TTDL-ZABTER-15-BA-008: Difference between revisions

From Dudjom Wiki
TTDL-ZABTER-15-BA-008
m (Text replacement - "ཨོཾ་ཨཱ༔ ཧཱུྃ" to "ཨོཾ་ཨཱཿཧཱུྃ")
m (Text replacement - "ཧྲཱི༔" to "ཧྲཱིཿ")
 
Line 39: Line 39:




༁ྃ༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}}) དལ་འབྱོར་ལྡན་པའི་མི་ལུས་ནི༔ ཤིན་ཏུ་རྙེད་དཀའི་ཡིད་བཞིན་ནོར༔ ལན་གཅིག་ཐོབ་ཏུ་ཟིན་ནའང་༔ 'སྔོན་གྱི་ལས་དང་འཕྲལ་རྐྱེན་གྱིས༔ དབང་གྱུར་ཚེ་མཐར་ཕྱིན་དཀའ་བས༔ དེ་ཕྱིར་སྐལ་བཟང་སྐྱེས་བུ་ཡི༔ དད་བརྩོན་སྙིང་རུས་ཤུགས་བསྐྱེད་དེ༔ གཏན་ཀྱི་བདེ་བ་བསྒྲུབ་པ་ལ༔ ཚེ་ཕུག་མཐའ་རུ་ཕྱིན་པ་གནད༔ དེ་ཕྱིར་རྐྱེན་བཟློག་ཚེ་བསྲིང་ཕྱིར༔ བསྐྱེད་དང་དམིགས་པའི་གནད་ལྡན་ཏེ༔ ཚེ་དཔག་མེད་ཀྱི་ལྷུམས་འཇུག་བྱ༔ རབ་དབེན་སྐྱེད་ཚལ་ཉམས་དགའི་སར༔ སྒྱུབ་པའི་མཐུན་རྐྱེན་འཛོམ་བྱས་ཏེ༔ དང་པོ་སྔོན་འགྲོ་བྱ་བ་ལ༔ འབྱུང་ལྔའི་འཆི་བསླུ་ལེགས་གྲུབ་བྱ༔ དཀྱིལ་འཁོར་བཀོད་ལེགས་ཡིད་འོང་བར༔ རྟེན་གསུམ་རིམ་པར་བཀོད་བྱས་ཏེ༔ མཆོད་རྫས་ཅི་རིགས་མཛེས་པར་བཤམས༔ བུམ་པ་སྐུ་དང་གསུང་བདུད་རྩི༔ འཆི་མེད་བདུད་རྩིའི་ཤིང་ལྔ་དང་༔ འབྲས་བུ་རྒྱལ་པོ་གསུམ་སྦྱོར་བའི༔ རིལ་བུ་ཐུགས་ཀྱི་དངོས་གྲུབ་རྟེན༔ དར་དམར་ལེ་བརྒན་ལྡིང་གུར་ཕུབ༔ དཀར་ཕྱོགས་སྐྱོང་ལ་དཀར་གཏོར་དང་༔ ནག་ཕྱོགས་དག་ལ་དམར་གཏོར་དང་༔ བགེགས་ལ་གླུད་དང་ཆངས་འབྲས་ཆན༔ ཤ་ཚིལ་ཁྲག་གིས་བརྒྱན་པ་བཤམས༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ལ༔ ན་མོ༔ བླ་མ་དཀོན་མཆོག་རྣམ་གསུམ་ལ༔ བྱང་ཆུབ་བར་དུ་བདག་སྐྱབས་མཆི༔ འཁོར་བ་དོང་སྤྲུགས་ནུས་པའི་ཕྱིར༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་བྱ༔ ལན་གསུམ༔ དེ་ནས་བགེགས་བསྐྲད་པ་ལ༔ ཧཱུྃཿང་ནི་དབང་ཆེན་ཁྲོས་པའི་སྐུ༔ ལོག་འདྲེན་འདུས་བའི་དཔལ་དུ་ཤར༔ ཉོན་ཅིག་གཟུང་འཛིན་འཁྲུལ་པའི་བགེགས་༔ འདོད་ཡོན་གླུད་གཏོར་འདི་ཁྱེར་ལ༔ སོ་སོ་རང་རང་གནས་སུ་སོང་༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ ཡེ་ཤེས་རོལ་པའི་ཐུན་མཚོན་གྱིས༔ ལུས་ངག་རྡུལ་དུ་བརླགས་ཏ་རེ༔ ཞེས་ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ དེ་ནས་མཚམས་གཅོད་སྲུང་འཁོར་ལ༔ ཧཱུྃ༔ བདག་ཉིད་དབང་དྲག་ཐུགས་ཀ་ནས༔ ཡེ་ཤེས་རོལ་པའི་རང་རྩལ་གྱིས༔ འོད་དང་མེ་མཚོན་གུར་ར་བ༔ རང་བྱུང་ལྷུན་གྱིས་གྲུབ་པར་བསྒོམ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཛྙ་ན་རཾ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ དེ་ནས་བརྡ་ཕྱག་འཚལ་ཞིང་བརྡ་སྒོ་དབྱེ་བ་ལ༔ ཧཱུྃ༔ རང་རིག་ལྷན་སྐྱེས་ཡེ་ཤེས་ལྷར༔ རང་ཞལ་མཇལ་ཕྱིར་བརྡ་ཕྱག་འཚལ༔ བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཆེ༔ མ་རིག་ལས་ཉོན་སྒྲིབ་པའི་བག༔ ཡུལ་མེད་ཟང་ཐལ་ཆེན་པོར་ཕཊ༔ དེ་ནས་བྱིན་ཆེན་དབབ་པ་ལ༔ ཧཱུྃ༔ ཀ་དག་ཆོས་སྐུའི་ཕོ་བྲང་ནས༔ ཀུན་བཟང་ཡབ་ཡུམ་བྱིན་ཕོབ་ཅིག༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ འཆི་མེད་མགོན་པོའི་བྱིན་ཕོབ་ཅིག༔ འགྱུར་མེད་བདེ་ཆེན་ཞིང་ཁམས་ནས༔ འོད་དཔག་མེད་མགོན་བྱིན་ཕོབ་ཅིག༔ ཐུགས་རྗེའི་སྤྲུལ་པའི་ཞིང་ཁམས་ནས༔ པདྨ་འབྱུང་གནས་བྱིན་ཕོབ་ཅིག༔ ན་མ་དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ༔ སརྦ་ས་མ་ཡ་ཛ་ཛཿཨ་ཡུརྫྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿདེ་ནས་མཆོད་རྫས་བྱིན་བརླབ་ལ༔ ཧཱུྃ༔ ཡུལ་དྲུག་འདོད་ཡོན་སྣང་བའི་ཆོས༔ རང་བྱུང་ཡེ་ཤེས་རྒྱན་དུ་ཤར༔ ཕྱི་ནང་གསང་བའི་མཆོད་སྤྲིན་ནི༔ མི་ཟད་ནམ་མཁའ་མཛོད་དུ་སྤེལ༔ ན་མཿསརྦ་སོགས་ནམ་མཁའ་མཛོད་སྔགས་ལན་གསུམ་བརྗོད༔ དེ་ནས་ཏིང་འཛིན་རྣམ་གསུམ་ལ༔ ཨཱཿའཁོར་འདས་སྟོང་ཉིད་ཆེན་པོའི་ངང་༔ མ་རྟོགས་སེམས་ཅན་སྙིང་རེ་རྗེ༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ རང་རིག་རྒྱུ་ཡི་ཡི་གེར་ཤར༔ དེ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ལ༔ ཧྲཱིཿཧྲཱིཿལས་འདོ་ཟེར་རབ་འཕྲོས་པས༔ སྣང་བ་ཐམས་ཅད་བདེ་ཆེན་ཞིང་༔ བཀོད་པ་རབ་རྫོགས་ཆེན་པོའི་དབུས༔ ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔ རྒྱན་དང་འཁོར་ཡུག་མཚན་ཉིད་རྫོགས༔ ཤིན་ཏུ་མཛེས་ཤིང་ཉམས་དགའི་དབུས༔ རྨ་བྱའི་ཁྲི་དང་པད་ཉི་དང་༔ ཟླ་སྟེང་སྲོག་གི་སྙིང་པོ་བབ༔ འོད་འཕྲོས་རྒྱལ་བ་མཆོད་པས་མཉེས༔ དབང་བྱིན་དངོས་གྲུབ་ཚུར་འདུས་བསྟིམ༔ མར་འཕྲོས་འཁོར་བ་ཆོས་སྐུར་བསྒྲལ༔ སྣོད་བཅུད་དཔལ་ཡོན་ཚེ་བསོད་བསྡུས༔ ཧྲཱིཿལས་རང་ཉིད་སྐད་ཅིག་གིས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དམར་གསལ་གཟི་བརྗིད་འོད་ཕུང་འབར༔ གཞོན་ཚུལ་མཚན་དཔེ་ལང་ཚོ་མཛེས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་འཛིན༔ ཤིན་ཏུ་ཞི་ཞིང་འཛུམ་པའི་ཚུལ༔ དབུ་རྒྱན་ཅོད་པན་སྟོད་གཡོགས་དང་༔ སྨད་དཀྲིས་སྐུ་རེག་དར་དཔྱངས་གསོལ༔ རིན་པོ་ཆེ་ཡི་གདུ་བུ་དང་༔ མགུལ་རྒྱན་ཕྲེང་བ་དོ་ཤལ་སྤྲས༔ འཇའ་དང་འོད་ཀྱི་ཕུང་པོ་འབར༔ དེ་ཡི་པང་དུ་སྦྱོར་བའི་ཡུམ༔ བདེ་ཆེན་གསང་བ་ཡེ་ཤེས་མ༔ དམར་གསལ་གཞོན་ཚུལ་མཚན་དཔེས་བརྒྱན༔ དགྱེས་ཆགས་དགའ་བདེའི་ཉམས་དང་ལྡན༔ ཕྱག་ན་མདའ་དར་ཚེ་བུམ་འཛིན༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ༔ ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན༔ ལྗང་སྔོན་རལ་པའི་ལན་ཚར་ཅན༔ བདེ་སྟོང་སྦྱོར་བའི་ཆོ་འཕྲུལ་ལས༔ ཕྱོགས་བཞི་བདེ་གཤེགས་རིགས་བཞི་ནི༔ མཐིང་སེར་དཀར་ལྗང་འོད་ཀྱི་སྐུ༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་འཛིན༔ རང་རང་རིགས་ཀྱི་ཡུམ་དང་འཁྲིལ༔ ཁ་དོག་ཡབ་ཀྱི་ཆ་འཛིན་ཅིང་༔ ཕྱག་ན་མདའ་དར་ཚེ་བུམ་བསྣམས༔ ཀུན་ཀྱང་ལོངས་སྤྱོད་རྫོགས་སྐུའི་ཆས༔ མཚམས་བཞིར་འབྱུང་བའི་ལྷ་མོ་ལྔ༔ དཀར་སེར་དམར་ལྗང་མཐིང་གའི་མདོག༔ ཕྱག་ན་མདའ་དར་ཚེ་བུམ་འཛིན༔ གཞོན་ཚུལ་དར་དང་རཏྣས་བརྒྱན༔ སྒོ་བཞིར་ཚད་མེད་སྒོ་མ་བཞི༔ ལས་མདོག་རང་རྟགས་ཕྱག་མཚན་དང་༔ ཚེ་བཅུད་འགུགས་པའི་མདའ་དར་བསྣམས༔ དཀྱིལ་འཁོར་བར་ཁྱམས་འཁོར་ཡུག་ཏུ༔ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ ཏིལ་གྱིས་གོང་བུ་ཕྱུར་བཞིན་བསྒོམ༔ ཡེ་ཤེས་སྒྱུ་འཕྲུལ་དཀྱིལ་འཁོར་ལྷའི༔ གནས་གསུམ་རྡོ་རྗེ་སྙིང་པོ་ལས༔ འོད་འཕྲོས་ཡེ་ཤེས་པ་ཡི་ཚོགས༔ མཚོ་ལ་ཁ་ཆར་བབས་པ་བཞིན༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ་ཧྲཱིཿབདེ་ཆེན་འོག་མིན་པདྨ་འོད༔ ལྷུན་གྲུབ་རོལ་པའི་དཀྱིལ་འཁོར་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ བདེ་གཤེགས་རིགས་ལྔ་སྲས་འཁོར་བཅས༔ འབྱུང་བའི་ལྷ་མོ་མགྱོགས་མ་ལྔ༔ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས༔ ཚད་མེད་སྒོ་མ་བཞི་དང་བཅས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ སྒྲུབ་མཆོག་བྱིན་གྱིས་བརླབ་པའི་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྒོ་གསུམ་རྡོ་རྗེ་གསུམ་ལྡན་གྱི༔ རོལ་པ་ཆེན་པོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨ་མི་དྷེ་ཝ་ཨ་ཡུརྫྙཱ་ན་ཨ་ཝེ་ཤ་ཡ་ཧྲཱིཾ་ཧྲཱིཾ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿརྡོ་རྗེ་གསུམ་གྱི་ངོ་བོ་རུ༔ འཆི་མེད་མགོན་པོའི་ལྷ་ཚོགས་རྣམས༔ དབྱེར་མེད་དུ་མ་རོ་གཅིག་ངང་༔ འདུ་འབྲལ་མེད་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྠ་ལྷན༔ དེ་ནས་ཕྱག་འཚལ་བ་ལ༔ ན་མོ༔ ལྷན་སྐྱེས་ཡེ་ཤེས་བྱང་ཆུབ་སེམས༔ རྒྱལ་དང་རྒྱལ་སྲས་འདུས་པའི་རྩལ༔ བཀོད་པ་ལྷུན་གྲུབ་དཀྱིལ་འཁོར་ལ༔ རང་ཞལ་མཇལ་བས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ ཧོཿ  