TTDL-ZABTER-07-JA-029: Difference between revisions

From Dudjom Wiki
TTDL-ZABTER-07-JA-029
No edit summary
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 09:37, 4 June 2024

Wylie title TTDL-ZABTER-07-JA-029.pdf
Location bdud 'joms gling pa zab gter
Volume 7, Text 29, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༤༠༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་ཆེན་གསང་བ་ཡེ་ཤེས་ཀྱི༔ ནང་སྒྲུབ་སེང་གེའི་གདོང་ཅན་མའི༔ གསོལ་འདེབས་ཀ་དག་ལམ་བཟང་བཞུགས་སོ༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ ལྷུན་གྲུབ་གདོད་མའི་ཀློང་ལ་ཕྱག་འཚལ་ལོ༔ ༠༠༠༠བརྡ་ཡིག༤༠༡མ་འོངས་དུས་ཀྱི་གང་ཟག་རྣམས༔ དད་གུས་ཆུང་ཞིང་སྙིང་རྗེ་ཞན༔ ཚེ་འདིར་ཁེ་དྲག་ལོ་འདོད་དང་༔ དངོས་གྲུབ་མཚན་མར་རེ་སེམས་དང་༔ གསང་བའི་སྒོ་འཆོལ་ངོམས་ཆོས་བྱེད༔ དེ་ཕྱིར་གྲུབ་རྟགས་ཐོན་མཁན་མེད༔ གལ་སྲིད་ཐོན་ཀྱང་བདུད་ལ་འཆོར༔ ལོག་ལམ་དེ་ལས་བཟློག་པ་དང་༔ ཡང་དག་ལམ་དུ་འཛུད་པའི་ཕྱིར༔ བླ་མ་བརྒྱུད་པའི་མཚན་བཟུང་སྟེ༔ མོས་གུས་གདུངས་བས་གསོལ་བ་འདེབས༔ ངག་གིས་བརྗོད་བཞིན་ཡིད་ལ་བྱ༔ དེས་ནི་བྱང་ཆུབ་ངེས་ཐོབ་འགྱུར༔ ཨེ་མ་ཧོ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན༔ རྒྱལ་ཀུན་སྤྱི་མྱེས་ཀུན་བཟང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་ཀ་དག་ཆོས་སྐུའི་ཀློང་༔ གདོད་མའི་བཙན་ས་ཟིན་པར་བྱིན་གྱིས་རློབས༔ གཞོམ་བྲལ་རྡོ་རྗེ་འབར་བའི་གཞལ་ཡས་ན༔ རྡོ་རྗེ་སེམས་དཔའ་ལག་ན་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་རང་བཞིན་རྣམ་དག་ཀློང་༔ རང་གྲོལ་བདེ་བ་ཆེན་པོར་བྱིན་གྱིས་རློབས༔ གཞོན་ནུ་བུམ་པ་སྐུ་ཡི་དཀྱིལ་འཁོར་ན༔ སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་ཀ་དག་ལྷུན་གྲུབ་ཀློང་༔ གཞོན་ནུ་བུམ་སྐུར་གྲོལ་བར་བྱིན་གྱིས་རློབས༔ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ན༔ རྒྱལ་ཀུན་སྤྱི་གཟུགས་རྡོ་རྗེ་གཤོག་རྒོད་རྩལ༔ གསོལ་བ་འདེབས་སོ་ཕྱོགས་མེད་ཐུགས་རྗེའི་ངང་༔ འགྲོ་ཀུན་བདེ་ལ་འགོད་པར་བྱིན་གྱིས་རློབས༔ རང་སྣང་རྣམ་དག་བདེ་ཆེན་གཞལ་ཡས་ན༔ སྤྲུལ་པའི་སྐྱེས་མཆོག་རྗེ་འབངས་ཉེར་ལྔ་ལ༔ གསོལ་བ་འདེབས་སོ་ཆོས་ཉིད་འོད་གསལ་ཀློང་༔ རང་གྲོལ་རང་དབང་ཐོབ་པར་བྱིན་གྱིས་རློབས༔ ༈ཟབ་གསང་རྫོགས་པ་ཆེན་པོའི་གཞལ་ཡས་ན༔ ཟབ་གཏེར་མངའ་བདག་བདུད་འཇོམས་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་བློ་བྲལ་ཨ་ཏིའི་ཀློང་༔ ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས༔ ཅེས་པའང་མངྒའི་མིང་གིས་སོ།།སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ན༔ རིགས་ཀུན་བདག་ཉིད་རྩ་བའི་བླ་མ་ལ༔ གསོལ་བ་འདེབས་སོ་སྐུ་གསུམ་ལྷུན་གྲུབ་ཀློང་༔ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས༔ འོག་མིན་ཆོས་དབྱིངས་གདལ་ཁྱབ་གཞལ་ཡས་ན༔ ཆོས་སྐུ་ཡུམ་ཆེན་ཀུན་ཏུ་བཟང་མོ་ལ༔ གསོལ་བ་འདེབས་སོ་གནས་ལུགས་རང་གཞིའི་ཞལ༔ སྐྱེ་མེད་ཀ་དག་རྟོགས་པར༴ལྷུན་གྲུབ་གསང་ཆེན་རོལ་པའི་དཀྱིལ་འཁོར་ན༔ མཁའ་འགྲོའི་གཙོ་མོ་སེང་གེའི་གདོང་ཅན་ལ༔ གསོལ་བ་འདེབས་སོ་རང་གཞིར་རང་གྲོལ་གྱིས༔ རང་སྣང་ལོངས་སྐུར་འཕོ་བར༴རྔ་ཡབ་རིག་འཛིན་མཁའ་འགྲོའི་དལ་དབུས་སུ༔ སྤྲུལ་སྐུའི་མཁའ་འགྲོ་མཚོ་རྒྱལ་མནྡྷ་ར༔ གསོལ་བ་འདེབས་སོ་ཕྱོགས་མེད་ཐུགས་རྗེ་ཡིས༔ གང་འདུལ་འགྲོ་དོན་ནུས་པར༴ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ན༔ ཞེ་སྡང་རང་གྲོལ་རྡོ་རྗེ་སེང་གདོང་ཚོགས༔ གསོལ་བ་འདེབས་སོ་ཞེ་སྡང་རང་གྲོལ་ངང་༔ མེ་ལོང་ཡེ་ཤེས་རྟོགས་པར༴ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ན༔ ང་རྒྱལ་གནས་དག་རིན་ཆེན་སེང་གདོང་ཚོགས༔ གསོལ་བ་འདེབས་སོ་ང་རྒྱལ་རང་གྲོལ་ངང་༔ མཉམ་ཉིད་ཡེ་ཤེས་རྟོགས་པར༴ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན༔ འདོད་ཆགས་གནས་དག་པདྨ་སེང་གདོང་ཚོགས༔ གསོལ་བ་འདེབས་སོ་འདོད་ཆགས་རང་གྲོལ་ངང་༔ སོར་རྟོག་ཡེ་ཤེས་རྟོགས་པར༴བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ན༔ ཕྲག་དོག་གནས་དག་ཀརྨ་སེང་གདོང་ཚོགས༔ གསོལ་བ་འདེབས་སོ་ཕྲག་དོག་རང་གྲོལ་ངང་༔ བྱ་གྲུབ་ཡེ་ཤེས་རྟོགས་པར༴ཡེ་ཤེས་མཁའ་འགྲོའི་སྒྱུ་འཕྲུལ་རོལ་པའི་གར༔ མ་ངེས་སྣ་ཚོགས་སྤྲུལ་པ་ཡང་སྤྲུལ་གྱི༔ འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས་པ་ལ༔ གསོལ་བ་འདེབས་སོ་ཕྲིན་ལས་ཡོངས་འགྲུབ་ཅིང་༔ དོན་གཉིས་ལྷུན་གྲུབ་འབྱུང་བར༴སྒོ་བཞིར་ཕྲིན་ལས་ལྷུན་གྲུབ་འོད་ཀློང་དུ༔ ཕྲིན་ལས་བཞི་བསྒྲུབ་ཡེ་ཤེས་སྒོ་མ་བཞིར༔ གསོལ་བ་འདེབས་སོ་ཚད་མེད་རྣམ་བཞི་ཡིས༔ འཁོར་བ་དོང་སྤྲུགས་ནུས་པར༴གཞན་ཡང་དུར་ཁྲོད་གནས་ཡུལ་མཁའ་སྤྱོད་དུ༔ ཡེ་ཤེས་ལས་གྲུབ་མཁའ་འགྲོ་རྒྱ་མཚོ་ལ༔ གསོལ་བ་འདེབས་སོ་ཚེ་སྒྲུབ་མཐར་སོན་ནས༔ འཕོ་ཆེན་བུམ་སྐུར་གྲོལ་བར༴རང་བྱུང་རྣམ་པར་དག་པའི་དཀྱིལ་འཁོར་ནས༔ སྔགས་སྲུང་རྒྱལ་མོ་ཨེ་ཀ་ཙ་ཏི་དང་༔ སྔགས་བདག་སྲིད་པའི་རྒྱལ་མོ་མ་ཚོགས་དང་༔ གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་དང་༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་ལ་སོགས་པ༔ བསྟན་སྲུང་དམ་ཅན་རྒྱ་མཚོ་འཁོར་བཅས་ལ༔ གསོལ་བ་འདེབས་སོ་བར་ཆད་ཀུན་སེལ་ཞིང་༔ བསྟན་དགྲ་མ་ལུས་འཇོམས་པར་བྱིན༴དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་༔ སྐྱེ་འཆི་བསྒྲེས་རྒུད་བྲལ་བར་བྱིན་གྱིས་རློབས༔ ཉོན་མོངས་ཡེ་ཤེས་ངང་དུ་གྲོལ་བ་དང་༔ ཀ་དག་དགོངས་ཀློང་གྲོལ་བར་བྱིན༴སྒོ་གསུམ་མི་དགེའི་ལས་སྒྲིབ་ཀུན་དག་ནས༔ ཚེ་འདིར་འཇའ་ལུས་འགྲུབ་པར༴ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་ནས་ཀྱང་༔ རང་རིག་ཆོས་སྐུར་སྨིན་པར༴བསྒྲུབ་དང་དཀྱིལ་འཁོར་ཀུན་ལ་དབང་འབྱོར་ཏེ༔ རང་ཉིད་ཡི་དམ་ལྷ་སྐུར་སྨིན་གྲོལ་ཤོག༔ རང་སྣང་དབང་སྡུད་གཞན་སྣང་ཟིལ་གནོན་ཅིང་༔ སྡེ་བརྒྱད་བྲན་དུ་ཁོལ་བར༴ཚེ་འདིར་མཆོག་གི་དངོས་གྲུབ་ཀུན་ཐོབ་ཅིང་༔ དོན་གཉིས་ལྷུན་གྲུབ་མཐུ་ལ་དབང་ཐོབ་སྟེ༔ ཀུན་བཟང་དགོངས་ཀློང་གྲོལ་བར་བྱིན་གྱིས་རློབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ལྟར་མོས་གུས་གསོལ་བ་བཏབ་པའི་མཐར༔ བརྩོན་འགྲུས་དྲག་པོས་བསྒྲུབ་ལ་འབུང་བ་ཡིས༔ གང་ཟག་དེ་ནི་ཚེ་འདིར་འདིས་གྲོལ་འགྱུར༔ བཀའ་འདི་མ་མོ་སྔགས་སྲུང་རྒྱ་མཚོ་དང་༔ གནོད་སྦྱིན་ཤན་པ་དམར་ནག་འཁོར་དང་བཅས༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་ལ་སོགས་པའི༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་གཏད༔ ཐུབ་པར་སྲུངས་ཤིག་བཀའ་དང་ཐ་ཚིག་རྒྱ༔ ལྟ་ལོག་ངན་སྨྲ་མཁན་གྱི་སྲོག་རྩ་ཆོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ ཞེས་པ་འདི་ཡང་སྤྲང་འཁྱམས་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཞི་བཅུ་རྩ་གསུམ་བར་དུ་བཀའ་རྒྱས་བཏབ་ནས་མཐར་རང་སློབ་དམ་པ་ཀློང་ཆེན་བྱ་བ་དང་ངག་དབང་ཕྲིན་ལས་གཉིས་ཀྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཞུ་བ་པོ་ཕྱི་མ་ཉིད་ཀྱིས་བྲིས་པའི་དགེ་བས་བསྟན་འགྲོ་ཡོངས་ལ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།