TTDL-ZABTER-02-KHA-036: Difference between revisions

From Dudjom Wiki
TTDL-ZABTER-02-KHA-036
m Text replacement - "bdud 'joms gling pa zab gter" to "bdud 'joms gling pa'i zab gter"
m Text replacement - "བདུད་འཇོམས་གླིང་པ་ཟབ་གཏེར" to "བདུད་འཇོམས་གླིང་པའི་ཟབ་གཏེར"
 
Line 5: Line 5:
|fulltitle=bla rdo srog gi 'khor lo:
|fulltitle=bla rdo srog gi 'khor lo:
|citation=Khrag 'thung [[Bdud 'joms gling pa]]. ''Bla rdo srog gi 'khor lo''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 2: 375-376. Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Bla rdo srog gi 'khor lo''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 2: 375-376. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitletib=བདུད་འཇོམས་གླིང་པའི་ཟབ་གཏེར།
|collectiontitle=bdud 'joms gling pa'i zab gter
|collectiontitle=bdud 'joms gling pa'i zab gter
|author=bdud 'joms gling pa
|author=bdud 'joms gling pa

Latest revision as of 13:00, 24 February 2026

Wylie title bla rdo srog gi 'khor lo:
Location bdud 'joms gling pa'i zab gter
Volume 2, Text 36, Pages 375-376 (Folios 1a1 to 1b4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Bla rdo srog gi 'khor lo. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: 375-376. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: srog 'khor   Verso: bdud 'joms las gshin
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Cakra and Amulet Designs - 'khor lo - srung 'khor
Cycle འཆི་བདག་ལས་ཀྱི་གཤིན་རྗེ་ ('chi bdag las kyi gshin rje)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity gshin rje
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་དག་པར་ཕབ་པའི་ཡི་གེ་པ་ནི་རྒ་ཡི་བནྡེ་ཀུན་བཟང་དགའ་རབ་བོ། །དགེའོ། །དགེའོ། །དགེའོ།།

zhes pa 'di yang khrag 'thung bdud 'joms rdo rjes gter nas bton te mthar dag par phab pa'i yi ge pa ni rga yi ban+de kun bzang dga' rab bo/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ བླ་རྡོ་སྲོག་གི་འཁོར་ལོ་ནི༔ བཅང་ཐབས་ལག་ལེན་རིམ་པ་ལ༔ ཆུ་དར་རམ་ནི་མཐིང་ཤོག་ངོར༔ མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ ལྟེ་བར་པདྨ་མཐའ་བསྐོར་དུ༔ རྩ་བའི་སྔགས་འདི་འགོད་པར་བྱ༔ ཨོཾ་ཀཱ་ལ་ཀྲོ་ཏ་ཡ་མ་རཱ་ཙ་ཙིཏྟ་ཧཱུྃ་ཛཿ སྲོག་ཆགས་པར་གྱུར་ཅིག༔ མ་བྷྱོ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ འབོད་སྔགས་མཐར༔ སརྦ་རཏྣ་སིདྡྷི་ཕ་ལ་ཧཱུྃ་བླ་ཆགས་པར་གྱུར་ཅིག༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཡ་མ་རཱ་ཙ་ཙིཏྟ་སྟྭཾ་ཛཿཨ་ར་མ་དུ་རུ་ཙ་ཤ་ན་ཙིཏྟ་བཛྲ་ས་མ་ཡ་སྟྭཾ༔ སྣང་སྲིད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ སརྦ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཡ་མ་རཱ་ཙ་ས་པ་རི་ཝཱ་ར་བླ་གནས་པར་གྱུར་ཅིག༔ སྲོག་འདུ་བར་གྱུར་ཅིག༔ རྟེན་ལ་འཁོར་བར་གྱུར་ཅིག༔ དེ་ཡི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ༔ ཨཿ རཿ མཿ དུཿ རུཿ ཙཿ ཤཿ ནཿ ཞེས་བྲིས༔ རྩིབས་མཆན་བརྒྱད་དུ༔ ཨེཿ རཾཿ ཡཾཿ སུཾཿ བཾཿ ཏྲིཿ ནྲྀཿ ཧཱུྃ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ་ཡིག་མགོ་ནང་དུ་བསྟན་ཏེ་རྦད་སྔགས་ཀྱི་སྔགས་འགོད༔ དེ་ཡི་ཕྱི་རིམ་དུ་མེ་རླུང་ཆུ་ཡི་ར་བས་བསྐོར༔ མཐིང་དང་སེང་ལྡེང་ཁུ་བས་བྱུག༔ མེ་ཏོག་སྔོན་པོ་ལྟེ་བར་གཞུག༔ སྐུ་གཟུགས་དབུས་སུ་བཞག་ནས་བལྟེབས༔ རིན་ཆེན་རྣམ་བཞིའི་ཕྱེ་མས་བྱུག༔ དཀྱིལ་འཁོར་དབུས་སུ་བཞག་ནས་སུ༔ ལྷ་ཡི་དཀྱིལ་འཁོར་བསྐྱེད་བསྟིམ་བྱ༔ བདེན་པའི་སྟོབས་མཐར༔ གཤིན་རྗེ་ཡ་མ་རཱ་ཙ་ཡབ་ཡུམ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མ་ལུས་ཤིང་ལུས་པ་མེད་པར་བསྒྲུབ་རྟེན་ཙཀྲ་འདི་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་ཅིག༔ འགྱུར་མེད་རབ་ཏུ་གནས་ཤིང་ཡོངས་སུ་རྫོགས་པར་གྱུར་ཅིག༔ ལན་གསུམ་རེ་བརྗོད༔ མཐར་ནི་བརྟན་བཞུགས་བྱས་པའི་རྗེས༔ འབྲལ་མེད་ལུས་ལ་བཅང་བར་བྱ༔ ལུས་དང་གྲིབ་མ་བཞིན་འགྲོགས་ཤིང་༔ ཕྲིན་ལས་ཐོགས་པ་མེད་པར་འགྲུབ༔ ཁྱད་པར་མངོན་སྤྱོད་ལས་འགྲུབ་འགྱུར༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་དག་པར་ཕབ་པའི་ཡི་གེ་པ་ནི་རྒ་ཡི་བནྡེ་ཀུན་བཟང་དགའ་རབ་བོ། །དགེའོ། །དགེའོ། །དགེའོ།།