DJYD-KABUM-22-ZA-024: Difference between revisions

From Dudjom Wiki
DJYD-KABUM-22-ZA-024
m Text replacement - "bdud 'joms rin po che bka' 'bum" to "bdud 'joms rin po che'i bka' 'bum"
m Text replacement - "བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།" to "བདུད་འཇོམས་རིན་པོ་ཆེའི་བཀའ་འབུམ།"
Line 5: Line 5:
|fulltitle=phur pa gnam lcags spu gri'i dbyangs yig khrag 'thung rnam par rtsen pa'i nga ro
|fulltitle=phur pa gnam lcags spu gri'i dbyangs yig khrag 'thung rnam par rtsen pa'i nga ro
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Phur pa gnam lcags spu gri'i dbyangs yig khrag 'thung rnam par rtsen pa'i nga ro''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 22: 421-469. Kalimpong: Dupjung Lama, 1979-1985.
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Phur pa gnam lcags spu gri'i dbyangs yig khrag 'thung rnam par rtsen pa'i nga ro''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 22: 421-469. Kalimpong: Dupjung Lama, 1979-1985.
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|collectiontitletib=བདུད་འཇོམས་རིན་པོ་ཆེའི་བཀའ་འབུམ།
|collectiontitle=bdud 'joms rin po che'i bka' 'bum
|collectiontitle=bdud 'joms rin po che'i bka' 'bum
|author=Dudjom Rinpoche
|author=Dudjom Rinpoche

Revision as of 16:36, 24 February 2026

Wylie title phur pa gnam lcags spu gri'i dbyangs yig khrag 'thung rnam par rtsen pa'i nga ro
Location bdud 'joms rin po che'i bka' 'bum
Volume 22, Text 24, Pages 421-469 (Folios 1a1 to 25a2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Phur pa gnam lcags spu gri'i dbyangs yig khrag 'thung rnam par rtsen pa'i nga ro. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: 421-469. Kalimpong: Dupjung Lama, 1979-1985.
Side notes Recto: dbyangs yig   Verso: gnam lcags spu gri
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Melodic Guides for Chanting - dbyangs yig
Cycle དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲི་ (dpal rdo rje phur bu bdud 'joms gnam lcags spu gri)
Parent Cycle ཐུགས་སྒྲུབ་གསང་བ་རྒྱ་ཅན་ (thugs sgrub gsang ba rgya can)
Deity rdo rje phur pa
