TTDL-ZABTER-08-NYA-022: Difference between revisions
m (Text replacement - "བདུད་འཇོམས་གླིང་པ་ཟབ་གཏེར" to "བདུད་འཇོམས་གླིང་པའི་ཟབ་གཏེར") |
No edit summary |
||
| Line 37: | Line 37: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་འབོད་པ་མྱུར་མགྱོགས་གློག་ཞགས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ({{TibChung|བརྡ་ཡིག་}}) ཚིག་དོན་ཡིད་ལ་བརྣག་བཞིན་དུ༔ འབོད་པ་འདི་ལ་དུས་དྲུག་འབད༔ | {{TibP|ཐྂ༎༔ {{TibChung|ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་འབོད་པ་མྱུར་མགྱོགས་གློག་ཞགས་བཞུགས་སོ༔}} ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ({{TibChung|བརྡ་ཡིག་}}) {{TibChung|ཚིག་དོན་ཡིད་ལ་བརྣག་བཞིན་དུ༔ འབོད་པ་འདི་ལ་དུས་དྲུག་འབད༔}} ཧྲཱི་ཛཿ སྟེང་ཕྱོགས་བདེ་ལྡན་ལྷ་ཡི་ཡུལ༔ གཞན་འཕྲུལ་དབང་བྱེད་གནས་མཆོག་ནས༔ དབང་ཕྱུག་ཆེན་པོ་གཤེགས་སུ་གསོལ༔ དགྲ་བོའི་བླ་ཁུག་ལིང་གར་ཕོབས༔ དུས་ལ་བབ་པོ་ས་མ་ཡ༔ མ་གཡེལ་མ་འགྱངས་དམ་ཚིག་ཅན༔ ཛཿ དུར་ཁྲོད་རབ་འཇིགས་རྩུབ་འགྱུར་ཚལ༔ བསད་ཁྲག་རྦ་ཀློང་འཁྲིགས་པ་ནས༔ དབང་ཕྱུག་ཆེན་པོ་གཤེགས་སུ་གསོལ༔ དགྲ་བོའི་བླ་ཁུག་ལིང་གར་ཕོབས༔ དུས་ལ་བབ་པོ་ས་མ་ཡ༔ མ་གཡེལ་མ་འགྱངས་དམ་ཚིག་ཅན༔ ཛཿ ཡུལ་ནི་རྒྱ་གར་འཕགས་པའི་ཡུལ༔ ཕུང་བྱེད་ངན་སྔགས་འཕྲུལ་གནས་ནས༔ མ་ཧཱ་དཱེ་ཝ་གཤེགས་སུ་གསོལ༔ དགྲ་བོའི་བླ་ཁུག་ལིང་གར་ཕོབས༔ དུས་ལ་བབ་པོ་ས་མ་ཡ༔ མ་གཡེལ་མ་འགྱངས་དམ་ཚིག་ཅན༔ ཛཿ སྣང་སྲིད་ཀུན་ཁྱབ་ལྷ་ཆེན་པོ༔ དབང་ཆེན་ཁྱབ་འཇུག་གཤེགས་སུ་གསོལ༔ དགྲ་བོའི་བླ་ཁུག་ལིང་གར་ཕོབས༔ དུས་ལ་བབ་པོ་ས་མ་ཡ༔ མ་གཡེལ་མ་འགྱངས་དམ་ཚིག་ཅན༔ ཛཿ དགའ་བདེ་འཕྲུལ་གྱི་ཕོ་བྲང་ནས༔ ལེགས་ཉེས་གཉིས་ཀྱི་རྣམ་འགྱུར་ངོམས༔ ལྷ་མོ་ཨུ་མ་དཱེ་ཝི་ཁྱོད༔ ནག་མོ་ཁྲོས་མ་འབུམ་གར་བཅས༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ དགྲ་བོའི་བླ་ཁུག་ལིང་གར་ཕོབས༔ དུས་ལ་བབ་པོ་ས་མ་ཡ༔ མ་གཡེལ་མ་འགྱངས་དམ་ཚིག་ཅན༔ ཛཿ སུམ་ཅུ་རྩ་གསུམ་ལྷ་གནས་སུ༔ འདོད་ཁམས་དབང་བསྒྱུར་ཚོགས་ཀྱི་བདག༔ སྲོག་བདུད་ཤ་ཟ་ལས་མཁན་བཅས༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ དགྲ་བོའི་བླ་ཁུག་ལིང་གར་ཕོབས༔ དུས་ལ་བབ་པོ་ས་མ་ཡ༔ མ་གཡེལ་མ་འགྱངས་དམ་ཚིག་ཅན༔ ཛཿ ཁམས་གསུམ་སྲིད་པ་སྐྱེ་འགྲོའི་བདག༔ དཔལ་མགོན་བདུན་ཅུ་རྩ་ལྔ་འཁོར༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ དགྲ་བོའི་བླ་ཁུག་ལིང་གར་ཕོབས༔ དུས་ལ་བབ་པོ་ས་མ་ཡ༔ མ་གཡེལ་མ་འགྱངས་དམ་ཚིག་ཅན༔ ཛཿ འོག་ཕྱོགས་ལྕགས་མཁར་དགུ་རིམ་ནས༔ འཆི་བདག་གཤིན་རྗེ་འཁོར་དང་བཅས༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ དགྲ་བོའི་བླ་ཁུག་ལིང་གར་ཕོབས༔ དུས་ལ་བབ་པོ་ས་མ་ཡ༔ མ་གཡེལ་མ་འགྱངས་དམ་ཚིག་ཅན༔ ཛཿ སྟེང་ཕྱོགས་ནམ་མཁའ་ཡངས་པ་ནས༔ གཟའ་བདུད་ནག་པོ་འཁོར་དང་བཅས༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ དགྲ་བོའི་བླ་ཁུག་ལིང་གར་ཕོབས༔ དུས་ལ་བབ་པོ་ས་མ་ཡ༔ མ་གཡེལ་མ་འགྱངས་དམ་ཚིག་ཅན༔ ཛཿ དམ་ཚིག་གཉན་པོའི་ཕོ་བྲང་ནས༔ དམ་ཅན་རྡོ་རྗེ་ལེགས་པ་སྐྱོངས༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ དགྲ་བོའི་བླ་ཁུག་ལིང་གར་ཕོབས༔ དུས་ལ་བབ་པོ་ས་མ་ཡ༔ མ་གཡེལ་མ་འགྱངས་དམ་ཚིག་ཅན༔ ཛཿ འབྱུང་བ་ལྔ་ཡི་ཀློང་དཀྱིལ་ནས༔ བཙན་བདུད་ཤན་པ་སྲོག་ལེན་པ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ དགྲ་བོའི་བླ་ཁུག་ལིང་གར་ཕོབས༔ དུས་ལ་བབ་པོ་ས་མ་ཡ༔ མ་གཡེལ་མ་འགྱངས་དམ་ཚིག་ཅན༔ ཛཿ རྒྱ་མཚོ་ཆུ་ཡི་ཀློང་དཀྱིལ་ནས༔ ཀླུ་བདུད་འཆི་བདག་མགོ་དགུ་པ༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ དགྲ་བོའི་བླ་ཁུག་ལིང་གར་ཕོབས༔ དུས་ལ་བབ་པོ་ས་མ་ཡ༔ མ་གཡེལ་མ་འགྱངས་དམ་ཚིག་ཅན༔ ཛཿ བདུད་ཡུལ་མུན་པ་གླིང་དགུ་ནས༔ བདུད་པོ་སྲོག་ལེན་ནག་པོ་ཆེ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ དགྲ་བོའི་བླ་ཁུག་ལིང་གར་ཕོབས༔ དུས་ལ་བབ་པོ་ས་མ་ཡ༔ མ་གཡེལ་མ་འགྱངས་དམ་ཚིག་ཅན༔ ཛཿ རབ་འཇིགས་དྲག་པོའི་གཞལ་ཡས་ནས༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ཚོགས༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ དགྲ་བོའི་བླ་ཁུག་ལིང་གར་ཕོབས༔ དུས་ལ་བབ་པོ་ས་མ་ཡ༔ མ་གཡེལ་མ་འགྱངས་དམ་ཚིག་ཅན༔ ཛཿ སྣོད་བཅུད་སྣང་སྲིད་འཇིག་རྟེན་ན༔ དབང་ཕྱུག་ཆེན་པོའི་འཁོར་སྤྲུལ་པའི༔ སྡེ་བརྒྱད་ལྷ་འདྲེ་དྲེགས་པའི་ཚོགས༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ དགྲ་བོའི་བླ་ཁུག་ལིང་གར་ཕོབས༔ སྐྱོབ་བྱེད་ལྷ་སྲུང་བདུད་དུ་ཕོབས༔ ལས་བྱེད་ཤན་པས་མཐའ་ནས་སྐོར༔ ཐར་མེད་མུན་པར་བཙོན་དུ་ཟུངས༔ ཤོར་མེད་རྡོ་རྗེའི་ཞགས་པས་ཆིངས༔ འབྲོས་མེད་དུག་དང་གྲིབ་ཀྱིས་མྱོས༔ མི་ནོར་ལོངས་སྤྱོད་འཁོར་དང་བཅས༔ མ་ལུས་མིང་གཟུགས་ལིང་གར་ཕོབས༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་མ་ཧཱ་དཱེ་ཝ་ཀྲོ་ཏ་ཀཱ་ལ་ཧྲཱིཾཿ ཧྲཱིཾཿ ཧཱུྃ་ཛཿ {{TibChung|ཞེས་བར་མ་ཆད་པར་ཆུ་བོའི་གཞུང་བཞིན་བཟླས༔ ལྷ་དེ་རྣམས་ཐིབ་ཀྱིས་བྱོན་ནས༔ བསྐྱེད་པའི་ལྷ་ལ་ཐིམ་པར་ཡང་ཡང་བསམ་ཞིང་ཡིད་ལ་གསལ་བའི་ངང་དང་མ་བྲལ་བའི་ངང་ནས་བཟླ་བ་གནད་ཀྱི་དམ་པ་ཡིན་པས་ཤེས་པར་མཛོད༔ བཀའ་འདི་གནོད་སྦྱིན་ཤན་པ་ཆེན་པོར་གཉེར༔ ལྟ་ལོག་ངན་སྨྲ་མཁན་གྱི་དབང་པོ་སྣུབས༔ མ་གཡེལ་བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ བརྒྱུད་འཛིན་བུ་ཡི་ཚེ་སྒྲུབ་མཐའ་རུ་སྐྱོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་ཀྱིས་ཤྭ་བྲག་རྡོ་རྗེའི་ངོས་ནས་བཏོན་ཏེ་མཐར་སྨོན་ལམ་ལས་ཀྱིས་འབྲེལ་བའི་སློབ་བུ་མཁྱེན་རབ་རྒྱ་མཚོས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ཡང་དེ་ཉིད་དོ།།དགེའོ།།ལེགས་སོ། །སརྦ་མངྒ་ལཾ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 15:44, 25 February 2026
| Wylie title | zab gsang mkha' 'gro'i snying thig las: lha chen dbang phyug chen po'i 'bod pa myur mgyogs glog zhags: | |
|---|---|---|
| Location | bdud 'joms gling pa'i zab gter Volume 8, Text 22, Pages 167-171 (Folios 1a1 to 3a3) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las lha chen dbang phyug chen po'i 'bod pa myur mgyogs glog zhags. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: 167-171. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: 'bod pa Verso: bdud 'joms bka' srung lha chen | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Beckoning - 'bod pa | |
| Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |
| Colophon |
ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་ཀྱིས་ཤྭ་བྲག་རྡོ་རྗེའི་ངོས་ནས་བཏོན་ཏེ་མཐར་སྨོན་ལམ་ལས་ཀྱིས་འབྲེལ་བའི་སློབ་བུ་མཁྱེན་རབ་རྒྱ་མཚོས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ཡང་དེ་ཉིད་དོ།།དགེའོ།།ལེགས་སོ། །སརྦ་མངྒ་ལཾ།། | |
|
zhes pa 'di yang khrag 'thung bdud 'joms rdo rje khro lod kyis shwa brag rdo rje'i ngos nas bton te mthar smon lam las kyis 'brel ba'i slob bu mkhyen rab rgya mtshos nan du bskul ngor gtan la phab pa'i yi ge pa yang de nyid do//dge'o//legs so/_/sarba mang+ga laM// | ||