དྲང་སྲོང་བསྐུལ༔ དེ་དག་རྣམ་འཕྲུལ་མཐའ་ཡས་པས༔ མི་ཟད་རྒྱན་འཁོར་ཕྲིན་ལས་བཞི༔ ཁྱད་པར་བཛྲ་ཨ་མྲྀ་ཏའི༔ ཡེ་ཤེས་ཟིལ་དང་ར་ཆར་ལྟར་ཕབ༔ བདག་ཐིམ་བྱིན་རླབས་ནུས་སྟོབས་འབར༔ ཧེ་རུ་ཀ་དང་དབྱེར་མེད་ཅིང་༔ དངོས་གྲུབ་རྫས་ {{TibChung|[19b]}} ལ་བསྟིམ་པ་ཡིས༔ ཡིད་བཞིན་འདོད་འཇོའི་ཕུང་པོར་གྱུར༔ {{TibChung|ཅེས་དམིགས་ལ།}} ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཨཱ་ཡུ༔ ཕ་ལ་གུ་ཧྱ་སིདྡྷི་ཧཱུྃ་ཧྲཱིཿཋཱ༔ {{TibChung|ཞེས་སྟོང་དུ་ཚང་བར་བཟླས་མཐར་གཟུངས་ཐག་བསྡུས་ཏེ་བསྙེན་རྒྱུན་སྔ་མ་བཞག་ལ་དངོས་གྲུབ་གསོལ་བའི་སྔགས་བཟླར་གཞུག །དེ་ནས་སློབ་དཔོན་དང་རྒྱལ་ཐེབས་སོགས་དཀྱིལ་འཁོར་གྱི་ཤར་དུ་འཁོད་དེ།}} དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཆར་ལྟར་ཕབ་ནས་བདག་སྒྲུབ་པ་པོ་ལ་སྩལ་བར་{{TibChung|མོས་ཤིང་།}} ཧཱུྃ༔ རང་བྱུང་འཆི་མེད་བདུད་རྩིའི་དཀྱིལ་འཁོར་འདིར༔ བླ་མ་ཡི་དམ་མཁའ་འགྲོ་ཐུགས་དམ་ཅན༔ མ་བསྒྲིབས་ཡེ་ཤེས་སྤྱན་གྱིས་གཟིགས་གྱུར་ཏེ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ འཆི་མེད་བདུད་རྩི་སྨན་གྱི་དངོས་གྲུབ་སྩོལ༔ དུག་གསུམ་ནད་ཀྱིས་ཟིན་པའི་གཅོང་སྙིང་ལ༔ འཚོ་བྱེད་སྨན་གྱི་རྒྱལ་པོའི་རྩི་གཏོང་ཕྱིར༔ སྐྱེ་འཆི་མེད་པའི་དངོས་གྲུབ་ཆེན་པོ་སྟེ༔ བདུད་རྩིའི་རྫས་ལ་བསྟེན་ཏེ་ད་སྩོལ་ཅིག༔ བདུད་རྩི་བསྒྲུབ་པའི་ཞག་གྲངས་ད་ནི་ཚང་༔ བདུད་རྩི་བསྙེན་པའི་ཛཔྲ་ཀྱང་ཚང་ལགས་ན༔ སྐུ་གསུང་ཐུགས་ཀྱི་དངོས་ {{TibChung|[20a]}} གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀཱ་ཡ་ཝཱཀ་ཙིཏྟ་ཧཱུཾ་ཧྲཱིཿཋཱ༔ {{TibChung|ཞེས་དངོས་གྲུབ་བསྐུལ་ལ་སྨན་གྱི་ཕོ་བྲང་གདན་དྲངས་ཏེ་མདུན་དུ་མཉྫིའི་ཁར་འགོད། སློབ་དཔོན་གྱིས་སྙིམ་པ་མེ་ཏོག་དང་བཅས་པས་དཀྱིལ་འཁོར་ལ་འདུད་ཅིང་།}} ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རིག་པ་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི༔ ཐབས་དང་ཤེས་རབ་དབྱིངས་སུ་བདག་འབུལ་གྱིས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བོ་དྷི་ཙིཏྟ་ཀཱ་ཡ་ཝཱཀ་ཙིཏྟ་ས་མ་ཡ་སྟྭཾ༔ {{TibChung|ཞེས་མེ་ཏོག་དོར། སྨན་གྱི་ཕོ་བྲང་རྡོ་རྗེ་རྒྱལ་པོའི་སྤྱི་བོར་བླངས་ལ།}} ཧཱུཾ༔ བདུད་རྩིའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་༔ རང་བཞིན་དཀྱིལ་འཁོར་མི་ཟད་རྒྱན་འཁོར་ལྔ༔ དབྱེར་མེད་གདོད་ནས་མཉམ་པ་ཆེན་པོའི་ངང་༔ ཁྱབ་བདག་ཐིག་ལེ་གཅིག་ཏུ་དབང་བསྐུར་རྫོགས༔ གུ་རུ་མ་ཧཱ་སུ་ཁ་ཨ་མྲྀ་ཏ་མཎྜལ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ས་མ་ཡ་སྟྭཾ་ཛཿཧཱུཾ་བཾ་ཧོཿ {{TibChung|ཞེས་དབང་ནོས་པས།}} བདག་ཉིད་རང་བཞིན་གྱི་དཀྱིལ་འཁོར་ལ་སྨན་ཡེ་ཤེས་པའི་དཀྱིལ་འཁོར་ཐིམ་པས་གཉིས་སུ་མེད་པར་གྱུར་པར་{{TibChung|མོས་སོ། །གཉིས་པ་གཞན་དོན་དབང་བསྐུར་ {{TibChung|[20b]}} བ་ནི། མཆེད་ལྕམ་རྣམས་ཀྱིས་སརྦ་པཉྩའི་ཛཔྲ་དབྱངས་བཅས་སློབ་དཔོན་དང་དཀྱིལ་འཁོར་བསྐོར་ཏེ་སྔར་བཞིན་མེ་ཏོག་འབུལ་ཞིང་གསོལ་བ་བཏབ་མཐར། སློབ་དཔོན་གཟུངས་མར་བཅས་པས་སྨན་གྱི་ཕོ་བྲང་བཏེགས་པས་དབང་བསྐུར་བ་ནི།}} ཨོཾ་ཨཱཿཧཱུྃ༔ རྩ་བརྒྱད་ཡན་ལག་སྟོང་དང་སྦྱར་བའི་སྨན༔ དུས་གསུམ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས༔ སྐུ་ལྔ་ཆོས་ལྔ་ཡེས་ཤེས་རྣམ་པ་ལྔ༔ དུག་ལྔ་མ་སྤངས་ཡེ་ཤེས་ལྷུན་གྱིས་རྫོགས༔ སྐུ་ལྔ་མ་བསྒྲུབས་བདུད་རྩི་ཆེན་པོར་གྲུབ༔ སྐལ་ལྡན་སྒྲུབ་པ་པོ་ལ་དབང་བསྐུར་བས༔ སྐྱེ་འཆི་མེད་པ་བདུད་རྩིའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུཾ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀ་ཏ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱིཿཋཱ༔ {{TibChung|ཞེས་དབང་བསྐུར་ལ།}} ཚེ་དང་སྐོང་དང་ཡིད་དུ་འོང་༔ ནད་དང་བྲལ་དང་ཅི་འདོད་པ༔ བགེགས་རྣམས་ཞི་བ་ལ་སོགས་པ༔ ཡོན་ཏན་རྩ་བརྒྱད་དེ་ཡིས་ཐོབ༔ {{TibChung|ཅེས་ཕན་ཡོན་བསྟན་ནས་ཕོ་བྲང་སྔར་གྱི་སྟེགས་ལ་བཞུགས་སུ་གསོལ། གསུམ་པ་རྒྱ་བཀྲོལ་ཞིང་ལོངས་སྤྱད་པ་སོགས་ནི། ཐོག་མར་བདུད་རྩི་བསྡུ་བའི་སླད་དུ།}} ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལཱི་མ་ཧཱ་གུ་ཧྱ་མཉྫུ་ཤྲཱི་སིདྡྷི་སིདྡྷི་ཧཱུཾ་ཧྲཱིཿཋཱ༔ {{TibChung|ཞེས་སྟོང་དུ་ཚར་བར་བཟླས་ {{TibChung|[21a]}} མཐར།}} མཁའ་ཁྱབ་བདེ་གཤེགས་རྒྱལ་བ་ཡིས༔ སྡུད་པོ་འཇམ་དཔལ་རྣོན་པོ་ལ༔ གནང་བ་སྩལ་ཏེ་གཏད་པ་ཉིད༔ རང་ལ་དངོས་སུ་སྩལ་བར་གྱུར༔ {{TibChung|ཅེས་མོས་ལ་སྨན་གྱི་ཕོ་བྲང་གཟུངས་མས་བཏེགས་ནས་སློབ་དཔོན་ལ་འབུལ། དེས་ཀྱང་ཕྱག་ཏུ་བླངས་ཏེ།}} ཧཱུྃ༔ རང་བྱུང་ཕོ་བྲང་སྟོང་ཉིད་ཡུམ་གྱི་མཁར༔ ཐམས་ཅད་རྟག་བཞུགས་བདེ་ཆེན་བདུད་རྩིའི་བཅུད༔ གཉིས་མེད་ཟུང་འཇུག་ཡེ་ཤེས་རོལ་པའི་ཕྱིར༔ དཔལ་གྱི་ཐ་རམ་བདུད་རྩིའི་མདུད་པ་བཀྲོལ༔ བཛྲ་ཨ་མྲྀ་ཏ་གུ་ཧྱ་མུ་དྲ་ས་མ་ཡ་པྲ་བེ་ཤ་ཡ་ཕཊ༔ {{TibChung|ཅེས་བརྗོད་ལ་སྨན་གྱི་རྒྱ་རྣམས་བཀྲོལ། ཞལ་ཕྱེ་མ་ཐག་ཏུ།}} ཡེ་ཤེས་བདུད་རྩིའི་དྭངས་མ་ནི༔ དཀར་དམར་མཐིང་གའི་མདངས་འོད་རྒྱུན༔ བདག་གི་གནས་གསུམ་ཐིག་ལེར་ཐིམ༔ རྡོ་རྗེ་མི་ཕྱེད་གསུམ་འགྲུབ་གྱུར༔ {{TibChung|ཅེས་ལྷ་ཚོགས་རྣམས་ཀྱི་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པར་གྱུར་པའི་ང་རྒྱལ་བརྟན་པོར་བཟུང་། སྤྲོ་ན་རིན་པོ་ཆེའི་གཞོང་པ་གཡའ་མེད་པར་སྨན་རྣམས་བྱོས་ལ་པྲ་ལྟས་བརྟག །འཕེལ་མ་འཕེལ་བརྟག་པའང་འདིར་བྱ་བར་གསུངས་ཀྱང་ལག་ལེན་དཀྱུས་ལ་སྐབས་འདིར་མི་འགྲུབ། བདུད་རྩིའི་ཕུར་མ་ཅུང་ཟད་སྔར་གྱི་ཐོད་ཆང་དང་སྦྱར་བ་གཡོན་ {{TibChung|[21b]}} པའི་མཐེབ་སྲིན་གྱིས་འཐོར་བཞིན་ལས་བྱང་གི་སྨན་མཆོད་མཚན་དོན་ཁཱ་ཧི་སྦྱར་བས་མཆོད། དེ་ནས་རང་གི་ལྕེ་ཉི་མ་ལ་གནས་པའི་རྡོ་རྗེ་ཧཱུཾ་གིས་མཚན་པར་དམིགས་ལ་གཡོན་པའི་མཐེབ་སྲིན་ཉི་ཟླའི་གྭའུར་གསལ་བས་བདུད་རྩིའི་ཐིག་ལེ་གནས་གསུམ་དུ་བཀོད་ཅིང་ལྕེར་མྱང་ལ། །}} ལྕེ་ཡི་རྡོ་རྗེའི་དམ་ཚིག་གིས། །རྡོ་རྗེ་ཅན་གྱི་ཧཱུྃ་བསྒོམས་ཏེ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས། །མྱངས་ན་རྡོ་རྗེའི་ཐུགས་ཐོབ་འགྱུར། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཧཱུཾ། {{TibChung|ཞེས་མྱང་ཞིང་། ཉེ་སྙིང་ལས། རྣ་བ་སྙིང་ག་ལྕེ་སྟེང་དང་། །ཡན་ལག་ཀུན་ལ་ཐིག་ལེ་བྱ། །ཞེས་གསུངས་པ་ལྟར་ཐིག་ལེའང་བྱ། ལུས་ཀྱི་རྩ་ཁམས་ཐམས་ཅད་བདུད་རྩི་བྱང་ཆུབ་སེམས་ཀྱིས་ཡོངས་སུ་གང་བའི་བདེ་སྟོང་གི་ངང་ལ་མཉམ་པར་བཞག །སྐབས་འདིར་གཙོ་བོ་རྡོ་རྗེ་རྒྱལ་པོའམ་རིན་ཆེན་རྒྱལ་ཐེབས་སོགས་ཀྱིས་རྒྱས་པའི་སྦྱིན་སྲེག་བྱ་ཞིང་སྨན་ཕུད་འབུལ། སྨན་སྒྲུབ་ཅུང་ཟད་རྗེས་སུ་གཞི་ཁྲིའི་འོག་གི་གཏེར་བུམ་དུ་གཞག །སྨན་རྣམས་ཆ་གསུམ་དུ་བགོས་པའི་དང་པོ་དཀྱིལ་འཁོར་གྱི་ལྷ་རྣམས་ལ་བསྔོ། བར་པ་སློབ་དཔོན་གྱིས་བཟུང་། ཐ་མ་སྒྲུབ་པ་པོ་སྤྱི་ལ་སྤེལ། དང་པོའི་ཆ་ལས་གཞན་དོན་དུ་གཉེར་བ་ལའང་ཇི་ལྟར་རིགས་པ་སྦྱིན་པར་བྱའོ། །བཞི་པ་རྗེས་ཀྱི་ལས་རིམ་མཐར་དབྱུང་བ་ནི། ཚོགས་ {{TibChung|[22a]}} དང་གཏོར་མ་གཏོང་བ། དཀྱིལ་འཁོར་བསྡུ་བ། མཚམས་དཀྲོལ་བ། སྨོན་ལམ་གདབ་པ། བཀྲ་ཤིས་བརྗོད་པ་རྣམས་ཏེ། སྒྲུབ་ཁོག་ནས་ཇི་ལྟར་འབྱུང་བ་བཞིན་མཐར་དབྱུང་ཞིང་། ཆོ་གའི་མཐའ་རྒྱས་པར་བྱ་བའི་ཕྱིར་ཕུན་སུམ་ཚོགས་པའི་དགའ་སྟོན་ཆེན་པོས་ཕྱོགས་དུས་ཀུན་ཏུ་དགེ་ལེགས་ཀྱི་སྣང་བས་ཡོངས་སུ་ཁྱབ་པར་བྱའོ། །ཞར་བྱུང་འཕྲོས་དོན་དུ་སྐབས་འགའ་ཞིག་གི་ཚེ་སྤྲོས་མེད་དཔའ་བོ་གཅིག་སྒྲུབ་བྱེད་པར་འདོད་ན། སྦྱོར་བ་ས་ཆོག་ནས་བརྩམས་སྔོན་འགྲོའི་རིགས་རྒྱས་པ་མི་དགོས་པས་དཀར་བགེགས་བཏང་། རྒྱལ་ཐོ་ཕྱོགས་བསྡུས་འཛུག །སྲུང་འཁོར་མཚམས་གཅོད་རྒྱན་བཀོད་ཙམ་བྱས་ཏེ་བསྙེན་སྒྲུབ་དངོས་ལ་འཇུག །བསྙེན་རྒྱུན་མི་འགྲུབ་པ་ཙམ་ལས་འདོན་བྱ་ལག་ལེན་གྱི་གཞུང་གོང་སྨོས་ལྟར་ལ་ཐུན་བཞིར་བཅད། ཉུ་ལེ་སྐྲོད་པ། བྱིན་འབེབས། རྗེས་དངོས་གྲུབ་བླང་བ་ཙམ་ལས་སྒྲུབ་ཁོག་ཚང་བ་སྦྱོར་མི་དགོས་པའང་ཤེས་པར་བྱའོ། །སྤྱི་དོན་བདུན་པ་འབྲས་བུ་ཇི་ལྟར་ཐོབ་ཚུལ་ནི། རྒྱུད་ལས། འདི་གྲུབ་རྒྱལ་སྲས་དམ་པར་འགྱུར། །ཡོན་ཏན་མཆོག་འབྲས་ཡོངས་སུ་རྫོགས། །ཞེས་གསུངས་པའི་དོན་སློབ་དཔོན་ཆེན་པོས་རྡོ་རྗེའི་གསུང་གིས་རྒྱས་པར་བཀྲལ་བ། བདེ་གཤེགས་མ་ལུས་མཆོད་པའི་རྫས། །བླ་མ་ཡི་དམ་སྡུད་པའི་རྩི། །མཁའ་འགྲོ་ཀུན་ {{TibChung|[22b]}} གྱི་སྙིང་ཁྲག་ཡིན། །ཟོས་པས་ཡོན་ཏན་བརྗོད་མི་ལང་། །སངས་རྒྱས་སྐུ་ལྔའི་ཡོན་ཏན་ཐོབ། །ཕྱི་ལྟར་ལུས་ཀྱི་ནད་གདོན་འཇོམས། །ནང་དུ་ཉོན་མོངས་དུག་ལྔ་དག །དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་། །གསང་བ་རང་བྱུང་ཡེ་ཤེས་རྟོགས། །ཉན་ཐོས་རང་སངས་རྒྱས་རྣམས་ཀྱིས། །ཟོས་པས་ས་བཅུ་ནོན་ནས་ཀྱང་། །ཐེག་ཆེན་བྱང་སེམས་ཆེན་པོར་འགྱུར། །བླ་མ་མཆོད་ན་བྱིན་རླབས་འཇུག །ཡི་དམ་མཆོད་ན་དངོས་གྲུབ་སྟེར། །བདེ་གཤེགས་མཆོད་ན་ཐུགས་རྗེ་འབྱུང་། །མཁའ་འགྲོ་མཆོད་པས་ལུང་ཡང་སྟོན། །རྣལ་འབྱོར་པའམ་སུས་ཟོས་ཀྱང་། །ཕྱི་ཡི་ནད་གདོན་སྡིག་སྒྲིབ་བྱང་། མང་གི་བསྐྱེད་རིམ་ཏིང་ངེ་འཛིན་གསལ། །གསང་བ་རང་རིག་ཆོས་སྐུར་རྟོགས། །ཉམས་དང་ལྷག་ཆད་མ་ལུས་སྐོང་། །འཆང་བས་དུས་མིན་འཆི་བ་ཟློག །གསུག་པའི་དུག་ཀྱང་གཞིལ་བར་ནུས། །བྱུག་པས་ནད་གདོན་མ་ལུས་སེལ། །བསྲེགས་ན་གདོན་བགེགས་ཐམས་ཅད་སྐྲོད། །འདི་ཉིད་སྒྲུབ་པའི་གནས་དེ་ཡང་། །དུར་ཁྲོད་བསིལ་བའི་ཚལ་དང་མཚུངས། །དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ། །ས་ཕྱོགས་བྱིན་དང་ལྡན་པར་འགྱུར། ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས། །གར་སྒྲུབ་པ་ཡི་གནས་དེ་རུ། །སུ་བསྡད་མི་རྣམས་ཏིང་འཛིན་འཆར། །ནམ་ཞིག་ཚེ་ཡི་དུས་བྱས་ཚེ། ཕོ་མོ་བཟང་ངན་མེད་པ་རུ། །རིག་ {{TibChung|[23a]}} པ་འཛིན་པའི་ས་ལ་གནས། །དེ་ཕྱིར་མཆོག་གི་དམ་རྫས་སོ། །ཞེས་གསུངས་པ་ལྟར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྒྱ་མཚོ་ལ་དབང་འབྱོར་པས་དོན་གཉིས་ཀྱི་འབྲས་བུ་ཕུན་སུམ་ཚོགས་པ་བདེ་བླག་ཏུ་འགྲུབ་པར་གདོན་མི་ཟ་བ་ཡིན་ནོ། །འཆི་མེད་རིག་འཛིན་པདྨའི་དགོངས་པའི་བཅུད། །འཆི་མེད་དམ་རྫས་སྒྲུབ་པའི་ཐབས་ཆེན་པོ། །ངོ་མཚར་གྲོལ་བ་བཞི་ལྡན་ཕྲིན་ལས་ཅན། །ངོ་མཚར་སྔ་འགྱུར་ཤིང་རྟའི་ཁྱད་ཆོས་སོ། །དེ་ལྟའི་མན་ངག་ཟབ་གཏེར་གསང་བའི་ཚིག །རྣམ་གསལ་འཇུག་བདེའི་ཁྲིགས་སུ་བསྡེབས་འདིས་ཀྱང་། །ཉེས་གདུང་རྒུད་པ་སེལ་བའི་འདོད་འཇོ་རུ། །ཡིད་བཞིན་ནོར་བུའི་བྱ་བ་བྱས་པ་སྙམ། །གཙང་དམེར་ཡོངས་ཞེན་ཉོན་མོངས་ལྕགས་ཁམས་བདུད། །བདེ་ཆེན་ཡེ༵་ཤེས༵་གསེར་འགྱུར་རྩིས་ཐེབས་ཏེ། །དངོས་ཀུན་མཉམ་ཉིད་ཟུང་འཇུག་རྡོ༵་རྗེ༵འི་སྐུར། །ལྷུན་རྫོགས་བཀྲ་ཤིས་སྣང་བས་རྟག་ཁྱབ་ཤོག །དེ་ལྟར་ཡང་གསང་བླ་མ་རྩ་གསུམ་འདུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་བརྟེན་ནས་དམ་རྫས་བདུད་རྩིའི་སྒྲུབ་ཐབས་གསལ་བར་བཀོད་པ་འཆི་མེད་འདོད་འཇོའི་གཏེར་བུམ་ཞེས་བྱ་བ་འདི་ནི། རང་གཞན་མང་པོ་ལ་མཆོག་ཏུ་སྨན་པ་ཆེན་པོའི་སྒོར་འགྱུར་བར་མཐོང་ནས། ཟབ་ལམ་ཐུགས་ཀྱི་སྒྲུབ་པ་ཡན་ལག་དང་བཅས་པའི་གཞུང་དུ་མ་ལ་གཞན་དྲིན་མི་འཇོག་པའི་བློ་གྲོས་ཀྱིས་རྣམ་པར་དཔྱད་ཅིང་ཉམས་ལེན་ {{TibChung|[23b]}} དཀྱུས་ཀྱི་ཕྱག་བཞེས་རྣམ་གསལ་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། དཔལ་ཨཽ་ཌཱི་ཡ་ནའི་སློབ་དཔོན་ཆེན་པོའི་གདམས་ངག་སྨྲ་བའི་སྤོབས་པ་ཅུང་ཟད་ཐོབ་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་དགུར་སོན་པ་སྣ་ཚོགས་ཀྱི་ལོ་ས་གས་ཉ་བའི་ཐབས་ཀྱི་ཆའི་དགའ་བ་དང་པོ་སྨན་གྱི་རིག་འཛིན་དཔའ་བོ་ཌཱ་ཀིའི་འདུ་བ་ཀུན་ཏུ་དགྱེས་རྒུར་སྤྱོད་པ་ན། ཤར་ཕྱོགས་ཀོང་ཡུལ་ལྗོན་པའི་སའི་ཐིག་ལེ་བུ་ཆུ་བདེ་ཆེན་སྟེང་གི་ཆོས་སྡེ་རིག་པ་འཛིན་པའི་དགའ་ཚལ་དུ་ལེགས་པར་སྦྱར་བ་ལས། ཐོག་མའི་གླེགས་བམ་དུ་འབེབས་པ་པོ་ནི་རྣམ་པར་དགེ་བའི་བློ་གསལ་ཞིང་དད་སོགས་འཕགས་པའི་ནོར་གྱིས་རྒྱུད་གཏམས་པ་ཚེ་རིང་ནོར་བུས་བགྱིས་པའོ། །འདིས་ཀྱང་རྨད་དུ་བྱུང་བའི་ལམ་སྲོལ་འདི་ཉིད་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། འགྲོ་བ་ཐམས་ཅད་འཆི་མེད་མཚོ་སྐྱེས་རྡོ་རྗེ་འཆང་གི་རྒྱལ་ཐབས་ལ་བདེ་མྱུར་དུ་དཀྲི་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒལ་སིདྡྷི་རསྟུ༎ །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 09:10, 4 September 2025
| Wylie title | dam chos dgongs pa yongs 'dus las dam rdzas bdud rtsi'i sgrub thabs gsal bar bkod pa 'chi med 'dod 'jo'i gter bum | |
|---|---|---|
