༄༅། །སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་གསང་བའི་ཆོས་སྡེའི་གླེགས་བམ་བཅུ་པ། ཐ · 62 Texts

From Dudjom Wiki
TTDL-ZABTER-Volume-10-THA



Karchag

Karchag PDF
༄༅། །ཨོཾ་སྭསྟི། སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས། གླེགས་བམ་ ༼ཐ༽ པ་འདིར། དབུ་ཤོག་ལྡེབ་གཅིག་གིས་ཐོག་དྲངས་ཏེ། མཁའ་འགྲོ་ཁྲོས་མའི་སྐོར་གྱི་སྟོད་ཆ་ལ། ཆོས་ཉིད་ནམ་མཁའི་ཀློང་མཛོད་ཀྱི་ཁ་བྱང་གྲུལ་བུམ་ཕྲུ་གུའི་རྒྱང་གླུ་ལྡེབ་ ༤ གསང་ཆེན་ཉམས་བྱུང་གི་ཞལ་གདམས་གསལ་བའི་ཨ་དརྴ་ལྡེབ་ ༡༨ མཁའ་འགྲོ་འདུས་པའི་དབང་ཆོག་རྒྱས་པ་ཆོས་ཉིད་སྤྲིན་ཕུང་ལྡེབ་ ༡༡ རྩ་དབང་ཆོས་ཉིད་སྤྲིན་ཕུང་ལྡེབ་ ༦ རྣལ་འབྱོར་རལ་པའི་ཅོད་པན་གྱི་དབང་བསྐུར་ཡེ་ཤེས་ཀློང་མཛོད་ལྡེབ་ ༥ གཟའ་རྒོད་སྲོག་གི་སྤུ་གྲིའི་སྲོག་དབང་ལྡེབ་ ༥ དབང་སྡུད་ཟིལ་གནོན་པདྨ་རྒྱས་པའི་ཆུན་འཕྱང་ལྡེབ་ ༥ དབང་སྡུད་ཟིལ་གནོན་སེང་གེའི་ང་རོ་ལྡེབ་ ༥ དབང་སྡུད་ཟིལ་གནོན་ཁྲོས་མའི་གད་རྒྱངས་ལྡེབ་ ༡ པདྨ་བདུད་འདུལ་གྱི་གསོལ་འདེབས་དགོངས་པའི་གནད་བསྐུལ་ལྡེབ་ ༡ བརྒྱུད་འདེབས་མུ་ཏིག་ཕྲེང་མཛེས་ལྡེབ་ ༡ སྐྱེས་ཕྲེང་གསོལ་ལྡེབ་ ༡ བླ་མའི་ཐུགས་རྒྱུད་བསྐུལ་བ་སྒོ་གསུམ་རྡོ་རྗེའི་གྲོང་འཕོ་ལྡེབ་ ༢ མཁའ་འགྲོའི་གསོལ་འདེབས་དབང་བཞིའི་ཆུ་རྒྱུན་ལྡེན་ ༤ ཚོགས་བསགས་ཡན་ལག་བདུན་པ་ལྡེབ་ ༡ ཁྲོས་མ་ནག་མོའི་རྩ་སྒྲུབ་ཟླ་བའི་འོད་ཕྲེང་ལྡེབ་ ༢༧ སྒྲུབ་ཐབས་འབྲིང་པོ་ཡེ་ཤེས་ཉི་མ་ལྡེབ་ ༨ ཡང་གསང་གི་སྒྲུབ་པ་རྡོ་རྗེའི་སྙིང་པོ་ལྡེབ་ ༢ མཁའ་འགྲོ་འདུས་པའི་ཚོགས་བསྐང་བསྡུས་པ་ལྡེབ་ ༢ བསྐང་བ་རིན་ཆེན་ཕྲེང་མཛེས་ལྡེབ་ ༥ བསྐང་བསྡུས་ཆོས་ཉིད་སྤྲིན་ཕུང་ལྡེབ་ ༢ གནས་དང་ཡུལ་གྱི་བསྐང་བ་ལྡེབ་ ༡ རྣལ་འབྱོར་ཕོ་མོར་འགྱེད་པ་ལྡེབ་ ༡ ཚོགས་གླུ་དུས་ཀྱི་ཕུན་སུམ་སོགས་ལྡེབ་ ༡ གཏེར་སྲུང་སྲོག་བདག་རྣམ་བཞིའི་གསོལ་མཆོད་ཕྲིན་ལས་བཞིའི་ལྷུན་གྲུབ་ལྡེབ་ ༤ གསོལ་མཆོད་བསྡུས་པ་འདོད་དོན་ལྷུན་གྲུབ་ལྡེབ་འདི་དཔེར་མི་སྣང༌། བཀའ་སྲུང་སྡེ་ལྔའི་བསྐང་གསོལ་བསྡུས་པ་ལྡེབ་ ༡ གཟའ་མཆོག་ཆེན་པོའི་རྩ་སྒྲུབ་སྲོག་རྩ་དམར་ལེན་ལྡེབ་ ༤ དེའི་འབོད་བསྐལ་ལྡེབ་ ༡ བསྟན་སྲུང་སྤྱིའི་བསྐང་གསོལ་དཔག་བསམ་རྒྱས་པ་ལྡེབ་ ༢ བཤགས་པའི་རྒྱལ་པོ་ཡེ་ཤེས་འོད་ཟེར་ལྡེབ་ ༥ ཉམས་ཆག་སྐོང་བའི་ལུང་བྱང་ལྡེབ་ ༢ རྩ་གསུམ་ཚོགས་བསྐང་བསྡུས་པ་དངོས་གྲུབ་ཆར་འབེབས་ལྡེབ་ ༡ ལྷ་འདྲེར་ཚིག་ལོག་འདྲིལ་བ་ལྡེབ་ ༣ མགྲོན་འབོད་བྱ་བ་སྡེ་ཚན་གཉིས་ལ་ལྡེབ་ ༢ དག་སྣང་དམར་འགྱེད་ལྡེབ་ ༢ དམར་འགྱེད་བར་ཆད་ཀུན་སེལ་ལྡེབ་༢ ནག་འགྱེད་སྒྲིབ་པ་ཀུན་སེལ་ལྡེབ་༢ ཚོགས་བསགས་དངོས་གྲུབ་ཆར་འབེབས་ལྡེབ་ ༡ ལུས་གདོན་མཁའ་འགྲོའི་ཞལ་བསྟབ་ལྡེབ་ ༨ ཆངས་བུ་ཤ་དུམ་བསྔོ་ཐབས་ལྡེབ་ ༤ དུར་གཅོད་རྡོ་རྗེའི་ཁོང་གསེང་གི་ལམ་བཟང་ལྡེབ་ ༥ དུར་གཅོད་དངོས་གྲུབ་བང་མཛོད་ལྡེབ་ ༩ དེའི་ལྷག་མའི་བརྡ་དོན་བསྒྱུར་བ་ཤ་རུས་ཀླད་དང་སོགས་ལྡེབ་འདི་དཔེར་མི་སྣང༌། དུར་གཅོད་ཟབ་མོའི་ཆ་ལག་ལྡེབ་ ༤མཁའ་འགྲོའི་འབུམ་བསྐུལ་རྡོ་རྗེའི་ཐོག་མདའ་ལྡེབ་ ༧ འབུམ་བསྐུལ་བསྡུས་པ་རྡོ་རྗེའི་འཁྲུལ་འཁོར་ལྡེབ་ ༤ གཟའ་བདུད་རྒྱལ་པོའི་དྲག་བསྐུལ་སྤུ་གྲིའི་འཁོར་ལོ་ལྡེབ་ ༢ མཁའ་འགྲོ་འདུས་པའི་གཟུ་དཔང་ལྡེབ་ ༡ སྲི་འདུལ་རྡོ་རྗེའི་ཐོ་ལུམ་ལྡེབ་ ༢༠ གཤིན་གདོན་འདུལ་བ་རྡོ་རྗེའི་གོ་ཆ་གཏེར་སྲས་པདྨ་འགྲོ་འདུལ་གྱིས་ཕབ་པ་ལྡེབ་ ༨ ཚེ་འདས་རྗེས་འཛིན་གནས་ལུང་ཁྲུས་ལུང་ལྡེབ་ ༡༠ གཤིན་པོ་རྗེས་འཛིན་ཐར་པའི་ཐེམ་སྐས་ལྡེབ་ ༨ གནས་སྦྱོང་ཕན་བདེའི་དཔལ་སྟེར་ལྡེབ་ ༤ དང༌། འདུལ་དཀར་ཐུགས་རྗེའི་ཆུ་རྒྱུན་ལྡེབ་ ༨ སྣང་སྲིད་མེ་ཞགས་གཅོད་པ་ལྡེབ་ ༢ ཡང་སྣང་སྲིད་མེ་ཞགས་གཅོད་པ་བསྡུས་པ་ལྡེབ་ ༡ བཅས་གཏེར་སྲས་པདྨ་འགྲོ་འདུལ་གྱིས་ཕབ་པ། མཁའ་འགྲོའི་མེ་གཏད་ཟབ་མོ་ལྡེབ་ ༤ སྒོ་དབྱེ་ཡེ་ཤེས་གསལ་བའི་སྒོ་འབྱེད་ལྡེབ་ ༡ ཆར་འབེབས་དངོས་གྲུབ་ཆུ་གཏེར་ལྡེབ་ ༢ ཆར་འབེབས་འཁོར་ལོ་འདོད་འབྱུང་ནོར་བུ་ལྡེབ་ ༡ ཀླུ་གཏོར་བདུད་རྩི་རྒྱ་མཚོ་ལྡེབ་ ༢ སྲོག་འཁོར་དངོས་གྲུབ་ཆར་འབེབས་ལྡེབ་ ༢ མེ་མཆོད་ཕྲིན་ལས་ལྷུན་གྲུབ་ལྡེབ་ ༢ ལས་བཞིའི་སྲེག་བླུགས་ཕྲིན་ལས་ལྷུན་གྲུབ་ལྡེབ་ ༦ བཅས། པོད་འདིར་ཆོས་ཚན་དྲུག་ཅུ་རེ་གསུམ་ལ་ལྡེབ་ ༢༧༧ དང༌། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་ ༢ བཅས་བསྡོམས་ལྡེབ་གྲངས་ ༢༧༩ བཞུགས། ༈ གྲུབ་པའི་འཁོར་སྒྱུར་བདུད་འཇོམས་གླིང་པ་ཡི། །ཟབ་གཏེར་གསང་བའི་ཆོས་མཛོད་ཡིད་བཞིན་ནོར། །ཀུན་བཟང་མིང་གིས་སྤེལ་དུ་བཏབ་སྤེལ་དགེས། །ཟབ་ཆོས་ཕྲིན་ལས་མི་ནུབ་རྟག་ཁྱབ་ཤོག ། ༈ པདྨའི་རིང་ལུགས་སྔ་འགྱུར་རྫོགས་པ་ཆེ། །ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང༌། །གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར། །མི་ནུབ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག །དགེའོ།། །།