དེ་ནས་མཆོད་པ་འབུལ་བ་ལ༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་སྣང་བའི་ལོངས་སྤྱོད་དཔལ༔ མི་ཟད་རྒྱན་གྱི་འཁོར་ལོ་ཡིས༔ འཆི་མེད་མགོན་པོའི་དཀྱིལ་འཁོར་ལྷ༔ ཚོགས་གཉིས་རྫོགས་ཕྱིར་མཉེས་མཆོད་འབུལ༔ ཁམས་གསུམ་ཕྱི་ནང་གསང་གསུམ་གྱི༔ མཆོད་པའི་སྤྲིན་དུ་ལེགས་བསྒྱུར་ཏེ༔ འཆི་མེད་མགོན་པོའི་དཀྱིལ་འཁོར་ལ༔ ཚོགས་གཉིས་རྫོགས་ཕྱིར་ལེགས་འབུལ་གྱིས༔ བཞེས་ནས་ཚེ་ཡི་དངོས་གྲུབ་སྩོལ༔ མ་དག་འཁྲུལ་པའི་སེམས་སྣང་ཆོས༔ དག་དབྱིངས་དྭངས་མར་འཕོས་པ་ཡི༔ ཟག་མེ་བདེ་བ་ཆེན་པོའི་ངང་༔ འཆི་མེད་མགོན་པོ་དགྱེས་ཕྱིར་འབུལ༔ བཞེས་ནས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝིདྱ་ཤཔྡ་རཱུ་པ་ཤཔྡ་གནྡྷེརཱ་ས་སྤཪྴེ་སརྦ་མ་ཧཱ་པཉྩ་རཀྟ་བ་ལིང་ཏ་བོ་དྷི་ཙིཏྟ་ག་ན་གུ་ཧྱ་སརྦ་པཱུ་ཛ་ ཧོཿ  དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ་ཧྲཱི༔ ཀ་དག་སྐྱེ་མེད་སྤྲོས་པའི་མཐའ་དང་བྲལ༔ དུས་གསུམ་རྒྱལ་བ་ཀུན་གྱི་ངོ་བོ་ཉིད༔ ཀ་དག་ཀུན་ཏུ་བཟང་པོར་ཡེ་སངས་རྒྱས༔ མགོན་པོ་འོད་མི་འགྱུར་ལ་ཕྱག་འཚལ་བསྟོད༔ ལྷུན་གྲུབ་བདེ་ཆེན་རོལ་པའི་ཀློང་མཛོད་ལ༔ དབང་བསྒྱུར་སྐུ་དང་ཡེ་ཤེས་སྒྱུ་འཕྲུལ་ངོམས༔ ཞིང་ཁམས་རྒྱ་མཚོ་བཀོད་པ་དབྱིངས་ནས་བཞེངས༔ འཆི་མེད་མགོན་པོ་མཆོག་ལ་ཕྱག་འཚལ་བསྟོད༔ ཐབས་མཁས་ཐུགས་རྗེས་འགྲོ་ཁམས་དབུགས་དབྱུང་ཕྱིར༔ སྲིད་ལས་འཕགས་པའི་ཞིང་དང་སྟོན་འཁོར་ཤར༔ སྨོན་ལམ་སྟོབས་ཀྱིས་གདུལ་བྱ་རྣམ་གྲོལ་ཕྱིར༔ མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་རྒྱལ་པོའི་སྒྱུ་འཕྲུལ་རྟེན་བརྟེན་པ༔ བདེ་གཤེགས་ཡབ་ཡུམ་འབྱུང་བའི་ལྷ་མོ་ལྔ༔ རྩ་གསུམ་དཔའ་བོ་མཁའ་འགྲོ་སྒོ་སྐྱོང་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་པ་བྱ་ཞིང་ཉེས་བཤགས་དང་ན་རག་དོང་སྤྲུགས་ཀྱི་ཡང་སྙིང་མང་དུ་བཟླ༔ དེ་ནས་འཛབ་དམིགས་ནི༔ ཧྲཱིཿརང་ཉིད་ཚེ་དཔག་མེད་ཡབ་ཡུམ༔ གཉིས་མེད་རོལ་པའི་ཐུགས་གསང་དུ༔ པདྨ་དང་ནི་ཟླ་གདན་ལ༔ རཱ་གའི་བུམ་པ་འོད་འབར་ནང་༔ ཟླ་བའི་གདན་ལ་ཧྲཱིཿདམར་མཐར༔ རྩ་བའི་སྔགས་ཀྱིས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་དང་བཅས༔ མགོན་པོ་ཚེ་མཐའ་ཡས་པ་ཡི༔ རྣམ་པར་གྱུར་ཏེ་བདག་མདུན་ལ༔ མཚོ་ལ་ཁ་བ་བབས་པ་ལྟར༔ སྤྱན་དྲངས་གཉིས་མེད་རོ་གཅིག་རོལ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿདེ་ཡིས་བསྙེན་པ་ཚད་རྫོགས་ཏེ༔ སླར་ཡང་སྒྲུབ་ལ་འཇུག་པ་ལ༔ རང་ཉིད་འཆི་མེད་མགོན་པོ་ཡི༔ ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ རབ་འབྱམས་རྒྱལ་བ་རྟེན་བརྟེན་པ༔ མཁྱེན་བརྩེ་ནུས་གསུམ་དབང་བྱིན་རླབས༔ སྣོད་བཅུད་འབྱུང་བའི་དཔལ་ཡོན་བཅས༔ དྭངས་མ་འཇའ་སྤྲིན་འཐིབས་པ་བཞིན༔ བསྡུས་ཏེ་སྔགས་ཕྲེང་ལ་ཐིལ་པས༔ གཟི་བྱིན་རབ་རྒྱས་ནུས་པ་རྩལ་ལྡན་བསམ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿསརྦ་ཛྙཱ་ན་པཉྩ་སརྦ་ཏ་ཐཱ་ག་ཏ་ཧྲཱིཾ་ཧྲཱིཾ་ཨ་ཡུརྫྙཱ་ན་མ་ཧཱ་པུནྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་ལས་ལ་སྦྱོར་བ་ལ༔ ཧཱུྃ༔ རང་ཉིད་འཆི་མེད་མགོན་པོར་གསལ་པའི་གནས་གསུམ་ཡིག་འབྲུ་གསུམ་དང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཕོག་ཐམས་ཅད་ཀྱི་རྒྱུད་རབ་ཏུ་བསྐུལ་ཏེ༔ དེ་དག་གི་སྐུ་གསུང་ཐུགས་ལས་འོད་དང་འོད་ཟེར་མུ་མཐའ་མེད་པར་འཕྲོས་པས་ཕྱོགས་བཅུ་བདེ་གཤེགས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་དངོས་གྲུབ་མཁྱེན་བརྩེ་ནུས་གསུམ་ཡེ་ཤེས་ཡོན་ཏན་ཚེ་བཅུད་བསོད་ནམས་གཟི་བྱིན་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བསྡུས་ཏེ་བདག་དང་སྒྲུབ་རྫས་ལ་ཐིམ་པས་མཆི་མེད་ཚེའི་དངོས་གྲུབ་དང་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཐོབ་པར་བསྒོམ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱི༔ ཅི་མང་བཟླས་མཐར༔ བདག་མདུན་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ལྷ་དང་རིག་འཛིན་དྲང་སྲོང་ཚེ་བསོད་ནམས་ལ་དབང་ཞིང་མངའ་བརྙེས་པ་རྣམས་ཀྱིས་ཚེ་བསོད་དཔལ་ཡོན་ནུས་བཅུད་ཐམས་ཅད་འོད་ལྔའི་སྤྲིན་དཔུང་འཐིབས་པ་ལྟ་བུའི་རྣམ་པར་བསྡུས་ཏེ་རང་དང་སྒྲུབ་རྫས་ལ་ཐིམ་པས་ཚེ་དང་བསོད་ནམས་རབ་ཏུ་འཕེལ་ཞིང་རྒྱས་ཏེ་རབ་ཏུ་བརྟན་པར་བསྒོམ་ལ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿཅི་མང་བཟླས་མཐར༔ བདག་དང་མདུན་བསྐྱེད་ཀྱི་ལྷ་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་ནམས་འབྱུང་བ་ལྔ་ཡི་བཅུད་དང་དྭངས་མ་གཟི་བྱིན་ཐམས་ཅད་འཇའ་ཡི་སྤྲིན་དཔུང་འཐིབས་པ་ལྟ་བུའི་རྣམ་པར་བསྡུས་ཏེ་བདག་དང་སྒྲུབ་རྫས་ལ་ཐིམ་པས་འཆི་མེད་ཚེའི་རིག་འཛིན་དང་མི་ཤིགས་པའི་རྡོ་རྗེའི་སྲོག་ཆེན་པོ་ཐོབ་པར་བསྒོམ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱི༔ མདོ་ལས་བྱུང་བའི་གཟུངས་སྔགས་ཀྱང་གྲངས་མང་བརྗོད༔ སླར་ཡང་བདག་དང་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བདག་གི་བླ་ཚེ་ཡར་བ་དང་།འཁྱམས་པ་དང་༔ ཉམས་པ་དང་འཐོར་བ་དང་༔ ལྷ་འདྲེས་བརྐུས་པ་དང་༔ ཁྱེར་བ་འཕྲོག་པ་ཐམས་ཅད་ལྷག་མ་མ་ལུས་པར་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བཙན་ཐབས་ཀྱིས་འཕྲོག་ཅིང་བསྡུས་ཏེ་རང་གི་ཐུགས་ཀའི་སྲོག་དང་སྔགས་འཁོར་ལ་ཐིམ་པས་འཐོར་བ་བསྡུས་ཤིང་དྲིལ༔ ཆད་པ་མཐུད༔ ཡོ་བ་བསྲང་༔ ཉམས་པ་གསོས༔ ཡལ་བ་སླར་ལྡོག༔ ཟད་པ་བསྲིང་༔ འཕོ་མེད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དང་འཆི་མེད་ཚེའི་རིག་འཛིན་བརྙེས་པར་བསྒོམ༔ ཨོཾ་ཨཱ་མི་དྡྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿཅེས་དང་ཚེ་གཟུངས་ཅི་མང་བཟླས༔ དེ་མཐར་ཞག་གྲངས་ལྔ་ཙམ་དུ༔ ལས་བཞིའི་དམིགས་པ་སྤྱི་ལྟར་བྱ༔ རྩ་སྔགས་ཉིད་ལ་ལས་བཞི་ཡི༔ ཤམ་བུ་བཏགས་ཏེ་གྲངས་མང་བཟླ༔ དེ་ནས་རིལ་བུ་སྒྲུབ་འདོད་ན༔ སྨན་གྱི་རྒྱལ་པོ་འབྲས་བུ་གསུམ༔ དེ་ལ་བཀྲ་ཤིས་རྫས་བརྒྱད་ལས་མེ་ལོང་ཤེལ་ཡིན་མཆན་རྫས་བཏབ་ཅིང་༔ འཆི་མེད་བདུད་རྩིའི་ཤིང་མཆོག་ལྔ༔ རི་ཤུག་བྲག་མཚེ་སུར་དཀར་འོམ་བུ་མཁན་དཀར་མཆན།ཞིབ་བཏགས་རིལ་བུ་གྲངས་མང་ལ༔ གྲྭ་ཟུར་མེད་པར་སྒྲིལ་བྱས་ཏེ༔ མངར་གསུམ་ཁུ་བ་བཏབ་པ་དང་༔ ཁ་དོག་དམར་པོ་བསྒྱུར་བྱས་ཏེ༔ འོད་དང་བཀྲག་མདངས་འབར་བར་བྱས༔ རིན་ཆེན་ཟངས་ཀྱི་བུམ་པའམ༔ དབང་གི་བུམ་པར་བླུག་པའམ༔ དུས་གཅིག་ཐོད་པར་བླུག་ཀྱང་རུང་༔ ཁ་ཁེབ་དར་དམར་གྱིས་བྱས་ཏེ༔ མེ་ལོང་སིདྡྷུ་རས་བྱུག་པར༔ བདེ་གཤེགས་རིགས་ལྔའི་ཐུགས་སྲོག་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཀོད༔ འདི་ལྟར་དམིགས་པས་བསྒྲུབ་པར་བྱ༔ བུམ་པ་མི་དམིགས་སྟོང་པ་ཉིད་དུ་གྱུར༔ ཨཱོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས་ཀོ྅་ཧཾ༔ སྟོང་པའི་ངང་ལས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ངོ་བོ་ལ་རྣམ་པ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་པའི་ནང་དུ་རིལ་བུ་རྣམས་ཧྲཱིཿཡིག་དམར་པོ་ཐིག་ལེས་བརྒྱན་པ་རེ་རེར་གྱུར་པ་ལས་འོད་འཕྲོས་པས་སྐུ་གསུམ་རྒྱལ་བའི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་འཇའ་སྤྲིན་འཐིབས་པའི་རྣམ་པ་ཅན་དུ་བསྡུས་ཏེ་རིལ་བུར་ཐིམ་པས་པདྨ་དང་ཉི་ཟླའི་གདན་ལ་མགོན་པོ་ཚེ་དཔག་མེད་པ་སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་ཞི་འཛུམ་མཚན་དང་དཔེ་བྱད་རྫོགས་པ་ཕྱག་གཉིས་མཉམ་བཞག་གི་སྟེང་དུ་ཚེ་བུམ་འཛིན་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་མཛད་ཅིང་ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན་ཏེ་འོད་དམར་གྱི་ཐིག་ལེ་རེ་རེའི་ཀློང་དུ་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་བསྒོམས་པའི་གནས་ཐམས་ཅད་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་བདེ་གཤེགས་སྲས་དང་བཅས་པ་ཐམས་ཅད་དང་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་ཐམས་ཅད་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པར་བཞེངས་ཏེ་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབ་པ་ལྟར་བུམ་པའི་ལྷ་ལ་སིབ་སིབ་ཐིམ་པར་བསྒོམ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡི་སིདྡྷི་ཧཱུྃ་ཧྲཱིཿཨ་ཡུརྫྙཱ་པུནྱེ་ཨ་ཝེ་ཤ་ཡ་ཨཱ་ཿཛཿཧཱུྃ་བཾ་ ཧོཿ  ཨོཾ་ཨ་ར་པ་ཙ་མུ་ད་ཧྲཱི་ད་ཡེ་སྭཱ་ཧཱ༔ ཅི་མང་བཟླས༔ གཞན་ཡང་བདུད་རྩི་སྒྲུབ་པ་ལ༔ བྷནྡྷ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ ཨོཾ་མ་ཧཱ་སོགས༔ སྟོང་པའི་ངང་ལས་ཨཱ༔ ལས་ཀ་པཱ་ལ་ཡངས་ཤིང་མཚན་ཉིད་ལྡན་པ་རྒྱ་ཆེ་བའི་ནང་དུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱིས་གསུང་གསང་འདུས་པའི་བདག་ཉིད་ཨཱཿཡིག་དམར་པོ་ལས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཡབ་ཡུམ་གཙོ་བོ་དང་མཚུངས་པ་འཇའ་ཚོན་འོད་ལྔའི་ཀློང་དུ་བཞུགས་པའི་གནས་གསུམ་འབྲུ་གསུམ་ལས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རྣམས་ཀྱི་ཐུགས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་འདུས་ཏེ་འཆི་མེད་མགོན་པོའི་སྐུ་གསུངས་ཐུགས་ལ་ཐིམ་པས་དགྱེས་ཆགས་དགའ་བདེའི་ཉམས་རྒྱས་ཏེ་བདུད་རྩི་བྱང་སེམས་དཀར་དམར་གྱི་རྒྱུན་བབ་པས་བྷནྡྷ་མེར་གྱིས་གང་བར་བསྒོམ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡི་སིདྡྷི་ཧཱུྃ་ཧྲཱི༔ ཨ་ཡུ་པུནྱེ་ཛྙཱ་ན་ཨ་མྲི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ༔ ཅི་མང་བཟླས༔ དེ་ནས་བུམ་པ་སྒྲུབ་པ་ལ༔ བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ ཨོཾ་མ་ཧཱ་སོགས༔ སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་རྒྱ་ཆེ་ལ་ཁྱོན་ཡངས་པའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བུམ་པ་ཁ་གཡེལ་བ༔ མགྲིན་པ་ཕྲ་བ༔ ལྟོ་བ་ལྡིར་བ༔ ཞབས་ཞུམ་པ༔ ནང་གཞལ་ཡས་ཁང་རྒྱ་ཆེ་ལ་ཁྱོན་ཡངས་པ་བཀོད་ལེགས་པ་ཡེ་ཤེས་འོད་ཀྱི་ཕུང་པོ་དང་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་ཀློང་དུ་སྣ་ཚོགས་པདྨ་དང་ཟླ་བ་རྒྱས་པའི་གདན་གྱི་སྟེང་དུ༔ ཧྲཱིཿཧྲཱི༔ ཡིག་དམར་པོའི་འཕྲོ་འདུ་ལས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དམར་གསལ་ལོངས་སྐུ་མཚན་དཔེས་སྤྲས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་བསྣམས༔ གཞོན་ཚུལ་ཞི་འཛུམ་འོད་ཕུང་འབར༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་ནུབ་ཕྱོགས་བདེ་བ་ཅན༔ རྟེན་དང་བརྟེན་པ་སྤྱན་དྲང་བསྟིམ༔ ན་མོ་ཨཱ་མི་དྷེ་ཝ་ཨ་ཡུརྫྙཱ་ན་སརྦ་ས་པ་རི་ཝཱ་ར་ས་མ་ཡ་ཛ་ཛ༔ ཏིཥྛ་ལྷན༔ ཨ་ཏི་པཱུ་ ཧོཿ  པྲ་ཏྭིཙྪ་ ཧོཿ  ཨརྒྷཾ་པཱདྱཾ་སོགས་ཤཔྡ་རཱུ་པ་ཤཔྡགནྡྷེར་ས་སྤཪྴེ་མ་ཧཱ་སརྦ་པཉྩ་ཨ་མྲི་ཏ་རཀྟ་བ་ལིང་ཏ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔ ཧྲཱི༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ༔ ཞིང་ཁམས་རྒྱ་མཚོ་བཀོད་པ་ཀློང་ནས་བཞེངས༔ ཚེ་བསོད་ཡེ་ཤེས་ཡོན་ཏན་གཏེར་གྱི་མཛོད༔ མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ཅིང་༔ དེ་ལྟར་གསལ་བའི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་ཧྲཱིཿཡིག་གི་མཐར༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱི༔ ཞེས་བཟླས་པས་འོད་ཟེར་ཡར་འཕྲོས་རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་འབུལ༔ དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཚུར་འདུས་སྔགས་ཕྲེང་ལ་ཐིམ༔ མར་འཕྲོས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་ཏེ་དག་པའི་ཞིང་དུ་བཀོད༔ འོད་ཟེར་ཚུར་འདུས་སྔགས་ཀྱི་ཕྲེང་བ་ལ་ཐིམ༔ སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར༔ ཡང་རྩ་སྔགས་བཟླས་མཐར༔ ཡེ་ཤེས་པ་དབྱིངས་སུ་གཤེགས༔ དམ་ཚིག་པ་ཆུར་ཞུ་བ་ལས་བྱིན་རླབས་དབང་གི་ཆུ་བོ་འདུས་པའི་ངོ་བོར་གྱུར༔ དེ་ལྟར་བསྒོམ་བཟླས་གནད་ལྡན་ཅིང་༔ རྩེ་གཅིག་སྒྲུབ་ལ་བརྩོན་པའི་མི༔ ཚེ་འདིར་ཚེ་རིང་བསོད་ནམས་འཕེལ༔ ཕྱི་མ་བདེ་བ་ཅན་དུ་འཕོས༔ མི་བསླུ་ངེས་པའི་གཏན་ཚིག་གོ༔ བཀའ་སྲུང་དབང་ཕྱུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཨྠིྀ  ཞེས་འཆི་མེད་ཚེའི་སྒྲུབ་པ་འདི་ཉིད་སློབ་བུ་ངག་དབང་ཕྲིན་ལས་ཀྱིས་ནན་དུ་བསྐུལ་ངོར༔ ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའི་ཡི་གེ་པ་ནི་བསྐུལ་མཁན་ཉིད་དོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།}}
༁ྃ༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}}) དལ་འབྱོར་ལྡན་པའི་མི་ལུས་ནི༔ ཤིན་ཏུ་རྙེད་དཀའི་ཡིད་བཞིན་ནོར༔ ལན་གཅིག་ཐོབ་ཏུ་ཟིན་ནའང་༔ 'སྔོན་གྱི་ལས་དང་འཕྲལ་རྐྱེན་གྱིས༔ དབང་གྱུར་ཚེ་མཐར་ཕྱིན་དཀའ་བས༔ དེ་ཕྱིར་སྐལ་བཟང་སྐྱེས་བུ་ཡི༔ དད་བརྩོན་སྙིང་རུས་ཤུགས་བསྐྱེད་དེ༔ གཏན་ཀྱི་བདེ་བ་བསྒྲུབ་པ་ལ༔ ཚེ་ཕུག་མཐའ་རུ་ཕྱིན་པ་གནད༔ དེ་ཕྱིར་རྐྱེན་བཟློག་ཚེ་བསྲིང་ཕྱིར༔ བསྐྱེད་དང་དམིགས་པའི་གནད་ལྡན་ཏེ༔ ཚེ་དཔག་མེད་ཀྱི་ལྷུམས་འཇུག་བྱ༔ རབ་དབེན་སྐྱེད་ཚལ་ཉམས་དགའི་སར༔ སྒྱུབ་པའི་མཐུན་རྐྱེན་འཛོམ་བྱས་ཏེ༔ དང་པོ་སྔོན་འགྲོ་བྱ་བ་ལ༔ འབྱུང་ལྔའི་འཆི་བསླུ་ལེགས་གྲུབ་བྱ༔ དཀྱིལ་འཁོར་བཀོད་ལེགས་ཡིད་འོང་བར༔ རྟེན་གསུམ་རིམ་པར་བཀོད་བྱས་ཏེ༔ མཆོད་རྫས་ཅི་རིགས་མཛེས་པར་བཤམས༔ བུམ་པ་སྐུ་དང་གསུང་བདུད་རྩི༔ འཆི་མེད་བདུད་རྩིའི་ཤིང་ལྔ་དང་༔ འབྲས་བུ་རྒྱལ་པོ་གསུམ་སྦྱོར་བའི༔ རིལ་བུ་ཐུགས་ཀྱི་དངོས་གྲུབ་རྟེན༔ དར་དམར་ལེ་བརྒན་ལྡིང་གུར་ཕུབ༔ དཀར་ཕྱོགས་སྐྱོང་ལ་དཀར་གཏོར་དང་༔ ནག་ཕྱོགས་དག་ལ་དམར་གཏོར་དང་༔ བགེགས་ལ་གླུད་དང་ཆངས་འབྲས་ཆན༔ ཤ་ཚིལ་ཁྲག་གིས་བརྒྱན་པ་བཤམས༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ལ༔ ན་མོ༔ བླ་མ་དཀོན་མཆོག་རྣམ་གསུམ་ལ༔ བྱང་ཆུབ་བར་དུ་བདག་སྐྱབས་མཆི༔ འཁོར་བ་དོང་སྤྲུགས་ནུས་པའི་ཕྱིར༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་བྱ༔ ལན་གསུམ༔ དེ་ནས་བགེགས་བསྐྲད་པ་ལ༔ ཧཱུྃཿང་ནི་དབང་ཆེན་ཁྲོས་པའི་སྐུ༔ ལོག་འདྲེན་འདུས་བའི་དཔལ་དུ་ཤར༔ ཉོན་ཅིག་གཟུང་འཛིན་འཁྲུལ་པའི་བགེགས་༔ འདོད་ཡོན་གླུད་གཏོར་འདི་ཁྱེར་ལ༔ སོ་སོ་རང་རང་གནས་སུ་སོང་༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ ཡེ་ཤེས་རོལ་པའི་ཐུན་མཚོན་གྱིས༔ ལུས་ངག་རྡུལ་དུ་བརླགས་ཏ་རེ༔ ཞེས་ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ དེ་ནས་མཚམས་གཅོད་སྲུང་འཁོར་ལ༔ ཧཱུྃ༔ བདག་ཉིད་དབང་དྲག་ཐུགས་ཀ་ནས༔ ཡེ་ཤེས་རོལ་པའི་རང་རྩལ་གྱིས༔ འོད་དང་མེ་མཚོན་གུར་ར་བ༔ རང་བྱུང་ལྷུན་གྱིས་གྲུབ་པར་བསྒོམ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཛྙ་ན་རཾ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ དེ་ནས་བརྡ་ཕྱག་འཚལ་ཞིང་བརྡ་སྒོ་དབྱེ་བ་ལ༔ ཧཱུྃ༔ རང་རིག་ལྷན་སྐྱེས་ཡེ་ཤེས་ལྷར༔ རང་ཞལ་མཇལ་ཕྱིར་བརྡ་ཕྱག་འཚལ༔ བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཆེ༔ མ་རིག་ལས་ཉོན་སྒྲིབ་པའི་བག༔ ཡུལ་མེད་ཟང་ཐལ་ཆེན་པོར་ཕཊ༔ དེ་ནས་བྱིན་ཆེན་དབབ་པ་ལ༔ ཧཱུྃ༔ ཀ་དག་ཆོས་སྐུའི་ཕོ་བྲང་ནས༔ ཀུན་བཟང་ཡབ་ཡུམ་བྱིན་ཕོབ་ཅིག༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ འཆི་མེད་མགོན་པོའི་བྱིན་ཕོབ་ཅིག༔ འགྱུར་མེད་བདེ་ཆེན་ཞིང་ཁམས་ནས༔ འོད་དཔག་མེད་མགོན་བྱིན་ཕོབ་ཅིག༔ ཐུགས་རྗེའི་སྤྲུལ་པའི་ཞིང་ཁམས་ནས༔ པདྨ་འབྱུང་གནས་བྱིན་ཕོབ་ཅིག༔ ན་མ་དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ༔ སརྦ་ས་མ་ཡ་ཛ་ཛཿཨ་ཡུརྫྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿདེ་ནས་མཆོད་རྫས་བྱིན་བརླབ་ལ༔ ཧཱུྃ༔ ཡུལ་དྲུག་འདོད་ཡོན་སྣང་བའི་ཆོས༔ རང་བྱུང་ཡེ་ཤེས་རྒྱན་དུ་ཤར༔ ཕྱི་ནང་གསང་བའི་མཆོད་སྤྲིན་ནི༔ མི་ཟད་ནམ་མཁའ་མཛོད་དུ་སྤེལ༔ ན་མཿསརྦ་སོགས་ནམ་མཁའ་མཛོད་སྔགས་ལན་གསུམ་བརྗོད༔ དེ་ནས་ཏིང་འཛིན་རྣམ་གསུམ་ལ༔ ཨཱཿའཁོར་འདས་སྟོང་ཉིད་ཆེན་པོའི་ངང་༔ མ་རྟོགས་སེམས་ཅན་སྙིང་རེ་རྗེ༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ རང་རིག་རྒྱུ་ཡི་ཡི་གེར་ཤར༔ དེ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ལ༔ ཧྲཱིཿཧྲཱིཿལས་འདོ་ཟེར་རབ་འཕྲོས་པས༔ སྣང་བ་ཐམས་ཅད་བདེ་ཆེན་ཞིང་༔ བཀོད་པ་རབ་རྫོགས་ཆེན་པོའི་དབུས༔ ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔ རྒྱན་དང་འཁོར་ཡུག་མཚན་ཉིད་རྫོགས༔ ཤིན་ཏུ་མཛེས་ཤིང་ཉམས་དགའི་དབུས༔ རྨ་བྱའི་ཁྲི་དང་པད་ཉི་དང་༔ ཟླ་སྟེང་སྲོག་གི་སྙིང་པོ་བབ༔ འོད་འཕྲོས་རྒྱལ་བ་མཆོད་པས་མཉེས༔ དབང་བྱིན་དངོས་གྲུབ་ཚུར་འདུས་བསྟིམ༔ མར་འཕྲོས་འཁོར་བ་ཆོས་སྐུར་བསྒྲལ༔ སྣོད་བཅུད་དཔལ་ཡོན་ཚེ་བསོད་བསྡུས༔ ཧྲཱིཿལས་རང་ཉིད་སྐད་ཅིག་གིས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དམར་གསལ་གཟི་བརྗིད་འོད་ཕུང་འབར༔ གཞོན་ཚུལ་མཚན་དཔེ་ལང་ཚོ་མཛེས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་འཛིན༔ ཤིན་ཏུ་ཞི་ཞིང་འཛུམ་པའི་ཚུལ༔ དབུ་རྒྱན་ཅོད་པན་སྟོད་གཡོགས་དང་༔ སྨད་དཀྲིས་སྐུ་རེག་དར་དཔྱངས་གསོལ༔ རིན་པོ་ཆེ་ཡི་གདུ་བུ་དང་༔ མགུལ་རྒྱན་ཕྲེང་བ་དོ་ཤལ་སྤྲས༔ འཇའ་དང་འོད་ཀྱི་ཕུང་པོ་འབར༔ དེ་ཡི་པང་དུ་སྦྱོར་བའི་ཡུམ༔ བདེ་ཆེན་གསང་བ་ཡེ་ཤེས་མ༔ དམར་གསལ་གཞོན་ཚུལ་མཚན་དཔེས་བརྒྱན༔ དགྱེས་ཆགས་དགའ་བདེའི་ཉམས་དང་ལྡན༔ ཕྱག་ན་མདའ་དར་ཚེ་བུམ་འཛིན༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ༔ ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན༔ ལྗང་སྔོན་རལ་པའི་ལན་ཚར་ཅན༔ བདེ་སྟོང་སྦྱོར་བའི་ཆོ་འཕྲུལ་ལས༔ ཕྱོགས་བཞི་བདེ་གཤེགས་རིགས་བཞི་ནི༔ མཐིང་སེར་དཀར་ལྗང་འོད་ཀྱི་སྐུ༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་འཛིན༔ རང་རང་རིགས་ཀྱི་ཡུམ་དང་འཁྲིལ༔ ཁ་དོག་ཡབ་ཀྱི་ཆ་འཛིན་ཅིང་༔ ཕྱག་ན་མདའ་དར་ཚེ་བུམ་བསྣམས༔ ཀུན་ཀྱང་ལོངས་སྤྱོད་རྫོགས་སྐུའི་ཆས༔ མཚམས་བཞིར་འབྱུང་བའི་ལྷ་མོ་ལྔ༔ དཀར་སེར་དམར་ལྗང་མཐིང་གའི་མདོག༔ ཕྱག་ན་མདའ་དར་ཚེ་བུམ་འཛིན༔ གཞོན་ཚུལ་དར་དང་རཏྣས་བརྒྱན༔ སྒོ་བཞིར་ཚད་མེད་སྒོ་མ་བཞི༔ ལས་མདོག་རང་རྟགས་ཕྱག་མཚན་དང་༔ ཚེ་བཅུད་འགུགས་པའི་མདའ་དར་བསྣམས༔ དཀྱིལ་འཁོར་བར་ཁྱམས་འཁོར་ཡུག་ཏུ༔ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ ཏིལ་གྱིས་གོང་བུ་ཕྱུར་བཞིན་བསྒོམ༔ ཡེ་ཤེས་སྒྱུ་འཕྲུལ་དཀྱིལ་འཁོར་ལྷའི༔ གནས་གསུམ་རྡོ་རྗེ་སྙིང་པོ་ལས༔ འོད་འཕྲོས་ཡེ་ཤེས་པ་ཡི་ཚོགས༔ མཚོ་ལ་ཁ་ཆར་བབས་པ་བཞིན༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ་ཧྲཱིཿབདེ་ཆེན་འོག་མིན་པདྨ་འོད༔ ལྷུན་གྲུབ་རོལ་པའི་དཀྱིལ་འཁོར་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ བདེ་གཤེགས་རིགས་ལྔ་སྲས་འཁོར་བཅས༔ འབྱུང་བའི་ལྷ་མོ་མགྱོགས་མ་ལྔ༔ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས༔ ཚད་མེད་སྒོ་མ་བཞི་དང་བཅས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ སྒྲུབ་མཆོག་བྱིན་གྱིས་བརླབ་པའི་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྒོ་གསུམ་རྡོ་རྗེ་གསུམ་ལྡན་གྱི༔ རོལ་པ་ཆེན་པོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨ་མི་དྷེ་ཝ་ཨ་ཡུརྫྙཱ་ན་ཨ་ཝེ་ཤ་ཡ་ཧྲཱིཾ་ཧྲཱིཾ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿརྡོ་རྗེ་གསུམ་གྱི་ངོ་བོ་རུ༔ འཆི་མེད་མགོན་པོའི་ལྷ་ཚོགས་རྣམས༔ དབྱེར་མེད་དུ་མ་རོ་གཅིག་ངང་༔ འདུ་འབྲལ་མེད་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྠ་ལྷན༔ དེ་ནས་ཕྱག་འཚལ་བ་ལ༔ ན་མོ༔ ལྷན་སྐྱེས་ཡེ་ཤེས་བྱང་ཆུབ་སེམས༔ རྒྱལ་དང་རྒྱལ་སྲས་འདུས་པའི་རྩལ༔ བཀོད་པ་ལྷུན་གྲུབ་དཀྱིལ་འཁོར་ལ༔ རང་ཞལ་མཇལ་བས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ ཧོཿ  དེ་ནས་མཆོད་པ་འབུལ་བ་ལ༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་སྣང་བའི་ལོངས་སྤྱོད་དཔལ༔ མི་ཟད་རྒྱན་གྱི་འཁོར་ལོ་ཡིས༔ འཆི་མེད་མགོན་པོའི་དཀྱིལ་འཁོར་ལྷ༔ ཚོགས་གཉིས་རྫོགས་ཕྱིར་མཉེས་མཆོད་འབུལ༔ ཁམས་གསུམ་ཕྱི་ནང་གསང་གསུམ་གྱི༔ མཆོད་པའི་སྤྲིན་དུ་ལེགས་བསྒྱུར་ཏེ༔ འཆི་མེད་མགོན་པོའི་དཀྱིལ་འཁོར་ལ༔ ཚོགས་གཉིས་རྫོགས་ཕྱིར་ལེགས་འབུལ་གྱིས༔ བཞེས་ནས་ཚེ་ཡི་དངོས་གྲུབ་སྩོལ༔ མ་དག་འཁྲུལ་པའི་སེམས་སྣང་ཆོས༔ དག་དབྱིངས་དྭངས་མར་འཕོས་པ་ཡི༔ ཟག་མེ་བདེ་བ་ཆེན་པོའི་ངང་༔ འཆི་མེད་མགོན་པོ་དགྱེས་ཕྱིར་འབུལ༔ བཞེས་ནས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝིདྱ་ཤཔྡ་རཱུ་པ་ཤཔྡ་གནྡྷེརཱ་ས་སྤཪྴེ་སརྦ་མ་ཧཱ་པཉྩ་རཀྟ་བ་ལིང་ཏ་བོ་དྷི་ཙིཏྟ་ག་ན་གུ་ཧྱ་སརྦ་པཱུ་ཛ་ ཧོཿ  དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ་ཧྲཱིཿ ཀ་དག་སྐྱེ་མེད་སྤྲོས་པའི་མཐའ་དང་བྲལ༔ དུས་གསུམ་རྒྱལ་བ་ཀུན་གྱི་ངོ་བོ་ཉིད༔ ཀ་དག་ཀུན་ཏུ་བཟང་པོར་ཡེ་སངས་རྒྱས༔ མགོན་པོ་འོད་མི་འགྱུར་ལ་ཕྱག་འཚལ་བསྟོད༔ ལྷུན་གྲུབ་བདེ་ཆེན་རོལ་པའི་ཀློང་མཛོད་ལ༔ དབང་བསྒྱུར་སྐུ་དང་ཡེ་ཤེས་སྒྱུ་འཕྲུལ་ངོམས༔ ཞིང་ཁམས་རྒྱ་མཚོ་བཀོད་པ་དབྱིངས་ནས་བཞེངས༔ འཆི་མེད་མགོན་པོ་མཆོག་ལ་ཕྱག་འཚལ་བསྟོད༔ ཐབས་མཁས་ཐུགས་རྗེས་འགྲོ་ཁམས་དབུགས་དབྱུང་ཕྱིར༔ སྲིད་ལས་འཕགས་པའི་ཞིང་དང་སྟོན་འཁོར་ཤར༔ སྨོན་ལམ་སྟོབས་ཀྱིས་གདུལ་བྱ་རྣམ་གྲོལ་ཕྱིར༔ མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་རྒྱལ་པོའི་སྒྱུ་འཕྲུལ་རྟེན་བརྟེན་པ༔ བདེ་གཤེགས་ཡབ་ཡུམ་འབྱུང་བའི་ལྷ་མོ་ལྔ༔ རྩ་གསུམ་དཔའ་བོ་མཁའ་འགྲོ་སྒོ་སྐྱོང་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་པ་བྱ་ཞིང་ཉེས་བཤགས་དང་ན་རག་དོང་སྤྲུགས་ཀྱི་ཡང་སྙིང་མང་དུ་བཟླ༔ དེ་ནས་འཛབ་དམིགས་ནི༔ ཧྲཱིཿརང་ཉིད་ཚེ་དཔག་མེད་ཡབ་ཡུམ༔ གཉིས་མེད་རོལ་པའི་ཐུགས་གསང་དུ༔ པདྨ་དང་ནི་ཟླ་གདན་ལ༔ རཱ་གའི་བུམ་པ་འོད་འབར་ནང་༔ ཟླ་བའི་གདན་ལ་ཧྲཱིཿདམར་མཐར༔ རྩ་བའི་སྔགས་ཀྱིས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་དང་བཅས༔ མགོན་པོ་ཚེ་མཐའ་ཡས་པ་ཡི༔ རྣམ་པར་གྱུར་ཏེ་བདག་མདུན་ལ༔ མཚོ་ལ་ཁ་བ་བབས་པ་ལྟར༔ སྤྱན་དྲངས་གཉིས་མེད་རོ་གཅིག་རོལ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿདེ་ཡིས་བསྙེན་པ་ཚད་རྫོགས་ཏེ༔ སླར་ཡང་སྒྲུབ་ལ་འཇུག་པ་ལ༔ རང་ཉིད་འཆི་མེད་མགོན་པོ་ཡི༔ ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ རབ་འབྱམས་རྒྱལ་བ་རྟེན་བརྟེན་པ༔ མཁྱེན་བརྩེ་ནུས་གསུམ་དབང་བྱིན་རླབས༔ སྣོད་བཅུད་འབྱུང་བའི་དཔལ་ཡོན་བཅས༔ དྭངས་མ་འཇའ་སྤྲིན་འཐིབས་པ་བཞིན༔ བསྡུས་ཏེ་སྔགས་ཕྲེང་ལ་ཐིལ་པས༔ གཟི་བྱིན་རབ་རྒྱས་ནུས་པ་རྩལ་ལྡན་བསམ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿསརྦ་ཛྙཱ་ན་པཉྩ་སརྦ་ཏ་ཐཱ་ག་ཏ་ཧྲཱིཾ་ཧྲཱིཾ་ཨ་ཡུརྫྙཱ་ན་མ་ཧཱ་པུནྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་ལས་ལ་སྦྱོར་བ་ལ༔ ཧཱུྃ༔ རང་ཉིད་འཆི་མེད་མགོན་པོར་གསལ་པའི་གནས་གསུམ་ཡིག་འབྲུ་གསུམ་དང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཕོག་ཐམས་ཅད་ཀྱི་རྒྱུད་རབ་ཏུ་བསྐུལ་ཏེ༔ དེ་དག་གི་སྐུ་གསུང་ཐུགས་ལས་འོད་དང་འོད་ཟེར་མུ་མཐའ་མེད་པར་འཕྲོས་པས་ཕྱོགས་བཅུ་བདེ་གཤེགས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་དངོས་གྲུབ་མཁྱེན་བརྩེ་ནུས་གསུམ་ཡེ་ཤེས་ཡོན་ཏན་ཚེ་བཅུད་བསོད་ནམས་གཟི་བྱིན་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བསྡུས་ཏེ་བདག་དང་སྒྲུབ་རྫས་ལ་ཐིམ་པས་མཆི་མེད་ཚེའི་དངོས་གྲུབ་དང་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཐོབ་པར་བསྒོམ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཅི་མང་བཟླས་མཐར༔ བདག་མདུན་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ལྷ་དང་རིག་འཛིན་དྲང་སྲོང་ཚེ་བསོད་ནམས་ལ་དབང་ཞིང་མངའ་བརྙེས་པ་རྣམས་ཀྱིས་ཚེ་བསོད་དཔལ་ཡོན་ནུས་བཅུད་ཐམས་ཅད་འོད་ལྔའི་སྤྲིན་དཔུང་འཐིབས་པ་ལྟ་བུའི་རྣམ་པར་བསྡུས་ཏེ་རང་དང་སྒྲུབ་རྫས་ལ་ཐིམ་པས་ཚེ་དང་བསོད་ནམས་རབ་ཏུ་འཕེལ་ཞིང་རྒྱས་ཏེ་རབ་ཏུ་བརྟན་པར་བསྒོམ་ལ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿཅི་མང་བཟླས་མཐར༔ བདག་དང་མདུན་བསྐྱེད་ཀྱི་ལྷ་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་ནམས་འབྱུང་བ་ལྔ་ཡི་བཅུད་དང་དྭངས་མ་གཟི་བྱིན་ཐམས་ཅད་འཇའ་ཡི་སྤྲིན་དཔུང་འཐིབས་པ་ལྟ་བུའི་རྣམ་པར་བསྡུས་ཏེ་བདག་དང་སྒྲུབ་རྫས་ལ་ཐིམ་པས་འཆི་མེད་ཚེའི་རིག་འཛིན་དང་མི་ཤིགས་པའི་རྡོ་རྗེའི་སྲོག་ཆེན་པོ་ཐོབ་པར་བསྒོམ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ མདོ་ལས་བྱུང་བའི་གཟུངས་སྔགས་ཀྱང་གྲངས་མང་བརྗོད༔ སླར་ཡང་བདག་དང་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བདག་གི་བླ་ཚེ་ཡར་བ་དང་།འཁྱམས་པ་དང་༔ ཉམས་པ་དང་འཐོར་བ་དང་༔ ལྷ་འདྲེས་བརྐུས་པ་དང་༔ ཁྱེར་བ་འཕྲོག་པ་ཐམས་ཅད་ལྷག་མ་མ་ལུས་པར་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བཙན་ཐབས་ཀྱིས་འཕྲོག་ཅིང་བསྡུས་ཏེ་རང་གི་ཐུགས་ཀའི་སྲོག་དང་སྔགས་འཁོར་ལ་ཐིམ་པས་འཐོར་བ་བསྡུས་ཤིང་དྲིལ༔ ཆད་པ་མཐུད༔ ཡོ་བ་བསྲང་༔ ཉམས་པ་གསོས༔ ཡལ་བ་སླར་ལྡོག༔ ཟད་པ་བསྲིང་༔ འཕོ་མེད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དང་འཆི་མེད་ཚེའི་རིག་འཛིན་བརྙེས་པར་བསྒོམ༔ ཨོཾ་ཨཱ་མི་དྡྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿཅེས་དང་ཚེ་གཟུངས་ཅི་མང་བཟླས༔ དེ་མཐར་ཞག་གྲངས་ལྔ་ཙམ་དུ༔ ལས་བཞིའི་དམིགས་པ་སྤྱི་ལྟར་བྱ༔ རྩ་སྔགས་ཉིད་ལ་ལས་བཞི་ཡི༔ ཤམ་བུ་བཏགས་ཏེ་གྲངས་མང་བཟླ༔ དེ་ནས་རིལ་བུ་སྒྲུབ་འདོད་ན༔ སྨན་གྱི་རྒྱལ་པོ་འབྲས་བུ་གསུམ༔ དེ་ལ་བཀྲ་ཤིས་རྫས་བརྒྱད་ལས་མེ་ལོང་ཤེལ་ཡིན་མཆན་རྫས་བཏབ་ཅིང་༔ འཆི་མེད་བདུད་རྩིའི་ཤིང་མཆོག་ལྔ༔ རི་ཤུག་བྲག་མཚེ་སུར་དཀར་འོམ་བུ་མཁན་དཀར་མཆན།ཞིབ་བཏགས་རིལ་བུ་གྲངས་མང་ལ༔ གྲྭ་ཟུར་མེད་པར་སྒྲིལ་བྱས་ཏེ༔ མངར་གསུམ་ཁུ་བ་བཏབ་པ་དང་༔ ཁ་དོག་དམར་པོ་བསྒྱུར་བྱས་ཏེ༔ འོད་དང་བཀྲག་མདངས་འབར་བར་བྱས༔ རིན་ཆེན་ཟངས་ཀྱི་བུམ་པའམ༔ དབང་གི་བུམ་པར་བླུག་པའམ༔ དུས་གཅིག་ཐོད་པར་བླུག་ཀྱང་རུང་༔ ཁ་ཁེབ་དར་དམར་གྱིས་བྱས་ཏེ༔ མེ་ལོང་སིདྡྷུ་རས་བྱུག་པར༔ བདེ་གཤེགས་རིགས་ལྔའི་ཐུགས་སྲོག་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཀོད༔ འདི་ལྟར་དམིགས་པས་བསྒྲུབ་པར་བྱ༔ བུམ་པ་མི་དམིགས་སྟོང་པ་ཉིད་དུ་གྱུར༔ ཨཱོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས་ཀོ྅་ཧཾ༔ སྟོང་པའི་ངང་ལས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ངོ་བོ་ལ་རྣམ་པ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་པའི་ནང་དུ་རིལ་བུ་རྣམས་ཧྲཱིཿཡིག་དམར་པོ་ཐིག་ལེས་བརྒྱན་པ་རེ་རེར་གྱུར་པ་ལས་འོད་འཕྲོས་པས་སྐུ་གསུམ་རྒྱལ་བའི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་འཇའ་སྤྲིན་འཐིབས་པའི་རྣམ་པ་ཅན་དུ་བསྡུས་ཏེ་རིལ་བུར་ཐིམ་པས་པདྨ་དང་ཉི་ཟླའི་གདན་ལ་མགོན་པོ་ཚེ་དཔག་མེད་པ་སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་ཞི་འཛུམ་མཚན་དང་དཔེ་བྱད་རྫོགས་པ་ཕྱག་གཉིས་མཉམ་བཞག་གི་སྟེང་དུ་ཚེ་བུམ་འཛིན་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་མཛད་ཅིང་ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན་ཏེ་འོད་དམར་གྱི་ཐིག་ལེ་རེ་རེའི་ཀློང་དུ་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་བསྒོམས་པའི་གནས་ཐམས་ཅད་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་བདེ་གཤེགས་སྲས་དང་བཅས་པ་ཐམས་ཅད་དང་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་ཐམས་ཅད་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པར་བཞེངས་ཏེ་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབ་པ་ལྟར་བུམ་པའི་ལྷ་ལ་སིབ་སིབ་ཐིམ་པར་བསྒོམ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡི་སིདྡྷི་ཧཱུྃ་ཧྲཱིཿཨ་ཡུརྫྙཱ་པུནྱེ་ཨ་ཝེ་ཤ་ཡ་ཨཱ་ཿཛཿཧཱུྃ་བཾ་ ཧོཿ  ཨོཾ་ཨ་ར་པ་ཙ་མུ་ད་ཧྲཱི་ད་ཡེ་སྭཱ་ཧཱ༔ ཅི་མང་བཟླས༔ གཞན་ཡང་བདུད་རྩི་སྒྲུབ་པ་ལ༔ བྷནྡྷ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ ཨོཾ་མ་ཧཱ་སོགས༔ སྟོང་པའི་ངང་ལས་ཨཱ༔ ལས་ཀ་པཱ་ལ་ཡངས་ཤིང་མཚན་ཉིད་ལྡན་པ་རྒྱ་ཆེ་བའི་ནང་དུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱིས་གསུང་གསང་འདུས་པའི་བདག་ཉིད་ཨཱཿཡིག་དམར་པོ་ལས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཡབ་ཡུམ་གཙོ་བོ་དང་མཚུངས་པ་འཇའ་ཚོན་འོད་ལྔའི་ཀློང་དུ་བཞུགས་པའི་གནས་གསུམ་འབྲུ་གསུམ་ལས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རྣམས་ཀྱི་ཐུགས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་འདུས་ཏེ་འཆི་མེད་མགོན་པོའི་སྐུ་གསུངས་ཐུགས་ལ་ཐིམ་པས་དགྱེས་ཆགས་དགའ་བདེའི་ཉམས་རྒྱས་ཏེ་བདུད་རྩི་བྱང་སེམས་དཀར་དམར་གྱི་རྒྱུན་བབ་པས་བྷནྡྷ་མེར་གྱིས་གང་བར་བསྒོམ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡི་སིདྡྷི་ཧཱུྃ་ཧྲཱིཿ ཨ་ཡུ་པུནྱེ་ཛྙཱ་ན་ཨ་མྲི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ༔ ཅི་མང་བཟླས༔ དེ་ནས་བུམ་པ་སྒྲུབ་པ་ལ༔ བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ ཨོཾ་མ་ཧཱ་སོགས༔ སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་རྒྱ་ཆེ་ལ་ཁྱོན་ཡངས་པའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བུམ་པ་ཁ་གཡེལ་བ༔ མགྲིན་པ་ཕྲ་བ༔ ལྟོ་བ་ལྡིར་བ༔ ཞབས་ཞུམ་པ༔ ནང་གཞལ་ཡས་ཁང་རྒྱ་ཆེ་ལ་ཁྱོན་ཡངས་པ་བཀོད་ལེགས་པ་ཡེ་ཤེས་འོད་ཀྱི་ཕུང་པོ་དང་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་ཀློང་དུ་སྣ་ཚོགས་པདྨ་དང་ཟླ་བ་རྒྱས་པའི་གདན་གྱི་སྟེང་དུ༔ ཧྲཱིཿཧྲཱིཿ ཡིག་དམར་པོའི་འཕྲོ་འདུ་ལས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དམར་གསལ་ལོངས་སྐུ་མཚན་དཔེས་སྤྲས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་བསྣམས༔ གཞོན་ཚུལ་ཞི་འཛུམ་འོད་ཕུང་འབར༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་ནུབ་ཕྱོགས་བདེ་བ་ཅན༔ རྟེན་དང་བརྟེན་པ་སྤྱན་དྲང་བསྟིམ༔ ན་མོ་ཨཱ་མི་དྷེ་ཝ་ཨ་ཡུརྫྙཱ་ན་སརྦ་ས་པ་རི་ཝཱ་ར་ས་མ་ཡ་ཛ་ཛ༔ ཏིཥྛ་ལྷན༔ ཨ་ཏི་པཱུ་ ཧོཿ  པྲ་ཏྭིཙྪ་ ཧོཿ  ཨརྒྷཾ་པཱདྱཾ་སོགས་ཤཔྡ་རཱུ་པ་ཤཔྡགནྡྷེར་ས་སྤཪྴེ་མ་ཧཱ་སརྦ་པཉྩ་ཨ་མྲི་ཏ་རཀྟ་བ་ལིང་ཏ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔ ཧྲཱིཿ དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ༔ ཞིང་ཁམས་རྒྱ་མཚོ་བཀོད་པ་ཀློང་ནས་བཞེངས༔ ཚེ་བསོད་ཡེ་ཤེས་ཡོན་ཏན་གཏེར་གྱི་མཛོད༔ མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ཅིང་༔ དེ་ལྟར་གསལ་བའི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་ཧྲཱིཿཡིག་གི་མཐར༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཞེས་བཟླས་པས་འོད་ཟེར་ཡར་འཕྲོས་རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་འབུལ༔ དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཚུར་འདུས་སྔགས་ཕྲེང་ལ་ཐིམ༔ མར་འཕྲོས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་ཏེ་དག་པའི་ཞིང་དུ་བཀོད༔ འོད་ཟེར་ཚུར་འདུས་སྔགས་ཀྱི་ཕྲེང་བ་ལ་ཐིམ༔ སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར༔ ཡང་རྩ་སྔགས་བཟླས་མཐར༔ ཡེ་ཤེས་པ་དབྱིངས་སུ་གཤེགས༔ དམ་ཚིག་པ་ཆུར་ཞུ་བ་ལས་བྱིན་རླབས་དབང་གི་ཆུ་བོ་འདུས་པའི་ངོ་བོར་གྱུར༔ དེ་ལྟར་བསྒོམ་བཟླས་གནད་ལྡན་ཅིང་༔ རྩེ་གཅིག་སྒྲུབ་ལ་བརྩོན་པའི་མི༔ ཚེ་འདིར་ཚེ་རིང་བསོད་ནམས་འཕེལ༔ ཕྱི་མ་བདེ་བ་ཅན་དུ་འཕོས༔ མི་བསླུ་ངེས་པའི་གཏན་ཚིག་གོ༔ བཀའ་སྲུང་དབང་ཕྱུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཨྠིྀ  ཞེས་འཆི་མེད་ཚེའི་སྒྲུབ་པ་འདི་ཉིད་སློབ་བུ་ངག་དབང་ཕྲིན་ལས་ཀྱིས་ནན་དུ་བསྐུལ་ངོར༔ ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའི་ཡི་གེ་པ་ནི་བསྐུལ་མཁན་ཉིད་དོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 16:01, 4 September 2025

Wylie title dag snang ye shes drwa ba las: 'chi med tshe yi sgrub pa nor bu dbang gi rgyal po: TTDL-ZABTER-15-BA-008.pdf
Location bdud 'joms gling pa zab gter
Volume 15, Text 8, Pages 25-41 (Folios 1a1 to 9a5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las 'chi med tshe yi sgrub pa nor bu dbang gi rgyal po. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 25-41. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: sgrub phrin   Verso: bdud 'joms 'chi med tshe sgrub
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Longevity Rituals - tshe sgrub
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Colophon

ཞེས་འཆི་མེད་ཚེའི་སྒྲུབ་པ་འདི་ཉིད་སློབ་བུ་ངག་དབང་ཕྲིན་ལས་ཀྱིས་ནན་དུ་བསྐུལ་ངོར༔ ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའི་ཡི་གེ་པ་ནི་བསྐུལ་མཁན་ཉིད་དོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes 'chi med tshe'i sgrub pa 'di nyid slob bu ngag dbang phrin las kyis nan du bskul ngor:_khrag 'thung bdud 'joms rdo rjes dag snang ye shes drwa ba las bsgyur ba'i yi ge pa ni bskul mkhan nyid do/_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ འཆི་མེད་ཚེ་ཡི་སྒྲུབ་པ་ནོར་བུ་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ༔


༁ྃ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) དལ་འབྱོར་ལྡན་པའི་མི་ལུས་ནི༔ ཤིན་ཏུ་རྙེད་དཀའི་ཡིད་བཞིན་ནོར༔ ལན་གཅིག་ཐོབ་ཏུ་ཟིན་ནའང་༔ 'སྔོན་གྱི་ལས་དང་འཕྲལ་རྐྱེན་གྱིས༔ དབང་གྱུར་ཚེ་མཐར་ཕྱིན་དཀའ་བས༔ དེ་ཕྱིར་སྐལ་བཟང་སྐྱེས་བུ་ཡི༔ དད་བརྩོན་སྙིང་རུས་ཤུགས་བསྐྱེད་དེ༔ གཏན་ཀྱི་བདེ་བ་བསྒྲུབ་པ་ལ༔ ཚེ་ཕུག་མཐའ་རུ་ཕྱིན་པ་གནད༔ དེ་ཕྱིར་རྐྱེན་བཟློག་ཚེ་བསྲིང་ཕྱིར༔ བསྐྱེད་དང་དམིགས་པའི་གནད་ལྡན་ཏེ༔ ཚེ་དཔག་མེད་ཀྱི་ལྷུམས་འཇུག་བྱ༔ རབ་དབེན་སྐྱེད་ཚལ་ཉམས་དགའི་སར༔ སྒྱུབ་པའི་མཐུན་རྐྱེན་འཛོམ་བྱས་ཏེ༔ དང་པོ་སྔོན་འགྲོ་བྱ་བ་ལ༔ འབྱུང་ལྔའི་འཆི་བསླུ་ལེགས་གྲུབ་བྱ༔ དཀྱིལ་འཁོར་བཀོད་ལེགས་ཡིད་འོང་བར༔ རྟེན་གསུམ་རིམ་པར་བཀོད་བྱས་ཏེ༔ མཆོད་རྫས་ཅི་རིགས་མཛེས་པར་བཤམས༔ བུམ་པ་སྐུ་དང་གསུང་བདུད་རྩི༔ འཆི་མེད་བདུད་རྩིའི་ཤིང་ལྔ་དང་༔ འབྲས་བུ་རྒྱལ་པོ་གསུམ་སྦྱོར་བའི༔ རིལ་བུ་ཐུགས་ཀྱི་དངོས་གྲུབ་རྟེན༔ དར་དམར་ལེ་བརྒན་ལྡིང་གུར་ཕུབ༔ དཀར་ཕྱོགས་སྐྱོང་ལ་དཀར་གཏོར་དང་༔ ནག་ཕྱོགས་དག་ལ་དམར་གཏོར་དང་༔ བགེགས་ལ་གླུད་དང་ཆངས་འབྲས་ཆན༔ ཤ་ཚིལ་ཁྲག་གིས་བརྒྱན་པ་བཤམས༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ལ༔ ན་མོ༔ བླ་མ་དཀོན་མཆོག་རྣམ་གསུམ་ལ༔ བྱང་ཆུབ་བར་དུ་བདག་སྐྱབས་མཆི༔ འཁོར་བ་དོང་སྤྲུགས་ནུས་པའི་ཕྱིར༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་བྱ༔ ལན་གསུམ༔ དེ་ནས་བགེགས་བསྐྲད་པ་ལ༔ ཧཱུྃཿང་ནི་དབང་ཆེན་ཁྲོས་པའི་སྐུ༔ ལོག་འདྲེན་འདུས་བའི་དཔལ་དུ་ཤར༔ ཉོན་ཅིག་གཟུང་འཛིན་འཁྲུལ་པའི་བགེགས་༔ འདོད་ཡོན་གླུད་གཏོར་འདི་ཁྱེར་ལ༔ སོ་སོ་རང་རང་གནས་སུ་སོང་༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ ཡེ་ཤེས་རོལ་པའི་ཐུན་མཚོན་གྱིས༔ ལུས་ངག་རྡུལ་དུ་བརླགས་ཏ་རེ༔ ཞེས་ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ དེ་ནས་མཚམས་གཅོད་སྲུང་འཁོར་ལ༔ ཧཱུྃ༔ བདག་ཉིད་དབང་དྲག་ཐུགས་ཀ་ནས༔ ཡེ་ཤེས་རོལ་པའི་རང་རྩལ་གྱིས༔ འོད་དང་མེ་མཚོན་གུར་ར་བ༔ རང་བྱུང་ལྷུན་གྱིས་གྲུབ་པར་བསྒོམ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཛྙ་ན་རཾ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ དེ་ནས་བརྡ་ཕྱག་འཚལ་ཞིང་བརྡ་སྒོ་དབྱེ་བ་ལ༔ ཧཱུྃ༔ རང་རིག་ལྷན་སྐྱེས་ཡེ་ཤེས་ལྷར༔ རང་ཞལ་མཇལ་ཕྱིར་བརྡ་ཕྱག་འཚལ༔ བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཆེ༔ མ་རིག་ལས་ཉོན་སྒྲིབ་པའི་བག༔ ཡུལ་མེད་ཟང་ཐལ་ཆེན་པོར་ཕཊ༔ དེ་ནས་བྱིན་ཆེན་དབབ་པ་ལ༔ ཧཱུྃ༔ ཀ་དག་ཆོས་སྐུའི་ཕོ་བྲང་ནས༔ ཀུན་བཟང་ཡབ་ཡུམ་བྱིན་ཕོབ་ཅིག༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ འཆི་མེད་མགོན་པོའི་བྱིན་ཕོབ་ཅིག༔ འགྱུར་མེད་བདེ་ཆེན་ཞིང་ཁམས་ནས༔ འོད་དཔག་མེད་མགོན་བྱིན་ཕོབ་ཅིག༔ ཐུགས་རྗེའི་སྤྲུལ་པའི་ཞིང་ཁམས་ནས༔ པདྨ་འབྱུང་གནས་བྱིན་ཕོབ་ཅིག༔ ན་མ་དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ༔ སརྦ་ས་མ་ཡ་ཛ་ཛཿཨ་ཡུརྫྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿདེ་ནས་མཆོད་རྫས་བྱིན་བརླབ་ལ༔ ཧཱུྃ༔ ཡུལ་དྲུག་འདོད་ཡོན་སྣང་བའི་ཆོས༔ རང་བྱུང་ཡེ་ཤེས་རྒྱན་དུ་ཤར༔ ཕྱི་ནང་གསང་བའི་མཆོད་སྤྲིན་ནི༔ མི་ཟད་ནམ་མཁའ་མཛོད་དུ་སྤེལ༔ ན་མཿསརྦ་སོགས་ནམ་མཁའ་མཛོད་སྔགས་ལན་གསུམ་བརྗོད༔ དེ་ནས་ཏིང་འཛིན་རྣམ་གསུམ་ལ༔ ཨཱཿའཁོར་འདས་སྟོང་ཉིད་ཆེན་པོའི་ངང་༔ མ་རྟོགས་སེམས་ཅན་སྙིང་རེ་རྗེ༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ རང་རིག་རྒྱུ་ཡི་ཡི་གེར་ཤར༔ དེ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ལ༔ ཧྲཱིཿཧྲཱིཿལས་འདོ་ཟེར་རབ་འཕྲོས་པས༔ སྣང་བ་ཐམས་ཅད་བདེ་ཆེན་ཞིང་༔ བཀོད་པ་རབ་རྫོགས་ཆེན་པོའི་དབུས༔ ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔ རྒྱན་དང་འཁོར་ཡུག་མཚན་ཉིད་རྫོགས༔ ཤིན་ཏུ་མཛེས་ཤིང་ཉམས་དགའི་དབུས༔ རྨ་བྱའི་ཁྲི་དང་པད་ཉི་དང་༔ ཟླ་སྟེང་སྲོག་གི་སྙིང་པོ་བབ༔ འོད་འཕྲོས་རྒྱལ་བ་མཆོད་པས་མཉེས༔ དབང་བྱིན་དངོས་གྲུབ་ཚུར་འདུས་བསྟིམ༔ མར་འཕྲོས་འཁོར་བ་ཆོས་སྐུར་བསྒྲལ༔ སྣོད་བཅུད་དཔལ་ཡོན་ཚེ་བསོད་བསྡུས༔ ཧྲཱིཿལས་རང་ཉིད་སྐད་ཅིག་གིས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དམར་གསལ་གཟི་བརྗིད་འོད་ཕུང་འབར༔ གཞོན་ཚུལ་མཚན་དཔེ་ལང་ཚོ་མཛེས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་འཛིན༔ ཤིན་ཏུ་ཞི་ཞིང་འཛུམ་པའི་ཚུལ༔ དབུ་རྒྱན་ཅོད་པན་སྟོད་གཡོགས་དང་༔ སྨད་དཀྲིས་སྐུ་རེག་དར་དཔྱངས་གསོལ༔ རིན་པོ་ཆེ་ཡི་གདུ་བུ་དང་༔ མགུལ་རྒྱན་ཕྲེང་བ་དོ་ཤལ་སྤྲས༔ འཇའ་དང་འོད་ཀྱི་ཕུང་པོ་འབར༔ དེ་ཡི་པང་དུ་སྦྱོར་བའི་ཡུམ༔ བདེ་ཆེན་གསང་བ་ཡེ་ཤེས་མ༔ དམར་གསལ་གཞོན་ཚུལ་མཚན་དཔེས་བརྒྱན༔ དགྱེས་ཆགས་དགའ་བདེའི་ཉམས་དང་ལྡན༔ ཕྱག་ན་མདའ་དར་ཚེ་བུམ་འཛིན༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ༔ ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན༔ ལྗང་སྔོན་རལ་པའི་ལན་ཚར་ཅན༔ བདེ་སྟོང་སྦྱོར་བའི་ཆོ་འཕྲུལ་ལས༔ ཕྱོགས་བཞི་བདེ་གཤེགས་རིགས་བཞི་ནི༔ མཐིང་སེར་དཀར་ལྗང་འོད་ཀྱི་སྐུ༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་འཛིན༔ རང་རང་རིགས་ཀྱི་ཡུམ་དང་འཁྲིལ༔ ཁ་དོག་ཡབ་ཀྱི་ཆ་འཛིན་ཅིང་༔ ཕྱག་ན་མདའ་དར་ཚེ་བུམ་བསྣམས༔ ཀུན་ཀྱང་ལོངས་སྤྱོད་རྫོགས་སྐུའི་ཆས༔ མཚམས་བཞིར་འབྱུང་བའི་ལྷ་མོ་ལྔ༔ དཀར་སེར་དམར་ལྗང་མཐིང་གའི་མདོག༔ ཕྱག་ན་མདའ་དར་ཚེ་བུམ་འཛིན༔ གཞོན་ཚུལ་དར་དང་རཏྣས་བརྒྱན༔ སྒོ་བཞིར་ཚད་མེད་སྒོ་མ་བཞི༔ ལས་མདོག་རང་རྟགས་ཕྱག་མཚན་དང་༔ ཚེ་བཅུད་འགུགས་པའི་མདའ་དར་བསྣམས༔ དཀྱིལ་འཁོར་བར་ཁྱམས་འཁོར་ཡུག་ཏུ༔ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ ཏིལ་གྱིས་གོང་བུ་ཕྱུར་བཞིན་བསྒོམ༔ ཡེ་ཤེས་སྒྱུ་འཕྲུལ་དཀྱིལ་འཁོར་ལྷའི༔ གནས་གསུམ་རྡོ་རྗེ་སྙིང་པོ་ལས༔ འོད་འཕྲོས་ཡེ་ཤེས་པ་ཡི་ཚོགས༔ མཚོ་ལ་ཁ་ཆར་བབས་པ་བཞིན༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ་ཧྲཱིཿབདེ་ཆེན་འོག་མིན་པདྨ་འོད༔ ལྷུན་གྲུབ་རོལ་པའི་དཀྱིལ་འཁོར་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ བདེ་གཤེགས་རིགས་ལྔ་སྲས་འཁོར་བཅས༔ འབྱུང་བའི་ལྷ་མོ་མགྱོགས་མ་ལྔ༔ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས༔ ཚད་མེད་སྒོ་མ་བཞི་དང་བཅས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ སྒྲུབ་མཆོག་བྱིན་གྱིས་བརླབ་པའི་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྒོ་གསུམ་རྡོ་རྗེ་གསུམ་ལྡན་གྱི༔ རོལ་པ་ཆེན་པོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨ་མི་དྷེ་ཝ་ཨ་ཡུརྫྙཱ་ན་ཨ་ཝེ་ཤ་ཡ་ཧྲཱིཾ་ཧྲཱིཾ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿརྡོ་རྗེ་གསུམ་གྱི་ངོ་བོ་རུ༔ འཆི་མེད་མགོན་པོའི་ལྷ་ཚོགས་རྣམས༔ དབྱེར་མེད་དུ་མ་རོ་གཅིག་ངང་༔ འདུ་འབྲལ་མེད་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྠ་ལྷན༔ དེ་ནས་ཕྱག་འཚལ་བ་ལ༔ ན་མོ༔ ལྷན་སྐྱེས་ཡེ་ཤེས་བྱང་ཆུབ་སེམས༔ རྒྱལ་དང་རྒྱལ་སྲས་འདུས་པའི་རྩལ༔ བཀོད་པ་ལྷུན་གྲུབ་དཀྱིལ་འཁོར་ལ༔ རང་ཞལ་མཇལ་བས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ ཧོཿ དེ་ནས་མཆོད་པ་འབུལ་བ་ལ༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་སྣང་བའི་ལོངས་སྤྱོད་དཔལ༔ མི་ཟད་རྒྱན་གྱི་འཁོར་ལོ་ཡིས༔ འཆི་མེད་མགོན་པོའི་དཀྱིལ་འཁོར་ལྷ༔ ཚོགས་གཉིས་རྫོགས་ཕྱིར་མཉེས་མཆོད་འབུལ༔ ཁམས་གསུམ་ཕྱི་ནང་གསང་གསུམ་གྱི༔ མཆོད་པའི་སྤྲིན་དུ་ལེགས་བསྒྱུར་ཏེ༔ འཆི་མེད་མགོན་པོའི་དཀྱིལ་འཁོར་ལ༔ ཚོགས་གཉིས་རྫོགས་ཕྱིར་ལེགས་འབུལ་གྱིས༔ བཞེས་ནས་ཚེ་ཡི་དངོས་གྲུབ་སྩོལ༔ མ་དག་འཁྲུལ་པའི་སེམས་སྣང་ཆོས༔ དག་དབྱིངས་དྭངས་མར་འཕོས་པ་ཡི༔ ཟག་མེ་བདེ་བ་ཆེན་པོའི་ངང་༔ འཆི་མེད་མགོན་པོ་དགྱེས་ཕྱིར་འབུལ༔ བཞེས་ནས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝིདྱ་ཤཔྡ་རཱུ་པ་ཤཔྡ་གནྡྷེརཱ་ས་སྤཪྴེ་སརྦ་མ་ཧཱ་པཉྩ་རཀྟ་བ་ལིང་ཏ་བོ་དྷི་ཙིཏྟ་ག་ན་གུ་ཧྱ་སརྦ་པཱུ་ཛ་ ཧོཿ དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ་ཧྲཱིཿ ཀ་དག་སྐྱེ་མེད་སྤྲོས་པའི་མཐའ་དང་བྲལ༔ དུས་གསུམ་རྒྱལ་བ་ཀུན་གྱི་ངོ་བོ་ཉིད༔ ཀ་དག་ཀུན་ཏུ་བཟང་པོར་ཡེ་སངས་རྒྱས༔ མགོན་པོ་འོད་མི་འགྱུར་ལ་ཕྱག་འཚལ་བསྟོད༔ ལྷུན་གྲུབ་བདེ་ཆེན་རོལ་པའི་ཀློང་མཛོད་ལ༔ དབང་བསྒྱུར་སྐུ་དང་ཡེ་ཤེས་སྒྱུ་འཕྲུལ་ངོམས༔ ཞིང་ཁམས་རྒྱ་མཚོ་བཀོད་པ་དབྱིངས་ནས་བཞེངས༔ འཆི་མེད་མགོན་པོ་མཆོག་ལ་ཕྱག་འཚལ་བསྟོད༔ ཐབས་མཁས་ཐུགས་རྗེས་འགྲོ་ཁམས་དབུགས་དབྱུང་ཕྱིར༔ སྲིད་ལས་འཕགས་པའི་ཞིང་དང་སྟོན་འཁོར་ཤར༔ སྨོན་ལམ་སྟོབས་ཀྱིས་གདུལ་བྱ་རྣམ་གྲོལ་ཕྱིར༔ མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་རྒྱལ་པོའི་སྒྱུ་འཕྲུལ་རྟེན་བརྟེན་པ༔ བདེ་གཤེགས་ཡབ་ཡུམ་འབྱུང་བའི་ལྷ་མོ་ལྔ༔ རྩ་གསུམ་དཔའ་བོ་མཁའ་འགྲོ་སྒོ་སྐྱོང་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་པ་བྱ་ཞིང་ཉེས་བཤགས་དང་ན་རག་དོང་སྤྲུགས་ཀྱི་ཡང་སྙིང་མང་དུ་བཟླ༔ དེ་ནས་འཛབ་དམིགས་ནི༔ ཧྲཱིཿརང་ཉིད་ཚེ་དཔག་མེད་ཡབ་ཡུམ༔ གཉིས་མེད་རོལ་པའི་ཐུགས་གསང་དུ༔ པདྨ་དང་ནི་ཟླ་གདན་ལ༔ རཱ་གའི་བུམ་པ་འོད་འབར་ནང་༔ ཟླ་བའི་གདན་ལ་ཧྲཱིཿདམར་མཐར༔ རྩ་བའི་སྔགས་ཀྱིས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་དང་བཅས༔ མགོན་པོ་ཚེ་མཐའ་ཡས་པ་ཡི༔ རྣམ་པར་གྱུར་ཏེ་བདག་མདུན་ལ༔ མཚོ་ལ་ཁ་བ་བབས་པ་ལྟར༔ སྤྱན་དྲངས་གཉིས་མེད་རོ་གཅིག་རོལ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿདེ་ཡིས་བསྙེན་པ་ཚད་རྫོགས་ཏེ༔ སླར་ཡང་སྒྲུབ་ལ་འཇུག་པ་ལ༔ རང་ཉིད་འཆི་མེད་མགོན་པོ་ཡི༔ ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ རབ་འབྱམས་རྒྱལ་བ་རྟེན་བརྟེན་པ༔ མཁྱེན་བརྩེ་ནུས་གསུམ་དབང་བྱིན་རླབས༔ སྣོད་བཅུད་འབྱུང་བའི་དཔལ་ཡོན་བཅས༔ དྭངས་མ་འཇའ་སྤྲིན་འཐིབས་པ་བཞིན༔ བསྡུས་ཏེ་སྔགས་ཕྲེང་ལ་ཐིལ་པས༔ གཟི་བྱིན་རབ་རྒྱས་ནུས་པ་རྩལ་ལྡན་བསམ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿསརྦ་ཛྙཱ་ན་པཉྩ་སརྦ་ཏ་ཐཱ་ག་ཏ་ཧྲཱིཾ་ཧྲཱིཾ་ཨ་ཡུརྫྙཱ་ན་མ་ཧཱ་པུནྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་ལས་ལ་སྦྱོར་བ་ལ༔ ཧཱུྃ༔ རང་ཉིད་འཆི་མེད་མགོན་པོར་གསལ་པའི་གནས་གསུམ་ཡིག་འབྲུ་གསུམ་དང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཕོག་ཐམས་ཅད་ཀྱི་རྒྱུད་རབ་ཏུ་བསྐུལ་ཏེ༔ དེ་དག་གི་སྐུ་གསུང་ཐུགས་ལས་འོད་དང་འོད་ཟེར་མུ་མཐའ་མེད་པར་འཕྲོས་པས་ཕྱོགས་བཅུ་བདེ་གཤེགས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་དངོས་གྲུབ་མཁྱེན་བརྩེ་ནུས་གསུམ་ཡེ་ཤེས་ཡོན་ཏན་ཚེ་བཅུད་བསོད་ནམས་གཟི་བྱིན་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བསྡུས་ཏེ་བདག་དང་སྒྲུབ་རྫས་ལ་ཐིམ་པས་མཆི་མེད་ཚེའི་དངོས་གྲུབ་དང་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཐོབ་པར་བསྒོམ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཅི་མང་བཟླས་མཐར༔ བདག་མདུན་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ལྷ་དང་རིག་འཛིན་དྲང་སྲོང་ཚེ་བསོད་ནམས་ལ་དབང་ཞིང་མངའ་བརྙེས་པ་རྣམས་ཀྱིས་ཚེ་བསོད་དཔལ་ཡོན་ནུས་བཅུད་ཐམས་ཅད་འོད་ལྔའི་སྤྲིན་དཔུང་འཐིབས་པ་ལྟ་བུའི་རྣམ་པར་བསྡུས་ཏེ་རང་དང་སྒྲུབ་རྫས་ལ་ཐིམ་པས་ཚེ་དང་བསོད་ནམས་རབ་ཏུ་འཕེལ་ཞིང་རྒྱས་ཏེ་རབ་ཏུ་བརྟན་པར་བསྒོམ་ལ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿཅི་མང་བཟླས་མཐར༔ བདག་དང་མདུན་བསྐྱེད་ཀྱི་ལྷ་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་ནམས་འབྱུང་བ་ལྔ་ཡི་བཅུད་དང་དྭངས་མ་གཟི་བྱིན་ཐམས་ཅད་འཇའ་ཡི་སྤྲིན་དཔུང་འཐིབས་པ་ལྟ་བུའི་རྣམ་པར་བསྡུས་ཏེ་བདག་དང་སྒྲུབ་རྫས་ལ་ཐིམ་པས་འཆི་མེད་ཚེའི་རིག་འཛིན་དང་མི་ཤིགས་པའི་རྡོ་རྗེའི་སྲོག་ཆེན་པོ་ཐོབ་པར་བསྒོམ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ མདོ་ལས་བྱུང་བའི་གཟུངས་སྔགས་ཀྱང་གྲངས་མང་བརྗོད༔ སླར་ཡང་བདག་དང་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བདག་གི་བླ་ཚེ་ཡར་བ་དང་།འཁྱམས་པ་དང་༔ ཉམས་པ་དང་འཐོར་བ་དང་༔ ལྷ་འདྲེས་བརྐུས་པ་དང་༔ ཁྱེར་བ་འཕྲོག་པ་ཐམས་ཅད་ལྷག་མ་མ་ལུས་པར་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བཙན་ཐབས་ཀྱིས་འཕྲོག་ཅིང་བསྡུས་ཏེ་རང་གི་ཐུགས་ཀའི་སྲོག་དང་སྔགས་འཁོར་ལ་ཐིམ་པས་འཐོར་བ་བསྡུས་ཤིང་དྲིལ༔ ཆད་པ་མཐུད༔ ཡོ་བ་བསྲང་༔ ཉམས་པ་གསོས༔ ཡལ་བ་སླར་ལྡོག༔ ཟད་པ་བསྲིང་༔ འཕོ་མེད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དང་འཆི་མེད་ཚེའི་རིག་འཛིན་བརྙེས་པར་བསྒོམ༔ ཨོཾ་ཨཱ་མི་དྡྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿཅེས་དང་ཚེ་གཟུངས་ཅི་མང་བཟླས༔ དེ་མཐར་ཞག་གྲངས་ལྔ་ཙམ་དུ༔ ལས་བཞིའི་དམིགས་པ་སྤྱི་ལྟར་བྱ༔ རྩ་སྔགས་ཉིད་ལ་ལས་བཞི་ཡི༔ ཤམ་བུ་བཏགས་ཏེ་གྲངས་མང་བཟླ༔ དེ་ནས་རིལ་བུ་སྒྲུབ་འདོད་ན༔ སྨན་གྱི་རྒྱལ་པོ་འབྲས་བུ་གསུམ༔ དེ་ལ་བཀྲ་ཤིས་རྫས་བརྒྱད་ལས་མེ་ལོང་ཤེལ་ཡིན་མཆན་རྫས་བཏབ་ཅིང་༔ འཆི་མེད་བདུད་རྩིའི་ཤིང་མཆོག་ལྔ༔ རི་ཤུག་བྲག་མཚེ་སུར་དཀར་འོམ་བུ་མཁན་དཀར་མཆན།ཞིབ་བཏགས་རིལ་བུ་གྲངས་མང་ལ༔ གྲྭ་ཟུར་མེད་པར་སྒྲིལ་བྱས་ཏེ༔ མངར་གསུམ་ཁུ་བ་བཏབ་པ་དང་༔ ཁ་དོག་དམར་པོ་བསྒྱུར་བྱས་ཏེ༔ འོད་དང་བཀྲག་མདངས་འབར་བར་བྱས༔ རིན་ཆེན་ཟངས་ཀྱི་བུམ་པའམ༔ དབང་གི་བུམ་པར་བླུག་པའམ༔ དུས་གཅིག་ཐོད་པར་བླུག་ཀྱང་རུང་༔ ཁ་ཁེབ་དར་དམར་གྱིས་བྱས་ཏེ༔ མེ་ལོང་སིདྡྷུ་རས་བྱུག་པར༔ བདེ་གཤེགས་རིགས་ལྔའི་ཐུགས་སྲོག་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཀོད༔ འདི་ལྟར་དམིགས་པས་བསྒྲུབ་པར་བྱ༔ བུམ་པ་མི་དམིགས་སྟོང་པ་ཉིད་དུ་གྱུར༔ ཨཱོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས་ཀོ྅་ཧཾ༔ སྟོང་པའི་ངང་ལས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ངོ་བོ་ལ་རྣམ་པ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་པའི་ནང་དུ་རིལ་བུ་རྣམས་ཧྲཱིཿཡིག་དམར་པོ་ཐིག་ལེས་བརྒྱན་པ་རེ་རེར་གྱུར་པ་ལས་འོད་འཕྲོས་པས་སྐུ་གསུམ་རྒྱལ་བའི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་འཇའ་སྤྲིན་འཐིབས་པའི་རྣམ་པ་ཅན་དུ་བསྡུས་ཏེ་རིལ་བུར་ཐིམ་པས་པདྨ་དང་ཉི་ཟླའི་གདན་ལ་མགོན་པོ་ཚེ་དཔག་མེད་པ་སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་ཞི་འཛུམ་མཚན་དང་དཔེ་བྱད་རྫོགས་པ་ཕྱག་གཉིས་མཉམ་བཞག་གི་སྟེང་དུ་ཚེ་བུམ་འཛིན་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་མཛད་ཅིང་ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན་ཏེ་འོད་དམར་གྱི་ཐིག་ལེ་རེ་རེའི་ཀློང་དུ་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་བསྒོམས་པའི་གནས་ཐམས་ཅད་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་བདེ་གཤེགས་སྲས་དང་བཅས་པ་ཐམས་ཅད་དང་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་ཐམས་ཅད་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པར་བཞེངས་ཏེ་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབ་པ་ལྟར་བུམ་པའི་ལྷ་ལ་སིབ་སིབ་ཐིམ་པར་བསྒོམ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡི་སིདྡྷི་ཧཱུྃ་ཧྲཱིཿཨ་ཡུརྫྙཱ་པུནྱེ་ཨ་ཝེ་ཤ་ཡ་ཨཱ་ཿཛཿཧཱུྃ་བཾ་ ཧོཿ ཨོཾ་ཨ་ར་པ་ཙ་མུ་ད་ཧྲཱི་ད་ཡེ་སྭཱ་ཧཱ༔ ཅི་མང་བཟླས༔ གཞན་ཡང་བདུད་རྩི་སྒྲུབ་པ་ལ༔ བྷནྡྷ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ ཨོཾ་མ་ཧཱ་སོགས༔ སྟོང་པའི་ངང་ལས་ཨཱ༔ ལས་ཀ་པཱ་ལ་ཡངས་ཤིང་མཚན་ཉིད་ལྡན་པ་རྒྱ་ཆེ་བའི་ནང་དུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱིས་གསུང་གསང་འདུས་པའི་བདག་ཉིད་ཨཱཿཡིག་དམར་པོ་ལས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཡབ་ཡུམ་གཙོ་བོ་དང་མཚུངས་པ་འཇའ་ཚོན་འོད་ལྔའི་ཀློང་དུ་བཞུགས་པའི་གནས་གསུམ་འབྲུ་གསུམ་ལས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རྣམས་ཀྱི་ཐུགས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་འདུས་ཏེ་འཆི་མེད་མགོན་པོའི་སྐུ་གསུངས་ཐུགས་ལ་ཐིམ་པས་དགྱེས་ཆགས་དགའ་བདེའི་ཉམས་རྒྱས་ཏེ་བདུད་རྩི་བྱང་སེམས་དཀར་དམར་གྱི་རྒྱུན་བབ་པས་བྷནྡྷ་མེར་གྱིས་གང་བར་བསྒོམ༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡི་སིདྡྷི་ཧཱུྃ་ཧྲཱིཿ ཨ་ཡུ་པུནྱེ་ཛྙཱ་ན་ཨ་མྲི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ༔ ཅི་མང་བཟླས༔ དེ་ནས་བུམ་པ་སྒྲུབ་པ་ལ༔ བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ ཨོཾ་མ་ཧཱ་སོགས༔ སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་རྒྱ་ཆེ་ལ་ཁྱོན་ཡངས་པའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བུམ་པ་ཁ་གཡེལ་བ༔ མགྲིན་པ་ཕྲ་བ༔ ལྟོ་བ་ལྡིར་བ༔ ཞབས་ཞུམ་པ༔ ནང་གཞལ་ཡས་ཁང་རྒྱ་ཆེ་ལ་ཁྱོན་ཡངས་པ་བཀོད་ལེགས་པ་ཡེ་ཤེས་འོད་ཀྱི་ཕུང་པོ་དང་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་ཀློང་དུ་སྣ་ཚོགས་པདྨ་དང་ཟླ་བ་རྒྱས་པའི་གདན་གྱི་སྟེང་དུ༔ ཧྲཱིཿཧྲཱིཿ ཡིག་དམར་པོའི་འཕྲོ་འདུ་ལས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དམར་གསལ་ལོངས་སྐུ་མཚན་དཔེས་སྤྲས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་བསྣམས༔ གཞོན་ཚུལ་ཞི་འཛུམ་འོད་ཕུང་འབར༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་ནུབ་ཕྱོགས་བདེ་བ་ཅན༔ རྟེན་དང་བརྟེན་པ་སྤྱན་དྲང་བསྟིམ༔ ན་མོ་ཨཱ་མི་དྷེ་ཝ་ཨ་ཡུརྫྙཱ་ན་སརྦ་ས་པ་རི་ཝཱ་ར་ས་མ་ཡ་ཛ་ཛ༔ ཏིཥྛ་ལྷན༔ ཨ་ཏི་པཱུ་ ཧོཿ པྲ་ཏྭིཙྪ་ ཧོཿ ཨརྒྷཾ་པཱདྱཾ་སོགས་ཤཔྡ་རཱུ་པ་ཤཔྡགནྡྷེར་ས་སྤཪྴེ་མ་ཧཱ་སརྦ་པཉྩ་ཨ་མྲི་ཏ་རཀྟ་བ་ལིང་ཏ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔ ཧྲཱིཿ དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ༔ ཞིང་ཁམས་རྒྱ་མཚོ་བཀོད་པ་ཀློང་ནས་བཞེངས༔ ཚེ་བསོད་ཡེ་ཤེས་ཡོན་ཏན་གཏེར་གྱི་མཛོད༔ མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ཅིང་༔ དེ་ལྟར་གསལ་བའི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་ཧྲཱིཿཡིག་གི་མཐར༔ ཨོཾ་ཨཱ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཞེས་བཟླས་པས་འོད་ཟེར་ཡར་འཕྲོས་རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་འབུལ༔ དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཚུར་འདུས་སྔགས་ཕྲེང་ལ་ཐིམ༔ མར་འཕྲོས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་ཏེ་དག་པའི་ཞིང་དུ་བཀོད༔ འོད་ཟེར་ཚུར་འདུས་སྔགས་ཀྱི་ཕྲེང་བ་ལ་ཐིམ༔ སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར༔ ཡང་རྩ་སྔགས་བཟླས་མཐར༔ ཡེ་ཤེས་པ་དབྱིངས་སུ་གཤེགས༔ དམ་ཚིག་པ་ཆུར་ཞུ་བ་ལས་བྱིན་རླབས་དབང་གི་ཆུ་བོ་འདུས་པའི་ངོ་བོར་གྱུར༔ དེ་ལྟར་བསྒོམ་བཟླས་གནད་ལྡན་ཅིང་༔ རྩེ་གཅིག་སྒྲུབ་ལ་བརྩོན་པའི་མི༔ ཚེ་འདིར་ཚེ་རིང་བསོད་ནམས་འཕེལ༔ ཕྱི་མ་བདེ་བ་ཅན་དུ་འཕོས༔ མི་བསླུ་ངེས་པའི་གཏན་ཚིག་གོ༔ བཀའ་སྲུང་དབང་ཕྱུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཨྠིྀ ཞེས་འཆི་མེད་ཚེའི་སྒྲུབ་པ་འདི་ཉིད་སློབ་བུ་ངག་དབང་ཕྲིན་ལས་ཀྱིས་ནན་དུ་བསྐུལ་ངོར༔ ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའི་ཡི་གེ་པ་ནི་བསྐུལ་མཁན་ཉིད་དོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།