DJYD-KABUM-09-TA-017: Difference between revisions

From Dudjom Wiki
DJYD-KABUM-09-TA-017
m (Text replacement - "ཧོཿ" to "ཧོཿ ")
m (Text replacement - "ཧྲཱི༔" to "ཧྲཱིཿ")
 
Line 43: Line 43:




༄༅།  །འགྲོ་འདུལ་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ཐར་ལམ་ཤིང་རྟ་ཞེས་བྱ་བ།  བླ་མ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།  །བརྩེ་ཆེན་སྙིང་རྗེའི་ལྕགས་ཀྱུ་གཅིག་ཁོ་ནས།  །སྲིད་འགྲོ་བདེ་བར་འདྲེན་པའི་ཕྲིན་ལས་ཅན།  །རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་མིག་མི་འཛུམ།  །འཕགས་མཆོག་ཕྱག་ན་པད་དཀར་འཛིན་དེས་སྐྱོངས།  །ལས་ཀྱི་རླུང་གིས་ངན་འགྲོའི་མུན་རུམ་དུ་།  །རབ་ཆུད་མགོན་གྱིས་ཕོངས་པའི་གཤིན་པོ་རྣམས།  །བདེ་ཆེན་ཐར་པའི་ལམ་ལ་དྲངས་པའི་ཐབས།  །གནས་ལུང་ཆོ་གའི་ཤིང་རྟ་འདིར་གསལ་བྱ།  །{{TibChung|དེ་ཡང་འཕགས་མཆོག་ཐུགས་རྗེ་ཆེན་པོའི་རིགས་སྔགས་འཛིན་ཅིང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ {{TibChung|[2a]}} ལྡན་པས་སྐྱབས་བྲལ་གཤིན་པོའི་འགྲོ་བ་རྗེས་སུ་འཛིན་པའི་ཆོ་ག་བརྩམ་པ་ལ་གསུམ།  གང་གིས་སྦྱོང་བྱེད་དཀྱིལ་འཁོར་བཤམས་པ།  གང་སྦྱང་གཞིའི་རྟེན་བཅའ་བ།  ཇི་ལྟར་སྦྱངས་པའི་ཐབས་བསྟན་པའོ།  །དང་པོ་ནི་།  རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་གྱི་དབུས་སུ་རྣམ་བུམ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་དང་བཅས་པ་དང་།  མདུན་དུ་སྐུ་ཙཀ  །གཡས་སུ་ཡིག་དྲུག་ཙཀླི།  རྒྱབ་ཏུ་མེ་ལོང་།  གཡོན་དུ་ཤེལ་རྡོ་རྣམས་བཀོད།  སྨན་རཀ་གཏོར་གསུམ།  མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམས།  སྲུང་མའི་གཏོར་འབུལ།  བགེགས་གཏོར།  ཚོགས་མཆོད།  ཆད་བརྟན།  སྤོས་རོལ་གྱི་ཁྱད་པར་དང་།  སློབ་དཔོན་གྱི་མདུན་དུ་ནང་མཆོད་།  རྡོར་དྲིལ།  ཌྰ་རུ།  འབྲུ་བཟེད་  །ལས་བུམ་སོགས་བཤམས་ཤིང་།  གཞན་ཡང་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།  །{{TibChung|[2b]}} གཉིས་པ་ནི།  ཤོག་བུ་ལ་མཚན་བྱང་པད་གདན་གྱི་སྟེང་དུ་པུས་བཙུགས་ཐལ་སྦྱར་དུ་འཁོད་པ།  སྟེང་དུ་གདུགས་དང་བཅས་པའི་རྒྱབ་བྱང་དུ་ཡི་གེ་བདུན་པ་དང་།  ཚོ་འདས་ཆེ་གེ་མོ་དཀོན་མཆོག་གསུམ་དང་བླ་མའི་ངོ་བོ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་སྐྱབས་སུ་མཆིའོ།  །ཨ་ནྲྀ་སུ་ཏྲི་པྲི་དུ་ཛཿསྤར་ཎ་ཕཊ་ཅེས་བྲིས་ཏེ་སྨྱུག་རྒོད་ཚིག་གསུམ་པ་ལ་བཏགས།  དྲི་རྟེན་གོས་བཟང་པོས་གཡོགས་པ་དཀྱིལ་འཁོར་གྱི་ལྷོ་རུ་དབང་སྟེགས་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་བཞག  །དཀྱིལ་འཁོར་གྱི་མདུན་དུ་རིགས་དྲུག་གི་དལ་མུ་དུ་ཁྱུད་བསྐོར་བའི་པདྨ་འདབ་དྲུག་ལ་རིགས་དྲུག་གི་ས་བོན་ཡིག་མགོ་ཕྱིར་བ་བསྟན་དུ་བྲིས་པའི་ལྟེ་བར་ཁྲུས་བུམ་བཅུད་ལྡན་ཁ་བརྒྱན་དུ་གཙོ་བོའི་སྐུ་ཙཀ་བཙུག་པ་བཀོད།}}  བུམ་པའི་མཐའ་བསྐོར་དུ་ཐུབ་པ་དྲུག་གི་སྐུ་ཙཀ་ས་བོན་དང་མཐུན་པར་བཤམས།  ལྷ་བཤོས་དྲུག་དང་ལན་ཆགས་གཏོར་མ་དྲུག་རྣམས་ཀྱང་ཕྱོགས་སུ་བཀོད།  གཞན་ཡང་ཞི་དྲག་དང་འབྱུང་བཞིའི་སྦྱོང་ཆས།  བྲ་བ་རྫས་བྱེ་ཡུངས་ཟས་བསྔོ་སོགས་འདུ་བྱའོ།  །གསུམ་པ་ལ་གསུམ།  དཀྱིལ་འཁོར་བསྒྲུབ་པ།  གནས་ལུང་གི་ཆོ་ག་དངོས།  རྗེས་ཀྱི་བྱ་བའོ།  །དང་པོ་ནི།  བརྒྱུད་འདེབས་ནས་བརྩམས་བཟླས་པ་རྫོགས་ཀྱི་བར་ལས་བྱང་ལྟར་གྲུབ་ནས།  རྣམ་རྒྱལ་བུམ་པ་ལ་དམིགས་ཏེ།  བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་སྐད་ཅིག་གིས་གསལ་བར་གྱུར།  རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ།  །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ {{TibChung|[3a]}} ཐུགས་ཀར་ཞུགས།  །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན།  །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར།  {{TibChung|ཞེས་གཟུངས་ཐག་ལ་འཇུས་ཏེ་ཡིག་བདུན་བརྒྱ་སྟོང་གང་འགྲུབ་བཟླས་ལ།}}    ཨོཾ་ཨཱཿཧཱུྃ་གིས་ལྷ་རྣམས་འོད་དུ་ཞུ་བ་ལས་བུམ་ཆུ་བདུད་རྩིའི་རྒྱ་མཚོར་གྱུར་{{TibChung|པར་མོས།  ཁྲུས་བུམ་བསྒྲུབ་པ་ནི།}}    སྭ་བྷཱ་ཝ་{{TibChung|ས་སྦྱངས།}}  སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་རྫོགས་པའི་ནང་དུ་སྡིག་སྒྲུབ་སྦྱོང་བའི་མཐུ་དང་ལྡན་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་བོས་ཡོངས་སུ་གང་བར་{{TibChung|བསམ་ཞིང་།  ཡིག་བདུན་དང་སྦྱོང་སྔགས།}}  ཀཾ་ཀ་ནི་{{TibChung|ཅི་རིགས་བཟླ་ཞིང་བྲབ་རྫས་བྱེ་ཡུངས་ལའང་བསྔགས།}}    ལས་བུམ་ནང་དུ་རྟ་མགྲིན་རྒྱལ།  །དམར་ནག་ཐོད་དབྱུག་སྦྲུལ་ཞགས་འཛིན།  །ཁྲོ་བོའི་ཆས་རྫོགས་འདོར་སྟབས་ཀྱིས།  །ཡེ་ཤེས་མེ་དཔུང་དབུས་ན་རོལ།  །{{TibChung|ཅེས་མོས་ལ།}}    ཨོཾ་ཧྱ་གྲཱི་ཝ་ཧཱུྃ་ཕཊ།  {{TibChung|ཅི་ནུས་བཟླ་ཞིང་།}}    ཁྲོ་བོའི་རྒྱལ་པོ་འོད་དུ་ཞུ་བས་བུམ་ཆུ་རྡོ་རྗེའི་རྡུལ་ཕྲ་རབ་ཏུ་གྱུར་པར་{{TibChung|བསམ།  དེ་ནས་སྲུང་མའི་གཏོར་འབུལ་དང་ཚོགས་མཆོད་བྱིན་རླབས་ནས་བསྒྲལ་བསྟབ་བར་བཏང་ལ།  རང་ཉིད་དཀྱིལ་འཁོར་དུ་ཞུགས་ཏེ་དབང་རྒྱས་པར་བླང་བའམ་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ།  །གཉིས་པ་གནས་ལུང་གི་ཆོ་ག་དངོས་ལ།  བསྐྱེད་དགུག་བགེགས་བསལ་ཁྲུས་དྲུག་སྦྱོང་།  །ཆོས་བཤད་གནས་འདྲེན་དབང་བསྐུར་ཞིང་།  །ཟས་གཏད་མཆོད་གསོལ {{TibChung|[3b]}} སྣང་གསལ་བསྔོ།  །ལམ་བསྟན་བྱང་བསྲེག་སྰཙྪ་གདབ།  །ཅེས་པ་ལྟར་བཅུ་གསུམ་ལས།  དང་པོ་རྟེན་བསྐྱེད་པ་ནི།}}  ཨོཾ་མ་ཧཱ་ཤུ་ནྱ་{{TibChung|ཏས་བསང་སྦྱང་།}}    སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་{{TibChung|པར་བསམ་ལ།  གཉིས་པ་རྣམ་ཤེས་དགུག་པ་ནི།  རང་ཉིད་འཕགས་པའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཚེ་འདས་ཀྱི་རྣམས་ཤེས་ཨ་ཡིག་གི་རྣམ་པས་བཀུག་པར་བསམ་ཞིང་།  ལྕགས་ཀྱུའི་ཕྱག་རྒྱ་དང་བཅས།}}    ན་མོ།  རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔའ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་།  སངས་རྒྱས་ཀྱི་བཀའ་བདེན་པ་དང་།  ཆོས་ཀྱི་བཀའ་བདེན་པ་དང་།  དགེ་འདུན་གྱི་བཀའ་བདེན་པ་དང་།  ཡི་དམ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་།  སྐུ་གསུམ་བརྒྱུད་གསུམ་རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་བཀའ་བདེན་པ་དང་།  ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པ་དང་།  ཆོས་ཉིད་རྣམ་པར་དག་པའི་བདེན་པའི་མཐུས།  ཚེ་ལས་འདས་པ་ཆེ་གེ་མོའི་རྣམ་པར་ཤེས་པ་འགྲོ་བ་རིགས་དྲུག་སྐྱེ་བ་རྣམ་བཞི་ལམ་རྒྱུད་ལྔ་སྲིད་པ་བར་མ་དོ་སོགས་གར་ཡོད་པའི་ས་ནས་དམིགས་པའི་རྟེན་མཚན་བྱང་འདི་ལ་ཁུག་ཅིག  །བཛྲ་ཨདྐུ་ཤ་ཛཿཛཿ  {{TibChung|ཞེས་ལན་གསུམ་དང་།}}    ནྲྀ་ཨ་བེ་ཤ་ཡ་ཨ་ {{TibChung|[4a]}} ཨ།  ཛཿཧཱུྃ་བྃ་ཧོཿ ས།  རྣམ་པར་ཤེས་པ་རྟེན་དང་གཉིས་སུ་མེད་པར་ཐིམ་པར་{{TibChung|བསམ་མོ།  །གསུམ་པ་བགེགས་སྦྱོང་བ་ནི།  གཏོར་མ་གསུམ་པོ་རེ་རེ་བཞིན་རྟེན་ལ་གཡས་སུ་བསྐོར་ཞིང་།}}    ཨོཾ་སརྦ་བིགྷྣྰན་ན་མ༔  སརྦ་ཏ་ཐྰ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ  སརྦ་ཐྰ་ཁཾ་ཨུཏྒ་ཏེ་སྤར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལིནྟེ་སྭཱ་ཧཱ།  {{TibChung|ཞེས་ལན་གསུམ་གྱིས་ཞི་བ།  ཏིང་ལོ་དང་ཆང་བུ་གཡོན་དུ་བསྐོར་ཞིང་།}}    ཨོཾ་སུམྦྷ་ནི་ སུམྦྷ་ནི་ ཧཱུྃ།  གྲྀ་ཧྞ་ གྲྀ་ཧྞ་ཧཱུྃ།  གྲྀཧྞ་པ་ཡགྲྀ་ཧྞ་པ་ཡ་ཧཱུྃ།  ཨ་ན་ཡ་ཧོཿ    བྷ་ག་ཝཱན་བིདྱ་ར་ཛཱ་ཡ་ཧཱུྃ་ཕཊ    །{{TibChung|ཞེས་ལན་གསུམ་གྱིས་ཕྱེད་མ།}}  རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་ཆས་ཅན་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བའི་སྐུར་གྱུར་{{TibChung|པར་བསམ་ལ།}}    ཧཱུྃ༔    ང་ནི་དབང་ཆེན་ཁྲོས་པའི་སྐུ༔    ཁམས་གསུམ་འདི་ན་སུ་ཡང་རུང་༔  ཚེ་འདས་སྒྲིབ་པ་སྦྱོང་པ་ལ༔    བར་གཅོད་གདོན་བགེགས་བྱུང་པོ་ཀུན༔    སོ་སོར་རང་རང་གནས་སུ་སོང་༔    གལ་ཏེ་མི་འགྲོ་འདུག་གྱུར་ན༔    ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལས༔    མཚོན་ཆ་སྣ་ཚོགས་རབ་འབར་བས༔  ལུས་ངག་རྡུལ་ཕྲན་བཞིན་དུ་བརླག༔    དེ་བས་ད་ལྟ་ཕྱིར་དེངས་ཤིག༔  {{TibChung|ཅེས་དང་བདེན་སྟོབས་སྔར་བཞིན་བརྗོད་པའི་མཐར།}}  ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་ {{TibChung|[4b]}} གཅོད་ཅིང་གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག  །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཏ་རེ།  ཨོཾ་བཛྲ་ཀྲོ་ཏ་པདྨ་ནྟ་ཀྲྀ་ཏ་ཧྱ་གྲཱི་བ་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ།  {{TibChung|ཅེས་བཟླ་ཞིང་།  གུ་གུལ་ཡུངས་ཐུན་རོལ་མོའི་སྒྲ་དྲག་པོ་དང་བཅས་གཏོར་མ་ཕྱི་རོལ་དུ་དོར་བ་ནི་དྲག་པོས་སྦྱོང་བའོ།  །བཞི་པ་ཁྲུས་བྱ་ཞིང་དུག་སྦྱོང་བ་ནི།  རྟེན་གྱི་གཟུགས་བརྙན་མེ་ལོང་དུ་འཆར་བ་ལ་ཁྲུས་བུམ་གྱི་ཁྲུས་བྱ་ཞིང་།}}    ཧྲཱིཿ    བཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡི༔    རྡོ་རྗེའི་སྐུ་ཡི་བྱིན་རླབས་ཆུས༔  ཚེ་འདས་འདི་ལ་ཁྲུས་བགྱིས་པས༔    ལུས་ཀྱི་སྒྲིབ་པ་དག་གྱུར་ཅིག༔    ཧྲཱིཿ  བཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡི༔    རྡོ་རྗེའི་གསུང་གི་བྱིན་རླབས་ཆུས༔    ཚེ་འདས་འདི་ལ་ཁྲུས་བགྱིས་པས༔    ངག་གི་སྒྲིབ་བདག་གྱུར་ཅིག༔    ཧྲཱིཿ  བཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡི༔    རྡོ་རྗེའི་ཐུགས་ཀྱི་བྱིན་རླབས་ཆུས༔    ཚེ་འདས་འདི་ལ་ཁྲུས་བགྱིས་པས༔    ཡིད་ཀྱི་སྒྲིབ་པ་དག་གྱུར་ཅིག༔    ཧྲཱིཿ  བཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡི༔    སྐུ་དང་ཡེ་ཤེས་རོལ་པའི་ཆུས༔    ཚེ་འདས་འདི་ལ་ཁྲུས་བགྱིས་པས༔    མ་ {{TibChung|[5a]}} རིག་གཟུང་འཛིན་ལ་བརྟེན་པའི༔    ཉོན་མོངས་དུག་ལྔ་ཕུང་ལྔ་དང་༔    སྒྲིབ་གཉིས་བག་ཆགས་མ་ལུས་པ༔    ཡེ་ཤེས་ལྔ་དང་སྐུ་ལྔ་ཡི༔  རོལ་པ་ཆེན་པོར་དག་གྱུར་ཅིག༔  {{TibChung|ཅེས་ཚིགས་བཅད་སོ་སོའི་མཚམས་སུ།}}    ཨོཾ་མ་ཎི་པདྨེ་ཧྲཱིཿ  ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་བག་ཆགས་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ།  {{TibChung|ཞེས་སྦྱར།  བུམ་སྒྲོས་རྟེན་ལ་བྱབ་ཅིང་།}}    འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔    འདི་དག་ཚེ་འདས་དུག་གསུམ་སྟེ༔  བཅོམ་ལྡན་སངས་རྒྱས་དུག་མི་མངའ༔    སངས་རྒྱས་བདེན་པས་དུག་བཅོམ་མོ༔  {{TibChung|དེ་བཞིན་དུ།}}    དམ་ཆོས་དང་།  དགེ་འདུན་ལ་{{TibChung|ཡང་སྦྱར།  དེ་ནས་འབྱུང་བ་སོ་སོས་བྱབ་ཅིང་།}}    ས་ནི་དུག་གི་ཕ་ཡིན་ཏེ༔    ས་ནི་དུག་གི་མ་ཡང་ཡིན༔    དཀོན་མཆོག་གསུམ་གྱི་བདེན་པའི་མཐུས༔    དུག་གསུམ་ས་ཡི་ནང་དུ་སོང་༔  {{TibChung|དེ་བཞིན་དུ།}}    ཆུ་མེ་རླུང་{{TibChung|རྣམས་སུ་བསྒྱུར་བས་དུག་སྦྱང་།  ཡིག་བདུན་དང་།}}    ཀཾ་ཀ་{{TibChung|ནིའི་ཤམ་དུ།}}    ཚེ་ལས་འདས་པའི་ཉོན་མོངས་པ་དུག་གསུམ་ལས་བྱུང་བའི་དུག་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ།  {{TibChung|ལྔ་པ་ཆོས་བཤད་པ་ནི།}}    ཀྱེ་ཧོཿ    ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔    སྔོན་བསགས་བསོད་ནམས་འབྲས་བུ་ཡིས༔  མི་ཡི་སྲིད་པ་ཐོབ་ལགས་ཀྱང་༔  མི་རྟག་འཆི་བའི་དབང་གྱུར་ཏེ༔  རྣམ་ཤེས་བར་མ་ {{TibChung|[5b]}} དོ་རུ་འཁྱམས༔    འཁྲུལ་སྣང་འཇིགས་སྐྲག་སྣ་ཚོགས་པས༔    སྡུག་བསྔལ་བཟོད་དཀའ་ཡ་རེ་ང་༔    སྣ་ཚོགས་སྣང་བ་ཐམས་ཅད་ཀུན༔  སྒྱུ་མ་རྨི་ལམ་ཇི་བཞིན་དུ༔    མེད་བཞིན་འཁྲུལ་པའི་སྣང་ཆ་སྟེ༔  ངོ་ཤེས་ངང་ལ་ཞེན་པ་ཆོད༔    ཆོས་ཉིད་སྤྲོས་མཐའ་བྲལ་བ་ལ༔    མ་རིག་འཁྲུལ་པ་དབང་བཙན་པས༔    ང་དང་བདག་ཏུ་འཛིན་པ་ལས༔    མ་དག་རླུང་སེམས་གཡོ་བའི་འཕྲུལ༔    དཔེར་ན་ཉི་མ་ཉི་འོད་བཞིན༔    གནས་རིགས་དྲུག་གི་འཇིག་རྟེན་ཀུན༔  སྣང་ཞིང་གནས་གྱུར་ཆོས་ཅན་ཏེ༔  རྟག་པར་གནས་པ་གཅིག་ཀྱང་མེད༔  རང་འཁྲུལ་རང་སྣང་སྣ་ཚོགས་པ༔    རྨི་ལམ་ཇི་བཞིན་ཤེས་མཛོད་ལ༔    ཐམས་ཅད་མེད་དང་མ་གྲུབ་པའི༔    སྟོང་པ་ཉིད་དུ་ཤེས་པར་གྱིས༔  སྟོང་ཉིད་ཟང་ཐལ་ཁྱབ་བརྡལ་སྟེ༔  ངོ་བོ་ཉིད་དང་གཞིའི་ཆོས་ཉིད༔    མངོན་གྱུར་ཆེན་པོ་རིག་པའི་དབྱིངས༔    རང་དབང་རྒྱལ་པོའི་བཙན་ས་ཟུངས༔  ཤེས་པ་གཞན་དུ་མ་ཡེངས་པར༔  རྣམ་གསུམ་དད་པའི་ཤུགས་བསྐྱེད་ལ༔    ལྷ་དང་བླ་མར་གསོལ་བ་ཐོབ༔  {{TibChung|དྲུག་པ་རིགས་དྲུག་གི་གནས་ནས་འདྲེན་པ་ལ་དྲུག་ལས།  དང་པོ་དམྱལ་བའི་གནས་ནས་དྲང་བ་ནི།  མཚན་བྱང་དམྱལ་བའི་དལ་དུ་བཞག་ལ།}}    ཧཱུྃ་ཧྲཱིཿ  སྐད་ཅིག་སྣང་བ་གནས་འགྱུར་ཏེ༔    {{TibChung|[6a]}} རྨི་ལམ་སྒྱུ་མ་ཇི་བཞིན་དུ༔    དམྱལ་བའི་གནས་ཡུལ་བཀོད་པ་ཕུལ༔  སྣང་ལ་རང་བཞིན་མེད་པར་ཤར༔  {{TibChung|ཞལ་ཟས།}}    ཨོཾ་ཨཱཿཧཱུྃ་{{TibChung|གིས་བརླབས་ཏེ།}}    ཧཱུྃ༔  བཅོམ་ལྡན་ཆོས་ཀྱི་རྒྱལ་པོ་ལ༔  འདོད་རྒུ་དཔལ་གྱི་མཆོད་པ་འབུལ༔  ཚེ་འདས་དམྱལ་བ་ལས་བསྒྲལ་ཏེ༔  དག་པའི་ཞིང་དུ་དྲང་དུ་གསོལ༔  བཛྲ་ནཻ་ཛི་དྱ་ཨཱཿཧཱུྃཿ  {{TibChung|ཞེས་འབུལ།  གླུང་གཏོར།}} སམྦྷ་ར{{TibChung|འི་སྔགས་ཀྱིས་སྤེལ་ཞིང་བསྒྱུར་ལ།}}  ཧཱུྃ༔  འདོད་ཡོན་ལྔ་ལྡན་གཏོར་མ་འདི༔  ཐར་ལམ་བར་ཆད་གེགས་བྱེད་པའི༔  བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔  ཕྱིན་ཆད་གནོད་པ་མ་བྱེད་ཅིག༔  སརྦ་བྷུ་ཏ་བ་ལིང་ཏ་ཁཱ་ཧི༔  ཨུ་ཙ་ཏ་ཡ་ཕཊ༔  {{TibChung|ཅེས་བསྔོ།  ཁྲུས་བུམ་གྱི་ཆུས་ཁྲུས་བྱ་ཞིང་།}}  ཧཱུྃ༔    འདི་ནི་བཟོད་པའི་རང་བཞིན་ཆུས༔  ཚེ་འདས་འདི་ལ་ཁྲུས་བགྱིས་པས༔    ཞེ་སྡང་སྒྲིབ་པ་རྣམ་དག་ནས༔  ཚ་གྲང་སྡུག་བསྔལ་དག་གྱུར་ཅིག༔    ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ    དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔  བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་དམྱལ་བའི་ལས་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་པར་{{TibChung|མོས་ལ་བྱེ་མས་བྲབ་ཅིང་།}}  ཧྲཱིཿ    རང་ཉིད་ལྷ་ཡི་ཐུགས་ཀ་ནས༔    {{TibChung|[6b]}} འོད་ཕུང་བསྐལ་མེ་ལྟ་བུ་འཕྲོས༔  དམྱལ་བའི་ས་བོན་དུཿནག་པོཿ  ཞེ་སྡང་ལས་ཉོན་སྒྲིབ་པ་བསྲེགས༔  ཨོ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ    དུཿསརྦ་ན་ར་ཀ་དུ་ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔  {{TibChung|ཞེས་དམྱལ་བའི་དལ་བསྡུ་ཞིང་མཚན་བྱང་ཡི་དྭགས་ཀྱི་གནས་སུ་བཞག  །གཉིས་པ་ཡི་དྭགས་ཀྱི་གནས་ནས་དྲང་བ་ནི།}}  ཧཱུྃ་ཧྲཱིཿ  སྐད་ཅིག་སྣང་བ་གནས་འགྱུར་ཏེ༔  རྨི་ལམ་སྒྱུ་མ་ཇི་བཞིན་དུ༔  ཡི་དྭགས་གནས་ཡུལ་བཀོད་པ་འཕྲུལ༔  སྣང་ལ་རང་བཞིན་མེད་པར་ཤར༔  ཞལ་ཟས༔  ཨོཾ་ཨཱཿཧཱུྃ་{{TibChung|གིས་བརླབས་ཏེ།}}  ཧཱུྃ༔  བཅོམ་ལྡན་ཁ་འབར་དེ་ཝ་ལ༔  འདོད་རྒུ་དཔལ་གྱི་མཆོད་པ་འབུལ༔  ཚེ་འདས་ཡི་དྭགས་ལས་བསྒྲལ་ཏེ༔  དག་པའི་ཞིང་དུ་དྲང་དུ་གསོལ༔  བཛྲ་ནཻ་ཝིདྱ་ཨཱཿཧཱུྃ༔  {{TibChung|ཞེས་འབུལ།  གླུད་གཏོར།}}    སམྦྷ་ར་དང་།  ཧཱུྃ༔  འདོད་ཡོན་ལྔ་ལྡན་གཏོར་མ་འདི༔  ཐར་ལམ་བར་ཆད་གེགས་བྱེད་པའི༔  བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔    ཕྱིན་ཆད་གནོད་པ་མ་བྱེད་ཅིག༔    སརྦ་བྷུ་ཏ་བ་ལིང་ཏ་ཁཱ་ཧི༔  ཕ་ཙ་ཏ་ཡ་ཕཊ༔  {{TibChung|ཅེས་བསྔོ།  ཁྲུས་བྱ་ཞིང་།}}  ཧཱུྃ༔  འདི་ནི་སྦྱིན་པའི་རང་བཞིན་ཆུ༔  ཚེ་འདས་འདི་ལ་ཁྲུས་བགྱིས་པས༔  སེར་སྣའི་སྒྲིབ་པ་རྣམ་དག་ཅིང་༔  བཀྲེས་སྐོམ་སྡུག་བསྔལ་དག་གྱུར་ཅིག༔  ཨོཾ་མ་ཎི་པདྨེ་ {{TibChung|[7a]}} ཧཱུྃ་ཧྲཱིཿ    ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔  བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་ཡི་དྭགས་ཀྱི་ལས་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་པར་{{TibChung|མོས་ལ་བྱེམས་བྲབ་ཅིང་།}}  ཧྲཱིཿ    རང་ཉིད་ལྷ་ཡི་ཐུགས་ཀ་ནས༔  འོད་ཕུང་བསྐལ་མེ་ལྟ་བུ་འཕྲོས༔  ཡི་དྭགས་ས་བོན་པྲེ་ཐལ་སྐྱ༔    འདོད་ཆགས་ལས་ཉོན་སྒྲིབ་པ་བསྲེགས༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ  པྲི་སརྦ་པྲེ་ཏ་ཀུ་ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔  {{TibChung|ཞེས་ཡི་དྭགས་ཀྱི་དལ་བསྡུ་ཞིང་མཚན་བྱང་དུད་འགྲོའི་གནས་སུ་བཞག  །གསུམ་པ་དུད་འགྲོའི་གནས་ནས་དྲང་པ་ནི།}}  ཧཱུྃ་ཧྲཱིཿ  སྐད་ཅིག་སྣང་བ་གནས་འགྱུར་ཏེ༔  རྨི་ལམ་སྒྱུ་མ་ཇི་བཞིན་དུ༔  བྱོལ་སོང་གནས་ཡུལ་བཀོད་པ་འཕྲུལ༔  སྣང་ལ་རང་བཞིན་མེད་པར་ཤར༔  {{TibChung|ཞལ་ཟས།}}    ཨོཾ་ཨཱཿཧཱུྃ་{{TibChung|གིས་བརླབས་ཏེ།}}  ཧཱུྃ༔  བཅོམ་ལྡན་སེང་གེ་རབ་བརྟན་ལ༔    འདོད་རྒུ་དཔལ་གྱི་མཆོད་པ་འབུལ༔    ཚེ་འདས་བྱོལ་སོང་ལས་བསྒྲལ་ཏེ༔  དག་པའི་ཞིང་དུ་དྲང་དུ་གསོལ༔  བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ༔  {{TibChung| ཞེས་འབུལ།  གླུད་གཏོར་སམྦྷ་ར་དང་།}}  ཧཱུྃ༔    འདོད་ཡོན་ལྔ་ལྡན་གཏོར་མ་འདི༔    ཐར་ལམ་བར་ཅད་གེགས་བྱེད་པའི༔  བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔  ཕྱིན་  {{TibChung|[7b]}} ཆད་གནོད་པ་མ་བྱེད་ཅིག༔  སརྦ་བྷུ་ཏ་པ་ལི་ཏ་ཁཱ་ཧི༔    ཨུ་ཙ་ཏ་ཡ་ཕཊ༔  {{TibChung|ཅེས་བསྔོ།  ཁྲུས་བྱ་ཞིང་།}}    ཧཱུྃ༔  འདི་ནི་ཤེས་རབ་རང་བཞིན་ཆུས༔  ཚེ་འདས་འདི་ལ་ཁྲུས་བགྱིས་པས༔  གཏི་མུག་སྒྲིབ་པ་རྣམ་དག་ནས༔  བླུན་རྨོངས་སྡུག་བསྔལ་དག་གྱུར་ཅིག༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ    དུད་འགྲོ་གླེན་ལྐུགས་ཀྱི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔  བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་དུད་འགྲོའི་ལས་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་པར་{{TibChung|མོས་ལ་བྱེམས་བྲབ་ཅིང་།}}    ཧྲཱིཿ  རང་ཉིད་ལྷ་ཡི་ཐུགསུ་ཀ་ནས༔  འོད་ཕུང་བསྐལ་མེ་ལྟ་བུ་འཕྲོས༔  བྱོལ་སོང་ས་བོན་ཏྲིཿདམར་ནག༔  གཏི་མུག་ལས་ཉོན་སྒྲིབ་པ་བསྲེགས༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ    ཏྲི་སརྦ་ཏིརྱ་ཀ་དུ་ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔  {{TibChung|ཞེས་དུད་འགྲོའི་དལ་བསྡུ་ཞིང་མཚན་བྱང་ལྷ་མིན་གྱི་གནས་སུ་བཞག    །  བཞི་པ་ལྷ་མིན་གྱི་གནས་ནས་དྲང་བ་ནི།}}  ཧཱུྃ་ཧྲཱིཿ  སྐད་ཅིག་སྣང་བ་གནས་འགྱུར་ཏེ༔  རྨི་ལམ་སྒྱུ་མ་ཇི་བཞིན་དུ༔  ལྷ་མིན་གནས་ཡུལ་བཀོད་པ་འཕྲུལ༔  སྣང་ལ་རང་བཞིན་མེད་པར་ཤར༔  {{TibChung|ཞལ་ཟས།}}  ཨོཾ་ཨཱཿཧཱུྃ་{{TibChung|གིས་བརླབས་ཏེ།}}  ཧཱུྃ༔  བཅོམ་ལྡན་ཐག་བཟང་རིས་མཆོག་ལ༔  འདོད་རྒུའི་དཔལ་གྱི་མཆོད་པ་འབུལ༔  ལྷ་མིན་སྲིད་པ་  {{TibChung|[8a]}} ལས་བསྒྲལ་ཏེ༔  དག་པའི་ཞིང་དུ་དྲང་དུ་གསོལ༔  བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ༔  {{TibChung|ཞེས་འབུལ།  གླུད་གཏོར་}} སམྦྷ་{{TibChung|ར་དང་།}}    ཧཱུྃ༔  འདོད་ཡོན་ལྔ་ལྡན་གཏོར་མ་འདི༔  ཐར་ལམ་བར་ཆད་གེགས་བྱེད་པའི༔  བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔  ཕྱིན་ཆད་གནོད་པ་མ་བྱེད་ཅིག༔  སརྦ་བྷུ་ཏ་བ་ལིཾ་ཏ་ཁཱ་ཧིཿ    ཨུ་ཙ་ཏ་ཡ་ཕཊ༔  {{TibChung|ཅེས་བསྔོ།  ཁྲུས་བྱ་ཞིང་།}}    ཧཱུྃ༔  འདི་ནི་བསམ་གཏན་རང་བཞིན་ཆུས༔  ཚེ་འདས་འདི་ལ་ཁྲུས་བགྱིས་པས༔  ཕྲག་དོག་སྒྲིབ་པ་རྣམ་དག་ཅིང་༔  འཐབ་རྩོད་སྡུག་བསྔལ་དག་གྱུར་ཅིག༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ    ལྷ་མིན་འཐབ་རྩོད་ཀྱི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔  བདག་དང་དཀྱིལ་འཁོར་བའི་ཐུགས་རྗེའི་འོད་ཟེར་གྱིས་ལྷ་མིན་གྱི་ལས་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་པར་{{TibChung|མོས་ལ་བྱེ་ས་བྲབ་ཅིང་།}}    ཧྲཱིཿ   རང་ཉིད་ལྷ་ཡི་ཐུགས་ཀ་ནས༔  འོད་ཕུང་བསྐལ་མེ་ལྟ་བུ་འཕྲོས༔  ལྷ་མིན་ས་བོན་སུ་སེར་ནག༔  ཕྲག་དོག་ལས་ཉོན་སྒྲིབ་པ་བསྲེགས༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ  སུ་སརྦ་དུ་སུ་ཥ་དུ་ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔  {{TibChung|ཞེས་ལྷ་མིན་གྱི་དལ་བསྡུ་ཞིང་མཚན་བྱང་ལྷའི་གནས་སུ་བཞག  །ལྔ་པ་ལྷའི་གནས་ནས་དྲང་བ་ནི།}}  ཧཱུྃ་ཧྲཱིཿ    {{TibChung|[8b]}} སྐད་ཅིག་སྣང་བ་གནས་འགྱུར་ཏེ༔  རྨི་ལམ་སྒྱུ་མ་ཇི་བཞིན་དུ༔  ལྷ་ཡི་གནས་ཡུལ་བཀོད་པ་འཕྲུལ༔  སྣང་ལ་རང་བཞིན་མེད་པར་ཤར༔  {{TibChung|ཞལ་ཟས།}}  ཨོཾ་ཨཱཿཧཱུྃ་{{TibChung|གིས་བརླབས་ཏེ།}}  ཧཱུྃ༔    བཅོམ་ལྡན་དབང་པོ་བརྒྱ་བྱིན་ལ༔  འདོད་རྒུ་དཔལ་གྱི་མཆོད་པ་འབུལ༔    ལྷ་ཡི་སྲིད་པ་ལས་བསྒྲལ་ཏེ༔  དག་པའི་ཞིང་དུ་དྲང་དུ་གསོལ༔  བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ༔  {{TibChung|ཞེས་འབུལ།  གླུད་གཏོར་སམྦྷ་ར་དང་།}}  ཧཱུྃ༔    འདོད་ཡོན་ལྔ་ལྡན་གཏོར་མ་འདི༔  ཐར་ལམ་བར་ཆད་གེགས་བྱེད་པའི༔  བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔  ཕྱིན་ཆད་གནོད་པ་མ་བྱེད་ཅིག༔    སརྦ་བྷུ་ཏ་བ་ལིཾ་ཏ་ཁཱ་ཧི༔    ཨུ་ཙ་ཏ་ཡ་ཕཊ༔  {{TibChung|ཅེས་བསྔོ།  ཁྲུས་བྱ་ཞིང་།}}  ཧཱུྃ༔  འདི་ནི་བརྩོན་འགྲུས་རང་བཞིན་ཆུས༔  ཚེ་འདས་འདི་ལ་ཁྲུས་བགྱིས་པས༔  ང་རྒྱལ་སྒྲིབ་པ་རྣམ་དག་ནས༔  འཕོ་ལྟུང་སྡུག་བསྔལ་དག་གྱུར་ཅིག༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ        ལྷ་འཕོ་ལྟུང་གི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔  བདག་དང་དཀྱིལ་འཁོར་པའི་ཐུགས་རྗེ་འོད་ཟེར་གྱིས་ལྷའི་ལས་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་པར་{{TibChung|མོས་ལ།  བྱེ་མས་བྲབ་ཅིང་།}}  ཧྲཱིཿ    རང་ཉིད་ལྷ་ཡི་ཐུགས་ཀ་ནས༔  འོད་ {{TibChung|[9a]}} ཕུང་བསྐལ་མེ་ལྟ་བུ་འཕྲོས༔  ལྷ་ཡི་ས་བོན་ཨཿདཀར་པོ༔  ང་རྒྱལ་ལས་ཉོན་སྒྲིབ་པ་བསྲེགས༔  ཨོ་མ་ཎི་པདྨེ་ཧཱུྃ་ཧྲཱི༔   ཨཿསརྦ་ཨ་སུ་ར་དུ་ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔  {{TibChung|ཞེས་ལྷའི་དལ་བསྡུ་ཞིང་མཚན་བྱང་མིའི་གནས་སུ་བཞག    །  དྲུག་པ་མིའི་གནས་ནས་དྲང་བ་ནི།}}  ཧཱུྃ་ཧྲཱིཿ    སྐད་ཅིག་སྣང་བ་གནས་འགྱུར་ཏེ༔  རྨི་ལམ་སྒྱུ་མ་ཇི་བཞིན་དུ༔  མི་ཡི་གནས་ཡུལ་བཀོད་པ་འཕྲུལ༔  སྣང་ལ་རང་བཞིན་མེད་པ་ཤར༔  {{TibChung|ཞལ་ཟས།}}  ཨོཾ་ཨཱཿཧཱུྃ་{{TibChung|གོས་བརླབས་ཏེ།}}    ཧཱུྃ༔  བཅོམ་ལྡན་ཤཱཀྱ་ཐུབ་པ་ལ༔  འདོད་རྒུ་དཔལ་གྱི་མཆོད་པ་འབུལ༔  མི་ཡི་སྲིད་པ་ལས་བསྒྲལ་ཏེ༔  དག་པའི་ཞིང་དུ་དྲང་དུ་གསོལ༔    བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ༔  {{TibChung|ཞེས་འབུལ།  གླུང་གཏོར།}}  སམྦྷ་{{TibChung|ར་དང་།}}    ཧཱུྃ༔  འདོད་ཡོན་ལྔ་ལྡན་གཏོར་མ་འདི༔  ཐར་ལམ་བར་ཆད་གེགས་བྱེད་པའི༔  བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔  ཕྱིན་ཆད་གནོད་པ་མ་བྱེད་ཅིག༔  སརྦ་བྷུ་ཏ་བ་ལིཾ་ཏ་ཁཱ་ཧི༔    ཨུ་ཙ་ཏ་ཡ་ཕཊ༔  {{TibChung|ཅེས་བསྔོ།}}  ཁྲུས་{{TibChung|བྱ་ཞིང་།}}  ཧཱུྃ༔  འདི་ནི་ཚུལ་ཁྲིམས་རང་བཞིན་ཆུས༔  ཚེ་འདས་འདི་ལ་ཁྲུས་བགྱིས་པས༔  སྒྲིབ་གཉིས་དྲི་མ་རྣམ་དག་ནས༔  འགྱུར་བའི་སྡུག་བསྔལ་ཀུན་དག་ཤོག༔  ཨོཾ་ {{TibChung|[9b]}} མ་ཎི་པདྨེ་ཧཱུྃ་ཧྲཱིཿ  མི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ    བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་མིའི་ལས་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་པར་{{TibChung|མོས་ལ་བྱེ་མས་བྲབ་ཅིང་།}}  ཧྲཱིཿ    རང་ཉིད་ལྷ་ཡི་ཐུགས་ཀ་ནས༔  འོད་ཕུང་བསྐལ་མེ་ལྟ་བུ་འཕྲོས༔  མི་ཡི་ས་བོན་ནྲྀཿ  ལྗང་གུ༔    དུག་ལྔའི་ལས་ཉོན་བག་ཆགས་བསྲེགས༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔   ནྲྀཿསརྦ་བྷི་ཤ་དུ་ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔  {{TibChung|ཞེས་མིའི་དལ་བསྡུ་ཞིང་མཚན་བྱང་དབང་སྟེགས་སུ་བཞག}}  །  དེ་ལྟར་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་སྦྱངས་ཏེ་ཚེ་འདས་ཉིད་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེག་པདྨ་འདབ་བརྒྱད་ཀྱི་གདན་ལ་འཁོད་པར་{{TibChung|བསམ་མོ།  །བདུན་པ་དབང་བསྐུར་བ་ནི།}}  ས་གཞི་སྤོས་ཆུས་བྱུག་ཅིང་{{TibChung|སོགས་ཀྱིས་མཎྜལ་ཕུལ་ཏེ།}}    ན་མོ༔  སངས་རྒྱས་ཆོས་དང་དགེ་འདུན་དང་༔    ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔  བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔  ཀུན་གྱི་ཁྱབ་བདག་བླ་མ་ལ༔  རྣམ་གསུམ་དད་པས་གསོལ་བ་འདེབས༔  དེང་བཟུང་བྱང་ཆུབ་མཐོབ་བར༔    སྒོ་གསུམ་གུས་པས་སྐྱབས་སུ་མཆི༔    སོ་ཐར་བྱང་སེམས་གསང་སྔགས་ཀྱི༔  སྡོམ་དང་བསླབ་ལ་རབ་ཞུགས་ནས༔  འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔    {{TibChung|[10a]}} མ་དང་བུ་ཡི་འདུ་ཤེས་ཀྱིས༔  ཕན་དང་བདེ་བའི་ཐབས་བརྩོན་བྱ༔  ལྷ་དང་བླ་མའི་ཚོགས་རྣམས་ཀྱིས༔  ཁམས་གསུམ་འཁོར་བའི་རྒྱ་མཚོ་ལས༔  བསྒྲལ་ནས་ཐར་ལམ་བསྟན་དུ་གསོལ༔  {{TibChung|ཞེས་ལན་གསུམ་གྱིས་སྐྱབས་སེམས་དང་གསོལ་བ་གདབ།}}  ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉ་ཧཾ་{{TibChung|གིས་བསང་སྦྱང་།}}  སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་གྱི་སྟེང་དུ་ཁྱོད་རང་ཐུགས་རྗེ་ཆེན་པོ་ཡུམ་དང་བཅས་པའི་སྐུར་གསལ་བའི་ཡབ་ཀྱི་སྙིང་གར་ཧྲཱིཿཡིག་དཀར་པོ་གསལ་ཞིང་འབར་བའི་འོད་ཀྱིས་བསྐུལ་བས་དཀྱིལ་འཁོར་བ་རྣམས་ཀྱི་ཐུགས་ཀ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སྐུ་དང་སྙིང་པོ་ཕྱག་རྒྱ་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་ཏེ་ཁྱོད་རང་ལ་ཐིམ་པས་ཟག་མེད་ཀྱི་བདེ་བས་རྒྱུད་གང་བར་མོས་མཛོད།  ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ    བཛྲ་ཨ་བེ་ཤ་ཡ་ཨ་ཨཱཿ  {{TibChung|ཞེས་སྤོས་རོལ་དང་བཅས་ཏེ་ཡེ་ཤེས་པ་དབབ།}}  ཏིཥྛ་བཛྲས་{{TibChung|བརྟན་པར་བྱ།}}    སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་སྲས་དང་བཅས་པ་བཛྲ་ས་མ་ཛཿ{{TibChung|ས་མཁས་ཁྱབ་ཏུ་སད་པ་ལ།}}  ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ།  {{TibChung|ནས།}}    ཤཔྟ{{TibChung|འི་བར་གྱིས་མཆོད།}}  དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ།  {{TibChung|ཞེས་གསོལ་བ་ {{TibChung|[10b]}} བཏབ་པས།}}    ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་བུམ་པའི་དབང་བསྐུར་བར་མོས་མཛོད།  {{TibChung|རྣམ་བུམ་གྱིས་དབང་བསྐུར་ཞིང་།}}  ཧཱུྃ༔  ཆོས་དབྱིངས་བུམ་པའི་གཞལ་ཡས་སུ༔    ལྷུན་གྲུབ་སྐུ་དང་ཡེ་ཤེས་རྫོགས༔    སྐལ་ལྡན་བུ་ལ་དབང་བསྐུར་བས༔  བུམ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ  ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔  ཞེས་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས་སྐུ་གང་དྲི་མ་དག    །  ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་བདག་སྣང་བ་མཐའ་ཡས་ཀྱི་དབུ་བརྒྱན་པར་གྱུར།  {{TibChung|ཡིག་དྲུག་ཙཀླི་མགྲིན་པར་བསྐུར་ཞིང་།}}  ཧྲཱིཿ    འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡི༔    གསུང་གསང་འདུས་པ་ཡི་གེ་དྲུག༔    སྐལ་ལྡན་བུལ་དབང་བསྐུར་བས༔  གསང་དབང་ཡོངས་སུ་རྫོགས་ཐོབ་ཤོག༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ    ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ  {{TibChung|མེ་ལོང་སྙིང་གར་བསྐུར་ཞིང་།}}  ཧྲཱིཿ    ཆོས་སྐུ་གཏིང་གསལ་སྤྲོས་མཐའ་བྲལ༔  ཅིར་ཡང་འཆར་བའི་ཨ་དརྴ༔  སྐལ་ལྡན་བུ་ལ་གཏད་པ་ཡིས༔  ཤེར་དབང་ཡོངས་སུ་རྫོགས་ཐོབ་ཤིག༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ  ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔  {{TibChung|ཤེལ་རྡོ་ལྟེ་བར་བསྐུར་ {{TibChung|[11a]}} ཞིང་།}}    ཧྲཱིཿ    ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི༔  རོལ་པའི་སྒྲོན་མ་རྣམ་པ་བཞི༔  སྐལ་ལྡན་བུ་ལ་དབང་བསྐུར་པས༔  ཚིག་དབང་ཡོངས་སུ་རྫོགས་ཐོབ་ཤོག༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ  སརྦ་ཨ་བྷི་ཥིཉྩ་ཧྲཱིཿ {{TibChung|ཐུགས་རྗེ་ཆེན་པོའི་སྐུ་སྤྱི་བོར་བཞག་ཅིང་མིག་ལམ་དུ་བསྟན་ལ།}}  ཀྱེ༔  ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔  རང་རིག་ཡེ་ཤེས་བྱང་ཆུབ་སེམས༔  ངོ་ཤེས་མངོན་གྱུར་ཆོས་ཀྱི་དབྱིངས༔    ཐུགས་རྗེ་ཆེན་པོར་ལྷུན་གྱིས་གྲུབ༔  ཡེ་ཤེས་རང་མདངས་བདེ་གཤེགས་ལྔ༔  རོལ་རྩལ་རྣམ་འདྲེན་སངས་རྒྱས་སྟོང་༔  རང་བྱུང་རང་ཤར་ཆེན་པོར་རྫོགས༔  དེར་མ་གཏོགས་པའི་རྟེན་བརྟེན་པ༔  གཞན་དུ་གྲུབ་པ་ ཅི་ཡང་མེད༔    དེ་ལྟར་རང་ངོ་ཤེས་པ་ཡི༔  ངང་དུ་གདེང་ཐོབ་བཙན་ས་ཟུངས༔  རང་ངོ་རང་སངས་རྒྱས་འགྱུར་རོ༔  {{TibChung|ཞེས་དབང་བསྐུར།}}  དེ་ལྟར་དབང་ཟབ་མོ་ཡོངས་སུ་རྫོགས་པ་ཐོབ་ནས་ནམ་མཁར་བཞུགས་པའི་ལྷ་ཚོགས་རྣམས་ཁྱེད་རང་ལ་ཐིམ་པར་གྱུར།  ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ།  {{TibChung|ཞེས་མེ་ཏོག་འཐོར་རོ།  །བརྒྱད་པ་ཟད་གཏད་པ་ནི།  བཟའ་བཏུང་རྣམས།}}    སྭ་བྷཱ་ཝ{{TibChung|ས་སྦྱང་།}}  སྟོང་པའི་ངང་ལས་ཏྲཱཾ་ཡིག་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་ {{TibChung|[11b]}} དུ་ཨོཾ་ཨཱཿཧཱུཾ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཟད་མི་ཤེས་པའི་གཏེར་ཆེན་པོར་གྱུར།  ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨདྱ་ནུཏྤནྣ་ཏོ་ཏ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ།  {{TibChung|ལན་གསུམ་གྱིས་སྤེལ་ཞིང་བསྒྱུར་ལ།}}  ཧྲཱི༔   ཚེ་འདས་མིག་གི་དབང་པོའི་སྤྱོད་ཡུལ་དུ༔  འདོད་རྒུ་གཟུགས་ཀྱི་བྱེ་བྲག་ཇི་སྙེད་པ༔  མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཅིང་༔  ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔  ཨོཾ་ཨཱཿཧཱུྃ་སརྦ་རཱུ་པ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ཁཾ་སྭཱ་ཧཱ༔  ཧྲཱིཿ    ཚེ་འདས་རྣ་ཡི་དབང་པོའི་སྤྱོད་ཡུལ་དུ༔    འདོད་རྒུ་དྲི་ཡི་བྱེ་བྲག་ཇི་སྙེད་པ༔  མི་ཟད་ནམ་མཁའི་མཛད་ལ་ལོངས་སྤྱོད་ཅིང་༔  ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔  ཨོཾ་ཨཱཿཧཱུྃ་སརྦ་ཤཔྟ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔    ཧྲཱིཿ    ཚེ་འདས་སྣ་ཡི་དབང་པོའི་སྤྱོད་ཡུལ་དུ༔  འདོད་རྒུ་དྲི་ཡི་བྱེ་བྲག་ཇི་སྙེད་པ༔  མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཅིང་༔  ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔  ཨོཾ་ཨཱཿཧཱུཾ་སརྦ་གྷནྡྷི་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔    ཧྲཱིཿ    ཚེ་འདས་ལྕེ་ཡི་དབང་པོའི་སྤྱོད་ཡུལ་དུ༔    འདོད་རྒུ་དྲི་ཡི་བྱེ་བྲག་ཇི་སྙེད་པ༔  མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཅིང་༔    ཟག་མེད་བདེ་བ་ཆེན་པོའི་ {{TibChung|[12a]}} དཔལ་ཐོབ་ཤོག༔  ཨོཾ་ཨཱཿཧཱུྃ་སརྦ་ར་ས་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔    ཧྲཱིཿ  ཚེ་འདས་ལུས་ཀྱི་དབང་པོའི་སྤྱོད་ཡུལ་དུ༔    འདོད་རྒུ་རེག་བྱའི་བྱེ་བྲག་ཇི་སྙེད་པ༔    མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཅིང་༔    ཟག་མེད་བདེ་ཆེན་པོའི་དཔལ་ཐོབ་ཤོག༔    ཨོཾ་ཨཱཿཧཱུྃ་སརྦ་སྤརྴེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔    ཧྲཱིཿ  ཚེ་འདས་ཡིད་ཀྱི་དབང་པོའི་སྤྱོད་ཡུལ་དུ༔  འདོད་རྒུ་ཆོས་ཀྱི་བྱེ་བྲག་ཇི་སྙེད་པ༔    མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཅིང་༔  ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔    ཨོཾ་ཨཱཿཧཱུྃ་སརྦ་དྷརྨ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱཿ  {{TibChung|ཞེས་བསྔོ།  དགུ་པ་མཆོད་ཅིང་གསོལ་བ་གདབ་པ་ནི།}}  ཧྲཱིཿ  འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་༔    བདེ་གཤེགས་རིགས་ལྔའི་དཀྱིལ་འཁོར་ལ༔    ཚེ་འདས་ཕུང་ལྔ་ཡོན་དུ་འབུལ༔    ཐར་པའི་ལམ་སྣ་དྲང་དུ་གསོལ༔  {{TibChung|བཅུ་པ་གསལ་བསྔོ་བ་ནི།  མར་མེ་བསྟན་ཏེ།}} ཧྲཱིཿ  ཡེ་ཤེས་གསལ་བའི་སྒྲོན་མེ་འདི༔  སྐུ་དང་ཡེ་ཤེས་རོལ་པའི་མདངས༔  ཚེ་འདས་མ་རིག་མུན་པའི་སྨག༔  བསལ་ནས་རང་སྣང་ཡེ་ཤེས་ཀྱི༔  རྟེན་དང་བརྟེན་པར་མངོན་གྱུར་ཤོག༔  བཛྲ་དྷརྨ་ཨཱ་ལོ་ཀེ་སྭཱ་ཧཱ་ཧཱུྃ༔  {{TibChung|བཅུ་ {{TibChung|[12b]}} གཅིག་པ་ལམ་བསྟན་པ་ནི།}}  ཀྱཻཿ    ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔  ཁམས་གསུམ་འཁོར་བ་གར་སྐྱེས་ཀྱང་༔  མ་རིག་གསུམ་གྱི་སྒྲིབ་པ་ཡིས༔  སྡུག་བསྔལ་གསུམ་གྱི་བཙོན་ཁང་དུ༔  མ་ཚུད་པ་ནི་གཅིག་ཀྱང་མེད༔  དེ་ཕྱིར་སྐྱོ་ཞིང་སུན་པའི་བློས༔  ཆགས་ཞེན་འཁྲི་བ་ཀུན་ཆོད་ལ༔    དེ་ལས་ཐར་འདོད་བསམ་པ་ཡིས༔  བདེ་ཆེན་ཞིང་ཁམས་ཡིད་ལ་གྱིས༔  འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔    བདེ་བ་ཅན་གྱི་ཞིང་ཁམས་ཡོད༔  བདེ་སྐྱིད་ལོངས་སྤྱོད་དཔག་ཏུ་མེད༔  ཞིང་དེའི་ཡོན་ཏན་བརྗོད་ལས་འདས༔  དེ་ན་སངས་རྒྱས་འོད་དཔག་མེད༔  བྱང་སེམས་འཕགས་པའི་འཁོར་གྱིས་བསྐོར༔  མཚན་ཐོས་ཙམ་གྱིས་སྲིད་ལས་གྲོལ༔  མོས་གུས་གདུང་ཤུགས་དྲག་པོ་ཡིས༔  རྣམ་གསུམ་དད་པས་གསོལ་བ་ཐོབ༔  ཁྱོད་ཀྱི་རྣམ་ཤེས་ཡི་གེ་ཧྲཱི༔   འོད་དང་ཐིག་ལེས་བརྒྱན་པ་རུ༔  གསལ་ཐོབ་ནམ་མཁའི་སྐར་མདའ་བཞིན༔  འོད་དཔག་མེད་པའི་ཐུགས་ཀ་རུ༔  ཐེ་ཚོམ་མེད་པར་རྒྱངས་ཀྱིས་འཕོས༔  དབྱེ་བ་མེད་པར་ཁྲིགས་སེ་འདྲེས༔  ནམ་མཁའ་ནམ་མཁར་ཐིམ་པ་བཞིན༔  རང་སྣང་དག་པའི་ཞིང་དུ་འཕོས༔  ཚེ་འདས་ཀྱི་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོའི་རྣམ་པར་ {{TibChung|[13a]}} གྱུར་ཏེ་སྤྱི་བོ་ནས་ཐོན།  རིགས་བདག་སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་ཐིམ་པས་ཆོས་དབྱིངས་སྐྱེ་བ་མེད་པའི་དབྱིངས་སུ་སངས་རྒྱས་པར་{{TibChung|བསམ་མོ།  །བཅུ་གཉིས་པ་མཚན་བྱང་བསྲེག་པ་ནི།}}  དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་མེ་ཡི་རྣམ་པ་བྱུང་བས་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱངས་པར་{{TibChung|བསམ་ལ་མེ་སྤར་ཞིང་།}}  ཧཱུྃ༔  མ་རིག་གསུམ་གྱི་བུད་ཤིང་ལ༔  རིག་པ་ཡེ་ཤེས་མེ་སྦར་རོ༔    གཟུང་དང་འཛིན་པའི་བུད་ཤིང་ལ༔  བདག་མེད་ཤེས་རབ་མེ་སྦར་རོ༔  ཉོན་མོངས་དུག་གསུམ་བུད་ཤིང་ལ༔  སྐུ་གསུམ་ལྷུན་གྲུབ་མེ་སྦར་རོ༔  དུག་ལྔ་ཕུང་ལྔའི་བུད་ཤིང་ལ༔  ཡེ་ཤེས་ལྔ་ཡི་མེ་སྦར་རོ༔  ཉོན་མོངས་བརྒྱད་ཁྲིའི་བུད་ཤིང་ལ༔  ཆོས་ཕུང་བརྒྱད་ཁྲིའི་མེ་སྦར་རོ༔  མ་དག་སྣང་བ་སྣོད་བཅུད་ཀུན༔  ཀ་དག་ཆོས་སྐུའི་དབྱིངས་སུ་བསྲེག༔  གཞོན་ནུ་བུམ་སྐུར་སངས་རྒྱས་ཤོག༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ    ཨཿནྲྀཿསུཿཏྲིཿཔྲེཿདུཿསརྦ་དུ་ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔  {{TibChung|ཞེས་བསྲེགས་ཤིང་མེ་པྲ་ལས་ཚེ་འདས་ཀྱི་སྡིག་སྒྲིབ་དག་མ་དག་གི་མཚན་མའང་བརྟགས།}}    པདྨ་འདམ་གྱིས་མ་གོས་ལྟར།  །སྲིད་གསུམ་དྲི་མས་མ་གོས་པར།  །སྲིད་པའི་པདྨོ་ལས་འཁྲུངས་ཏེ།  །བདེ་བ་ {{TibChung|[13b]}} ཅན་དུ་སྐྱེ་བར་ཤོག    །{{TibChung|ཅེས་སོགས་བསྔོ་སྨོན་ཁྱད་པར་ཅན་གདབ་བོ།  །བཅུ་གསུམ་པ་སཱཙྪ་གདབ་པ་ནི།}}    བྱང་རོའི་སྟེང་དུ་ཟླ་བ་ལ་གནས་པའི་ཨ་ཡིག་དཀར་པོ་འོད་ཟེར་འཕྲོ་བ།  དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབ་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་{{TibChung|བསམ་ལ།  ཡི་གེ་བདུན་པ་བཟླ་ཞིང་དྲི་བཟང་གི་ཆུས་སྦྱངས་ནས་བསྒྲུབ་པའི་བུམ་ཆུས་འཇིམ་པ་སྦྲུས་ཏེ།  ཡིག་བདུན་དང་གཟུངས་སྔགས་ཁྱད་པར་ཅན་བཟླ་བཞིན་དུ་སཱཙྪ་གདབ་ཅིང་།  བཏབ་ཟིན་པ་རྟེན་སྙིང་གི་མེ་ཏོག་འཐོར་བས་རབ་ཏུ་གནས་པར་བྱའོ།  །གསུམ་པ་རྗེས་ཀྱི་བྱ་བ་ནི།  ཚོགས་ལ་རོལ་ཞིང་ལྷག་གཏོར་དང་སྲུང་མའི་གཏོར་མ་བཏང་ཆད་བརྟན་ཕྲིན་ལས་བྱང་གི་དཀྱུས་ལྟར་མཐར་ཆགས་སུ་བཏང་བས་ལེགས་པར་གྲུབ་བོ།}}  དགོས་པ་ཁྱད་འཕགས་ཆོ་གའི་ཕྲིན་ལས་ཀྱིས།  །ཅི་བྱ་བརྟོལ་བྲལ་གཤིན་པོའི་འགྲོ་བ་ཀུན།  །ཚེགས་མེད་བདེ་ཆེན་ཞིང་དུ་དབུགས་ཕྱུངས་ཏེ།  །སྤྱན་རས་གཟིགས་ཀྱི་དགོངས་སྤྱོད་མཐར་ཕྱིན་ཤོག  {{TibChung|དེ་ལྟར་འགྲོ་འདུལ་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ཐར་ལམ་ཤིང་རྟ་ཞེས་བྱ་བ་འདི་ནི།  ཉམ་ཐག་བར་དོའི་འགྲོ་བ་མང་པོ་ལ་སྨན་པའི་བསམ་པ་བཟང་པོས་གཏེར་གཞུང་གི་དགོངས་པ་རྣམ་གསལ་ཕྱག་ལེན་གྱིས་བརྒྱན་ཏེ།  རིག་འཛིན་གྱི་བཙུན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འཕགས་མཆོག་ཕྱག་ན་པདྨོས་རྟག་ཏུ་སྐྱོང་བའི་ཞིང་ཁམས་ཆོས་འཁོར་དཔལ་གྱི་ལྷ་སར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག།  སརྦ་མངྒ་ལཾ།}} }}
༄༅།  །འགྲོ་འདུལ་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ཐར་ལམ་ཤིང་རྟ་ཞེས་བྱ་བ།  བླ་མ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།  །བརྩེ་ཆེན་སྙིང་རྗེའི་ལྕགས་ཀྱུ་གཅིག་ཁོ་ནས།  །སྲིད་འགྲོ་བདེ་བར་འདྲེན་པའི་ཕྲིན་ལས་ཅན།  །རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་མིག་མི་འཛུམ།  །འཕགས་མཆོག་ཕྱག་ན་པད་དཀར་འཛིན་དེས་སྐྱོངས།  །ལས་ཀྱི་རླུང་གིས་ངན་འགྲོའི་མུན་རུམ་དུ་།  །རབ་ཆུད་མགོན་གྱིས་ཕོངས་པའི་གཤིན་པོ་རྣམས།  །བདེ་ཆེན་ཐར་པའི་ལམ་ལ་དྲངས་པའི་ཐབས།  །གནས་ལུང་ཆོ་གའི་ཤིང་རྟ་འདིར་གསལ་བྱ།  །{{TibChung|དེ་ཡང་འཕགས་མཆོག་ཐུགས་རྗེ་ཆེན་པོའི་རིགས་སྔགས་འཛིན་ཅིང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ {{TibChung|[2a]}} ལྡན་པས་སྐྱབས་བྲལ་གཤིན་པོའི་འགྲོ་བ་རྗེས་སུ་འཛིན་པའི་ཆོ་ག་བརྩམ་པ་ལ་གསུམ།  གང་གིས་སྦྱོང་བྱེད་དཀྱིལ་འཁོར་བཤམས་པ།  གང་སྦྱང་གཞིའི་རྟེན་བཅའ་བ།  ཇི་ལྟར་སྦྱངས་པའི་ཐབས་བསྟན་པའོ།  །དང་པོ་ནི་།  རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་གྱི་དབུས་སུ་རྣམ་བུམ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་དང་བཅས་པ་དང་།  མདུན་དུ་སྐུ་ཙཀ  །གཡས་སུ་ཡིག་དྲུག་ཙཀླི།  རྒྱབ་ཏུ་མེ་ལོང་།  གཡོན་དུ་ཤེལ་རྡོ་རྣམས་བཀོད།  སྨན་རཀ་གཏོར་གསུམ།  མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམས།  སྲུང་མའི་གཏོར་འབུལ།  བགེགས་གཏོར།  ཚོགས་མཆོད།  ཆད་བརྟན།  སྤོས་རོལ་གྱི་ཁྱད་པར་དང་།  སློབ་དཔོན་གྱི་མདུན་དུ་ནང་མཆོད་།  རྡོར་དྲིལ།  ཌྰ་རུ།  འབྲུ་བཟེད་  །ལས་བུམ་སོགས་བཤམས་ཤིང་།  གཞན་ཡང་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།  །{{TibChung|[2b]}} གཉིས་པ་ནི།  ཤོག་བུ་ལ་མཚན་བྱང་པད་གདན་གྱི་སྟེང་དུ་པུས་བཙུགས་ཐལ་སྦྱར་དུ་འཁོད་པ།  སྟེང་དུ་གདུགས་དང་བཅས་པའི་རྒྱབ་བྱང་དུ་ཡི་གེ་བདུན་པ་དང་།  ཚོ་འདས་ཆེ་གེ་མོ་དཀོན་མཆོག་གསུམ་དང་བླ་མའི་ངོ་བོ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་སྐྱབས་སུ་མཆིའོ།  །ཨ་ནྲྀ་སུ་ཏྲི་པྲི་དུ་ཛཿསྤར་ཎ་ཕཊ་ཅེས་བྲིས་ཏེ་སྨྱུག་རྒོད་ཚིག་གསུམ་པ་ལ་བཏགས།  དྲི་རྟེན་གོས་བཟང་པོས་གཡོགས་པ་དཀྱིལ་འཁོར་གྱི་ལྷོ་རུ་དབང་སྟེགས་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་བཞག  །དཀྱིལ་འཁོར་གྱི་མདུན་དུ་རིགས་དྲུག་གི་དལ་མུ་དུ་ཁྱུད་བསྐོར་བའི་པདྨ་འདབ་དྲུག་ལ་རིགས་དྲུག་གི་ས་བོན་ཡིག་མགོ་ཕྱིར་བ་བསྟན་དུ་བྲིས་པའི་ལྟེ་བར་ཁྲུས་བུམ་བཅུད་ལྡན་ཁ་བརྒྱན་དུ་གཙོ་བོའི་སྐུ་ཙཀ་བཙུག་པ་བཀོད།}}  བུམ་པའི་མཐའ་བསྐོར་དུ་ཐུབ་པ་དྲུག་གི་སྐུ་ཙཀ་ས་བོན་དང་མཐུན་པར་བཤམས།  ལྷ་བཤོས་དྲུག་དང་ལན་ཆགས་གཏོར་མ་དྲུག་རྣམས་ཀྱང་ཕྱོགས་སུ་བཀོད།  གཞན་ཡང་ཞི་དྲག་དང་འབྱུང་བཞིའི་སྦྱོང་ཆས།  བྲ་བ་རྫས་བྱེ་ཡུངས་ཟས་བསྔོ་སོགས་འདུ་བྱའོ།  །གསུམ་པ་ལ་གསུམ།  དཀྱིལ་འཁོར་བསྒྲུབ་པ།  གནས་ལུང་གི་ཆོ་ག་དངོས།  རྗེས་ཀྱི་བྱ་བའོ།  །དང་པོ་ནི།  བརྒྱུད་འདེབས་ནས་བརྩམས་བཟླས་པ་རྫོགས་ཀྱི་བར་ལས་བྱང་ལྟར་གྲུབ་ནས།  རྣམ་རྒྱལ་བུམ་པ་ལ་དམིགས་ཏེ།  བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་སྐད་ཅིག་གིས་གསལ་བར་གྱུར།  རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ།  །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ {{TibChung|[3a]}} ཐུགས་ཀར་ཞུགས།  །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན།  །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར།  {{TibChung|ཞེས་གཟུངས་ཐག་ལ་འཇུས་ཏེ་ཡིག་བདུན་བརྒྱ་སྟོང་གང་འགྲུབ་བཟླས་ལ།}}    ཨོཾ་ཨཱཿཧཱུྃ་གིས་ལྷ་རྣམས་འོད་དུ་ཞུ་བ་ལས་བུམ་ཆུ་བདུད་རྩིའི་རྒྱ་མཚོར་གྱུར་{{TibChung|པར་མོས།  ཁྲུས་བུམ་བསྒྲུབ་པ་ནི།}}    སྭ་བྷཱ་ཝ་{{TibChung|ས་སྦྱངས།}}  སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་རྫོགས་པའི་ནང་དུ་སྡིག་སྒྲུབ་སྦྱོང་བའི་མཐུ་དང་ལྡན་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་བོས་ཡོངས་སུ་གང་བར་{{TibChung|བསམ་ཞིང་།  ཡིག་བདུན་དང་སྦྱོང་སྔགས།}}  ཀཾ་ཀ་ནི་{{TibChung|ཅི་རིགས་བཟླ་ཞིང་བྲབ་རྫས་བྱེ་ཡུངས་ལའང་བསྔགས།}}    ལས་བུམ་ནང་དུ་རྟ་མགྲིན་རྒྱལ།  །དམར་ནག་ཐོད་དབྱུག་སྦྲུལ་ཞགས་འཛིན།  །ཁྲོ་བོའི་ཆས་རྫོགས་འདོར་སྟབས་ཀྱིས།  །ཡེ་ཤེས་མེ་དཔུང་དབུས་ན་རོལ།  །{{TibChung|ཅེས་མོས་ལ།}}    ཨོཾ་ཧྱ་གྲཱི་ཝ་ཧཱུྃ་ཕཊ།  {{TibChung|ཅི་ནུས་བཟླ་ཞིང་།}}    ཁྲོ་བོའི་རྒྱལ་པོ་འོད་དུ་ཞུ་བས་བུམ་ཆུ་རྡོ་རྗེའི་རྡུལ་ཕྲ་རབ་ཏུ་གྱུར་པར་{{TibChung|བསམ།  དེ་ནས་སྲུང་མའི་གཏོར་འབུལ་དང་ཚོགས་མཆོད་བྱིན་རླབས་ནས་བསྒྲལ་བསྟབ་བར་བཏང་ལ།  རང་ཉིད་དཀྱིལ་འཁོར་དུ་ཞུགས་ཏེ་དབང་རྒྱས་པར་བླང་བའམ་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ།  །གཉིས་པ་གནས་ལུང་གི་ཆོ་ག་དངོས་ལ།  བསྐྱེད་དགུག་བགེགས་བསལ་ཁྲུས་དྲུག་སྦྱོང་།  །ཆོས་བཤད་གནས་འདྲེན་དབང་བསྐུར་ཞིང་།  །ཟས་གཏད་མཆོད་གསོལ {{TibChung|[3b]}} སྣང་གསལ་བསྔོ།  །ལམ་བསྟན་བྱང་བསྲེག་སྰཙྪ་གདབ།  །ཅེས་པ་ལྟར་བཅུ་གསུམ་ལས།  དང་པོ་རྟེན་བསྐྱེད་པ་ནི།}}  ཨོཾ་མ་ཧཱ་ཤུ་ནྱ་{{TibChung|ཏས་བསང་སྦྱང་།}}    སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་{{TibChung|པར་བསམ་ལ།  གཉིས་པ་རྣམ་ཤེས་དགུག་པ་ནི།  རང་ཉིད་འཕགས་པའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཚེ་འདས་ཀྱི་རྣམས་ཤེས་ཨ་ཡིག་གི་རྣམ་པས་བཀུག་པར་བསམ་ཞིང་།  ལྕགས་ཀྱུའི་ཕྱག་རྒྱ་དང་བཅས།}}    ན་མོ།  རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔའ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་།  སངས་རྒྱས་ཀྱི་བཀའ་བདེན་པ་དང་།  ཆོས་ཀྱི་བཀའ་བདེན་པ་དང་།  དགེ་འདུན་གྱི་བཀའ་བདེན་པ་དང་།  ཡི་དམ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་།  སྐུ་གསུམ་བརྒྱུད་གསུམ་རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་བཀའ་བདེན་པ་དང་།  ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པ་དང་།  ཆོས་ཉིད་རྣམ་པར་དག་པའི་བདེན་པའི་མཐུས།  ཚེ་ལས་འདས་པ་ཆེ་གེ་མོའི་རྣམ་པར་ཤེས་པ་འགྲོ་བ་རིགས་དྲུག་སྐྱེ་བ་རྣམ་བཞི་ལམ་རྒྱུད་ལྔ་སྲིད་པ་བར་མ་དོ་སོགས་གར་ཡོད་པའི་ས་ནས་དམིགས་པའི་རྟེན་མཚན་བྱང་འདི་ལ་ཁུག་ཅིག  །བཛྲ་ཨདྐུ་ཤ་ཛཿཛཿ  {{TibChung|ཞེས་ལན་གསུམ་དང་།}}    ནྲྀ་ཨ་བེ་ཤ་ཡ་ཨ་ {{TibChung|[4a]}} ཨ།  ཛཿཧཱུྃ་བྃ་ཧོཿ ས།  རྣམ་པར་ཤེས་པ་རྟེན་དང་གཉིས་སུ་མེད་པར་ཐིམ་པར་{{TibChung|བསམ་མོ།  །གསུམ་པ་བགེགས་སྦྱོང་བ་ནི།  གཏོར་མ་གསུམ་པོ་རེ་རེ་བཞིན་རྟེན་ལ་གཡས་སུ་བསྐོར་ཞིང་།}}    ཨོཾ་སརྦ་བིགྷྣྰན་ན་མ༔  སརྦ་ཏ་ཐྰ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ  སརྦ་ཐྰ་ཁཾ་ཨུཏྒ་ཏེ་སྤར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལིནྟེ་སྭཱ་ཧཱ།  {{TibChung|ཞེས་ལན་གསུམ་གྱིས་ཞི་བ།  ཏིང་ལོ་དང་ཆང་བུ་གཡོན་དུ་བསྐོར་ཞིང་།}}    ཨོཾ་སུམྦྷ་ནི་ སུམྦྷ་ནི་ ཧཱུྃ།  གྲྀ་ཧྞ་ གྲྀ་ཧྞ་ཧཱུྃ།  གྲྀཧྞ་པ་ཡགྲྀ་ཧྞ་པ་ཡ་ཧཱུྃ།  ཨ་ན་ཡ་ཧོཿ    བྷ་ག་ཝཱན་བིདྱ་ར་ཛཱ་ཡ་ཧཱུྃ་ཕཊ    །{{TibChung|ཞེས་ལན་གསུམ་གྱིས་ཕྱེད་མ།}}  རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་ཆས་ཅན་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བའི་སྐུར་གྱུར་{{TibChung|པར་བསམ་ལ།}}    ཧཱུྃ༔    ང་ནི་དབང་ཆེན་ཁྲོས་པའི་སྐུ༔    ཁམས་གསུམ་འདི་ན་སུ་ཡང་རུང་༔  ཚེ་འདས་སྒྲིབ་པ་སྦྱོང་པ་ལ༔    བར་གཅོད་གདོན་བགེགས་བྱུང་པོ་ཀུན༔    སོ་སོར་རང་རང་གནས་སུ་སོང་༔    གལ་ཏེ་མི་འགྲོ་འདུག་གྱུར་ན༔    ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལས༔    མཚོན་ཆ་སྣ་ཚོགས་རབ་འབར་བས༔  ལུས་ངག་རྡུལ་ཕྲན་བཞིན་དུ་བརླག༔    དེ་བས་ད་ལྟ་ཕྱིར་དེངས་ཤིག༔  {{TibChung|ཅེས་དང་བདེན་སྟོབས་སྔར་བཞིན་བརྗོད་པའི་མཐར།}}  ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་ {{TibChung|[4b]}} གཅོད་ཅིང་གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག  །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཏ་རེ།  ཨོཾ་བཛྲ་ཀྲོ་ཏ་པདྨ་ནྟ་ཀྲྀ་ཏ་ཧྱ་གྲཱི་བ་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ།  {{TibChung|ཅེས་བཟླ་ཞིང་།  གུ་གུལ་ཡུངས་ཐུན་རོལ་མོའི་སྒྲ་དྲག་པོ་དང་བཅས་གཏོར་མ་ཕྱི་རོལ་དུ་དོར་བ་ནི་དྲག་པོས་སྦྱོང་བའོ།  །བཞི་པ་ཁྲུས་བྱ་ཞིང་དུག་སྦྱོང་བ་ནི།  རྟེན་གྱི་གཟུགས་བརྙན་མེ་ལོང་དུ་འཆར་བ་ལ་ཁྲུས་བུམ་གྱི་ཁྲུས་བྱ་ཞིང་།}}    ཧྲཱིཿ    བཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡི༔    རྡོ་རྗེའི་སྐུ་ཡི་བྱིན་རླབས་ཆུས༔  ཚེ་འདས་འདི་ལ་ཁྲུས་བགྱིས་པས༔    ལུས་ཀྱི་སྒྲིབ་པ་དག་གྱུར་ཅིག༔    ཧྲཱིཿ  བཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡི༔    རྡོ་རྗེའི་གསུང་གི་བྱིན་རླབས་ཆུས༔    ཚེ་འདས་འདི་ལ་ཁྲུས་བགྱིས་པས༔    ངག་གི་སྒྲིབ་བདག་གྱུར་ཅིག༔    ཧྲཱིཿ  བཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡི༔    རྡོ་རྗེའི་ཐུགས་ཀྱི་བྱིན་རླབས་ཆུས༔    ཚེ་འདས་འདི་ལ་ཁྲུས་བགྱིས་པས༔    ཡིད་ཀྱི་སྒྲིབ་པ་དག་གྱུར་ཅིག༔    ཧྲཱིཿ  བཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡི༔    སྐུ་དང་ཡེ་ཤེས་རོལ་པའི་ཆུས༔    ཚེ་འདས་འདི་ལ་ཁྲུས་བགྱིས་པས༔    མ་ {{TibChung|[5a]}} རིག་གཟུང་འཛིན་ལ་བརྟེན་པའི༔    ཉོན་མོངས་དུག་ལྔ་ཕུང་ལྔ་དང་༔    སྒྲིབ་གཉིས་བག་ཆགས་མ་ལུས་པ༔    ཡེ་ཤེས་ལྔ་དང་སྐུ་ལྔ་ཡི༔  རོལ་པ་ཆེན་པོར་དག་གྱུར་ཅིག༔  {{TibChung|ཅེས་ཚིགས་བཅད་སོ་སོའི་མཚམས་སུ།}}    ཨོཾ་མ་ཎི་པདྨེ་ཧྲཱིཿ  ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་བག་ཆགས་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ།  {{TibChung|ཞེས་སྦྱར།  བུམ་སྒྲོས་རྟེན་ལ་བྱབ་ཅིང་།}}    འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔    འདི་དག་ཚེ་འདས་དུག་གསུམ་སྟེ༔  བཅོམ་ལྡན་སངས་རྒྱས་དུག་མི་མངའ༔    སངས་རྒྱས་བདེན་པས་དུག་བཅོམ་མོ༔  {{TibChung|དེ་བཞིན་དུ།}}    དམ་ཆོས་དང་།  དགེ་འདུན་ལ་{{TibChung|ཡང་སྦྱར།  དེ་ནས་འབྱུང་བ་སོ་སོས་བྱབ་ཅིང་།}}    ས་ནི་དུག་གི་ཕ་ཡིན་ཏེ༔    ས་ནི་དུག་གི་མ་ཡང་ཡིན༔    དཀོན་མཆོག་གསུམ་གྱི་བདེན་པའི་མཐུས༔    དུག་གསུམ་ས་ཡི་ནང་དུ་སོང་༔  {{TibChung|དེ་བཞིན་དུ།}}    ཆུ་མེ་རླུང་{{TibChung|རྣམས་སུ་བསྒྱུར་བས་དུག་སྦྱང་།  ཡིག་བདུན་དང་།}}    ཀཾ་ཀ་{{TibChung|ནིའི་ཤམ་དུ།}}    ཚེ་ལས་འདས་པའི་ཉོན་མོངས་པ་དུག་གསུམ་ལས་བྱུང་བའི་དུག་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ།  {{TibChung|ལྔ་པ་ཆོས་བཤད་པ་ནི།}}    ཀྱེ་ཧོཿ    ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔    སྔོན་བསགས་བསོད་ནམས་འབྲས་བུ་ཡིས༔  མི་ཡི་སྲིད་པ་ཐོབ་ལགས་ཀྱང་༔  མི་རྟག་འཆི་བའི་དབང་གྱུར་ཏེ༔  རྣམ་ཤེས་བར་མ་ {{TibChung|[5b]}} དོ་རུ་འཁྱམས༔    འཁྲུལ་སྣང་འཇིགས་སྐྲག་སྣ་ཚོགས་པས༔    སྡུག་བསྔལ་བཟོད་དཀའ་ཡ་རེ་ང་༔    སྣ་ཚོགས་སྣང་བ་ཐམས་ཅད་ཀུན༔  སྒྱུ་མ་རྨི་ལམ་ཇི་བཞིན་དུ༔    མེད་བཞིན་འཁྲུལ་པའི་སྣང་ཆ་སྟེ༔  ངོ་ཤེས་ངང་ལ་ཞེན་པ་ཆོད༔    ཆོས་ཉིད་སྤྲོས་མཐའ་བྲལ་བ་ལ༔    མ་རིག་འཁྲུལ་པ་དབང་བཙན་པས༔    ང་དང་བདག་ཏུ་འཛིན་པ་ལས༔    མ་དག་རླུང་སེམས་གཡོ་བའི་འཕྲུལ༔    དཔེར་ན་ཉི་མ་ཉི་འོད་བཞིན༔    གནས་རིགས་དྲུག་གི་འཇིག་རྟེན་ཀུན༔  སྣང་ཞིང་གནས་གྱུར་ཆོས་ཅན་ཏེ༔  རྟག་པར་གནས་པ་གཅིག་ཀྱང་མེད༔  རང་འཁྲུལ་རང་སྣང་སྣ་ཚོགས་པ༔    རྨི་ལམ་ཇི་བཞིན་ཤེས་མཛོད་ལ༔    ཐམས་ཅད་མེད་དང་མ་གྲུབ་པའི༔    སྟོང་པ་ཉིད་དུ་ཤེས་པར་གྱིས༔  སྟོང་ཉིད་ཟང་ཐལ་ཁྱབ་བརྡལ་སྟེ༔  ངོ་བོ་ཉིད་དང་གཞིའི་ཆོས་ཉིད༔    མངོན་གྱུར་ཆེན་པོ་རིག་པའི་དབྱིངས༔    རང་དབང་རྒྱལ་པོའི་བཙན་ས་ཟུངས༔  ཤེས་པ་གཞན་དུ་མ་ཡེངས་པར༔  རྣམ་གསུམ་དད་པའི་ཤུགས་བསྐྱེད་ལ༔    ལྷ་དང་བླ་མར་གསོལ་བ་ཐོབ༔  {{TibChung|དྲུག་པ་རིགས་དྲུག་གི་གནས་ནས་འདྲེན་པ་ལ་དྲུག་ལས།  དང་པོ་དམྱལ་བའི་གནས་ནས་དྲང་བ་ནི།  མཚན་བྱང་དམྱལ་བའི་དལ་དུ་བཞག་ལ།}}    ཧཱུྃ་ཧྲཱིཿ  སྐད་ཅིག་སྣང་བ་གནས་འགྱུར་ཏེ༔    {{TibChung|[6a]}} རྨི་ལམ་སྒྱུ་མ་ཇི་བཞིན་དུ༔    དམྱལ་བའི་གནས་ཡུལ་བཀོད་པ་ཕུལ༔  སྣང་ལ་རང་བཞིན་མེད་པར་ཤར༔  {{TibChung|ཞལ་ཟས།}}    ཨོཾ་ཨཱཿཧཱུྃ་{{TibChung|གིས་བརླབས་ཏེ།}}    ཧཱུྃ༔  བཅོམ་ལྡན་ཆོས་ཀྱི་རྒྱལ་པོ་ལ༔  འདོད་རྒུ་དཔལ་གྱི་མཆོད་པ་འབུལ༔  ཚེ་འདས་དམྱལ་བ་ལས་བསྒྲལ་ཏེ༔  དག་པའི་ཞིང་དུ་དྲང་དུ་གསོལ༔  བཛྲ་ནཻ་ཛི་དྱ་ཨཱཿཧཱུྃཿ  {{TibChung|ཞེས་འབུལ།  གླུང་གཏོར།}} སམྦྷ་ར{{TibChung|འི་སྔགས་ཀྱིས་སྤེལ་ཞིང་བསྒྱུར་ལ།}}  ཧཱུྃ༔  འདོད་ཡོན་ལྔ་ལྡན་གཏོར་མ་འདི༔  ཐར་ལམ་བར་ཆད་གེགས་བྱེད་པའི༔  བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔  ཕྱིན་ཆད་གནོད་པ་མ་བྱེད་ཅིག༔  སརྦ་བྷུ་ཏ་བ་ལིང་ཏ་ཁཱ་ཧི༔  ཨུ་ཙ་ཏ་ཡ་ཕཊ༔  {{TibChung|ཅེས་བསྔོ།  ཁྲུས་བུམ་གྱི་ཆུས་ཁྲུས་བྱ་ཞིང་།}}  ཧཱུྃ༔    འདི་ནི་བཟོད་པའི་རང་བཞིན་ཆུས༔  ཚེ་འདས་འདི་ལ་ཁྲུས་བགྱིས་པས༔    ཞེ་སྡང་སྒྲིབ་པ་རྣམ་དག་ནས༔  ཚ་གྲང་སྡུག་བསྔལ་དག་གྱུར་ཅིག༔    ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ    དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔  བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་དམྱལ་བའི་ལས་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་པར་{{TibChung|མོས་ལ་བྱེ་མས་བྲབ་ཅིང་།}}  ཧྲཱིཿ    རང་ཉིད་ལྷ་ཡི་ཐུགས་ཀ་ནས༔    {{TibChung|[6b]}} འོད་ཕུང་བསྐལ་མེ་ལྟ་བུ་འཕྲོས༔  དམྱལ་བའི་ས་བོན་དུཿནག་པོཿ  ཞེ་སྡང་ལས་ཉོན་སྒྲིབ་པ་བསྲེགས༔  ཨོ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ    དུཿསརྦ་ན་ར་ཀ་དུ་ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔  {{TibChung|ཞེས་དམྱལ་བའི་དལ་བསྡུ་ཞིང་མཚན་བྱང་ཡི་དྭགས་ཀྱི་གནས་སུ་བཞག  །གཉིས་པ་ཡི་དྭགས་ཀྱི་གནས་ནས་དྲང་བ་ནི།}}  ཧཱུྃ་ཧྲཱིཿ  སྐད་ཅིག་སྣང་བ་གནས་འགྱུར་ཏེ༔  རྨི་ལམ་སྒྱུ་མ་ཇི་བཞིན་དུ༔  ཡི་དྭགས་གནས་ཡུལ་བཀོད་པ་འཕྲུལ༔  སྣང་ལ་རང་བཞིན་མེད་པར་ཤར༔  ཞལ་ཟས༔  ཨོཾ་ཨཱཿཧཱུྃ་{{TibChung|གིས་བརླབས་ཏེ།}}  ཧཱུྃ༔  བཅོམ་ལྡན་ཁ་འབར་དེ་ཝ་ལ༔  འདོད་རྒུ་དཔལ་གྱི་མཆོད་པ་འབུལ༔  ཚེ་འདས་ཡི་དྭགས་ལས་བསྒྲལ་ཏེ༔  དག་པའི་ཞིང་དུ་དྲང་དུ་གསོལ༔  བཛྲ་ནཻ་ཝིདྱ་ཨཱཿཧཱུྃ༔  {{TibChung|ཞེས་འབུལ།  གླུད་གཏོར།}}    སམྦྷ་ར་དང་།  ཧཱུྃ༔  འདོད་ཡོན་ལྔ་ལྡན་གཏོར་མ་འདི༔  ཐར་ལམ་བར་ཆད་གེགས་བྱེད་པའི༔  བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔    ཕྱིན་ཆད་གནོད་པ་མ་བྱེད་ཅིག༔    སརྦ་བྷུ་ཏ་བ་ལིང་ཏ་ཁཱ་ཧི༔  ཕ་ཙ་ཏ་ཡ་ཕཊ༔  {{TibChung|ཅེས་བསྔོ།  ཁྲུས་བྱ་ཞིང་།}}  ཧཱུྃ༔  འདི་ནི་སྦྱིན་པའི་རང་བཞིན་ཆུ༔  ཚེ་འདས་འདི་ལ་ཁྲུས་བགྱིས་པས༔  སེར་སྣའི་སྒྲིབ་པ་རྣམ་དག་ཅིང་༔  བཀྲེས་སྐོམ་སྡུག་བསྔལ་དག་གྱུར་ཅིག༔  ཨོཾ་མ་ཎི་པདྨེ་ {{TibChung|[7a]}} ཧཱུྃ་ཧྲཱིཿ    ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔  བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་ཡི་དྭགས་ཀྱི་ལས་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་པར་{{TibChung|མོས་ལ་བྱེམས་བྲབ་ཅིང་།}}  ཧྲཱིཿ    རང་ཉིད་ལྷ་ཡི་ཐུགས་ཀ་ནས༔  འོད་ཕུང་བསྐལ་མེ་ལྟ་བུ་འཕྲོས༔  ཡི་དྭགས་ས་བོན་པྲེ་ཐལ་སྐྱ༔    འདོད་ཆགས་ལས་ཉོན་སྒྲིབ་པ་བསྲེགས༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ  པྲི་སརྦ་པྲེ་ཏ་ཀུ་ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔  {{TibChung|ཞེས་ཡི་དྭགས་ཀྱི་དལ་བསྡུ་ཞིང་མཚན་བྱང་དུད་འགྲོའི་གནས་སུ་བཞག  །གསུམ་པ་དུད་འགྲོའི་གནས་ནས་དྲང་པ་ནི།}}  ཧཱུྃ་ཧྲཱིཿ  སྐད་ཅིག་སྣང་བ་གནས་འགྱུར་ཏེ༔  རྨི་ལམ་སྒྱུ་མ་ཇི་བཞིན་དུ༔  བྱོལ་སོང་གནས་ཡུལ་བཀོད་པ་འཕྲུལ༔  སྣང་ལ་རང་བཞིན་མེད་པར་ཤར༔  {{TibChung|ཞལ་ཟས།}}    ཨོཾ་ཨཱཿཧཱུྃ་{{TibChung|གིས་བརླབས་ཏེ།}}  ཧཱུྃ༔  བཅོམ་ལྡན་སེང་གེ་རབ་བརྟན་ལ༔    འདོད་རྒུ་དཔལ་གྱི་མཆོད་པ་འབུལ༔    ཚེ་འདས་བྱོལ་སོང་ལས་བསྒྲལ་ཏེ༔  དག་པའི་ཞིང་དུ་དྲང་དུ་གསོལ༔  བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ༔  {{TibChung| ཞེས་འབུལ།  གླུད་གཏོར་སམྦྷ་ར་དང་།}}  ཧཱུྃ༔    འདོད་ཡོན་ལྔ་ལྡན་གཏོར་མ་འདི༔    ཐར་ལམ་བར་ཅད་གེགས་བྱེད་པའི༔  བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔  ཕྱིན་  {{TibChung|[7b]}} ཆད་གནོད་པ་མ་བྱེད་ཅིག༔  སརྦ་བྷུ་ཏ་པ་ལི་ཏ་ཁཱ་ཧི༔    ཨུ་ཙ་ཏ་ཡ་ཕཊ༔  {{TibChung|ཅེས་བསྔོ།  ཁྲུས་བྱ་ཞིང་།}}    ཧཱུྃ༔  འདི་ནི་ཤེས་རབ་རང་བཞིན་ཆུས༔  ཚེ་འདས་འདི་ལ་ཁྲུས་བགྱིས་པས༔  གཏི་མུག་སྒྲིབ་པ་རྣམ་དག་ནས༔  