DJYD-KABUM-22-ZA-029: Difference between revisions

From Dudjom Wiki
DJYD-KABUM-22-ZA-029
No edit summary
m Text replacement - "bdud 'joms rin po che bka' 'bum" to "bdud 'joms rin po che'i bka' 'bum"
Line 6: Line 6:
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Rdor sems bla ma mchod pa'i sgrub chen gyi skabs rgyas pa'i sbyin sreg gi zur 'debs''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 22: 513-514. Kalimpong: Dupjung Lama, 1979-1985.
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Rdor sems bla ma mchod pa'i sgrub chen gyi skabs rgyas pa'i sbyin sreg gi zur 'debs''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 22: 513-514. Kalimpong: Dupjung Lama, 1979-1985.
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|collectiontitle=bdud 'joms rin po che bka' 'bum
|collectiontitle=bdud 'joms rin po che'i bka' 'bum
|author=Dudjom Rinpoche
|author=Dudjom Rinpoche
|tibgenre=Fire Offerings - sbyin sreg, Supplemental Instructions - zur 'debs - zur rgyan
|tibgenre=Fire Offerings - sbyin sreg, Supplemental Instructions - zur 'debs - zur rgyan

Revision as of 15:24, 24 February 2026

Wylie title rdor sems bla ma mchod pa'i sgrub chen gyi skabs rgyas pa'i sbyin sreg gi zur 'debs
Location bdud 'joms rin po che'i bka' 'bum
Volume 22, Text 29, Pages 513-514 (Folios 1a1 to 1b3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rdor sems bla ma mchod pa'i sgrub chen gyi skabs rgyas pa'i sbyin sreg gi zur 'debs. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: 513-514. Kalimpong: Dupjung Lama, 1979-1985.
Side notes Recto: sbyin sreg zur 'debs   Verso: rdor sems bla mchod
More details More details
Genre Fire Offerings - sbyin sreg  ·  Supplemental Instructions - zur 'debs - zur rgyan
Cycle རྡོར་སེམས་བླ་མ་མཆོད་པ་ (rdor sems bla ma mchod pa)
Deity rdo rje sems dpa'
Colophon

།ཞེས་པའང་ཛྙཱ་ནས་སོ།།

zhes pa'ang dz+nyA nas so//

[edit]
༄༅། །རྡོར་སེམས་བླ་མ་མཆོད་པའི་སྒྲུབ་ཆེན་གྱི་སྐབས་རྒྱས་པའི་སྦྱིན་སྲེག་གི་ཟུར་འདེབས་ལ། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་ལས་ཀྱི་སེམས་དཔའ་གཉིས་པའི་རྣམ་པར་སྤྲོས་ཏེ་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་གྱུར། ཞེས་པའི་རྗེས་སྦྱིན་སྲེག་དངོས་ལ་འཇུག་ཅིང་། ཞི་བའི་ཐབ་ཁུང་ཞེས་པའི་མལ་དུ། རྒྱས་པའི་ཞེས་དང་། ཞི་བའི་མེ་ལྷ་ཞེས་པར། རྒྱས་པའི་ཞེས་བསྒྱུར། འདས་པའི་མེ་ལྷའི་སྐབས། དམ་ཚིག་མེ་ལྷའི་ལྟོ་བ་འབྱམས་ཀླས་དབྱིངས། །ཡེ་ཤེས་འོད་ཟེར་དཀར་པོ་འཕྲོ་བའི་དབུས། །སེང་ཁྲི་པདྨ་ཉི་ཟླའི་གདན་བཅས་གསལ། ཞེས་པའི་མཚམས་སུ། ཨོཾ། ཆོས་ཀྱི་དབྱིངས་ཀྱི་སོགས་སྤྱན་འདྲེན་ཚིག་བརྗོད་བསྟུན་ལས་རྡོར་གྱིས་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གིས་མཚན་པ་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ནས་ཕུལ་བ་རྩ་སྔགས་བཟླ་བཞིན་མེ་ཏོག་ཐབ་ཏུ་འདོར་མཐར། རང་བྱུང་ལྷུན་གྲུབ་ཡེ་ཤེས་མེ་དཀྱིལ་དབུས། །རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །སྐུ་མདོག་དཀར་གསལ་སོགས་དཀྱུས་ལྟར་དང་། འཇིག་འདས་གཉིས་ཀའི་དགང་བླུགས་ཀྱི་སྤེལ་ཚིག་ཀྱང་ ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པའི་ཕྲིན་ལས་ཞེས་དང་། རྫས་གཞན་རྣམས་ཀྱི་སྤེལ་ཚིག་ཀྱི་ཤམ་བུའང་ པུཥྚིཾ་ཀུ་རུ་ཨོཾ། རྗེས་བསྡུ་བའི་སྐབས། བཛྲ་མུཿས་ཡེ་ཤེས་པ་སྒྲུབ་པའི་དཀྱིལ་འཁོར་དུ་གཤེགས་པར་གྱུར། དམ་ཚིག་པ་གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་གྱུར། ཞེས་བསྒྱུར་བའི་ཁྱད་པར་ཙམ་མོ། །འདི་ཉིད་ཀྱི་བསྙེན་སྒྲུབ་ཀྱི་སྐབས་ཉིན་དང་པོར་བུམ་སྒྲུབ་སྔོན་གཏོར་རྒྱལ་ཐོ་མཚམས་གཅོད་སོགས་སྤྱི་ལྟར་བྱས་རྗེས། བཟླས་དམིགས་མདུན་བསྐྱེད་སྐུ་ལས་འོད་ཟེར་རང་ལུས་ལ་ཕོག །དེས་སྣོད་བཅུད་ལ་ཁྱབ་ཅིང་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་བལྟ་བ་སོགས་གཞུང་ཚིག་ལྟར་ལ། དབང་བཞི་བླངས་རྗེས་བསྡུ་རིམ་ལ་འཇུག །ཐུན་གཉིས་པར་མཆོད་བརླབ་ནས་དཀྱུས་ལྟར་རོ། །ཞེས་པའང་ཛྙཱ་ནས་སོ།། །།