Notes There are characters and illustrations in this text entry that have not be reproduced on this site. Please click on the pecha image to view the PDF.

[edit]
༄༅། །ཕུར་པ་གནམ་ལྕགས་སྤུ་གྲིའི་དབྱངས་ཡིག་ཁྲག་འཐུང་རྣམ་པར་རྩེན་པའི་ང་རོ་ཞེས་བྱ་བ་བཞུགས་སོ། །


༄༅། །ཨོཾ་སྭསྟི། མི་འགྱུར་ཡེ་ཤེས་རྡོ་རྗེ་ཕུར་བུ་ཡིས། །དངོས་ཀུན་བདེ་ཆེན་འཁོར་ལོར་རྒྱས་འདེབས་མགོན། །བླ་མ་མཆོག་དང་དབྱེར་མེད་ཧེ་རུ་ཀས། །བདུད་སྡེའི་གཡུལ་ལས་རྒྱལ་བའི་ཤིས་པ་སྩོལ། །དེ་ཡི་ཕྲིན་ལས་ཚིག་ཏུ་བརྗོད་པའི་སྒོ། །སྙན་བརྗིད་དབྱངས་ཀྱི་ང་རོ་སྒྲོགས་པ་ལས། །རབ་འབྱམས་མི་བཟད་ཁྲག་འཐུང་འབར་བའི་སྤྲིན། །རྣམ་པར་རྩེན་པའི་དགའ་སྟོན་ཅིར་ཡང་སྤྲོ། །དེ་ཡང་ཇི་སྐད་དུ། སློབ་དཔོན་ཆེན་པོས། གསང་སྔགས་རོལ་མོས་བསྐུལ་ན་བྱིན་རླབས་ཆེ། །ཤར་སྒྲོགས་མ་ཡིན་གདངས་སྙན་དབྱངས་སུ་གྱེར། །ཞེས་གསུངས་པས། རོལ་མོའི་བྱེ་ [2a] བྲག་དུ་མའི་སྒྲ་དང་སྦྱར་ཏེ་སྙན་བརྗིད་གདངས་ཀྱི་ཉམས་འགྱུར་ཡོངས་སུ་རྫོགས་པའི་མགྲིན་དབྱངས་ལྷའི་རྔ་བོ་ཆེ་བརྡུང་བ་ལ་བརྩོན་པས། འཁོར་ལོའི་ལྷ་རྣམས་མཉེས་ཤིང་གསང་སྔགས་སྒྲུབ་པའི་འབྲས་བུ་མྱུར་དུ་སྨིན་པ་སོགས་དགོས་པ་ཁྱད་པར་ཅན་དུ་གྲུབ་པས་ན་སྐལ་བཟང་བློ་གསལ་རིག་པ་འཛིན་པ་རྣམས་ཀྱིས་ཚུལ་འདི་ལ་ཆེ་ཐང་དུ་འབད་པར་རིགས་པ་ཡིན་ནོ། །དེ་ལ་སྤྱིར་རོལ་མོའི་སྒྲ་དང་ངག་གི་གདངས་དབྱངས་གང་ཡང་ལྷོད་ཆགས་ཤིང་སྙན་ལ་བརྗིད་པ་དང་། བྱེ་བྲག་སོ་སོའི་སྐབས་སུ་བབས་པ་བཞིན་རོལ་མོའི་དལ་བྲེལ་དང་ཆེ་ཆུང་། སྐད་གདང་འགྱུར་ཁུག་གི་མཐོ་དམན་དང་རིང་ཐུང་རྣམས་ [2b] འཚམས་ཤིང་རན་པ། ནང་གསེས་ཀྱི་དབྱེ་བ་མ་འཁྲུག་ཅིང་ཡན་ལག་མ་ཉམས་པ་སྟེ། སློབ་དཔོན་མཁས་པའི་ཞལ་ཁྲིད་ལ་ཡིད་གཞུང་པར་འདྲིས་པའི་སྒོ་ནས་བློ་ལ་ཤིན་ཏུ་བྱང་བར་བྱ་བ་གཅེས་སོ། །དེའང་རྔ་ཆིངས་རྣམས་ལ་ངེས་གནས་ཀྱི་གོར་ཐིག །རྩེ་ཕྲན་རྣམས་ལ་ཟླ་ཚེས་ཐིག་གོར། སྦུག་ཚག་ལ་རྒྱ་གྲམ་རིས། འཆོལ་རྒྱག་རྣམས་ལ་རྒྱ་གྲམ་ཀླད་ཀོར་ཅན། ལེན་མཚམས་རྣམས་ལ་དམིགས་བསལ་གྱི་མཆན་བུ་བཏབ་པ་བཞིན་མ་འཆོལ་བར་ཤེས་པར་བྱའོ། །༼སྐྱབས་འགྲོ་ནི། ༽ ན་མོ་བླ་མ་རིག་འཛིན་ཡི་དམ་མཁའ་འགྲོའི་ཚོགས༔ སངས་རྒྱས་ཆོས་མཆོག་འཕགས་པའི་དགེ་འདུན་ལ༔ སོགས། [3a] དེས་སེམས་བསྐྱེད་དང་ཚོགས་བསགས་བཅས་འདྲ། ༼ བཀའ་བསྒོ། ༽ ཐིང་གསུམ་ཟིལ་འབེབས་སུམ་བརྡུང་ཁོལ་མ་འཇོག་བཅས་ནས་དྲེགས་འཇོམས་ལྟར། ཧཱུྃ་ང ཧཱུ༵ྃ་ང ཧཱུ༵ྃ་ང ང༵་ནི༵་དཔ༵ལ་ཆེ༵ན་རྡོ༵་རྗེ༵་གཞོ༵ན་ན༵་ནུ༵་ཡེ༵་ཆེ༵༔ ཡ༵་གདོ༵ད་ནས༵་མ༵་བཅོས༵་སོགས་འགྲེ། ལ༵་ཝ༵་ཐང་ ཉོ༵ན་ཡ༵་སུམ་བརྡུང་ནས། ཧཱུྃ༔ གསང་བ་བླ་ན་མེད་པའི་སོགས་ལྷུག ༼མཚམས་གཅོད། ༽ ཟིལ་མཇུག་ལེན་གཅིག་དགུ་བརྡུང་འཇོག་ཉིས་བརྩེགས་ནས་དྲེགས་འཇོམས་ལྟར། ཧཱུྃང བད༷ག་ཉི༷ད་དཔལ༷་ཆེན༷་རྡོ༷་ར༷་རྗེ༷་ཡ༷་ [3b] བེ༷་ཡ༷་གཞོ༷ན་ན༷་ནུ༷་འུ༷་ཡི༷༔ ཡ༷་བ༷་ཡེ་བ༷་ཡེ་དགུ་བརྡུང་ནས། སྟེང་ཡོང་རྡོ་རྗེ་ཕུར་པའི་སོགས་ལྷུག ༼བཤགས་པ། ༽ འགོ་རོལ་མེད་པའི་བླ་མ་རིག་འཛིན་རྟ། ཧཱུྃ༔ང བདེ༵་གཤེག༵ས་རྒྱལ༵་ལ༵་བ༵་འ་ཞི༵་ཁྲོ༵་བ༵་བ༵་བ༵་བི༵་ཡ༵་ཡོ༵ངས་འོ༵ས་རྫོ༵གས་འོ༵་ཡ་ལྷ༔ བ་ཆོས༵་འོ་སྐུ༵་ཁྱ༵བ་བ༵་ [4a] བརྡ༵ལ་ལ་ལོངས༵་འ་འ་འ་སྐུ༵་འུ༵་འུ༵་འུ༵་འི༵་ཡ༵་སྤྲི༵ན་ཡ་འོས་ཕུ༵ང་འི༵་ཡ་འཁྲིགས༔ གི༵་བེཐིང་གང་ལེན་ ཡ་སུམ་བརྡུང་། སྤྲུལ་སྐུ་འགྲོ་དོན་ནས་ལྷུག །༼འབྱིན་འབེབས། ༽ སུམ་བརྡུང་ཐིང་གདམ་འཇོག་བཅས་ནས་ཕྱག་བཞི་པའི་སྤྱན་འདྲེན་རྟ། ཧཱུྃང ཧཱུ༵ྃ་ཧཱུ༵ྃ་ཁྱབ༵་བརྡ༵ལ་འོ༵ག་ག་མི༵ན་ནེ་ཧཱུ༵ྃ་ [3b] ང༵་ ཆོ༵ས་ས་དབྱིང༵ས་ང་ཡ༵་ཆེ༵ན་ན༵་འ༵་པོའི༵་ཡ་ཡ་ཡ་ཧཱུ༵ྃ་དེ༵་མཁ༵འ༔ བ་དེས་འགྲེ། སུམ་བརྡུང་ཁོལ་མ། ༼ བྱིན་འབེབས་ཆུང་བ། ༽ ཕྱག་བཞི་པའི་བསྐལ་པ་མེ་ལྟར་རྟ། འགོ་རོལ་མེད། འ་སྐུ༵་ལྔ་ལྷུན༵་གྲུབ་བ་རྡོ༵་རྗེ་ཡ་ཡ་ཕུར༵་པའི་ [5a] ལྷ༵༔ བ་ཡ༵བ་བ་ཡུ༵མ་སྲས༵་ཨུ་འཁོར་མ༵་ལུས་ཡ་ཡ་བཀའ༵་སྡོད་ཐིང་ བཅས༔ བ་སུམ་བརྡུང་འཇོག་མེད་ཀྱིས་ གསང་ཆེན་རོལ་བ་༡༢༣༤༥༦༧༨༩༠ནས་ལྷུག་མཐར་རྒྱུད་གསུམ་རོལ་མོ། ༼ཏིང་འཛིན་རྣམ་གསུམ། བཀའ་བརྒྱད་ཏིང་འཛིན་རྣམ་གསུམ་རྟ། ཧཱུྃ༔ང རྡོ་རྗེ་ཁྲོས་པས་ཞེ་སྡང་མ་ལུས་གཅོད༔ མཚོན་ཆ་སྔོན་པོ་རབ་ཏུ་འབར་བ་ནི༔ དེས་འགྲེ། [5b] ལྷན་ནེར་ བསྒོམ༔ ཨོྃ་མ་ཧཱ་ཤུ་ནྱ་ཏ་སོགས་ལྷུན་འདོན་དལ་བུ། སྟོང་ཉིད་སྙིང་རྗེས་སོགས་དེས་འགྲེ། ༼འབྱུང་བ་རིམ་བརྩེགས། ༽ ཐིང་གསུམ་ཟིལ་འབེབས་ལེན་གཉིས་ནས་ལྔ་བརྡུང་ཐིང་གང་མ་དྲུག་ལ་ཆུང་བརྡེག་གིས་ཨེ་ལས་ནམ་མཁའི་རྟ་ལྡེམ་དབྱངས། ཧཱུྃ་ཨ་ཆོས་ས་སྐུ་འུ་བེ་སྐྱེ་བ་མེད་དེ་པའི་འི་བ་ཨེ་ཡ་ངང་ང་ཉིད་དེ་ཨ་འུ་བེ་ཡ་ཧིང་འ་འ་འ་འུ་འུ་འུ་ [6a] བེ་ཡ་ཡ་ཡ་ལས༔ ཡ་ཡ་ཡ་ཧིང་འ་འ་འ་འུ་འུ་འུ་བེ་ཡ་ཨེ་འོ་ལས་སེ་ནམ་མ་མཁའ་མཐའ་འ་ཡ་ཡ་དབུས་ས་ [6b] ཨེ་བོ་ཡེ་མེད་མེད་ཡ་ཡ་པར་ར་ཨ་འུ་བེ་ཡ་ཧིང་འ་འ་འ་འུ་འུ་འུ་བེ་ཡ་ཡ་ཡ་བརྡལ་ཡ་ཡ་ཡ་ཧིང་འ་འ་འ་འུ་འུ་འུ་བེ་ཐིང་གང་ལེན་ ཡ་སུམ་བརྡུང་གིས་ ཡྃ་ལས་སྟོབས་ལྡན་ནས་ [7a] ལྷུག །༼ལྷ་བསྐྱེད་གཙོ་བོཝ ཐིང་གཅིག་ལེན་གཅིག་ནས་སུམ་བརྡུང་འཇོག་མེད་ཀྱིས་དབུས་ཕྱོགས་མི་འགྱུར་རྟ་ལྡེམ་དབྱངས། འ་རང་བྱུང་ཕོ་བྲང་ཨེ་ཡི་ཡ་ཡ་ཡི་ཡ་བེ་ཡ་ཝ་ཝ་ཝ་ཡ་ཡ་གཞལ་ཡའ་དབུས་ས་བེ་ཡ་དེས་འགྲེ། སུམ་བརྡུང་གིས་ བདུད་བཞི་རྒྱལ་བསེན་ནས་ལྷུག །༼ལྷ་བསྐྱེད་འཁོར། ༽ འགོ་རོལ་མེད་པའི་དྲག་དམར་བྱིན་འབེབས་རྟ། ཧཱུྃང་ཐབ༵ས་བ་ཤེ༵ས་ཡ་ཡ་བདེ༵་ སྟོང༵་སྙོམ༵ས་མ་ཡ་ཡ་ཞུག༵ས་ག༵་འ་འ་བྱང༵་ང༵་ འ་འ་ཆུབ་བ༵་འ་སེ༵མས་བེ་ཡ༵་ཐིང་བེ༷་ཡ༷་ཡ་དེས་འགྲེ། སུམ་བརྡུང་འཇོག་མེད་ཀྱིས་ སྟེང་འོག་ཕྱོགས་མཚམས་ནས་ལྷུག ༼སྤྱན་འདྲེན། ༽ ཐིང་གསུམ་ཟིལ་འབེབས་ལེན་གཉིས་ནས་ཉིས་བརྡུང་མཚམས་ཅན་འཇོག་མེད་ཀྱིས་གཤིན་རྗེ་ལྟར། ཧཱུྃ་ང་ཆོས་ས་དབྱིངས་བརྡལ་ལ་བ་འུ་བེ་ཡི་འུ་ [8a] བེ་ཡ་ཆེན་ན་ཡ་པོའི་ཀློང་ང་དཀྱིལ་ལ་ཡ་ཡ་ནས༔ ཡ་ཡ་ཡི་འོ་བེ་རང་ད་ཡ་ཡ་བྱུང་དོ་ལྷུན་ན་གྱིས་འུ་འུ་དེས་འགྲེ། སུམ་བརྡུང་འཇོག་མེད་ནས་དབྱངས་ཅུང་བ། འཁྲུལ༷་ལ༷་སྣང༷་ང་ལ༷མ་གྱི༷་རུ༷་དྲ༷་ཡོ༷ངས་གྲོལ༷་དཔལ༷་ལ་ [8b] རྡོ༷་ར་རྗེ་སོགས་འགྲེ། སུམ་བརྡུང་ནས་ ཆོས་ཉིད་སྒྱུ་མར་སོགས་ལྷུག ༼བཞུགས་གསོལ་༽ གོང་གི་སྤྱན་འདྲེན་མཇུག་རོལ་ཟིལ་འབེབས་ནས་དགུ་བརྡུང་འཇོག་ཉིས་བརྩེགས་ཀྱིས་ཞལ་བཞི་པའི་བཞུགས་གསོལ་རྟ། ཧཱུྃ་ང་དཔ༷ལ་ཆེན༷་རྡོ༷་རྗེ༷་གཞོ༷ན་ནུ༷་སྲ༷ས་འཁོ༷ར་བཅ༷ས༔ འ༷ས་འགྱེ༷ད་པར༷་དགོང༷ས་ཤི༷ང་བརྟན༷་པར༷་བཞུག༷ས་སུ༷་གསོལ་ལ་དགུ་བརྡུང་འཇོག་ཡོད་ཀྱིས་ཕྱག་འཚལ་ཡང་དེས་འགྲེ། ༼མཆོད་པ། ༽ དགུ་བརྡུང་འཇུག་སུམ་བརྡུང་འཇོག་ཡོད་ཀྱིས་སྔགས་སྲུང་མཆོད་དབྱངས། ཧཱུྃ༔ ང དཔ༷ལ་ཆེན༷་རྡོ༷་རྗེ༷་གཞོན་ [9a] ནུའི་དཀྱི༷ལ་འཁོར་དུ༷༔ གཉིས༷་མེད་སྣ་ཚོགས་ག༷ར་མཁན་རྣམ༷་འགྱུ༷ར་གྱི༷ས༔ ཉེ༷ར་སྤྱོད་འདོ༷ད་ཡོན་མཆོ༷ད་སྤྱིན་སོགས་ནས། སྩལ༵་ཐིང་ དུ་གསོལ༔ སུམ་བརྡུང་ནས་ཟིལ་འབེབས་བཞག་རོལ། འདིར་ཞི་མཆོད་རྣམས་སྤྱི་གདངས། ༼དྲག་མཆོད། ༽ ཐིང་གསུམ་ཟིལ་འབེབས་སུམ་བརྡུང་འཇོག་མེད་ཀྱིས་ལེགས་ལྡན་མཆོད་དབྱངས། ཧཱུྃ༔ང དམ༷རར ཆེན༷་ལ༷་ཁྲ༷ག་ག༷གི༷་ཡ་བེ༷་ཡ་ [9b] བེ༷་ཡ༷་ཧིང་ཡ་ཡོན༷་ན༷་ཆབ༷་བ༷་འཁྱིལ༷་བ༷་འདི༔ ཡ༷་ཡ་ཐིང་ལེན་ ཧཱུ༷ྃ་ང༷་ཧཱུ༷ྃ་ང་དེས་འགྲེ། སུམ་བརྡུང་གིས་བདུད་འདུལ་ནས་ལྷུག །༼སྨན་མཆོད། ༽ སུམ་བརྡུང་འཇོག་མེད་ཀྱིས་དྲག་དམར་མཆོད་དབྱངས། ཧཱུྃ་ཧྲཱིཿ ར༷ང་བྱུང༷་གདོ༷ད་ན༷ས་རྣམ༷་པར༷་དག༷་ཡ༷་བེ༷་ཡ༷་ཡ་རྩ༷་བརྒྱ༷ད་སྟོང༷་ལ༷་དེ་སྦྱར༷་བའི༷་སྨན༷ཿ ཡ༷་བ་ཡ་བ་བ་ཚིག་གཉིས་མཚམས་སུམ་བརྡུང་འཇོག་མེད། ཆཾ། སྨན་ཆེན་པོ་ནས་ [10a] སུམ་བརྡུང་འཇོག་ཡོད་ཀྱིས་ དཔའ་བོའི་རོ་ནས་ལྷུག ། ཁ་རཾ་ཁའ་ཧིཿ ཞེས་རོལ་ཚག་གིས་བཞག སྨན་མཆོད་རྟ་བཀའ་བརྒྱད་བཞིན་ལྡེམ་དབྱངས། འ་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ་སོགས་འགྲེ། ཨོཾ་སར་བ་པཉྩ་ཨ་མྲྀ་ཏ་པ་རཾ་ཁཱ་ཧིལྷུ་གསུམ་རྗེས་རྔ་ཆིངས། ༼སྨན་གྱི་དངོས་གྲུབ་བླང་བ། ༽ སུམ་བརྡུང་འཇོག་ཡོད་ [10b] ནས་རྣམ་སྲས་མཆོད་དབྱངས། ཨོཾ་ཨཱ༔ཧཱུྃ་བླ༷་མ༷་རིག༷་འཛི༷ན་སྙོམ༷ས་འཇུ༷ག་ཟག༷་བྲལ༷་རྒྱུན༷༔ ན༷་མུ༷་ཏིག༷་དཀ༷ར་པོ༷་ཐིག༷་ལེ༷་དྲི༷་མ༷་མེད༔ ད་མཚམས་རོལ་སུམ་བརྡུང་གིས་ལྷུ་གསུམ་རྗེས་སུམ་བརྡུང་འཇོག་བཅས་ བདུད་རྩིའི་ངང་ནི་ནས་ལྷུག །༼གཏོར་མའི་མཆོད་པ། ༽ སུམ་བརྡུང་འཇོག་མེད་ཀྱིས་ཕྱག་བཞི་པའི་མཚན་དང་ལྡན་པའི་རྟ། ཧཱུྃ༔ ང་སྣང༷་ང་བ༷་ལ་ཁྱབ༷་བ༷་བརྡ༷ལ་ལ༷་ཧཱུ༷ྃ་ང༷་གཞོང༷་ང་ [11a] པ༷་ཡ་ཡ་ཡ་རུ༷༔ བ༷་ཐིང་ཧཱུ༷ྃ་ང་ཧཱུ༷ྃ་ང་སྲིད༷་ད་པ༷་ལ༷་བཅུད༷་སོགས་འགྲེ། སུམ་བརྡུང་འཇོག་མེད་ཀྱིས་ དམ་རྫས་དཔལ་ནས་ལྷུག ༼རཀྟའི་མཆོད་པ། འགོ་རོལ་མེད་པའི་ལྷ་མོའི་མཆོད་དབྱངས། ཛ་དམ༷་ཚིག༷་ཆེན༷་པོའི༷་ཐུག༷ས་དམ༷་དུས༷་ལ༷་བབ༷༔ བ༷་དེས་འགྲེ། དྲག༷་པོ༷་ མཐུ༷་ཡི༷་དངོ༷ས་གྲུ༷བ་སྩ༷ལ་དུ༷་གསོལ་ལ་དགུ་བརྡུང་། ༼དུག་གསུམ་མཆོད་པ། ༽ དགུ་བརྡུང་ནས་ཕྱག་བཞི་པའི་ཕྱག་འཚལ་རྟ། [11b] ཧཱུྃ༔ ང་རྡོ༷་རྗེ་ཁྲོ་རྒྱན་ཆེན་པོའི་མཐུ་སྟོབས་ཀྱིས༷༔ དེས་འགྲེ། ཕྲི༷ན་ལས་རྣམ་བཞི་མ་ལུས་མྱུར་འགྲུབ་མཛོད༔ ད་དགུ་བརྡུང་ནས་སུམ་བརྡུང་། ༼སྦྱོར་སྒྲོལ་མཆོད་པ། ༽ སུམ་བརྡུང་ནས་གཤིན་རྗེའི་བར་གདངས། ཧཱུྃ༔ ང་ཁྲོ༷་རྒྱལ་རྡོ༷་རྗེ་གཏུ༷ན་བུ་ཡིས༷༔ དེས་འགྲེ། ལྷ་ཡང་རུང་སྟེ་རྡུལ་དུ་རློག༔ སུམ་བརྡུང་ནས་ཟིལ་འབེབས། ༼བསྟོད་པ། ༽ ཟིལ་མཐུག་སུམ་ [12a] བརྡུང་དལ་བ་འཇོག་མེད་ཀྱིས་བཀའ་བརྒྱད་བསྟོད་པའི་ལྡེམ་དབྱངས། ཧཱུྃ༔ ང་གྲུ་གསུམ་མཐིང་ནག་འབར་ར་བའི་བ་དཀྱིལ་ལ་ཡ་འུ་འཁོར་དུ༔ བེ་ཡ་བདུད་ད་འདུལ་ལ་འཇིགས་ག་བེ་བྱེད་ཁྲོ་བ་ཧིང་འ་རྒྱལ་ལ་བེ་ཧེ་བ་ཡ་ཡ་རུ་བ་ [12b] བེ་ཀ་བ་སུམ་བརྡུང་འཇོག་ཡོད་ཀྱིས་ སྐུ་མདོག་མཐིང་ནག་ནས་ལྷུག ༼བསྟོད་བསྐུལ། ༽ འགོ་རོལ་མེད་པའི་མངའ་གསོལ་རྟ། ཧོ་ཡ་དུས༵་གསུམ་རྒྱལ༵་བ་མ༵་ལུས་འདུས༵་པའི་དཔལ༵༔ རྡོ༵་རྗེ་གཞོ༵ན་ནུ་ཡབ༵་ཡུམ་སྲས༵་འཁོར་ ཐིང་ བཅས༔ དེས་འགྲེ། མ༵ཆེད་ལྕམ་ཐིང་ ལ་གསུམ་བརྡུང་མཚམས་ཅན་ མ་འགྱང་མྱུར་དུ་ནས་ལྷུག །༼ཛཔྲ་བསྐུལ། ༽ བཀའ་བརྒྱད་ཛཔྲ་བསྐུལ་རྟ་དང་འདྲ། འ་བཞེངས་ཤིག་བཞེངས་ [13a] ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཡེ་བསྐུལ་ལོ་བསྐུལ་ལོ་མི་མངོན་དབྱིངས་ནས་བསྐུལ༔ སྐུ་ཡི་སྦྲུལ་པས་ནམ་མཁའི་ཁམས་གང་ཞིང་༔ གསུང་གི་ང་རོ་འབྲུག་སྟོང་སྒྲ་བཞིན་སྒྲོགས༔ ཐུགས་ཀྱི་སྤྲུལ་པས་འཁོར་བ་དབྱིངས་སུ་བཤིག༔ ཡོན་ཏན་ [13b] སྤྲུལ་པས་བདག་སྣང་ཆོས་སྐུར་སྒྲོལ༔ ཕྲིན་ལས་སོགས་འགྲེ། ༼ཛཔྲ་དབྱངས། ༽ འ་ཨོཾ་མོ་བད་ཛྲ་ཀཱི་ལི་ཀཱི་ལ་ཡ་སར་བ་ཧིང་འ་འ་བི་བྷ། ནན་བཾ་མ་ཧཱུྃ་ཕཊ༔ ཛཿཧཱུྃ་ཨཱ༔ ༼ཚོགས་བྱིན་བརླབས། ༽ ཐིང་གསུམ་ཟིལ་འབེབས་སུམ་བརྡུང་འཇོག་མེད་ཀྱིས་བཀའ་བརྒྱད་ལྟར། ཧཱུྃ་ང་ [14a] རང༷་ཉིད༷་ལྷ༷་ཡི༷་ཐུག༷ས་ཀ༷་ནས༷༔ འས༷་ཚོག༷ས་འཁོ༷ར་སྦྱོང༷་ཕྱིར༷་ཡི༷་གེ༷་འཕྲོས༷༔ འེ༷ས་སོགས་འགྲེ། སུམ་བརྡུང་འཇོག་ཡོད་ཀྱིས་ རྣམ་རྟོག་མཚན་མའི་ནས་ལྷུག ༼ ཚོགས་སྤྱན་འདྲེན། ༽ འགོ་རོལ་མེད་པའི་བཀའ་བརྒྱད་ཚོགས་ཞིང་སྤྱན་འདྲེན་ལྡེམ་དབྱངས། ཧཱུྃ་ང་རྩ་བརྒྱུད་བླ་མ་རིག་ག་ཡ་ཡ་འཛིན་ན་ཨ་བ་ཡེ་ཡ་ཡ་ [14b] རྒྱ་མཚོ་བ་དང་༔ ང་བེ་ཡ་བའི་ཡ་སོགས་དེས་འགྲེ། བེ་ཐིང་ལེན་ཡ་སྲུམ་བརྡུང་ ཞལ་ཟས་ནས་ལྷུག ༼ཞལ་སྟོབ། ༽ རོལ་ཟིལ་འབེབས་མཇུག་ཐོག་མཐའ་མིན་པའི་བཞི་བརྡུང་ཉིས་བརྩེགས་འཇོག་བཅས་བཀའ་བརྒྱད་སྟོབ་དབྱངས་རྟ། ཧཱུྃ་ང་བསྐལ་པའི་མེ་ཡ་ཐིང་ལན་ ལྟར་འབར་ར་ཐིང་ བའི་ཐིང་ ཀློང་ངོ༵་དཀྱིལ༵་ལ༵་ ནས༵༔ བའི་འེ་ཡ༵་བའི༵་ཡ༵་འ་ [15a] ཡ་དཔ༵ལ་ལེ་ཆེ༵ན་ཡ་ཡ་རྡོ༵་རྗེ༵་ཐིང་ གཞོན་ན་ཐིང་ ནུ་ཐིང་ ཡབ་བ༵་ཡུ༵མ་ད༵ང་༔ བའི་འེ་ཡ༵་བའི་བའི་རོལ་སྔར་འདྲ། སྲས་དང་སྤྲུལ་པ་ནས་ལྷུག །༼ལྷག་མ༽ ཐིང་གསུམ་ཟིལ་འབེབས་ལེན་གཅིག་ནས་ཉིས་བརྡུང་འཇོག་མེད་ཀྱིས་བཀའ་བརྒྱད་བཞིན། ཧཱུྃ༔ ང་དང༷་པོ༷་ཕུད༷་ཀྱི༷ས་མི༷་མཆོ༷ད་རྒྱུ༷༔ ཡ༷་བེ༷་ཡ༷་ [15b] རྡོ༷་རྗེ༷་གཞོན༷་འུ་ནུ༷་དེ་ཕུད༷་ཀྱི༷་ཡ༷་བེ༷་ཡ༷་བདག༔ ག་ཉིས་བརྡུང་ལྷུ་གསུམ་ནས་ ལྷག་མ་པ་ཆུ་སོགས་ལྷུག ༼ལྷག་མ༽ ཐིང་གཅིག་ཟིལ་འབེབས་སུམ་བརྡུང་འཇོག་མེད་ནས་དྲེགས་འཇོམས་བཞིན། ཧཱུྃ་བྷྱོ༔ དཔལ༷་གྱི༷་ཡ༷་བཀ༷འ་ཉན༷་ལྷག༷་སྐྱོ༷ང་ཚོ༷གས༔ ཡ༷་དུར༷་ཁྲོ༵ད་ཡ༷་འགྲེམ༷ས་ཤིང༷་ཚོག༷ས་ཁ༷ང་ཉུལ༷༔ ཡ༷་དེས་འགྲེ། དྲག༷་པོ༷་ [16a] ཡ༷་མཐུ༷་ཡི་དངོས་རྩེ་ཕྲན་ཐིང་ གྲུབ་སྩོལ༔ ལ་སུམ་ཕྱེད་ཟིལ་འབེབས། ༼ཆད་མདོ། ༽ རོལ་ཉིས་བརྡུང་འཇོག་མེད་ཀྱིས་བཀའ་བརྒྱད་བཞིན། ཧཱུྃ༔ ང་སྔོ༷ན་ཚེ༷་འདས༷་དུས༷་བསྐལ༷་པ༷འི་དང༷་པོ༷་ལ༷༔ འ༷་འོ༷ག་མི༷ན་ཆོས༷་ཀྱི༷་དབྱི༷ངས་ཀྱི༷་ཕོ༷་བྲ༷ང་དུ༷་འུཾ་སོགས་འགྲེ། བཅོལ༷་བ༷འི་ཕྲི༷ན་ལས༷་མྱུར༷་དུ༷་སྒྲུབ༷་པར་མཛོད༔ ད་ཉིས་བརྡུང་ དེ་འོག་བར་ [16b] གྱི་དུས་ཚིགས་ནས་ལྷུག ༼བརྟན་མ། ༽ ཐིང་ལེན་གཅིག་དགུ་བརྡུང་འཇོག་མེད་ཀྱིས་བཀའ་བརྒྱད་བཞིན། ཧཱུྃ་བྷྱོ༔ སྔོ༵ན་ཚེ་ཨོ་རྒྱན་ཆེན་པོའི་སྤྱན་སྔ་རུ༵་སང༵ས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང༵་༔ ལ༵་རོ་སྨན་དང་ཀླུ་མོ་གཟི་ཐིང་ འབར་མ༔ ཐིང་དགུ་བརྡུང་གིས་ཁྱེད་ རྣམས་སྔོན་གྱི་ནས་ལྷུག །༼ བྲོ་བརྡུང་། ༽ སུམ་བརྡུང་འཇོག་མེད་ཀྱིས་དྲེགས་འཇོམས་ལྟར། ཧཱུྃ་ང་སྟོང༷་ [17a] གསུ༷མ་སྟོང༷་གི༷་གཏོ༷ར་གཞོང༷་གྲུ༷་གསུ༷མ་དུ༷༔ འུ༷་དགྲ༷་བགེ༷གས་དམ༷་སྲི༷་འགོ༷ང་པོ༷་ཆུང༷་སྲི༷་བྲུབ༷༔ འུ༷་སོགས་འགྲེ། དགུ་ཡི་རྒྱ༔ ཚིག་མཇུག་སུམ་བརྡུང་ཟིལ་འབེབས་ནས་བཞག་རོལ། ༼སྨད་ལས་ལ། ༽ ཐོག་མར་རིག་འཛིན་བསྐུལ་བ། རོལ་ཐིང་གསུམ་ཟིལ་འབེབས་བདུན་བརྡུང་འཇོག་མེད་ཀྱིས་བྲག་དམར་ཆད་མདོའི་རྟ། ཧཱུྃ༔ ང་བྱང༷་ཆུབ༷་མཆོ༷ག་ཏུ༷་སེམ༷ས་བསྐྱེད༷་ཅི༷ང་༔ དུས༷་གསུ༷མ་རྒྱལ༷་བའི༷་གདུང༷་ [17b] འཚོབ༷་པའི༷༔ སོགས་འགྲེ། ཕུར༷་བུ༷་སྒྲུབ༷་པའི༷་གྲོགས་མཛོད་ཅིག ལྷུ་མཚམས་བདུན་བརྡུང་བཅས་ལྷུ་གསུམ་རྗེས་བདུན་བརྡུང་ནས་དྲག་བརྡུང་གིས་ བལ་པོ་ཤཱི་ལ་ནས་འདུར་གདངས། ༼ གཞུང་གྱི་བསྐུལ་བ། ༽ དྲག་བརྡུང་མཇུག་ཟིལ་འབེབས་ལེན་གཅིག་དགུ་བརྡུང་འཇོག་མེད་ཀྱིས་དྲེགས་འཇོམས་བསྐུལ་གདངས། ཧཱུྃ་ང་དུར་རྩེ་ཕྲན་ ཁྲོད་མེ༷་རི༷་འབར༷་བའི༷་གནས༷་མཆོག༷་ནས༷༔ གྲུ༷་གསུམ༷་མཐི༷ང་ནག༷་འབར༷་བའི་ཀློང་དཀྱིལ་ན༔ བདུད་ [18a] དང༷་རུ༷་དྲ༷་བརྫིས་པའི་གད༷ན་སྟེ༷ང་དུ༷༔ ཁྱབ༷་བདག༷་སྤྱི༷་དཔལ༷་རྡོ༷་རྗེ༷་སྲིན་པོའི་སྐུ༔ དགུ་བརྡུང་ནས་དྲག་བརྡུང་གིས་ མེ་ལོང་ཡེ་ཤེས་ནས་འདུར་གདངས། ༼ཕུར་སྲུང་བསྐུལ་བ། ༽ དྲག་བརྡུང་ཟིལ་འབེབས་ནས་སུམ་བརྡུང་འཇོག་མེད་ཀྱིས་ལྷ་ཆེན་བསྐུལ་གདངས། ཧཱུྃ་ཛ༔ དཔལ༷་ཆེ༷ན་རྡོ༷་རྗེ༷་གཞོ༷ན་ནུ༷་ཡི༷༔ འི༷་བཀ༷འ་ཡི༷་སྲུ༷ང་མ༷ར་དམ༷་མ༷་བཅ༷ས་ས༷་ཤིང་༔ རྩེ་ཕྲན་ བེར་སྦྲམ་ནས་སུམ་བརྡུང་དྲག་ [18b] བརངུ་གིས་ ཤྭ་ན་མུ་ཁ་ནས་འདུར་གདངས། མཇུལ་རོལ་དྲག་བརྡུང་མཐར་ཟིལ་ནས་གསེར་སྐྱེམས་སྤྱི་འགྲེ། ༼གསེར་སྐྱེམས། ༽ ཧཱུྃ་ང་རི༵ག་འཛིན་རྩ༵་བརྒྱུད་བླ༵་མ་དམ༵་པ་དང༵་༔ བདེ༵་གཤེགས་ཞི༵་ཁྲོ་ར༵བ་འབྱམས་དཀྱི༵ལ་འཁརོ་ལྷ༵༔ དེས་འགྲེ། མཐུ་ཐིང་ དཔུང་བསྐྱེད༔ ཐིང་ སུམ་བརྡུང་ཐིང་གང་ཟིལ་འབེབས། ༼གཟུ་དཔང་། ༽ རོལ་སུམ་བརྡུང་མཚམས་ཅན་ཉིས་བརྩེགས་ནས་ལྔ་བརྡུང་གཅིག་མཐར་ལེན་ཐང་ཚེ་གཉིས་ཟད་ནས་སྦིར་སྦྲམ་ནས་དགུ་བརྡུང་ཡང་ལེན་ཐང་གཉིས་ཟད་ནས་སྦིར་སྦྲམ་དགུ་བརྡུང་གོང་བཞིན་ནས་འཇག་ཉིས་བརྩེགས་ཀྱིས་དྲེགས་འཇོམས་བཞིན། [19a] ཧཱུྃ་ང་རྩ༵་བརྒྱུད༵་བླ༵་མ༵་གཟུ༵་ད༵ང་དཔ༵ང་དུ༵་དགོང༵ས༔ ཡི༵་འི་དམ༵་ལྷ༵་ཡ་ཡ་ཡ་ཡ་ཡ་ཡ་ཚོ༵གས་གཟུ༵་ད༵ང་ད༵པང་དུ༵་དགོང༵ས༔ ཐིང་ལེན་ དེས་འགྲེ། མ་བརྒྱུད་མཁའ་འགྲོ་དང་བསྟན་སྲུང་རྒྱ་མཚོ་དེས་འགྲེ་མཐར་དགུ་བརྡུང་མྱུར་བ་འཇོག་གཉིས་བཅས་བྱིན་འབེབས་ཆུང་བའི་དབྱངས་ལེན། འ་དམ༷་ཉམ༷ས་ལས༷་ངན༷་བསྟན༷་བཤི༷ག་ལ༷ག་ [19b] དམ༷ར་འདིས༔ དེས་འགྲེ་དགུ་བརྡུང་གིས་ ཟོལ་མེད་རྩེ་གཅིག་ནས་ལྷུག །༼སྒོ་མ་བཞི། ༽ འགུགས་པའི་རྗེས་སུ་མཚམས་སྒྲ་ཆེ་བ་ནས་ལྔ་བརྡུང་ཛར་ཐང་འཇོག་བཅས་དང་སུམ་བརྡུང་ཛར་ཐང་འཇོག་ཉིས་བརྩེགས་དལ་བ་ནས་ཁྲོ་རོལ་སྒོ་མ་བཞིའི་རྟ། ཛཿ བ་ཡེ་དཔ༷ལ་ལེ་གྱི༷་ཡེ་བཀ༷འ་བ་སྡོ༷ད་ད༷་གཏུམ༷་མ་འོ་འོས་རྔམ༷ས་མ་འོ༷་ཡེ་འཇི༷གས་ག་བ༷འེ་ཡ༷་པའི༷་པའི་འོ༷་ཡ༷་ [20a] ཧ་ཡ་གཟུ༷གས༔ ག༷་འེ༷་ཡ༷་ཡ་འགུ༷གས་ག་བྱེ༷ད་དེ་ཆེ༷ན་ནེ་མོ༷་ཡེ་ལྕག༷ས་ག་འོ༷་འོས་ཀྱུ༷་འུ་འེ༷་ཡི་དཀ༷ར་ར་བ༷འེ་ཡ་ཡ་མོའི༷་ཡེ༷་འེ༷་ཡ༷་ཧ་ཡ་ཚོག༷ས་ག༷་འེ༷་ཡ་ཡ་ [20b] དེས་འགྲེ། ཁུ༷ག་ག་ཅིག༷རྩེ་ཕྲན་ གེ་ཐིང་ བད་ད་ཛྲ་ར་ཨ༷ང་འོ༷་འོས་ཀྱུ༷་བེ་འེ༷་ཡེ་ཤ༷་བ༷་བ༷འེ་ཡ༷་ཡ་ཡ༷་བ༷་འོ༷་ཡ༷་ཧ་ཡ་ཛ༷ཿབ༷་བེ༷་ཡ༷་ཡ༷་ཐིང་ལེན་རོལ་གོང་འདྲ་ དཔལ་གྱི་བཀའ་སྡོད་ནས་ལྷུག །༼བཀའ་བརྒྱད། ༽ [21a] འགོ་རོལ་མེད་པའི་ལྷ་ཆེན་བསྐུལ་གདངས། ཧཱུྃ་ཛ་དམ༷་ཚི༷ག་ཆེ༷ན་པོའི༷་དུས༷་ལ༷་བབ༷༔ བ༷་སྤྲུལ༷་པ༷་ཆེན༷་པོའི༷་དུས༷་འུ༷་ལ༷་བབ༷་རྩེ་ཕྲན་ དེས་འགྲེ། སྦིར་སྦྨར་སུམ་བརྡུང་ནས་ ཁྱེད་ཀྱི་ཐུགས་དམ་སོགས་ལྷུག །༼ ཕུར་བསྐུལ། ༽ བཀའ་བརྒྱད་ཕུར་བསྐུལ་རྟ། ཧཱུྃ་ང་ཆོས༷་དབྱིང༷ས་སྐྱེ༷་བ༷་མེ༷ད་པའི༷་དང༷་ཉི༷ད་ལ༷ས༔ ས༷་སྐྱེ༷་བའི༷་ཆོ༷་འཕྲུལ༷་འབར༷་བའི༷་སྐུར༷་སྟོན༷་པ༔ བ་ [21b] གཞོམ་བྲལ་ཐོགས་མེད་དང་དབྱིངས་ལས་སྐུབཞེངས་གཉིས་དེས་འགྲེས་མཐཏར་རོལ་ལྔ་བརྡུང་། ༼ཕུར་གདག༽ དབྱངས་ཆུང་བ་ཁྲོ་རོལ་བཞིན། ཧཱུྃ་ང་ང༷་ནི༷་རྡོ༷་རྗེ༷་གཞོ༷ན་ན༷་ནུཡ༷་འུ༷་ཆེ༷༔ ཡ༷་བ༷་ཡེ་བ༷་ཡེ་ང༷་ནི༷་བད༷་ཛྲ༷སོགས་ནས་ སྐུ་གསུམ་ལྷུན་གྲུབ་ཆེན་པོར་སང༷ས་ཡ་བ་ཡེ་བ་ཡེ་དགུ་བརྡུང་། ༼ ཞལ་བསྟབ། ༽ སྟོབ་དབྱངས་རོལ་སུམ་བརྡུང་འཇོག་མེད་ཀྱིས་དྲེགས་འཇོམས་ལྟར། ཧཱུྃ་ང་ཕྱེ༷ས་ཤིག༷་ཁྲོ༷་རྒྱལ༷་ཞལ༷་ཕྱེ༷་ཤིག༷་འི༷་གན༷མ་ས༷་ཙམ༷་ [22a] གྱི༷་ཞལ༷་གདང༷ས་ཤིགཿ འི༷་སོགས་ནས་ འགྲོ་འདུལ་རྒྱལ་པོ་སངས་རྒྱས་ཐོབ་པར་ཤོག༔ ག་སུམ་བརྡུང་འཇོག་ཡོད། ༼རྩང་ཟློག༽ སུམ་བརྡུང་འཇོག་མེད་ནས་དྲག་དམར་ཟོར་བསྐུལ་རྟ། ཧཱུྃ་ང་དྲག༷་པོ༷་གནམ༷་མ་ལྕག༷ས་འེ༷་བ༷་འཁོ༷ར་རོ༷་ལོ༷་ལ་འི༷་ཡ༷་སྟེ༷ང་ཝོ༷་ཝ༷་སོགས་ནས། བརླག༷་ག༷་པ༷ར་ཡ༷་འོ༷ས་ཡ༷་བྱེ༷ད༔ འོས་ཝ་རྩེ་ཕྲན་ སུམ་བརྡུང་འཇོག་ཡོད་ཀྱིས་ སྔོན་གྱི་བསྐལ་པ་ནས་ལྷུག ། [22b] ༼ཁྱུང་ཟློག། ༽ འགོ་རོལ་མེད་པའི་ཁྲོ་རོལ་དབུས་ཀྱི་དཔལ་ཆེན་རྟ། ཧཱུྃ་བ་དྲག༷་པོ༷་དམ༷ར་ཆེན༷་མ༷འི་སྟེ༷ང་༔ ཁྲོ༷་རྒྱལ༷་ཁམས༷་གསུམ༷་རོ༷ལ་པ༷་ཆེ༷༔ སྐུ༷་ལ༷་རྡོ༷་རྗེ༷འི་གོ༷་ཁྲ༷བ་གསོལ༷༔ ཚེམ༷ས་ཕྲེ༷ང་གང༷ས་རི༷་དཀར༷་པོ༷་འདྲ༷༔ ཁྲོ་གཉེར་རྒྱ་མཚོའི་དང་སྤྱན་གསུམ་ཉི་མ་བར་འདྲ། དགུ་བརྡུང་གིས་ དབུ་སྐྲ་དུས་མཐའི་ནས་ལྷུག །༼སྒོ་དབྱེ། ༽ ཐིང་གསུམ་ཟིལ་འབེབས་ཐོག་མཐར་བར་བརྡུང་གསུམ་ནས་དགུ་བརྡུང་གིས་དྲེགས་འཇོམས་ [23a] སྒོ་དབྱེ་རྟ། ཧཱུྃ་ང་བདག་ནི་མ་ཉེས་མ་ཡོ་འི་ཡ་འོ༔ ཡ་གཟུ་དང་དབང་དུ་དཀོན་མཆོག་བེ་ཡ་བཞུགས༔ ག་རོལ་གོང་འདྲ་ ཕྱོགས་བཞི་མཚམས་བརྒྱད་ནས་ལྷུག །༼དྲག་སྔགས་སོ་ལྔ་པ། ༽ འགོ་རོལ་མེད་པའི་དྲག་སྔགས་དབྱངས་བཀའ་བརྒྱད་བཞིན། འ་ཨོཾ་མོ་བད་ཛྲ་མ་ཧཱ་ཀྲོ་དྷ་པད་མ་ཀྲོ་དྷི་ [23b] ཤྭ་རི་བད་ཛྲ་ཀའི་ལི་ཀཱི་ལ་ཡི་མ་ཧཱ་ཡཀ་ཤ་ཀ་ལ་རཱུ་པ་ཀར་མ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ་དགྲ་བགེགས་གནོད་བྱེད་འབྱུང་པོ་ཐམས་ཅད་མཱ་འ་ར་ཡ་ཧཱུྃ་ཕཊ་ཊ་ཟིལ་འབེབས། [24a] ༼ ཀུན་ཐུབ་རྒྱལ་མོ། ༽ ཕོ་ཉ་ཀུན་ཐུབ་རྒྱལ་མོའི་བསྐུལ་གདངས་རོལ་མོ་སུམ་བརྡུང་ཁོལ་མ་འཇོག་ཉིས་བརྩེགས། འ་ཤར༵་ཕྱོགས་དཀ༵ར་མོ༵་ད༵ང་གི་ལ༵་གཞ༵ལ་གཞ༵ལ་ཡ༵ས་ཡ༵ས་ན༵༔ འ་བའེ༵་བའེ༵་ཡ༷་ཡ་ཁྲ༷ག་ག་འ་འ་འ་མདོ༵ག་དམ༵ར་ར་ཧིང་ར་འུ་མོ༵་བ༵སྭེ་ཡ་ཡི་ཡ༷་ [24b] ལ༵ན་ན༷་ཕྲན༵་ན༵་ཐིང་ལེན་ ཅུན༔ ན་རོལ་གོང་འདྲ། རྗེས་དྲག་བརྡུང་གིས་ བུ་ཡུག་ཐིག་འབེབས་ལ་ཚིག་བརྡུང་། ༼བསྐང་བ། ༽ རོལ་ཐིང་གསུམ་ཟིལ་འབེབས་ལེན་གཅིག་བདུན་བརྡུང་ནས་དྲེགས་འཇོམས་བསྐང་བའི་རྟ། ཧཱུྃ་ང་སྣང༷་སྲི༷ད་སྒྱུ༷་མ༷ར་བཀྲ༷་བའི༷་མི༷ག་འཕྲུལ༷་ཅ༷ན༔ ངོ༷་བོ༷་སྐྱེ༷་བ༷་མེ༷ད་པ༷འི་ངང༷་དུ་འདུས༔ བདུན་བརྡུང་འཇོག་གཉིས་ནས་ སྣང་སྟོང་སྦྱོར་བའི་སོགས་ལྷུག །ཐིང་གསུམ་ཟིལ་འབེབས་སུམ་བརྡུང་འཇོག་ [25a] མེད། ཧཱུྃ་ང་ཁྲ༷ག་འཐུ༷ང་དཔ༷ལ་ཆེ༷ན་ཀཱི་ལ༷་ཡ༷་འི༷༔ བེ༷་ཡ༷་བསྟ༷ན་པ༷་བསྲུང་བའི༷་དམ༷་མ༷་ཚི༷ག་གེ༷་ཅན་ན་སུམ་བརྡུང་གདངས་སྦྲེལ་ཚེ་འཇོག་མེད་དང་གདངས་མེད་ན་འཇོག་བཅས། དགེའོ། །