| Location | bdud 'joms rin po che bka' 'bum Volume 7, Text 14, Pages 365-410 (Folios 1a1 to 23b5) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Dam chos dgongs pa yongs 'dus las dam rdzas bdud rtsi'i sgrub thabs gsal bar bkod pa 'chi med 'dod 'jo'i gter bum. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 7: 365-410. Kalimpong: Dupjung Lama, 1979-1985. | |
| Side notes | Recto: sman sgrub Verso: bdud 'dul dgongs 'dus | |
| More details More details | ||
| Tertön | བདུད་འདུལ་རྡོ་རྗེ་ (bdud 'dul rdo rje) | |
| Genre | Medicinal Pills - Making and Activating Practices - sman sgrub | |
| Cycle | བཀའ་རྫོགས་པ་ཆེན་པོའི་དམ་ཆོས་དགོངས་པ་ཡོངས་འདུས་ (bka' rdzogs pa chen po'i dam chos dgongs pa yongs 'dus) | |
| Colophon |
།དེ་ལྟར་ཡང་གསང་བླ་མ་རྩ་གསུམ་འདུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་བརྟེན་ནས་དམ་རྫས་བདུད་རྩིའི་སྒྲུབ་ཐབས་གསལ་བར་བཀོད་པ་འཆི་མེད་འདོད་འཇོའི་གཏེར་བུམ་ཞེས་བྱ་བ་འདི་ནི། རང་གཞན་མང་པོ་ལ་མཆོག་ཏུ་སྨན་པ་ཆེན་པོའི་སྒོར་འགྱུར་བར་མཐོང་ནས། ཟབ་ལམ་ཐུགས་ཀྱི་སྒྲུབ་པ་ཡན་ལག་དང་བཅས་པའི་གཞུང་དུ་མ་ལ་གཞན་དྲིན་མི་འཇོག་པའི་བློ་གྲོས་ཀྱིས་རྣམ་པར་དཔྱད་ཅིང་ཉམས་ལེན་དཀྱུས་ཀྱི་ཕྱག་བཞེས་རྣམ་གསལ་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། དཔལ་ཨཽ་ཌཱི་ཡ་ནའི་སློབ་དཔོན་ཆེན་པོའི་གདམས་ངག་སྨྲ་བའི་སྤོབས་པ་ཅུང་ཟད་ཐོབ་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་དགུར་སོན་པ་སྣ་ཚོགས་ཀྱི་ལོ་ས་གས་ཉ་བའི་ཐབས་ཀྱི་ཆའི་དགའ་བ་དང་པོ་སྨན་གྱི་རིག་འཛིན་དཔའ་བོ་ཌཱ་ཀིའི་འདུ་བ་ཀུན་ཏུ་དགྱེས་རྒུར་སྤྱོད་པ་ན། ཤར་ཕྱོགས་ཀོང་ཡུལ་ལྗོན་པའི་སའི་ཐིག་ལེ་བུ་ཆུ་བདེ་ཆེན་སྟེང་གི་ཆོས་སྡེ་རིག་པ་འཛིན་པའི་དགའ་ཚལ་དུ་ལེགས་པར་སྦྱར་བ་ལས། ཐོག་མའི་གླེགས་བམ་དུ་འབེབས་པ་པོ་ནི་རྣམ་པར་དགེ་བའི་བློ་གསལ་ཞིང་དད་སོགས་འཕགས་པའི་ནོར་གྱིས་རྒྱུད་གཏམས་པ་ཚེ་རིང་ནོར་བུས་བགྱིས་པའོ། །འདིས་ཀྱང་རྨད་དུ་བྱུང་བའི་ལམ་སྲོལ་འདི་ཉིད་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། འགྲོ་བ་ཐམས་ཅད་འཆི་མེད་མཚོ་སྐྱེས་རྡོ་རྗེ་འཆང་གི་རྒྱལ་ཐབས་ལ་བདེ་མྱུར་དུ་དཀྲི་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒལ་སིདྡྷི་རསྟུ༎ | |
|
/de ltar yang gsang bla ma rtsa gsum 'dus pa'i dkyil 'khor gyi 'khor lo la brten nas dam rdzas bdud rtsi'i sgrub thabs gsal bar bkod pa 'chi med 'dod 'jo'i gter bum zhes bya ba 'di ni/___rang gzhan mang po la mchog tu sman pa chen po'i sgor 'gyur bar mthong nas/___zab lam thugs kyi sgrub pa yan lag dang bcas pa'i gzhung du ma la gzhan drin mi 'jog pa'i blo gros kyis rnam par dpyad cing nyams len dkyus kyi phyag bzhes rnam gsal 'jug pa bde ba'i dbang du byas te/___dpal au DI ya na'i slob dpon chen po'i gdams ngag smra ba'i spobs pa cung zad thob pa 'jigs bral ye shes rdo rjes rang lo sum cu rtsa dgur son pa sna tshogs kyi lo sa gas nya ba'i thabs kyi cha'i dga' ba dang po sman gyi rig 'dzin dpa' bo DA ki'i 'du ba kun tu dgyes rgur spyod pa na/___shar phyogs kong yul ljon pa'i sa'i thig le bu chu bde chen steng gi chos sde rig pa 'dzin pa'i dga' tshal du legs par sbyar ba las/___thog ma'i glegs bam du 'bebs pa po ni rnam par dge ba'i blo gsal zhing dad sogs 'phags pa'i nor gyis rgyud gtams pa tshe ring nor bus bgyis pa'o/___/'dis kyang rmad du byung ba'i lam srol 'di nyid phyogs dus kun tu dar zhing rgyas la yun ring du gnas pa dang /___'gro ba thams cad 'chi med mtsho skyes rdo rje 'chang gi rgyal thabs la bde myur du dkri ba'i rgyur gyur cig___/sarba dA mang+gal sid+d+hi rastu// | ||