TTDL-ZABTER-10-THA-054: Difference between revisions
m Text replacement - "བདུད་འཇོམས་གླིང་པ་ཟབ་གཏེར" to "བདུད་འཇོམས་གླིང་པའི་ཟབ་གཏེར" |
No edit summary |
||
| Line 40: | Line 40: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|ཕྚ༔ མཁའ་འགྲོ་ཁྲོས་མའི་སྒོ་ནས་མེ་ཞགས་གཅོད་པ་ནི༔ ཐོག་མར་མེ་ཆས་རྣམས་སྟ་གོན་བྱས་ཏེ༔ སྦར་ཞིང་མཁའ་འགྲོ་སྡེ་ལྔར་བསྐྱེད་པ་དང་༔ འདེབས་རྫས་དྲག་སྔགས་ངར་བཏབ་ནུས་ལྡན་བསྒྲུབ༔ སྣང་སྲིད་འཁོར་འདས་རང་ལས་མི་གཞན་པའི༔ སྦྱང་ཚུལ་ཤེས་ཤིང་འདྲེ་བགེགས་གནོད་བྱེད་རྣམས༔ སེམས་ཀྱི་ཆོ་འཕྲུལ་ཙམ་ལས་དངོས་ཅན་དུ༔ ཕྱི་རུ་མི་དམིགས་ལྟ་བས་གཞི་བཟུང་ནས༔ རང་ཉིད་མ་ཅིག་ཁྲོས་མ་ནག་མོར་གསལ༔ སྤྲུལ་པ་འབུམ་ཕྲག་མཁའ་འགྲོ་ལས་ལ་འགྱེད༔ སྣང་སྲིད་སྣོད་བཅུད་ཡེ་ཤེས་མེ་ཡིས་གང་༔ གཉིས་སྣང་རྟོག་པའི་བུན་ལོང་དབྱིངས་སུ་བསྲེགས༔ ཐམས་ཅད་ཆོས་སྐུར་ཤེས་པའི་ངང་ཉིད་ལས༔ ཧཱུྃ༔ | {{TibP|ཕྚ༔ {{TibChung|མཁའ་འགྲོ་ཁྲོས་མའི་སྒོ་ནས་མེ་ཞགས་གཅོད་པ་ནི༔ ཐོག་མར་མེ་ཆས་རྣམས་སྟ་གོན་བྱས་ཏེ༔ སྦར་ཞིང་མཁའ་འགྲོ་སྡེ་ལྔར་བསྐྱེད་པ་དང་༔ འདེབས་རྫས་དྲག་སྔགས་ངར་བཏབ་ནུས་ལྡན་བསྒྲུབ༔ སྣང་སྲིད་འཁོར་འདས་རང་ལས་མི་གཞན་པའི༔ སྦྱང་ཚུལ་ཤེས་ཤིང་འདྲེ་བགེགས་གནོད་བྱེད་རྣམས༔ སེམས་ཀྱི་ཆོ་འཕྲུལ་ཙམ་ལས་དངོས་ཅན་དུ༔ ཕྱི་རུ་མི་དམིགས་ལྟ་བས་གཞི་བཟུང་ནས༔ རང་ཉིད་མ་ཅིག་ཁྲོས་མ་ནག་མོར་གསལ༔ སྤྲུལ་པ་འབུམ་ཕྲག་མཁའ་འགྲོ་ལས་ལ་འགྱེད༔ སྣང་སྲིད་སྣོད་བཅུད་ཡེ་ཤེས་མེ་ཡིས་གང་༔ གཉིས་སྣང་རྟོག་པའི་བུན་ལོང་དབྱིངས་སུ་བསྲེགས༔ ཐམས་ཅད་ཆོས་སྐུར་ཤེས་པའི་ངང་ཉིད་ལས༔}} ཧཱུྃ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ འཁོར་འདས་ཡོངས་ཀྱི་ཆེ་བཙན་མཆོག༔ སྣང་སྲིད་དུར་ཁྲོད་གཞལ་ཡས་ཁང་༔ སྒྲ་སྒྲགས་ཐམས་ཅད་རུ་ལུའི་སྒྲ༔ གཟུགས་སྣང་ཐམས་ཅད་མཁའ་འགྲོའི་དལ༔ མ་དག་འཁྲུལ་པའི་མིང་ཡང་མེད༔ གཟུང་འཛིན་རྟོག་པའི་རྒྱུས་སྐྱེད་ཅིང་༔ བདག་རྟོག་མ་རིག་ཉེར་ལེན་བདུད༔ ཐམས་ཅད་ཆོས་སྐུར་རོ་གཅིག་པའི༔ ཀུན་ཁྱབ་ཡེ་ཤེས་ཆེན་པོར་བཞེངས༔ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ནས༔ ཡེ་ཤེས་རོལ་རྩལ་ཐུན་མཚོན་འཁྲིགས༔ གློ་བུར་རྐྱེན་སྣང་ཐལ་བར་བརླག༔ ཧཱུྃ༔ དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མའི༔ ཐུགས་ལས་ཆོས་དབྱིངས་མཚོན་མེ་འཁྲིགས༔ ཡེ་ཤེས་འགགས་མེད་སྒྱུ་འཕྲུལ་གྱིས༔ གཏི་མུག་ཡེ་གྲོལ་ཀློང་དུ་བཤིག༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མའི༔ ཐུགས་ལས་མེ་ལོང་མཚོན་མེ་འཁྲིགས༔ ཡེ་ཤེས་འགགས་མེད་སྒྱུ་འཕྲུལ་གྱིས༔ ཞེ་སྡང་རང་གྲོལ་ཀློང་དུ་བཤིག༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མའི༔ ཐུགས་ལས་མཉམ་ཉིད་མཚོན་མེ་འཁྲིགས༔ ཡེ་ཤེས་འགགས་མེད་སྒྱུ་འཕྲུལ་གྱིས༔ ང་རྒྱལ་ཤར་གྲོལ་ཀློང་དུ་བཤིག༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མའི༔ ཐུགས་ལས་སོར་རྟོག་མཚོན་མེ་འཁྲིགས༔ ཡེ་ཤེས་འགགས་མེད་སྒྱུ་འཕྲུལ་གྱིས༔ ཕྲག་དོག་མཐའ་གྲོལ་ཀློང་དུ་བཤིག༔ ཕཊ་ཕཊ་ཕཊ༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་གྱི༔ ལྷ་ཚོགས་མ་ལུས་འཁོར་བཅས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའི༔ ཡེ་ཤེས་རོལ་རྩལ་མེ་མཚོན་འཁྲིགས༔ དུག་ལྔ་དུག་གསུམ་བརྒྱད་ཁྲི་དང་༔ འབྲེལ་བའི་ཉོན་མོངས་རྟོག་པའི་འཕྲུལ༔ གདོན་གསུམ་གཙོར་གྱུར་དགྲ་གདོན་བགེགས༔ འདོད་ཆགས་ཆེར་གྲོལ་ཀློང་དུ་བཤིག༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མའི༔ ཐུགས་ལས་བྱ་གྲུབ་མཚོན་མེ་འཁྲིགས༔ ཡེ་ཤེས་འགགས་མེད་སྒྱུ་འཕྲུལ་གྱིས༔ ཡུལ་མེད་ཟང་ཐལ་ངང་དུ་བསྐྲད༔ གནོད་བྱ་གནོད་བྱེད་ཚོགས་ཡུལ་ཆོས༔ མ་ལུས་ཆོས་ཉིད་ཀློང་དུ་བསྲེགས༔ གནོད་བྱེད་ནུས་སྟོབས་ཀུན་ཉམས་ནས༔ སླར་ཡང་ལྡང་མེད་རྒྱ་ཡིས་གདབ༔ སྟོང་ཉིད་དབུ་མ་ཆེན་པོའི་དབྱིངས༔ མཁའ་འགྲོའི་སྐུ་གསུང་ཐུགས་གསུམ་རྫོགས༔ སྣང་སྲིད་གདོད་ནས་རྣམ་པར་དག༔ ཀློང་ཆེན་འོད་གསལ་ངང་དུ་ཞིག༔ ཕཊ་ཕཊ་ཕཊ༔ {{TibChung|ཅེས་བརྗོད་བཞིན་རིག་རྩལ་མཁའ་འགྲོའི་དཀྱིལ་འཁོར་དུ་ཤར་བའི་ང་རྒྱལ་དང་༔ རིག་སྣང་རྟེན་འབྲེལ་གྱིས་བསྡུས་པ་ཐམས་ཅད་རང་རིག་མཐའ་བྲལ་འོད་གསལ་དབུ་མ་ཆེན་པོའི་དབྱིངས་སུ་དབང་དུ་བསྡུས་ཤིང་ཟིལ་གྱིས་གནོན་པར་བསམ་ལ༔ གཉིས་སྣང་གི་རྟོག་པ་འཇིག་པར་བྱེད་པའི་སྐྱེ་མེད་ཀྱི་ཡི་གེ་ཕཊ་གྲངས་མང་ལ་ངར་ཐོན་པར་བརྗོད་པས་གཟུང་འཛིན་གྱི་རཱུ་ཏྲའི་རྒྱུ་རྐྱེན་རྟེན་འབྲེལ་ལས་བྱུང་བའི་ནད་གདོན་བར་ཆད་རྐྱེན་སྣང་ངན་པ་ཐམས་ཅད་ཚར་བཅད་ནས་ཡུལ་མེད་སྟོང་ཉིད་ཀྱི་གཤིས་སུ་ཞིག་པར་བསམ་མོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འོད་གསལ་རིག་པའི་བྲག་ནང་ནས༔ ཀློང་གསལ་རིག་པའི་བརྡ་རིས་བཏོན༔ རང་གསལ་སྒྲིབ་མེད་ངང་ནས་ཕབ༔ སྟོང་གསལ་ཟུང་འཇུག་རྣལ་འབྱོར་པ༔ རིག་འཛིན་བདུད་འཇོམས་རྡོ་རྗེ་ངས༔ རིག་པ་འཛིན་པའི་གང་ཟག་གི༔ རིག་རྩལ་བརྟུལ་ཞུགས་མཐར་ཕྱིན་ཕྱིར༔ རིག་པའི་རྡོ་རྗེའི་རྣམ་འཕྲུལ་གྱིས༔ མཐུན་རྐྱེན་ཕྱག་ནས་བྲིས་པའོ༔ བཀྲ་ཤིས།། །། }} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 11:08, 27 February 2026
| Wylie title | mkha' 'gro khros ma'i sgo nas me zhags gcod pa: | |
|---|---|---|
| Location | bdud 'joms gling pa'i zab gter Volume 10, Text 54, Pages 507-509 (Folios 1a1 to 2a6) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Mkha' 'gro khros ma'i sgo nas me zhags gcod pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 10: 507-509. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: me zhags Verso: bdud 'joms khros ma | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Activity Practices - las tshogs | |
| Cycle | བདུད་འཇོམས་ཁྲོས་མ་ (bdud 'joms khros ma) | |
| Parent Cycle | ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod) | |
| Deity | khros ma nag mo | |
| Colophon |
འོད་གསལ་རིག་པའི་བྲག་ནང་ནས༔ ཀློང་གསལ་རིག་པའི་བརྡ་རིས་བཏོན༔ རང་གསལ་སྒྲིབ་མེད་ངང་ནས་ཕབ༔ སྟོང་གསལ་ཟུང་འཇུག་རྣལ་འབྱོར་པ༔ རིག་འཛིན་བདུད་འཇོམས་རྡོ་རྗེ་ངས༔ རིག་པ་འཛིན་པའི་གང་ཟག་གི༔ རིག་རྩལ་བརྟུལ་ཞུགས་མཐར་ཕྱིན་ཕྱིར༔ རིག་པའི་རྡོ་རྗེའི་རྣམ་འཕྲུལ་གྱིས༔ མཐུན་རྐྱེན་ཕྱག་ནས་བྲིས་པའོ༔ བཀྲ་ཤིས།། | |
|
'od gsal rig pa'i brag nang nas:__klong gsal rig pa'i brda ris bton:__rang gsal sgrib med ngang nas phab:__stong gsal zung 'jug rnal 'byor pa:__rig 'dzin bdud 'joms rdo rje ngas:__rig pa 'dzin pa'i gang zag gi:__rig rtsal brtul zhugs mthar phyin phyir:__rig pa'i rdo rje'i rnam 'phrul gyis:__mthun rkyen phyag nas bris pa'o:__bkra shis// | ||