བླུན་རྨོངས་སྡུག་བསྔལ་དག་གྱུར་ཅིག༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ    དུད་འགྲོ་གླེན་ལྐུགས་ཀྱི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔  བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་དུད་འགྲོའི་ལས་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་པར་{{TibChung|མོས་ལ་བྱེམས་བྲབ་ཅིང་།}}    ཧྲཱིཿ  རང་ཉིད་ལྷ་ཡི་ཐུགསུ་ཀ་ནས༔  འོད་ཕུང་བསྐལ་མེ་ལྟ་བུ་འཕྲོས༔  བྱོལ་སོང་ས་བོན་ཏྲིཿདམར་ནག༔  གཏི་མུག་ལས་ཉོན་སྒྲིབ་པ་བསྲེགས༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ    ཏྲི་སརྦ་ཏིརྱ་ཀ་དུ་ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔  {{TibChung|ཞེས་དུད་འགྲོའི་དལ་བསྡུ་ཞིང་མཚན་བྱང་ལྷ་མིན་གྱི་གནས་སུ་བཞག    །  བཞི་པ་ལྷ་མིན་གྱི་གནས་ནས་དྲང་བ་ནི།}}  ཧཱུྃ་ཧྲཱིཿ  སྐད་ཅིག་སྣང་བ་གནས་འགྱུར་ཏེ༔  རྨི་ལམ་སྒྱུ་མ་ཇི་བཞིན་དུ༔  ལྷ་མིན་གནས་ཡུལ་བཀོད་པ་འཕྲུལ༔  སྣང་ལ་རང་བཞིན་མེད་པར་ཤར༔  {{TibChung|ཞལ་ཟས།}}  ཨོཾ་ཨཱཿཧཱུྃ་{{TibChung|གིས་བརླབས་ཏེ།}}  ཧཱུྃ༔  བཅོམ་ལྡན་ཐག་བཟང་རིས་མཆོག་ལ༔  འདོད་རྒུའི་དཔལ་གྱི་མཆོད་པ་འབུལ༔  ལྷ་མིན་སྲིད་པ་  {{TibChung|[8a]}} ལས་བསྒྲལ་ཏེ༔  དག་པའི་ཞིང་དུ་དྲང་དུ་གསོལ༔  བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ༔  {{TibChung|ཞེས་འབུལ།  གླུད་གཏོར་}} སམྦྷ་{{TibChung|ར་དང་།}}    ཧཱུྃ༔  འདོད་ཡོན་ལྔ་ལྡན་གཏོར་མ་འདི༔  ཐར་ལམ་བར་ཆད་གེགས་བྱེད་པའི༔  བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔  ཕྱིན་ཆད་གནོད་པ་མ་བྱེད་ཅིག༔  སརྦ་བྷུ་ཏ་བ་ལིཾ་ཏ་ཁཱ་ཧིཿ    ཨུ་ཙ་ཏ་ཡ་ཕཊ༔  {{TibChung|ཅེས་བསྔོ།  ཁྲུས་བྱ་ཞིང་།}}    ཧཱུྃ༔  འདི་ནི་བསམ་གཏན་རང་བཞིན་ཆུས༔  ཚེ་འདས་འདི་ལ་ཁྲུས་བགྱིས་པས༔  ཕྲག་དོག་སྒྲིབ་པ་རྣམ་དག་ཅིང་༔  འཐབ་རྩོད་སྡུག་བསྔལ་དག་གྱུར་ཅིག༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ    ལྷ་མིན་འཐབ་རྩོད་ཀྱི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔  བདག་དང་དཀྱིལ་འཁོར་བའི་ཐུགས་རྗེའི་འོད་ཟེར་གྱིས་ལྷ་མིན་གྱི་ལས་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་པར་{{TibChung|མོས་ལ་བྱེ་ས་བྲབ་ཅིང་།}}    ཧྲཱིཿ   རང་ཉིད་ལྷ་ཡི་ཐུགས་ཀ་ནས༔  འོད་ཕུང་བསྐལ་མེ་ལྟ་བུ་འཕྲོས༔  ལྷ་མིན་ས་བོན་སུ་སེར་ནག༔  ཕྲག་དོག་ལས་ཉོན་སྒྲིབ་པ་བསྲེགས༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ  སུ་སརྦ་དུ་སུ་ཥ་དུ་ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔  {{TibChung|ཞེས་ལྷ་མིན་གྱི་དལ་བསྡུ་ཞིང་མཚན་བྱང་ལྷའི་གནས་སུ་བཞག  །ལྔ་པ་ལྷའི་གནས་ནས་དྲང་བ་ནི།}}  ཧཱུྃ་ཧྲཱིཿ    {{TibChung|[8b]}} སྐད་ཅིག་སྣང་བ་གནས་འགྱུར་ཏེ༔  རྨི་ལམ་སྒྱུ་མ་ཇི་བཞིན་དུ༔  ལྷ་ཡི་གནས་ཡུལ་བཀོད་པ་འཕྲུལ༔  སྣང་ལ་རང་བཞིན་མེད་པར་ཤར༔  {{TibChung|ཞལ་ཟས།}}  ཨོཾ་ཨཱཿཧཱུྃ་{{TibChung|གིས་བརླབས་ཏེ།}}  ཧཱུྃ༔    བཅོམ་ལྡན་དབང་པོ་བརྒྱ་བྱིན་ལ༔  འདོད་རྒུ་དཔལ་གྱི་མཆོད་པ་འབུལ༔    ལྷ་ཡི་སྲིད་པ་ལས་བསྒྲལ་ཏེ༔  དག་པའི་ཞིང་དུ་དྲང་དུ་གསོལ༔  བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ༔  {{TibChung|ཞེས་འབུལ།  གླུད་གཏོར་སམྦྷ་ར་དང་།}}  ཧཱུྃ༔    འདོད་ཡོན་ལྔ་ལྡན་གཏོར་མ་འདི༔  ཐར་ལམ་བར་ཆད་གེགས་བྱེད་པའི༔  བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔  ཕྱིན་ཆད་གནོད་པ་མ་བྱེད་ཅིག༔    སརྦ་བྷུ་ཏ་བ་ལིཾ་ཏ་ཁཱ་ཧི༔    ཨུ་ཙ་ཏ་ཡ་ཕཊ༔  {{TibChung|ཅེས་བསྔོ།  ཁྲུས་བྱ་ཞིང་།}}  ཧཱུྃ༔  འདི་ནི་བརྩོན་འགྲུས་རང་བཞིན་ཆུས༔  ཚེ་འདས་འདི་ལ་ཁྲུས་བགྱིས་པས༔  ང་རྒྱལ་སྒྲིབ་པ་རྣམ་དག་ནས༔  འཕོ་ལྟུང་སྡུག་བསྔལ་དག་གྱུར་ཅིག༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ        ལྷ་འཕོ་ལྟུང་གི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔  བདག་དང་དཀྱིལ་འཁོར་པའི་ཐུགས་རྗེ་འོད་ཟེར་གྱིས་ལྷའི་ལས་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་པར་{{TibChung|མོས་ལ།  བྱེ་མས་བྲབ་ཅིང་།}}  ཧྲཱིཿ    རང་ཉིད་ལྷ་ཡི་ཐུགས་ཀ་ནས༔  འོད་ {{TibChung|[9a]}} ཕུང་བསྐལ་མེ་ལྟ་བུ་འཕྲོས༔  ལྷ་ཡི་ས་བོན་ཨཿདཀར་པོ༔  ང་རྒྱལ་ལས་ཉོན་སྒྲིབ་པ་བསྲེགས༔  ཨོ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ   ཨཿསརྦ་ཨ་སུ་ར་དུ་ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔  {{TibChung|ཞེས་ལྷའི་དལ་བསྡུ་ཞིང་མཚན་བྱང་མིའི་གནས་སུ་བཞག    །  དྲུག་པ་མིའི་གནས་ནས་དྲང་བ་ནི།}}  ཧཱུྃ་ཧྲཱིཿ    སྐད་ཅིག་སྣང་བ་གནས་འགྱུར་ཏེ༔  རྨི་ལམ་སྒྱུ་མ་ཇི་བཞིན་དུ༔  མི་ཡི་གནས་ཡུལ་བཀོད་པ་འཕྲུལ༔  སྣང་ལ་རང་བཞིན་མེད་པ་ཤར༔  {{TibChung|ཞལ་ཟས།}}  ཨོཾ་ཨཱཿཧཱུྃ་{{TibChung|གོས་བརླབས་ཏེ།}}    ཧཱུྃ༔  བཅོམ་ལྡན་ཤཱཀྱ་ཐུབ་པ་ལ༔  འདོད་རྒུ་དཔལ་གྱི་མཆོད་པ་འབུལ༔  མི་ཡི་སྲིད་པ་ལས་བསྒྲལ་ཏེ༔  དག་པའི་ཞིང་དུ་དྲང་དུ་གསོལ༔    བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ༔  {{TibChung|ཞེས་འབུལ།  གླུང་གཏོར།}}  སམྦྷ་{{TibChung|ར་དང་།}}    ཧཱུྃ༔  འདོད་ཡོན་ལྔ་ལྡན་གཏོར་མ་འདི༔  ཐར་ལམ་བར་ཆད་གེགས་བྱེད་པའི༔  བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔  ཕྱིན་ཆད་གནོད་པ་མ་བྱེད་ཅིག༔  སརྦ་བྷུ་ཏ་བ་ལིཾ་ཏ་ཁཱ་ཧི༔    ཨུ་ཙ་ཏ་ཡ་ཕཊ༔  {{TibChung|ཅེས་བསྔོ།}}  ཁྲུས་{{TibChung|བྱ་ཞིང་།}}  ཧཱུྃ༔  འདི་ནི་ཚུལ་ཁྲིམས་རང་བཞིན་ཆུས༔  ཚེ་འདས་འདི་ལ་ཁྲུས་བགྱིས་པས༔  སྒྲིབ་གཉིས་དྲི་མ་རྣམ་དག་ནས༔  འགྱུར་བའི་སྡུག་བསྔལ་ཀུན་དག་ཤོག༔  ཨོཾ་ {{TibChung|[9b]}} མ་ཎི་པདྨེ་ཧཱུྃ་ཧྲཱིཿ  མི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ    བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་མིའི་ལས་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་པར་{{TibChung|མོས་ལ་བྱེ་མས་བྲབ་ཅིང་།}}  ཧྲཱིཿ    རང་ཉིད་ལྷ་ཡི་ཐུགས་ཀ་ནས༔  འོད་ཕུང་བསྐལ་མེ་ལྟ་བུ་འཕྲོས༔  མི་ཡི་ས་བོན་ནྲྀཿ  ལྗང་གུ༔    དུག་ལྔའི་ལས་ཉོན་བག་ཆགས་བསྲེགས༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ   ནྲྀཿསརྦ་བྷི་ཤ་དུ་ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔  {{TibChung|ཞེས་མིའི་དལ་བསྡུ་ཞིང་མཚན་བྱང་དབང་སྟེགས་སུ་བཞག}}  །  དེ་ལྟར་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་སྦྱངས་ཏེ་ཚེ་འདས་ཉིད་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེག་པདྨ་འདབ་བརྒྱད་ཀྱི་གདན་ལ་འཁོད་པར་{{TibChung|བསམ་མོ།  །བདུན་པ་དབང་བསྐུར་བ་ནི།}}  ས་གཞི་སྤོས་ཆུས་བྱུག་ཅིང་{{TibChung|སོགས་ཀྱིས་མཎྜལ་ཕུལ་ཏེ།}}    ན་མོ༔  སངས་རྒྱས་ཆོས་དང་དགེ་འདུན་དང་༔    ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔  བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔  ཀུན་གྱི་ཁྱབ་བདག་བླ་མ་ལ༔  རྣམ་གསུམ་དད་པས་གསོལ་བ་འདེབས༔  དེང་བཟུང་བྱང་ཆུབ་མཐོབ་བར༔    སྒོ་གསུམ་གུས་པས་སྐྱབས་སུ་མཆི༔    སོ་ཐར་བྱང་སེམས་གསང་སྔགས་ཀྱི༔  སྡོམ་དང་བསླབ་ལ་རབ་ཞུགས་ནས༔  འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔    {{TibChung|[10a]}} མ་དང་བུ་ཡི་འདུ་ཤེས་ཀྱིས༔  ཕན་དང་བདེ་བའི་ཐབས་བརྩོན་བྱ༔  ལྷ་དང་བླ་མའི་ཚོགས་རྣམས་ཀྱིས༔  ཁམས་གསུམ་འཁོར་བའི་རྒྱ་མཚོ་ལས༔  བསྒྲལ་ནས་ཐར་ལམ་བསྟན་དུ་གསོལ༔  {{TibChung|ཞེས་ལན་གསུམ་གྱིས་སྐྱབས་སེམས་དང་གསོལ་བ་གདབ།}}  ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉ་ཧཾ་{{TibChung|གིས་བསང་སྦྱང་།}}  སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་གྱི་སྟེང་དུ་ཁྱོད་རང་ཐུགས་རྗེ་ཆེན་པོ་ཡུམ་དང་བཅས་པའི་སྐུར་གསལ་བའི་ཡབ་ཀྱི་སྙིང་གར་ཧྲཱིཿཡིག་དཀར་པོ་གསལ་ཞིང་འབར་བའི་འོད་ཀྱིས་བསྐུལ་བས་དཀྱིལ་འཁོར་བ་རྣམས་ཀྱི་ཐུགས་ཀ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སྐུ་དང་སྙིང་པོ་ཕྱག་རྒྱ་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་ཏེ་ཁྱོད་རང་ལ་ཐིམ་པས་ཟག་མེད་ཀྱི་བདེ་བས་རྒྱུད་གང་བར་མོས་མཛོད།  ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ    བཛྲ་ཨ་བེ་ཤ་ཡ་ཨ་ཨཱཿ  {{TibChung|ཞེས་སྤོས་རོལ་དང་བཅས་ཏེ་ཡེ་ཤེས་པ་དབབ།}}  ཏིཥྛ་བཛྲས་{{TibChung|བརྟན་པར་བྱ།}}    སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་སྲས་དང་བཅས་པ་བཛྲ་ས་མ་ཛཿ{{TibChung|ས་མཁས་ཁྱབ་ཏུ་སད་པ་ལ།}}  ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ།  {{TibChung|ནས།}}    ཤཔྟ{{TibChung|འི་བར་གྱིས་མཆོད།}}  དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ།  {{TibChung|ཞེས་གསོལ་བ་ {{TibChung|[10b]}} བཏབ་པས།}}    ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་བུམ་པའི་དབང་བསྐུར་བར་མོས་མཛོད།  {{TibChung|རྣམ་བུམ་གྱིས་དབང་བསྐུར་ཞིང་།}}  ཧཱུྃ༔  ཆོས་དབྱིངས་བུམ་པའི་གཞལ་ཡས་སུ༔    ལྷུན་གྲུབ་སྐུ་དང་ཡེ་ཤེས་རྫོགས༔    སྐལ་ལྡན་བུ་ལ་དབང་བསྐུར་བས༔  བུམ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ  ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔  ཞེས་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས་སྐུ་གང་དྲི་མ་དག    །  ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་བདག་སྣང་བ་མཐའ་ཡས་ཀྱི་དབུ་བརྒྱན་པར་གྱུར།  {{TibChung|ཡིག་དྲུག་ཙཀླི་མགྲིན་པར་བསྐུར་ཞིང་།}}  ཧྲཱིཿ    འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡི༔    གསུང་གསང་འདུས་པ་ཡི་གེ་དྲུག༔    སྐལ་ལྡན་བུལ་དབང་བསྐུར་བས༔  གསང་དབང་ཡོངས་སུ་རྫོགས་ཐོབ་ཤོག༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ    ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ  {{TibChung|མེ་ལོང་སྙིང་གར་བསྐུར་ཞིང་།}}  ཧྲཱིཿ    ཆོས་སྐུ་གཏིང་གསལ་སྤྲོས་མཐའ་བྲལ༔  ཅིར་ཡང་འཆར་བའི་ཨ་དརྴ༔  སྐལ་ལྡན་བུ་ལ་གཏད་པ་ཡིས༔  ཤེར་དབང་ཡོངས་སུ་རྫོགས་ཐོབ་ཤིག༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ  ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔  {{TibChung|ཤེལ་རྡོ་ལྟེ་བར་བསྐུར་ {{TibChung|[11a]}} ཞིང་།}}    ཧྲཱིཿ    ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི༔  རོལ་པའི་སྒྲོན་མ་རྣམ་པ་བཞི༔  སྐལ་ལྡན་བུ་ལ་དབང་བསྐུར་པས༔  ཚིག་དབང་ཡོངས་སུ་རྫོགས་ཐོབ་ཤོག༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ  སརྦ་ཨ་བྷི་ཥིཉྩ་ཧྲཱིཿ {{TibChung|ཐུགས་རྗེ་ཆེན་པོའི་སྐུ་སྤྱི་བོར་བཞག་ཅིང་མིག་ལམ་དུ་བསྟན་ལ།}}  ཀྱེ༔  ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔  རང་རིག་ཡེ་ཤེས་བྱང་ཆུབ་སེམས༔  ངོ་ཤེས་མངོན་གྱུར་ཆོས་ཀྱི་དབྱིངས༔    ཐུགས་རྗེ་ཆེན་པོར་ལྷུན་གྱིས་གྲུབ༔  ཡེ་ཤེས་རང་མདངས་བདེ་གཤེགས་ལྔ༔  རོལ་རྩལ་རྣམ་འདྲེན་སངས་རྒྱས་སྟོང་༔  རང་བྱུང་རང་ཤར་ཆེན་པོར་རྫོགས༔  དེར་མ་གཏོགས་པའི་རྟེན་བརྟེན་པ༔  གཞན་དུ་གྲུབ་པ་ ཅི་ཡང་མེད༔    དེ་ལྟར་རང་ངོ་ཤེས་པ་ཡི༔  ངང་དུ་གདེང་ཐོབ་བཙན་ས་ཟུངས༔  རང་ངོ་རང་སངས་རྒྱས་འགྱུར་རོ༔  {{TibChung|ཞེས་དབང་བསྐུར།}}  དེ་ལྟར་དབང་ཟབ་མོ་ཡོངས་སུ་རྫོགས་པ་ཐོབ་ནས་ནམ་མཁར་བཞུགས་པའི་ལྷ་ཚོགས་རྣམས་ཁྱེད་རང་ལ་ཐིམ་པར་གྱུར།  ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ།  {{TibChung|ཞེས་མེ་ཏོག་འཐོར་རོ།  །བརྒྱད་པ་ཟད་གཏད་པ་ནི།  བཟའ་བཏུང་རྣམས།}}    སྭ་བྷཱ་ཝ{{TibChung|ས་སྦྱང་།}}  སྟོང་པའི་ངང་ལས་ཏྲཱཾ་ཡིག་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་ {{TibChung|[11b]}} དུ་ཨོཾ་ཨཱཿཧཱུཾ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཟད་མི་ཤེས་པའི་གཏེར་ཆེན་པོར་གྱུར།  ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨདྱ་ནུཏྤནྣ་ཏོ་ཏ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ།  {{TibChung|ལན་གསུམ་གྱིས་སྤེལ་ཞིང་བསྒྱུར་ལ།}}  ཧྲཱིཿ   ཚེ་འདས་མིག་གི་དབང་པོའི་སྤྱོད་ཡུལ་དུ༔  འདོད་རྒུ་གཟུགས་ཀྱི་བྱེ་བྲག་ཇི་སྙེད་པ༔  མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཅིང་༔  ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔  ཨོཾ་ཨཱཿཧཱུྃ་སརྦ་རཱུ་པ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ཁཾ་སྭཱ་ཧཱ༔  ཧྲཱིཿ    ཚེ་འདས་རྣ་ཡི་དབང་པོའི་སྤྱོད་ཡུལ་དུ༔    འདོད་རྒུ་དྲི་ཡི་བྱེ་བྲག་ཇི་སྙེད་པ༔  མི་ཟད་ནམ་མཁའི་མཛད་ལ་ལོངས་སྤྱོད་ཅིང་༔  ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔  ཨོཾ་ཨཱཿཧཱུྃ་སརྦ་ཤཔྟ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔    ཧྲཱིཿ    ཚེ་འདས་སྣ་ཡི་དབང་པོའི་སྤྱོད་ཡུལ་དུ༔  འདོད་རྒུ་དྲི་ཡི་བྱེ་བྲག་ཇི་སྙེད་པ༔  མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཅིང་༔  ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔  ཨོཾ་ཨཱཿཧཱུཾ་སརྦ་གྷནྡྷི་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔    ཧྲཱིཿ    ཚེ་འདས་ལྕེ་ཡི་དབང་པོའི་སྤྱོད་ཡུལ་དུ༔    འདོད་རྒུ་དྲི་ཡི་བྱེ་བྲག་ཇི་སྙེད་པ༔  མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཅིང་༔    ཟག་མེད་བདེ་བ་ཆེན་པོའི་ {{TibChung|[12a]}} དཔལ་ཐོབ་ཤོག༔  ཨོཾ་ཨཱཿཧཱུྃ་སརྦ་ར་ས་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔    ཧྲཱིཿ  ཚེ་འདས་ལུས་ཀྱི་དབང་པོའི་སྤྱོད་ཡུལ་དུ༔    འདོད་རྒུ་རེག་བྱའི་བྱེ་བྲག་ཇི་སྙེད་པ༔    མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཅིང་༔    ཟག་མེད་བདེ་ཆེན་པོའི་དཔལ་ཐོབ་ཤོག༔    ཨོཾ་ཨཱཿཧཱུྃ་སརྦ་སྤརྴེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔    ཧྲཱིཿ  ཚེ་འདས་ཡིད་ཀྱི་དབང་པོའི་སྤྱོད་ཡུལ་དུ༔  འདོད་རྒུ་ཆོས་ཀྱི་བྱེ་བྲག་ཇི་སྙེད་པ༔    མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཅིང་༔  ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔    ཨོཾ་ཨཱཿཧཱུྃ་སརྦ་དྷརྨ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱཿ  {{TibChung|ཞེས་བསྔོ།  དགུ་པ་མཆོད་ཅིང་གསོལ་བ་གདབ་པ་ནི།}}  ཧྲཱིཿ  འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་༔    བདེ་གཤེགས་རིགས་ལྔའི་དཀྱིལ་འཁོར་ལ༔    ཚེ་འདས་ཕུང་ལྔ་ཡོན་དུ་འབུལ༔    ཐར་པའི་ལམ་སྣ་དྲང་དུ་གསོལ༔  {{TibChung|བཅུ་པ་གསལ་བསྔོ་བ་ནི།  མར་མེ་བསྟན་ཏེ།}} ཧྲཱིཿ  ཡེ་ཤེས་གསལ་བའི་སྒྲོན་མེ་འདི༔  སྐུ་དང་ཡེ་ཤེས་རོལ་པའི་མདངས༔  ཚེ་འདས་མ་རིག་མུན་པའི་སྨག༔  བསལ་ནས་རང་སྣང་ཡེ་ཤེས་ཀྱི༔  རྟེན་དང་བརྟེན་པར་མངོན་གྱུར་ཤོག༔  བཛྲ་དྷརྨ་ཨཱ་ལོ་ཀེ་སྭཱ་ཧཱ་ཧཱུྃ༔  {{TibChung|བཅུ་ {{TibChung|[12b]}} གཅིག་པ་ལམ་བསྟན་པ་ནི།}}  ཀྱཻཿ    ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔  ཁམས་གསུམ་འཁོར་བ་གར་སྐྱེས་ཀྱང་༔  མ་རིག་གསུམ་གྱི་སྒྲིབ་པ་ཡིས༔  སྡུག་བསྔལ་གསུམ་གྱི་བཙོན་ཁང་དུ༔  མ་ཚུད་པ་ནི་གཅིག་ཀྱང་མེད༔  དེ་ཕྱིར་སྐྱོ་ཞིང་སུན་པའི་བློས༔  ཆགས་ཞེན་འཁྲི་བ་ཀུན་ཆོད་ལ༔    དེ་ལས་ཐར་འདོད་བསམ་པ་ཡིས༔  བདེ་ཆེན་ཞིང་ཁམས་ཡིད་ལ་གྱིས༔  འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔    བདེ་བ་ཅན་གྱི་ཞིང་ཁམས་ཡོད༔  བདེ་སྐྱིད་ལོངས་སྤྱོད་དཔག་ཏུ་མེད༔  ཞིང་དེའི་ཡོན་ཏན་བརྗོད་ལས་འདས༔  དེ་ན་སངས་རྒྱས་འོད་དཔག་མེད༔  བྱང་སེམས་འཕགས་པའི་འཁོར་གྱིས་བསྐོར༔  མཚན་ཐོས་ཙམ་གྱིས་སྲིད་ལས་གྲོལ༔  མོས་གུས་གདུང་ཤུགས་དྲག་པོ་ཡིས༔  རྣམ་གསུམ་དད་པས་གསོལ་བ་ཐོབ༔  ཁྱོད་ཀྱི་རྣམ་ཤེས་ཡི་གེ་ཧྲཱིཿ   འོད་དང་ཐིག་ལེས་བརྒྱན་པ་རུ༔  གསལ་ཐོབ་ནམ་མཁའི་སྐར་མདའ་བཞིན༔  འོད་དཔག་མེད་པའི་ཐུགས་ཀ་རུ༔  ཐེ་ཚོམ་མེད་པར་རྒྱངས་ཀྱིས་འཕོས༔  དབྱེ་བ་མེད་པར་ཁྲིགས་སེ་འདྲེས༔  ནམ་མཁའ་ནམ་མཁར་ཐིམ་པ་བཞིན༔  རང་སྣང་དག་པའི་ཞིང་དུ་འཕོས༔  ཚེ་འདས་ཀྱི་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོའི་རྣམ་པར་ {{TibChung|[13a]}} གྱུར་ཏེ་སྤྱི་བོ་ནས་ཐོན།  རིགས་བདག་སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་ཐིམ་པས་ཆོས་དབྱིངས་སྐྱེ་བ་མེད་པའི་དབྱིངས་སུ་སངས་རྒྱས་པར་{{TibChung|བསམ་མོ།  །བཅུ་གཉིས་པ་མཚན་བྱང་བསྲེག་པ་ནི།}}  དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་མེ་ཡི་རྣམ་པ་བྱུང་བས་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱངས་པར་{{TibChung|བསམ་ལ་མེ་སྤར་ཞིང་།}}  ཧཱུྃ༔  མ་རིག་གསུམ་གྱི་བུད་ཤིང་ལ༔  རིག་པ་ཡེ་ཤེས་མེ་སྦར་རོ༔    གཟུང་དང་འཛིན་པའི་བུད་ཤིང་ལ༔  བདག་མེད་ཤེས་རབ་མེ་སྦར་རོ༔  ཉོན་མོངས་དུག་གསུམ་བུད་ཤིང་ལ༔  སྐུ་གསུམ་ལྷུན་གྲུབ་མེ་སྦར་རོ༔  དུག་ལྔ་ཕུང་ལྔའི་བུད་ཤིང་ལ༔  ཡེ་ཤེས་ལྔ་ཡི་མེ་སྦར་རོ༔  ཉོན་མོངས་བརྒྱད་ཁྲིའི་བུད་ཤིང་ལ༔  ཆོས་ཕུང་བརྒྱད་ཁྲིའི་མེ་སྦར་རོ༔  མ་དག་སྣང་བ་སྣོད་བཅུད་ཀུན༔  ཀ་དག་ཆོས་སྐུའི་དབྱིངས་སུ་བསྲེག༔  གཞོན་ནུ་བུམ་སྐུར་སངས་རྒྱས་ཤོག༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ    ཨཿནྲྀཿསུཿཏྲིཿཔྲེཿདུཿསརྦ་དུ་ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔  {{TibChung|ཞེས་བསྲེགས་ཤིང་མེ་པྲ་ལས་ཚེ་འདས་ཀྱི་སྡིག་སྒྲིབ་དག་མ་དག་གི་མཚན་མའང་བརྟགས།}}    པདྨ་འདམ་གྱིས་མ་གོས་ལྟར།  །སྲིད་གསུམ་དྲི་མས་མ་གོས་པར།  །སྲིད་པའི་པདྨོ་ལས་འཁྲུངས་ཏེ།  །བདེ་བ་ {{TibChung|[13b]}} ཅན་དུ་སྐྱེ་བར་ཤོག    །{{TibChung|ཅེས་སོགས་བསྔོ་སྨོན་ཁྱད་པར་ཅན་གདབ་བོ།  །བཅུ་གསུམ་པ་སཱཙྪ་གདབ་པ་ནི།}}    བྱང་རོའི་སྟེང་དུ་ཟླ་བ་ལ་གནས་པའི་ཨ་ཡིག་དཀར་པོ་འོད་ཟེར་འཕྲོ་བ།  དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབ་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་{{TibChung|བསམ་ལ།  ཡི་གེ་བདུན་པ་བཟླ་ཞིང་དྲི་བཟང་གི་ཆུས་སྦྱངས་ནས་བསྒྲུབ་པའི་བུམ་ཆུས་འཇིམ་པ་སྦྲུས་ཏེ།  ཡིག་བདུན་དང་གཟུངས་སྔགས་ཁྱད་པར་ཅན་བཟླ་བཞིན་དུ་སཱཙྪ་གདབ་ཅིང་།  བཏབ་ཟིན་པ་རྟེན་སྙིང་གི་མེ་ཏོག་འཐོར་བས་རབ་ཏུ་གནས་པར་བྱའོ།  །གསུམ་པ་རྗེས་ཀྱི་བྱ་བ་ནི།  ཚོགས་ལ་རོལ་ཞིང་ལྷག་གཏོར་དང་སྲུང་མའི་གཏོར་མ་བཏང་ཆད་བརྟན་ཕྲིན་ལས་བྱང་གི་དཀྱུས་ལྟར་མཐར་ཆགས་སུ་བཏང་བས་ལེགས་པར་གྲུབ་བོ།}}  དགོས་པ་ཁྱད་འཕགས་ཆོ་གའི་ཕྲིན་ལས་ཀྱིས།  །ཅི་བྱ་བརྟོལ་བྲལ་གཤིན་པོའི་འགྲོ་བ་ཀུན།  །ཚེགས་མེད་བདེ་ཆེན་ཞིང་དུ་དབུགས་ཕྱུངས་ཏེ།  །སྤྱན་རས་གཟིགས་ཀྱི་དགོངས་སྤྱོད་མཐར་ཕྱིན་ཤོག  {{TibChung|དེ་ལྟར་འགྲོ་འདུལ་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ཐར་ལམ་ཤིང་རྟ་ཞེས་བྱ་བ་འདི་ནི།  ཉམ་ཐག་བར་དོའི་འགྲོ་བ་མང་པོ་ལ་སྨན་པའི་བསམ་པ་བཟང་པོས་གཏེར་གཞུང་གི་དགོངས་པ་རྣམ་གསལ་ཕྱག་ལེན་གྱིས་བརྒྱན་ཏེ།  རིག་འཛིན་གྱི་བཙུན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འཕགས་མཆོག་ཕྱག་ན་པདྨོས་རྟག་ཏུ་སྐྱོང་བའི་ཞིང་ཁམས་ཆོས་འཁོར་དཔལ་གྱི་ལྷ་སར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག།  སརྦ་མངྒ་ལཾ།}} }}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 16:00, 4 September 2025

Wylie title 'gro 'dul thugs rje chen po'i sgo nas gshin po rjes su 'dzin pa'i cho ga thar lam shing rta DJYD-KABUM-09-TA-017.pdf
Location bdud 'joms rin po che bka' 'bum
Volume 9, Text 17, Pages 509-534 (Folios 1a1 to 13b6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. 'gro 'dul thugs rje chen po'i sgo nas gshin po rjes su 'dzin pa'i cho ga thar lam shing rta. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 9: 509-534. Kalimpong: Dupjung Lama, 1979-1985.
Side notes Recto: gnas lung   Verso: bdud 'joms thugs chen
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche, Bdud 'joms gling pa)
Genre Funerary Rituals - gnas lung - byang chog
Cycle འགྲོ་འདུལ་ཐུགས་རྗེ་ཆེན་པོ་ ('gro 'dul thugs rje chen po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity thugs rje chen po
Colophon

དེ་ལྟར་འགྲོ་འདུལ་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ཐར་ལམ་ཤིང་རྟ་ཞེས་བྱ་བ་འདི་ནི། ཉམ་ཐག་བར་དོའི་འགྲོ་བ་མང་པོ་ལ་སྨན་པའི་བསམ་པ་བཟང་པོས་གཏེར་གཞུང་གི་དགོངས་པ་རྣམ་གསལ་ཕྱག་ལེན་གྱིས་བརྒྱན་ཏེ། རིག་འཛིན་གྱི་བཙུན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འཕགས་མཆོག་ཕྱག་ན་པདྨོས་རྟག་ཏུ་སྐྱོང་བའི་ཞིང་ཁམས་ཆོས་འཁོར་དཔལ་གྱི་ལྷ་སར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། སརྦ་མངྒ་ལཾ།

de ltar 'gro 'dul thugs rje chen po'i sgo nas gshin po rjes su 'dzin pa'i cho ga thar lam shing rta zhes bya ba 'di ni/___nyam thag bar do'i 'gro ba mang po la sman pa'i bsam pa bzang pos gter gzhung gi dgongs pa rnam gsal phyag len gyis brgyan te/___rig 'dzin gyi btsun pa 'jigs bral ye shes rdo rjes 'phags mchog phyag na pad+mos rtag tu skyong ba'i zhing khams chos 'khor dpal gyi lha sar sbyar ba dge legs su gyur cig/___sarba mang+ga laM/

[edit]
༄༅། །འགྲོ་འདུལ་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ཐར་ལམ་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །


༄༅། །འགྲོ་འདུལ་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ཐར་ལམ་ཤིང་རྟ་ཞེས་བྱ་བ། བླ་མ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །བརྩེ་ཆེན་སྙིང་རྗེའི་ལྕགས་ཀྱུ་གཅིག་ཁོ་ནས། །སྲིད་འགྲོ་བདེ་བར་འདྲེན་པའི་ཕྲིན་ལས་ཅན། །རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་མིག་མི་འཛུམ། །འཕགས་མཆོག་ཕྱག་ན་པད་དཀར་འཛིན་དེས་སྐྱོངས། །ལས་ཀྱི་རླུང་གིས་ངན་འགྲོའི་མུན་རུམ་དུ་། །རབ་ཆུད་མགོན་གྱིས་ཕོངས་པའི་གཤིན་པོ་རྣམས། །བདེ་ཆེན་ཐར་པའི་ལམ་ལ་དྲངས་པའི་ཐབས། །གནས་ལུང་ཆོ་གའི་ཤིང་རྟ་འདིར་གསལ་བྱ། །དེ་ཡང་འཕགས་མཆོག་ཐུགས་རྗེ་ཆེན་པོའི་རིགས་སྔགས་འཛིན་ཅིང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ [2a] ལྡན་པས་སྐྱབས་བྲལ་གཤིན་པོའི་འགྲོ་བ་རྗེས་སུ་འཛིན་པའི་ཆོ་ག་བརྩམ་པ་ལ་གསུམ། གང་གིས་སྦྱོང་བྱེད་དཀྱིལ་འཁོར་བཤམས་པ། གང་སྦྱང་གཞིའི་རྟེན་བཅའ་བ། ཇི་ལྟར་སྦྱངས་པའི་ཐབས་བསྟན་པའོ། །དང་པོ་ནི་། རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་གྱི་དབུས་སུ་རྣམ་བུམ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་དང་བཅས་པ་དང་། མདུན་དུ་སྐུ་ཙཀ །གཡས་སུ་ཡིག་དྲུག་ཙཀླི། རྒྱབ་ཏུ་མེ་ལོང་། གཡོན་དུ་ཤེལ་རྡོ་རྣམས་བཀོད། སྨན་རཀ་གཏོར་གསུམ། མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམས། སྲུང་མའི་གཏོར་འབུལ། བགེགས་གཏོར། ཚོགས་མཆོད། ཆད་བརྟན། སྤོས་རོལ་གྱི་ཁྱད་པར་དང་། སློབ་དཔོན་གྱི་མདུན་དུ་ནང་མཆོད་། རྡོར་དྲིལ། ཌྰ་རུ། འབྲུ་བཟེད་ །ལས་བུམ་སོགས་བཤམས་ཤིང་། གཞན་ཡང་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །[2b] གཉིས་པ་ནི། ཤོག་བུ་ལ་མཚན་བྱང་པད་གདན་གྱི་སྟེང་དུ་པུས་བཙུགས་ཐལ་སྦྱར་དུ་འཁོད་པ། སྟེང་དུ་གདུགས་དང་བཅས་པའི་རྒྱབ་བྱང་དུ་ཡི་གེ་བདུན་པ་དང་། ཚོ་འདས་ཆེ་གེ་མོ་དཀོན་མཆོག་གསུམ་དང་བླ་མའི་ངོ་བོ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་སྐྱབས་སུ་མཆིའོ། །ཨ་ནྲྀ་སུ་ཏྲི་པྲི་དུ་ཛཿསྤར་ཎ་ཕཊ་ཅེས་བྲིས་ཏེ་སྨྱུག་རྒོད་ཚིག་གསུམ་པ་ལ་བཏགས། དྲི་རྟེན་གོས་བཟང་པོས་གཡོགས་པ་དཀྱིལ་འཁོར་གྱི་ལྷོ་རུ་དབང་སྟེགས་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་བཞག །དཀྱིལ་འཁོར་གྱི་མདུན་དུ་རིགས་དྲུག་གི་དལ་མུ་དུ་ཁྱུད་བསྐོར་བའི་པདྨ་འདབ་དྲུག་ལ་རིགས་དྲུག་གི་ས་བོན་ཡིག་མགོ་ཕྱིར་བ་བསྟན་དུ་བྲིས་པའི་ལྟེ་བར་ཁྲུས་བུམ་བཅུད་ལྡན་ཁ་བརྒྱན་དུ་གཙོ་བོའི་སྐུ་ཙཀ་བཙུག་པ་བཀོད། བུམ་པའི་མཐའ་བསྐོར་དུ་ཐུབ་པ་དྲུག་གི་སྐུ་ཙཀ་ས་བོན་དང་མཐུན་པར་བཤམས། ལྷ་བཤོས་དྲུག་དང་ལན་ཆགས་གཏོར་མ་དྲུག་རྣམས་ཀྱང་ཕྱོགས་སུ་བཀོད། གཞན་ཡང་ཞི་དྲག་དང་འབྱུང་བཞིའི་སྦྱོང་ཆས། བྲ་བ་རྫས་བྱེ་ཡུངས་ཟས་བསྔོ་སོགས་འདུ་བྱའོ། །གསུམ་པ་ལ་གསུམ། དཀྱིལ་འཁོར་བསྒྲུབ་པ། གནས་ལུང་གི་ཆོ་ག་དངོས། རྗེས་ཀྱི་བྱ་བའོ། །དང་པོ་ནི། བརྒྱུད་འདེབས་ནས་བརྩམས་བཟླས་པ་རྫོགས་ཀྱི་བར་ལས་བྱང་ལྟར་གྲུབ་ནས། རྣམ་རྒྱལ་བུམ་པ་ལ་དམིགས་ཏེ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ [3a] ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། ཞེས་གཟུངས་ཐག་ལ་འཇུས་ཏེ་ཡིག་བདུན་བརྒྱ་སྟོང་གང་འགྲུབ་བཟླས་ལ། ཨོཾ་ཨཱཿཧཱུྃ་གིས་ལྷ་རྣམས་འོད་དུ་ཞུ་བ་ལས་བུམ་ཆུ་བདུད་རྩིའི་རྒྱ་མཚོར་གྱུར་པར་མོས། ཁྲུས་བུམ་བསྒྲུབ་པ་ནི། སྭ་བྷཱ་ཝ་ས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་རྫོགས་པའི་ནང་དུ་སྡིག་སྒྲུབ་སྦྱོང་བའི་མཐུ་དང་ལྡན་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་བོས་ཡོངས་སུ་གང་བར་བསམ་ཞིང་། ཡིག་བདུན་དང་སྦྱོང་སྔགས། ཀཾ་ཀ་ནི་ཅི་རིགས་བཟླ་ཞིང་བྲབ་རྫས་བྱེ་ཡུངས་ལའང་བསྔགས། ལས་བུམ་ནང་དུ་རྟ་མགྲིན་རྒྱལ། །དམར་ནག་ཐོད་དབྱུག་སྦྲུལ་ཞགས་འཛིན། །ཁྲོ་བོའི་ཆས་རྫོགས་འདོར་སྟབས་ཀྱིས། །ཡེ་ཤེས་མེ་དཔུང་དབུས་ན་རོལ། །ཅེས་མོས་ལ། ཨོཾ་ཧྱ་གྲཱི་ཝ་ཧཱུྃ་ཕཊ། ཅི་ནུས་བཟླ་ཞིང་། ཁྲོ་བོའི་རྒྱལ་པོ་འོད་དུ་ཞུ་བས་བུམ་ཆུ་རྡོ་རྗེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། དེ་ནས་སྲུང་མའི་གཏོར་འབུལ་དང་ཚོགས་མཆོད་བྱིན་རླབས་ནས་བསྒྲལ་བསྟབ་བར་བཏང་ལ། རང་ཉིད་དཀྱིལ་འཁོར་དུ་ཞུགས་ཏེ་དབང་རྒྱས་པར་བླང་བའམ་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གཉིས་པ་གནས་ལུང་གི་ཆོ་ག་དངོས་ལ། བསྐྱེད་དགུག་བགེགས་བསལ་ཁྲུས་དྲུག་སྦྱོང་། །ཆོས་བཤད་གནས་འདྲེན་དབང་བསྐུར་ཞིང་། །ཟས་གཏད་མཆོད་གསོལ [3b] སྣང་གསལ་བསྔོ། །ལམ་བསྟན་བྱང་བསྲེག་སྰཙྪ་གདབ། །ཅེས་པ་ལྟར་བཅུ་གསུམ་ལས། དང་པོ་རྟེན་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏས་བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་པར་བསམ་ལ། གཉིས་པ་རྣམ་ཤེས་དགུག་པ་ནི། རང་ཉིད་འཕགས་པའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཚེ་འདས་ཀྱི་རྣམས་ཤེས་ཨ་ཡིག་གི་རྣམ་པས་བཀུག་པར་བསམ་ཞིང་། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔའ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཡི་དམ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སྐུ་གསུམ་བརྒྱུད་གསུམ་རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་བཀའ་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པའི་མཐུས། ཚེ་ལས་འདས་པ་ཆེ་གེ་མོའི་རྣམ་པར་ཤེས་པ་འགྲོ་བ་རིགས་དྲུག་སྐྱེ་བ་རྣམ་བཞི་ལམ་རྒྱུད་ལྔ་སྲིད་པ་བར་མ་དོ་སོགས་གར་ཡོད་པའི་ས་ནས་དམིགས་པའི་རྟེན་མཚན་བྱང་འདི་ལ་ཁུག་ཅིག །བཛྲ་ཨདྐུ་ཤ་ཛཿཛཿ ཞེས་ལན་གསུམ་དང་། ནྲྀ་ཨ་བེ་ཤ་ཡ་ཨ་ [4a] ཨ། ཛཿཧཱུྃ་བྃ་ཧོཿ ས། རྣམ་པར་ཤེས་པ་རྟེན་དང་གཉིས་སུ་མེད་པར་ཐིམ་པར་བསམ་མོ། །གསུམ་པ་བགེགས་སྦྱོང་བ་ནི། གཏོར་མ་གསུམ་པོ་རེ་རེ་བཞིན་རྟེན་ལ་གཡས་སུ་བསྐོར་ཞིང་། ཨོཾ་སརྦ་བིགྷྣྰན་ན་མ༔ སརྦ་ཏ་ཐྰ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐྰ་ཁཾ་ཨུཏྒ་ཏེ་སྤར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལིནྟེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆང་བུ་གཡོན་དུ་བསྐོར་ཞིང་། ཨོཾ་སུམྦྷ་ནི་ སུམྦྷ་ནི་ ཧཱུྃ། གྲྀ་ཧྞ་ གྲྀ་ཧྞ་ཧཱུྃ། གྲྀཧྞ་པ་ཡགྲྀ་ཧྞ་པ་ཡ་ཧཱུྃ། ཨ་ན་ཡ་ཧོཿ བྷ་ག་ཝཱན་བིདྱ་ར་ཛཱ་ཡ་ཧཱུྃ་ཕཊ །ཞེས་ལན་གསུམ་གྱིས་ཕྱེད་མ། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་ཆས་ཅན་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བའི་སྐུར་གྱུར་པར་བསམ་ལ། ཧཱུྃ༔ ང་ནི་དབང་ཆེན་ཁྲོས་པའི་སྐུ༔ ཁམས་གསུམ་འདི་ན་སུ་ཡང་རུང་༔ ཚེ་འདས་སྒྲིབ་པ་སྦྱོང་པ་ལ༔ བར་གཅོད་གདོན་བགེགས་བྱུང་པོ་ཀུན༔ སོ་སོར་རང་རང་གནས་སུ་སོང་༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལས༔ མཚོན་ཆ་སྣ་ཚོགས་རབ་འབར་བས༔ ལུས་ངག་རྡུལ་ཕྲན་བཞིན་དུ་བརླག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཅེས་དང་བདེན་སྟོབས་སྔར་བཞིན་བརྗོད་པའི་མཐར། ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་ [4b] གཅོད་ཅིང་གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཏ་རེ། ཨོཾ་བཛྲ་ཀྲོ་ཏ་པདྨ་ནྟ་ཀྲྀ་ཏ་ཧྱ་གྲཱི་བ་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ། ཅེས་བཟླ་ཞིང་། གུ་གུལ་ཡུངས་ཐུན་རོལ་མོའི་སྒྲ་དྲག་པོ་དང་བཅས་གཏོར་མ་ཕྱི་རོལ་དུ་དོར་བ་ནི་དྲག་པོས་སྦྱོང་བའོ། །བཞི་པ་ཁྲུས་བྱ་ཞིང་དུག་སྦྱོང་བ་ནི། རྟེན་གྱི་གཟུགས་བརྙན་མེ་ལོང་དུ་འཆར་བ་ལ་ཁྲུས་བུམ་གྱི་ཁྲུས་བྱ་ཞིང་། ཧྲཱིཿ བཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡི༔ རྡོ་རྗེའི་སྐུ་ཡི་བྱིན་རླབས་ཆུས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ ལུས་ཀྱི་སྒྲིབ་པ་དག་གྱུར་ཅིག༔ ཧྲཱིཿ བཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡི༔ རྡོ་རྗེའི་གསུང་གི་བྱིན་རླབས་ཆུས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ ངག་གི་སྒྲིབ་བདག་གྱུར་ཅིག༔ ཧྲཱིཿ བཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡི༔ རྡོ་རྗེའི་ཐུགས་ཀྱི་བྱིན་རླབས་ཆུས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ ཡིད་ཀྱི་སྒྲིབ་པ་དག་གྱུར་ཅིག༔ ཧྲཱིཿ བཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡི༔ སྐུ་དང་ཡེ་ཤེས་རོལ་པའི་ཆུས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ མ་ [5a] རིག་གཟུང་འཛིན་ལ་བརྟེན་པའི༔ ཉོན་མོངས་དུག་ལྔ་ཕུང་ལྔ་དང་༔ སྒྲིབ་གཉིས་བག་ཆགས་མ་ལུས་པ༔ ཡེ་ཤེས་ལྔ་དང་སྐུ་ལྔ་ཡི༔ རོལ་པ་ཆེན་པོར་དག་གྱུར་ཅིག༔ ཅེས་ཚིགས་བཅད་སོ་སོའི་མཚམས་སུ། ཨོཾ་མ་ཎི་པདྨེ་ཧྲཱིཿ ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་བག་ཆགས་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སྦྱར། བུམ་སྒྲོས་རྟེན་ལ་བྱབ་ཅིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་ཚེ་འདས་དུག་གསུམ་སྟེ༔ བཅོམ་ལྡན་སངས་རྒྱས་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ དེ་བཞིན་དུ། དམ་ཆོས་དང་། དགེ་འདུན་ལ་ཡང་སྦྱར། དེ་ནས་འབྱུང་བ་སོ་སོས་བྱབ་ཅིང་། ས་ནི་དུག་གི་ཕ་ཡིན་ཏེ༔ ས་ནི་དུག་གི་མ་ཡང་ཡིན༔ དཀོན་མཆོག་གསུམ་གྱི་བདེན་པའི་མཐུས༔ དུག་གསུམ་ས་ཡི་ནང་དུ་སོང་༔ དེ་བཞིན་དུ། ཆུ་མེ་རླུང་རྣམས་སུ་བསྒྱུར་བས་དུག་སྦྱང་། ཡིག་བདུན་དང་། ཀཾ་ཀ་ནིའི་ཤམ་དུ། ཚེ་ལས་འདས་པའི་ཉོན་མོངས་པ་དུག་གསུམ་ལས་བྱུང་བའི་དུག་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ལྔ་པ་ཆོས་བཤད་པ་ནི། ཀྱེ་ཧོཿ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ སྔོན་བསགས་བསོད་ནམས་འབྲས་བུ་ཡིས༔ མི་ཡི་སྲིད་པ་ཐོབ་ལགས་ཀྱང་༔ མི་རྟག་འཆི་བའི་དབང་གྱུར་ཏེ༔ རྣམ་ཤེས་བར་མ་ [5b] དོ་རུ་འཁྱམས༔ འཁྲུལ་སྣང་འཇིགས་སྐྲག་སྣ་ཚོགས་པས༔ སྡུག་བསྔལ་བཟོད་དཀའ་ཡ་རེ་ང་༔ སྣ་ཚོགས་སྣང་བ་ཐམས་ཅད་ཀུན༔ སྒྱུ་མ་རྨི་ལམ་ཇི་བཞིན་དུ༔ མེད་བཞིན་འཁྲུལ་པའི་སྣང་ཆ་སྟེ༔ ངོ་ཤེས་ངང་ལ་ཞེན་པ་ཆོད༔ ཆོས་ཉིད་སྤྲོས་མཐའ་བྲལ་བ་ལ༔ མ་རིག་འཁྲུལ་པ་དབང་བཙན་པས༔ ང་དང་བདག་ཏུ་འཛིན་པ་ལས༔ མ་དག་རླུང་སེམས་གཡོ་བའི་འཕྲུལ༔ དཔེར་ན་ཉི་མ་ཉི་འོད་བཞིན༔ གནས་རིགས་དྲུག་གི་འཇིག་རྟེན་ཀུན༔ སྣང་ཞིང་གནས་གྱུར་ཆོས་ཅན་ཏེ༔ རྟག་པར་གནས་པ་གཅིག་ཀྱང་མེད༔ རང་འཁྲུལ་རང་སྣང་སྣ་ཚོགས་པ༔ རྨི་ལམ་ཇི་བཞིན་ཤེས་མཛོད་ལ༔ ཐམས་ཅད་མེད་དང་མ་གྲུབ་པའི༔ སྟོང་པ་ཉིད་དུ་ཤེས་པར་གྱིས༔ སྟོང་ཉིད་ཟང་ཐལ་ཁྱབ་བརྡལ་སྟེ༔ ངོ་བོ་ཉིད་དང་གཞིའི་ཆོས་ཉིད༔ མངོན་གྱུར་ཆེན་པོ་རིག་པའི་དབྱིངས༔ རང་དབང་རྒྱལ་པོའི་བཙན་ས་ཟུངས༔ ཤེས་པ་གཞན་དུ་མ་ཡེངས་པར༔ རྣམ་གསུམ་དད་པའི་ཤུགས་བསྐྱེད་ལ༔ ལྷ་དང་བླ་མར་གསོལ་བ་ཐོབ༔ དྲུག་པ་རིགས་དྲུག་གི་གནས་ནས་འདྲེན་པ་ལ་དྲུག་ལས། དང་པོ་དམྱལ་བའི་གནས་ནས་དྲང་བ་ནི། མཚན་བྱང་དམྱལ་བའི་དལ་དུ་བཞག་ལ། ཧཱུྃ་ཧྲཱིཿ སྐད་ཅིག་སྣང་བ་གནས་འགྱུར་ཏེ༔ [6a] རྨི་ལམ་སྒྱུ་མ་ཇི་བཞིན་དུ༔ དམྱལ་བའི་གནས་ཡུལ་བཀོད་པ་ཕུལ༔ སྣང་ལ་རང་བཞིན་མེད་པར་ཤར༔ ཞལ་ཟས། ཨོཾ་ཨཱཿཧཱུྃ་གིས་བརླབས་ཏེ། ཧཱུྃ༔ བཅོམ་ལྡན་ཆོས་ཀྱི་རྒྱལ་པོ་ལ༔ འདོད་རྒུ་དཔལ་གྱི་མཆོད་པ་འབུལ༔ ཚེ་འདས་དམྱལ་བ་ལས་བསྒྲལ་ཏེ༔ དག་པའི་ཞིང་དུ་དྲང་དུ་གསོལ༔ བཛྲ་ནཻ་ཛི་དྱ་ཨཱཿཧཱུྃཿ ཞེས་འབུལ། གླུང་གཏོར། སམྦྷ་རའི་སྔགས་ཀྱིས་སྤེལ་ཞིང་བསྒྱུར་ལ། ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ ཐར་ལམ་བར་ཆད་གེགས་བྱེད་པའི༔ བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ སརྦ་བྷུ་ཏ་བ་ལིང་ཏ་ཁཱ་ཧི༔ ཨུ་ཙ་ཏ་ཡ་ཕཊ༔ ཅེས་བསྔོ། ཁྲུས་བུམ་གྱི་ཆུས་ཁྲུས་བྱ་ཞིང་། ཧཱུྃ༔ འདི་ནི་བཟོད་པའི་རང་བཞིན་ཆུས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ ཞེ་སྡང་སྒྲིབ་པ་རྣམ་དག་ནས༔ ཚ་གྲང་སྡུག་བསྔལ་དག་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་དམྱལ་བའི་ལས་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་པར་མོས་ལ་བྱེ་མས་བྲབ་ཅིང་། ཧྲཱིཿ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ [6b] འོད་ཕུང་བསྐལ་མེ་ལྟ་བུ་འཕྲོས༔ དམྱལ་བའི་ས་བོན་དུཿནག་པོཿ ཞེ་སྡང་ལས་ཉོན་སྒྲིབ་པ་བསྲེགས༔ ཨོ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དུཿསརྦ་ན་ར་ཀ་དུ་ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཞེས་དམྱལ་བའི་དལ་བསྡུ་ཞིང་མཚན་བྱང་ཡི་དྭགས་ཀྱི་གནས་སུ་བཞག །གཉིས་པ་ཡི་དྭགས་ཀྱི་གནས་ནས་དྲང་བ་ནི། ཧཱུྃ་ཧྲཱིཿ སྐད་ཅིག་སྣང་བ་གནས་འགྱུར་ཏེ༔ རྨི་ལམ་སྒྱུ་མ་ཇི་བཞིན་དུ༔ ཡི་དྭགས་གནས་ཡུལ་བཀོད་པ་འཕྲུལ༔ སྣང་ལ་རང་བཞིན་མེད་པར་ཤར༔ ཞལ་ཟས༔ ཨོཾ་ཨཱཿཧཱུྃ་གིས་བརླབས་ཏེ། ཧཱུྃ༔ བཅོམ་ལྡན་ཁ་འབར་དེ་ཝ་ལ༔ འདོད་རྒུ་དཔལ་གྱི་མཆོད་པ་འབུལ༔ ཚེ་འདས་ཡི་དྭགས་ལས་བསྒྲལ་ཏེ༔ དག་པའི་ཞིང་དུ་དྲང་དུ་གསོལ༔ བཛྲ་ནཻ་ཝིདྱ་ཨཱཿཧཱུྃ༔ ཞེས་འབུལ། གླུད་གཏོར། སམྦྷ་ར་དང་། ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ ཐར་ལམ་བར་ཆད་གེགས་བྱེད་པའི༔ བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ སརྦ་བྷུ་ཏ་བ་ལིང་ཏ་ཁཱ་ཧི༔ ཕ་ཙ་ཏ་ཡ་ཕཊ༔ ཅེས་བསྔོ། ཁྲུས་བྱ་ཞིང་། ཧཱུྃ༔ འདི་ནི་སྦྱིན་པའི་རང་བཞིན་ཆུ༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ སེར་སྣའི་སྒྲིབ་པ་རྣམ་དག་ཅིང་༔ བཀྲེས་སྐོམ་སྡུག་བསྔལ་དག་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ [7a] ཧཱུྃ་ཧྲཱིཿ ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་ཡི་དྭགས་ཀྱི་ལས་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་པར་མོས་ལ་བྱེམས་བྲབ་ཅིང་། ཧྲཱིཿ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་ཕུང་བསྐལ་མེ་ལྟ་བུ་འཕྲོས༔ ཡི་དྭགས་ས་བོན་པྲེ་ཐལ་སྐྱ༔ འདོད་ཆགས་ལས་ཉོན་སྒྲིབ་པ་བསྲེགས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ པྲི་སརྦ་པྲེ་ཏ་ཀུ་ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཞེས་ཡི་དྭགས་ཀྱི་དལ་བསྡུ་ཞིང་མཚན་བྱང་དུད་འགྲོའི་གནས་སུ་བཞག །གསུམ་པ་དུད་འགྲོའི་གནས་ནས་དྲང་པ་ནི། ཧཱུྃ་ཧྲཱིཿ སྐད་ཅིག་སྣང་བ་གནས་འགྱུར་ཏེ༔ རྨི་ལམ་སྒྱུ་མ་ཇི་བཞིན་དུ༔ བྱོལ་སོང་གནས་ཡུལ་བཀོད་པ་འཕྲུལ༔ སྣང་ལ་རང་བཞིན་མེད་པར་ཤར༔ ཞལ་ཟས། ཨོཾ་ཨཱཿཧཱུྃ་གིས་བརླབས་ཏེ། ཧཱུྃ༔ བཅོམ་ལྡན་སེང་གེ་རབ་བརྟན་ལ༔ འདོད་རྒུ་དཔལ་གྱི་མཆོད་པ་འབུལ༔ ཚེ་འདས་བྱོལ་སོང་ལས་བསྒྲལ་ཏེ༔ དག་པའི་ཞིང་དུ་དྲང་དུ་གསོལ༔ བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ༔ ཞེས་འབུལ། གླུད་གཏོར་སམྦྷ་ར་དང་། ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ ཐར་ལམ་བར་ཅད་གེགས་བྱེད་པའི༔ བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔ ཕྱིན་ [7b] ཆད་གནོད་པ་མ་བྱེད་ཅིག༔ སརྦ་བྷུ་ཏ་པ་ལི་ཏ་ཁཱ་ཧི༔ ཨུ་ཙ་ཏ་ཡ་ཕཊ༔ ཅེས་བསྔོ། ཁྲུས་བྱ་ཞིང་། ཧཱུྃ༔ འདི་ནི་ཤེས་རབ་རང་བཞིན་ཆུས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ གཏི་མུག་སྒྲིབ་པ་རྣམ་དག་ནས༔ བླུན་རྨོངས་སྡུག་བསྔལ་དག་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དུད་འགྲོ་གླེན་ལྐུགས་ཀྱི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་དུད་འགྲོའི་ལས་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་པར་མོས་ལ་བྱེམས་བྲབ་ཅིང་། ཧྲཱིཿ རང་ཉིད་ལྷ་ཡི་ཐུགསུ་ཀ་ནས༔ འོད་ཕུང་བསྐལ་མེ་ལྟ་བུ་འཕྲོས༔ བྱོལ་སོང་ས་བོན་ཏྲིཿདམར་ནག༔ གཏི་མུག་ལས་ཉོན་སྒྲིབ་པ་བསྲེགས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཏྲི་སརྦ་ཏིརྱ་ཀ་དུ་ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཞེས་དུད་འགྲོའི་དལ་བསྡུ་ཞིང་མཚན་བྱང་ལྷ་མིན་གྱི་གནས་སུ་བཞག ། བཞི་པ་ལྷ་མིན་གྱི་གནས་ནས་དྲང་བ་ནི། ཧཱུྃ་ཧྲཱིཿ སྐད་ཅིག་སྣང་བ་གནས་འགྱུར་ཏེ༔ རྨི་ལམ་སྒྱུ་མ་ཇི་བཞིན་དུ༔ ལྷ་མིན་གནས་ཡུལ་བཀོད་པ་འཕྲུལ༔ སྣང་ལ་རང་བཞིན་མེད་པར་ཤར༔ ཞལ་ཟས། ཨོཾ་ཨཱཿཧཱུྃ་གིས་བརླབས་ཏེ། ཧཱུྃ༔ བཅོམ་ལྡན་ཐག་བཟང་རིས་མཆོག་ལ༔ འདོད་རྒུའི་དཔལ་གྱི་མཆོད་པ་འབུལ༔ ལྷ་མིན་སྲིད་པ་ [8a] ལས་བསྒྲལ་ཏེ༔ དག་པའི་ཞིང་དུ་དྲང་དུ་གསོལ༔ བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ༔ ཞེས་འབུལ། གླུད་གཏོར་ སམྦྷ་ར་དང་། ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ ཐར་ལམ་བར་ཆད་གེགས་བྱེད་པའི༔ བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ སརྦ་བྷུ་ཏ་བ་ལིཾ་ཏ་ཁཱ་ཧིཿ ཨུ་ཙ་ཏ་ཡ་ཕཊ༔ ཅེས་བསྔོ། ཁྲུས་བྱ་ཞིང་། ཧཱུྃ༔ འདི་ནི་བསམ་གཏན་རང་བཞིན་ཆུས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ ཕྲག་དོག་སྒྲིབ་པ་རྣམ་དག་ཅིང་༔ འཐབ་རྩོད་སྡུག་བསྔལ་དག་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལྷ་མིན་འཐབ་རྩོད་ཀྱི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ བདག་དང་དཀྱིལ་འཁོར་བའི་ཐུགས་རྗེའི་འོད་ཟེར་གྱིས་ལྷ་མིན་གྱི་ལས་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་པར་མོས་ལ་བྱེ་ས་བྲབ་ཅིང་། ཧྲཱིཿ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་ཕུང་བསྐལ་མེ་ལྟ་བུ་འཕྲོས༔ ལྷ་མིན་ས་བོན་སུ་སེར་ནག༔ ཕྲག་དོག་ལས་ཉོན་སྒྲིབ་པ་བསྲེགས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སུ་སརྦ་དུ་སུ་ཥ་དུ་ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཞེས་ལྷ་མིན་གྱི་དལ་བསྡུ་ཞིང་མཚན་བྱང་ལྷའི་གནས་སུ་བཞག །ལྔ་པ་ལྷའི་གནས་ནས་དྲང་བ་ནི། ཧཱུྃ་ཧྲཱིཿ [8b] སྐད་ཅིག་སྣང་བ་གནས་འགྱུར་ཏེ༔ རྨི་ལམ་སྒྱུ་མ་ཇི་བཞིན་དུ༔ ལྷ་ཡི་གནས་ཡུལ་བཀོད་པ་འཕྲུལ༔ སྣང་ལ་རང་བཞིན་མེད་པར་ཤར༔ ཞལ་ཟས། ཨོཾ་ཨཱཿཧཱུྃ་གིས་བརླབས་ཏེ། ཧཱུྃ༔ བཅོམ་ལྡན་དབང་པོ་བརྒྱ་བྱིན་ལ༔ འདོད་རྒུ་དཔལ་གྱི་མཆོད་པ་འབུལ༔ ལྷ་ཡི་སྲིད་པ་ལས་བསྒྲལ་ཏེ༔ དག་པའི་ཞིང་དུ་དྲང་དུ་གསོལ༔ བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ༔ ཞེས་འབུལ། གླུད་གཏོར་སམྦྷ་ར་དང་། ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ ཐར་ལམ་བར་ཆད་གེགས་བྱེད་པའི༔ བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ སརྦ་བྷུ་ཏ་བ་ལིཾ་ཏ་ཁཱ་ཧི༔ ཨུ་ཙ་ཏ་ཡ་ཕཊ༔ ཅེས་བསྔོ། ཁྲུས་བྱ་ཞིང་། ཧཱུྃ༔ འདི་ནི་བརྩོན་འགྲུས་རང་བཞིན་ཆུས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ ང་རྒྱལ་སྒྲིབ་པ་རྣམ་དག་ནས༔ འཕོ་ལྟུང་སྡུག་བསྔལ་དག་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལྷ་འཕོ་ལྟུང་གི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ བདག་དང་དཀྱིལ་འཁོར་པའི་ཐུགས་རྗེ་འོད་ཟེར་གྱིས་ལྷའི་ལས་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་པར་མོས་ལ། བྱེ་མས་བྲབ་ཅིང་། ཧྲཱིཿ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་ [9a] ཕུང་བསྐལ་མེ་ལྟ་བུ་འཕྲོས༔ ལྷ་ཡི་ས་བོན་ཨཿདཀར་པོ༔ ང་རྒྱལ་ལས་ཉོན་སྒྲིབ་པ་བསྲེགས༔ ཨོ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨཿསརྦ་ཨ་སུ་ར་དུ་ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཞེས་ལྷའི་དལ་བསྡུ་ཞིང་མཚན་བྱང་མིའི་གནས་སུ་བཞག ། དྲུག་པ་མིའི་གནས་ནས་དྲང་བ་ནི། ཧཱུྃ་ཧྲཱིཿ སྐད་ཅིག་སྣང་བ་གནས་འགྱུར་ཏེ༔ རྨི་ལམ་སྒྱུ་མ་ཇི་བཞིན་དུ༔ མི་ཡི་གནས་ཡུལ་བཀོད་པ་འཕྲུལ༔ སྣང་ལ་རང་བཞིན་མེད་པ་ཤར༔ ཞལ་ཟས། ཨོཾ་ཨཱཿཧཱུྃ་གོས་བརླབས་ཏེ། ཧཱུྃ༔ བཅོམ་ལྡན་ཤཱཀྱ་ཐུབ་པ་ལ༔ འདོད་རྒུ་དཔལ་གྱི་མཆོད་པ་འབུལ༔ མི་ཡི་སྲིད་པ་ལས་བསྒྲལ་ཏེ༔ དག་པའི་ཞིང་དུ་དྲང་དུ་གསོལ༔ བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ༔ ཞེས་འབུལ། གླུང་གཏོར། སམྦྷ་ར་དང་། ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ ཐར་ལམ་བར་ཆད་གེགས་བྱེད་པའི༔ བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ སརྦ་བྷུ་ཏ་བ་ལིཾ་ཏ་ཁཱ་ཧི༔ ཨུ་ཙ་ཏ་ཡ་ཕཊ༔ ཅེས་བསྔོ། ཁྲུས་བྱ་ཞིང་། ཧཱུྃ༔ འདི་ནི་ཚུལ་ཁྲིམས་རང་བཞིན་ཆུས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ སྒྲིབ་གཉིས་དྲི་མ་རྣམ་དག་ནས༔ འགྱུར་བའི་སྡུག་བསྔལ་ཀུན་དག་ཤོག༔ ཨོཾ་ [9b] མ་ཎི་པདྨེ་ཧཱུྃ་ཧྲཱིཿ མི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་མིའི་ལས་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་པར་མོས་ལ་བྱེ་མས་བྲབ་ཅིང་། ཧྲཱིཿ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་ཕུང་བསྐལ་མེ་ལྟ་བུ་འཕྲོས༔ མི་ཡི་ས་བོན་ནྲྀཿ ལྗང་གུ༔ དུག་ལྔའི་ལས་ཉོན་བག་ཆགས་བསྲེགས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ནྲྀཿསརྦ་བྷི་ཤ་དུ་ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཞེས་མིའི་དལ་བསྡུ་ཞིང་མཚན་བྱང་དབང་སྟེགས་སུ་བཞག ། དེ་ལྟར་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་སྦྱངས་ཏེ་ཚེ་འདས་ཉིད་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེག་པདྨ་འདབ་བརྒྱད་ཀྱི་གདན་ལ་འཁོད་པར་བསམ་མོ། །བདུན་པ་དབང་བསྐུར་བ་ནི། ས་གཞི་སྤོས་ཆུས་བྱུག་ཅིང་སོགས་ཀྱིས་མཎྜལ་ཕུལ་ཏེ། ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཀུན་གྱི་ཁྱབ་བདག་བླ་མ་ལ༔ རྣམ་གསུམ་དད་པས་གསོལ་བ་འདེབས༔ དེང་བཟུང་བྱང་ཆུབ་མཐོབ་བར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་དང་བསླབ་ལ་རབ་ཞུགས་ནས༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ [10a] མ་དང་བུ་ཡི་འདུ་ཤེས་ཀྱིས༔ ཕན་དང་བདེ་བའི་ཐབས་བརྩོན་བྱ༔ ལྷ་དང་བླ་མའི་ཚོགས་རྣམས་ཀྱིས༔ ཁམས་གསུམ་འཁོར་བའི་རྒྱ་མཚོ་ལས༔ བསྒྲལ་ནས་ཐར་ལམ་བསྟན་དུ་གསོལ༔ ཞེས་ལན་གསུམ་གྱིས་སྐྱབས་སེམས་དང་གསོལ་བ་གདབ། ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉ་ཧཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་གྱི་སྟེང་དུ་ཁྱོད་རང་ཐུགས་རྗེ་ཆེན་པོ་ཡུམ་དང་བཅས་པའི་སྐུར་གསལ་བའི་ཡབ་ཀྱི་སྙིང་གར་ཧྲཱིཿཡིག་དཀར་པོ་གསལ་ཞིང་འབར་བའི་འོད་ཀྱིས་བསྐུལ་བས་དཀྱིལ་འཁོར་བ་རྣམས་ཀྱི་ཐུགས་ཀ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སྐུ་དང་སྙིང་པོ་ཕྱག་རྒྱ་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་ཏེ་ཁྱོད་རང་ལ་ཐིམ་པས་ཟག་མེད་ཀྱི་བདེ་བས་རྒྱུད་གང་བར་མོས་མཛོད། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ བཛྲ་ཨ་བེ་ཤ་ཡ་ཨ་ཨཱཿ ཞེས་སྤོས་རོལ་དང་བཅས་ཏེ་ཡེ་ཤེས་པ་དབབ། ཏིཥྛ་བཛྲས་བརྟན་པར་བྱ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་སྲས་དང་བཅས་པ་བཛྲ་ས་མ་ཛཿས་མཁས་ཁྱབ་ཏུ་སད་པ་ལ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་ [10b] བཏབ་པས། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་བུམ་པའི་དབང་བསྐུར་བར་མོས་མཛོད། རྣམ་བུམ་གྱིས་དབང་བསྐུར་ཞིང་། ཧཱུྃ༔ ཆོས་དབྱིངས་བུམ་པའི་གཞལ་ཡས་སུ༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བུམ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས་སྐུ་གང་དྲི་མ་དག ། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་བདག་སྣང་བ་མཐའ་ཡས་ཀྱི་དབུ་བརྒྱན་པར་གྱུར། ཡིག་དྲུག་ཙཀླི་མགྲིན་པར་བསྐུར་ཞིང་། ཧྲཱིཿ འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡི༔ གསུང་གསང་འདུས་པ་ཡི་གེ་དྲུག༔ སྐལ་ལྡན་བུལ་དབང་བསྐུར་བས༔ གསང་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ མེ་ལོང་སྙིང་གར་བསྐུར་ཞིང་། ཧྲཱིཿ ཆོས་སྐུ་གཏིང་གསལ་སྤྲོས་མཐའ་བྲལ༔ ཅིར་ཡང་འཆར་བའི་ཨ་དརྴ༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ ཤེར་དབང་ཡོངས་སུ་རྫོགས་ཐོབ་ཤིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཤེལ་རྡོ་ལྟེ་བར་བསྐུར་ [11a] ཞིང་། ཧྲཱིཿ ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི༔ རོལ་པའི་སྒྲོན་མ་རྣམ་པ་བཞི༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ ཚིག་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སརྦ་ཨ་བྷི་ཥིཉྩ་ཧྲཱིཿ ཐུགས་རྗེ་ཆེན་པོའི་སྐུ་སྤྱི་བོར་བཞག་ཅིང་མིག་ལམ་དུ་བསྟན་ལ། ཀྱེ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ རང་རིག་ཡེ་ཤེས་བྱང་ཆུབ་སེམས༔ ངོ་ཤེས་མངོན་གྱུར་ཆོས་ཀྱི་དབྱིངས༔ ཐུགས་རྗེ་ཆེན་པོར་ལྷུན་གྱིས་གྲུབ༔ ཡེ་ཤེས་རང་མདངས་བདེ་གཤེགས་ལྔ༔ རོལ་རྩལ་རྣམ་འདྲེན་སངས་རྒྱས་སྟོང་༔ རང་བྱུང་རང་ཤར་ཆེན་པོར་རྫོགས༔ དེར་མ་གཏོགས་པའི་རྟེན་བརྟེན་པ༔ གཞན་དུ་གྲུབ་པ་ ཅི་ཡང་མེད༔ དེ་ལྟར་རང་ངོ་ཤེས་པ་ཡི༔ ངང་དུ་གདེང་ཐོབ་བཙན་ས་ཟུངས༔ རང་ངོ་རང་སངས་རྒྱས་འགྱུར་རོ༔ ཞེས་དབང་བསྐུར། དེ་ལྟར་དབང་ཟབ་མོ་ཡོངས་སུ་རྫོགས་པ་ཐོབ་ནས་ནམ་མཁར་བཞུགས་པའི་ལྷ་ཚོགས་རྣམས་ཁྱེད་རང་ལ་ཐིམ་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་རོ། །བརྒྱད་པ་ཟད་གཏད་པ་ནི། བཟའ་བཏུང་རྣམས། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཏྲཱཾ་ཡིག་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་ [11b] དུ་ཨོཾ་ཨཱཿཧཱུཾ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཟད་མི་ཤེས་པའི་གཏེར་ཆེན་པོར་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨདྱ་ནུཏྤནྣ་ཏོ་ཏ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་སྤེལ་ཞིང་བསྒྱུར་ལ། ཧྲཱིཿ ཚེ་འདས་མིག་གི་དབང་པོའི་སྤྱོད་ཡུལ་དུ༔ འདོད་རྒུ་གཟུགས་ཀྱི་བྱེ་བྲག་ཇི་སྙེད་པ༔ མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཅིང་༔ ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་རཱུ་པ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ཁཾ་སྭཱ་ཧཱ༔ ཧྲཱིཿ ཚེ་འདས་རྣ་ཡི་དབང་པོའི་སྤྱོད་ཡུལ་དུ༔ འདོད་རྒུ་དྲི་ཡི་བྱེ་བྲག་ཇི་སྙེད་པ༔ མི་ཟད་ནམ་མཁའི་མཛད་ལ་ལོངས་སྤྱོད་ཅིང་༔ ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་ཤཔྟ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧྲཱིཿ ཚེ་འདས་སྣ་ཡི་དབང་པོའི་སྤྱོད་ཡུལ་དུ༔ འདོད་རྒུ་དྲི་ཡི་བྱེ་བྲག་ཇི་སྙེད་པ༔ མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཅིང་༔ ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔ ཨོཾ་ཨཱཿཧཱུཾ་སརྦ་གྷནྡྷི་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧྲཱིཿ ཚེ་འདས་ལྕེ་ཡི་དབང་པོའི་སྤྱོད་ཡུལ་དུ༔ འདོད་རྒུ་དྲི་ཡི་བྱེ་བྲག་ཇི་སྙེད་པ༔ མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཅིང་༔ ཟག་མེད་བདེ་བ་ཆེན་པོའི་ [12a] དཔལ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་ར་ས་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧྲཱིཿ ཚེ་འདས་ལུས་ཀྱི་དབང་པོའི་སྤྱོད་ཡུལ་དུ༔ འདོད་རྒུ་རེག་བྱའི་བྱེ་བྲག་ཇི་སྙེད་པ༔ མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཅིང་༔ ཟག་མེད་བདེ་ཆེན་པོའི་དཔལ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་སྤརྴེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧྲཱིཿ ཚེ་འདས་ཡིད་ཀྱི་དབང་པོའི་སྤྱོད་ཡུལ་དུ༔ འདོད་རྒུ་ཆོས་ཀྱི་བྱེ་བྲག་ཇི་སྙེད་པ༔ མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཅིང་༔ ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་དྷརྨ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱཿ ཞེས་བསྔོ། དགུ་པ་མཆོད་ཅིང་གསོལ་བ་གདབ་པ་ནི། ཧྲཱིཿ འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་༔ བདེ་གཤེགས་རིགས་ལྔའི་དཀྱིལ་འཁོར་ལ༔ ཚེ་འདས་ཕུང་ལྔ་ཡོན་དུ་འབུལ༔ ཐར་པའི་ལམ་སྣ་དྲང་དུ་གསོལ༔ བཅུ་པ་གསལ་བསྔོ་བ་ནི། མར་མེ་བསྟན་ཏེ། ཧྲཱིཿ ཡེ་ཤེས་གསལ་བའི་སྒྲོན་མེ་འདི༔ སྐུ་དང་ཡེ་ཤེས་རོལ་པའི་མདངས༔ ཚེ་འདས་མ་རིག་མུན་པའི་སྨག༔ བསལ་ནས་རང་སྣང་ཡེ་ཤེས་ཀྱི༔ རྟེན་དང་བརྟེན་པར་མངོན་གྱུར་ཤོག༔ བཛྲ་དྷརྨ་ཨཱ་ལོ་ཀེ་སྭཱ་ཧཱ་ཧཱུྃ༔ བཅུ་ [12b] གཅིག་པ་ལམ་བསྟན་པ་ནི། ཀྱཻཿ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཁམས་གསུམ་འཁོར་བ་གར་སྐྱེས་ཀྱང་༔ མ་རིག་གསུམ་གྱི་སྒྲིབ་པ་ཡིས༔ སྡུག་བསྔལ་གསུམ་གྱི་བཙོན་ཁང་དུ༔ མ་ཚུད་པ་ནི་གཅིག་ཀྱང་མེད༔ དེ་ཕྱིར་སྐྱོ་ཞིང་སུན་པའི་བློས༔ ཆགས་ཞེན་འཁྲི་བ་ཀུན་ཆོད་ལ༔ དེ་ལས་ཐར་འདོད་བསམ་པ་ཡིས༔ བདེ་ཆེན་ཞིང་ཁམས་ཡིད་ལ་གྱིས༔ འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ བདེ་བ་ཅན་གྱི་ཞིང་ཁམས་ཡོད༔ བདེ་སྐྱིད་ལོངས་སྤྱོད་དཔག་ཏུ་མེད༔ ཞིང་དེའི་ཡོན་ཏན་བརྗོད་ལས་འདས༔ དེ་ན་སངས་རྒྱས་འོད་དཔག་མེད༔ བྱང་སེམས་འཕགས་པའི་འཁོར་གྱིས་བསྐོར༔ མཚན་ཐོས་ཙམ་གྱིས་སྲིད་ལས་གྲོལ༔ མོས་གུས་གདུང་ཤུགས་དྲག་པོ་ཡིས༔ རྣམ་གསུམ་དད་པས་གསོལ་བ་ཐོབ༔ ཁྱོད་ཀྱི་རྣམ་ཤེས་ཡི་གེ་ཧྲཱིཿ འོད་དང་ཐིག་ལེས་བརྒྱན་པ་རུ༔ གསལ་ཐོབ་ནམ་མཁའི་སྐར་མདའ་བཞིན༔ འོད་དཔག་མེད་པའི་ཐུགས་ཀ་རུ༔ ཐེ་ཚོམ་མེད་པར་རྒྱངས་ཀྱིས་འཕོས༔ དབྱེ་བ་མེད་པར་ཁྲིགས་སེ་འདྲེས༔ ནམ་མཁའ་ནམ་མཁར་ཐིམ་པ་བཞིན༔ རང་སྣང་དག་པའི་ཞིང་དུ་འཕོས༔ ཚེ་འདས་ཀྱི་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོའི་རྣམ་པར་ [13a] གྱུར་ཏེ་སྤྱི་བོ་ནས་ཐོན། རིགས་བདག་སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་ཐིམ་པས་ཆོས་དབྱིངས་སྐྱེ་བ་མེད་པའི་དབྱིངས་སུ་སངས་རྒྱས་པར་བསམ་མོ། །བཅུ་གཉིས་པ་མཚན་བྱང་བསྲེག་པ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་མེ་ཡི་རྣམ་པ་བྱུང་བས་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱངས་པར་བསམ་ལ་མེ་སྤར་ཞིང་། ཧཱུྃ༔ མ་རིག་གསུམ་གྱི་བུད་ཤིང་ལ༔ རིག་པ་ཡེ་ཤེས་མེ་སྦར་རོ༔ གཟུང་དང་འཛིན་པའི་བུད་ཤིང་ལ༔ བདག་མེད་ཤེས་རབ་མེ་སྦར་རོ༔ ཉོན་མོངས་དུག་གསུམ་བུད་ཤིང་ལ༔ སྐུ་གསུམ་ལྷུན་གྲུབ་མེ་སྦར་རོ༔ དུག་ལྔ་ཕུང་ལྔའི་བུད་ཤིང་ལ༔ ཡེ་ཤེས་ལྔ་ཡི་མེ་སྦར་རོ༔ ཉོན་མོངས་བརྒྱད་ཁྲིའི་བུད་ཤིང་ལ༔ ཆོས་ཕུང་བརྒྱད་ཁྲིའི་མེ་སྦར་རོ༔ མ་དག་སྣང་བ་སྣོད་བཅུད་ཀུན༔ ཀ་དག་ཆོས་སྐུའི་དབྱིངས་སུ་བསྲེག༔ གཞོན་ནུ་བུམ་སྐུར་སངས་རྒྱས་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨཿནྲྀཿསུཿཏྲིཿཔྲེཿདུཿསརྦ་དུ་ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཞེས་བསྲེགས་ཤིང་མེ་པྲ་ལས་ཚེ་འདས་ཀྱི་སྡིག་སྒྲིབ་དག་མ་དག་གི་མཚན་མའང་བརྟགས། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པར། །སྲིད་པའི་པདྨོ་ལས་འཁྲུངས་ཏེ། །བདེ་བ་ [13b] ཅན་དུ་སྐྱེ་བར་ཤོག །ཅེས་སོགས་བསྔོ་སྨོན་ཁྱད་པར་ཅན་གདབ་བོ། །བཅུ་གསུམ་པ་སཱཙྪ་གདབ་པ་ནི། བྱང་རོའི་སྟེང་དུ་ཟླ་བ་ལ་གནས་པའི་ཨ་ཡིག་དཀར་པོ་འོད་ཟེར་འཕྲོ་བ། དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབ་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ་ལ། ཡི་གེ་བདུན་པ་བཟླ་ཞིང་དྲི་བཟང་གི་ཆུས་སྦྱངས་ནས་བསྒྲུབ་པའི་བུམ་ཆུས་འཇིམ་པ་སྦྲུས་ཏེ། ཡིག་བདུན་དང་གཟུངས་སྔགས་ཁྱད་པར་ཅན་བཟླ་བཞིན་དུ་སཱཙྪ་གདབ་ཅིང་། བཏབ་ཟིན་པ་རྟེན་སྙིང་གི་མེ་ཏོག་འཐོར་བས་རབ་ཏུ་གནས་པར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། ཚོགས་ལ་རོལ་ཞིང་ལྷག་གཏོར་དང་སྲུང་མའི་གཏོར་མ་བཏང་ཆད་བརྟན་ཕྲིན་ལས་བྱང་གི་དཀྱུས་ལྟར་མཐར་ཆགས་སུ་བཏང་བས་ལེགས་པར་གྲུབ་བོ། དགོས་པ་ཁྱད་འཕགས་ཆོ་གའི་ཕྲིན་ལས་ཀྱིས། །ཅི་བྱ་བརྟོལ་བྲལ་གཤིན་པོའི་འགྲོ་བ་ཀུན། །ཚེགས་མེད་བདེ་ཆེན་ཞིང་དུ་དབུགས་ཕྱུངས་ཏེ། །སྤྱན་རས་གཟིགས་ཀྱི་དགོངས་སྤྱོད་མཐར་ཕྱིན་ཤོག དེ་ལྟར་འགྲོ་འདུལ་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ཐར་ལམ་ཤིང་རྟ་ཞེས་བྱ་བ་འདི་ནི། ཉམ་ཐག་བར་དོའི་འགྲོ་བ་མང་པོ་ལ་སྨན་པའི་བསམ་པ་བཟང་པོས་གཏེར་གཞུང་གི་དགོངས་པ་རྣམ་གསལ་ཕྱག་ལེན་གྱིས་བརྒྱན་ཏེ། རིག་འཛིན་གྱི་བཙུན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འཕགས་མཆོག་ཕྱག་ན་པདྨོས་རྟག་ཏུ་སྐྱོང་བའི་ཞིང་ཁམས་ཆོས་འཁོར་དཔལ་གྱི་ལྷ་སར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། སརྦ་མངྒ་ལཾ།