TTDL-ZABTER-01-KA-041: Difference between revisions

From Dudjom Wiki
TTDL-ZABTER-01-KA-041
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་བདུད་འཇོམས་རྡོ་རྗེའི་སྒྲུབ་སྐོར་གྱི༔ བྱིན་འབེབས་བདེ་ཆེན་བཅུད་འཁྱིལ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༣༧༡༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བདག་དང་དཀྱིལ་འཁོར་སྒྲུབ་པའི་རྫས༔ ཡེ་ཤེས་ཆེན་པོར་རྒྱས་འདེབས་ཕྱིར༔ བྱིན་ཆེན་དབབ་པའི་རིམ་པ་ནི༔ སྤོས་བདུག་རོལ་མོ་སྣ་ཚོགས་དཀྲོལ༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཞིང་ཁམས་ནས༔ ཀུན་བཟང་ཡབ་ཡུམ་བྱིན་ཕོབ་ཅིག༔ རྣམ་དག་དབུགས་འབྱིན་ཞིང་ཁམས་ནས༔ རིགས་ལྔའི་སངས་རྒྱས་བྱིན་ཕོབ་ཅིག༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ ཕྱག་ན་རྡོ་རྗེས་བྱིན་ཕོབ་ཅིག༔ གཞོན་ནུ་བུམ་སྐུའི་གཞལ་ཡས་ནས༔ དགའ་རབ་རྡོ་རྗེས་བྱིན་ཕོབ་ཅིག༔ འཇའ་ལུས་སྒྱུ་མའི་ཕོ་བྲང་ནས༔ ཤྲཱི་སེང་ཧས་བྱིན་ཕོབ་ཅིག༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ ཧཱུྃ་ཆེན་ཀཱ་རས་བྱིན་ཕོབ་ཅིག༔ སྐུ་ལ་རྫོགས་པའི་དུར་ཁྲོད་ནས༔ འཇམ་དཔལ་བཤེས་གཉེན་བྱིན་ཕོབ་ཅིག༔ ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ ཀླུ་སྒྲུབ་སྙིང་པོས་བྱིན་ཕོབ་ཅིག༔ གསང་ཆེན་རོལ་པའི་དུར་ཁྲོད་ནས༔ པྲ་བྷ་ཧསྟིས་བྱིན་ཕོབ་ཅིག༔ དུར་ཁྲོད་ཆེན་པོ་དཔལ་བརྩེགས་ནས༔ དྷ་ན་སཾསྐྲྀས་བྱིན་ཕོབ་ཅིག༔ དུར་ཁྲོད་ལྷུན་གྲུབ་བརྩེགས་པ་ནས༔ བི་མ་མི་ཏྲས་བྱིན་ཕོབ་ཅིག༔ དུར་ཁྲོད་ལང་ཀ་བརྩེགས་པ་ནས༔ རམྦུ་གུ་ཧྱས་བྱིན་ཕོབ་ཅིག༔ དུར་ཁྲོད་བདེ་ཆེན་བརྩེགས་པ་ནས༔ ཤཱནྟིཾ་གརྦྷས་བྱིན་ཕོབ་ཅིག༔ ཟངས་མདོག་དཔལ་རིའི་རྩེ་མོ་ནས༔ པདྨ་འབྱུང་གནས་བྱིན་ཕོབ་ཅིག༔ སྣང་སྲིད་ཟིལ་གནོན་གཞལ་ཡས་ནས༔ ཆོས་རྒྱལ་ཡབ་སྲས་བྱིན་ཕོབ་ཅིག༔ འཕོ་བ་ཆེན་པོའི་གཞལ་ཡས་ནས༔ ཡེ་ཤེས་མཚོ་རྒྱལ་བྱིན་ཕོབ་ཅིག༔ གྲུབ་པ་མངོན་གྱུར་གཞལ་ཡས་ནས༔ ཁྱེའུ་ཆུང་ལོ་ཙཱས་བྱིན་ཕོབ་ཅིག༔ ཡེ་ཤེས་སྒྱུ་མའི་སྐུ་བརྙེས་པ༔ རྗེ་འབངས་ཉེར་ལྔས་བྱིན་ཕོབ་ཅིག༔ རང་རིག་ཆོས་སྐུ་མངོན་གྱུར་པའི༔ རྒྱ་བོད་པཎ་གྲུབ་བྱིན་ཕོབ་ཅིག༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས༔ རྩ་བའི་བླ་མས་བྱིན་ཕོབ་ཅིག༔ རིག་འཛིན་རྩ་བརྒྱུད་བླ་མ་རྣམས༔ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ གང་འདུལ་ཐུགས་རྗེས་སྐུ་བསྐྱོད་ལ༔ སྒྲུབ་པའི་རྣལ་འབྱོར་གནས་རྟེན་ལ༔ དབང་དང་དངོས་གྲུབ་བྱིན་ཕོབ་ཅིག༔ བརྒྱུད་འཛིན་རྗེས་སུ་བཟུང་བར་གསོལ༔ འགྱུར་མེད་ཡེ་ཤེས་གཞལ་ཡས་ནས༔ འཇམ་དཔལ་སྐུ་ཡིས་བྱིན་ཕོབ་ཅིག༔ འགགས་མེད་རྡོ་རྗེའི་ཕོ་བྲང་ནས༔ པདྨ་གསུང་གིས་བྱིན་ཕོབ་ཅིག༔ ཆོས་དབྱིངས་ལྷུན་འབྱམས་ཀློང་ཆེན་ནས༔ ཡང་དག་ཐུགས་ཀྱིས་བྱིན་ཕོབ་ཅིག༔ ཡོན་ཏན་ལྷུན་གྲུབ་དཀྱིལ་འཁོར་ནས༔ ཆེ་མཆོག་ཡོན་ཏན་བྱིན་ཕོབ་ཅིག༔ ཕྲིན་ལས་ཡོངས་གྲུབ་གཞལ་ཡས་ནས༔ ཡེ་ཤེས་ཕུར་པས་བྱིན་ཕོབ་ཅིག༔ འཁོར་འདས་རྫོགས་པའི་དབྱིངས་ཆེན་མོ༔ རྦོད་གཏོང་མ་མོས་བྱིན་ཕོབ་ཅིག༔ འོག་མིན་བདེ་ཆེན་གཞལ་ཡས་ནས༔ རིག་འཛིན་བླ་མས་བྱིན་ཕོབ་ཅིག༔ དྲེགས་པ་ཚར་གཅོད་དཀྱིལ་འཁོར་ནས༔ དྲག་སྔགས་ལྷ་ཚོགས་བྱིན་ཕོབ་ཅིག༔ རང་སྣང་ལྷུན་གྲུབ་དཀྱིལ་འཁོར་ནས༔ མཆོད་བསྟོད་ལྷ་ཚོགས་བྱིན་ཕོབ་ཅིག༔ མངོན་སྤྱོད་རོལ་པའི་དཀྱིལ་འཁོར་ནས༔ བཀའ་སྡོད་སྤྲུལ་པས་བྱིན་ཕོབ་ཅིག༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ གུ་རུ་དྲག་པོས་བྱིན་ཕོབ་ཅིག༔ བདེ་ཆེན་དྲག་པོའི་དཀྱིལ་འཁོར་ནས༔ རྡོ་རྗེ་ཁྲོ་ལོད་བྱིན་ཕོབ་ཅིག༔ མཁའ་སྤྱོད་ཁྲག་མཚོ་མེ་འབར་ནས༔ ཞིང་སྐྱོང་མགོན་པོས་བྱིན་ཕོབ་ཅིག༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ བཀའ་སྲུང་ཆོས་སྐྱོང་བྱིན་ཕོབ་ཅིག༔ སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་དྲལ༔ འཇའ་ལུས་ཆེན་པོར་བྱིན་གྱིས་རློབས༔ སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདི༔ སྨིན་གྲོལ་དབང་བྱིན་མཛོད་དུ་རློབས༔ སྒྲུབ་ཁང་གཞལ་ཡས་འབར་བ་འདི༔ པདྨ་འོད་དུ་བྱིན་གྱིས་རློབས༔ སྒྲུབ་པའི་གནས་མཆོག་དམ་པ་འདི༔ འོག་མིན་ཞིང་དུ་བྱིན་གྱིས་རློབས༔ སྒྲུབ་རྫས་རྟེན་མཆོག་དམ་རྫས་རྣམས༔ རྡོ་རྗེ་གསུམ་གྱི་ངོ་བོར་རློབས༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ དངོས་གྲུབ་བདག་རྣམས་དངོས་གྲུབ་སྩོལ༔ ཕྲིན་ལས་བདག་པོས་ཕྲིན་ལས་སྒྲུབས༔ སྟོབས་ལྡན་རྣམས་ཀྱིས་བསྟན་པ་སྲུངས༔ སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ དབང་དང་དངོས་གྲུབ་བྱིན་ཕོབ་ཅིག༔ བྱིན་རླབས་ན་བུན་ཐིབས་སེ་ཐིབ༔ དངོས་གྲུབ་སྦྲང་ཆར་ཤ་ར་ར༔ དབང་གི་སྤྲིན་ཕུང་ཏ་ལ་ལ༔ ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་ཚོགས༔ རྡོ་རྗེ་གསུམ་གྱི་ངོ་བོ་ཉིད༔ རྣལ་འབྱོར་སྒོ་གསུམ་ལ་ཐིམ་པས༔ ཧེ་རུའི་དཔལ་དུ་བྱིན་གྱིས་རློབས༔ ཨོཾ་གུ་རུ་བཱིདྱ་དྷཱ་ར་དཱེ་ཝ་ཌཱ་ཀི་ནཱི་ཀ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་བེ་ཤ་ཡ་ཨ་ཨ༔ ས་མ་ཡ་ཛ་ཛཿཨེ་ཨ་རལླི་ཕེཾ་ཕེཾ༔ ལན་གསུམ་བརྗོད༔ འདི་ཡིས་བྱིན་རླབས་དངོས་གྲུབ་འགྲུབ༔ མོས་གུས་གནད་དང་ལྡན་པའི་ངང་༔ ཐུགས་རྗེའི་རྒྱུད་བསྐུལ་དམིགས་གསལ་བྱ༔ བར་ཆད་གེགས་རྣམས་ཀུན་ལས་གྲོལ༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་མཁའ་འགྲོའི་བརྡ་རིས་ལས་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=01
|volumeLetter=KA
|textnuminvol=040
|pdflink=File:TTDL-ZABTER-01-KA-040.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-01-KA
}}
<h1>Tibetan Text</h1>
<onlyinclude>
{{TibP|༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་བདུད་འཇོམས་རྡོ་རྗེའི་སྒྲུབ་སྐོར་གྱི༔ བྱིན་འབེབས་བདེ་ཆེན་བཅུད་འཁྱིལ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༣༧༡༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བདག་དང་དཀྱིལ་འཁོར་སྒྲུབ་པའི་རྫས༔ ཡེ་ཤེས་ཆེན་པོར་རྒྱས་འདེབས་ཕྱིར༔ བྱིན་ཆེན་དབབ་པའི་རིམ་པ་ནི༔ སྤོས་བདུག་རོལ་མོ་སྣ་ཚོགས་དཀྲོལ༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཞིང་ཁམས་ནས༔ ཀུན་བཟང་ཡབ་ཡུམ་བྱིན་ཕོབ་ཅིག༔ རྣམ་དག་དབུགས་འབྱིན་ཞིང་ཁམས་ནས༔ རིགས་ལྔའི་སངས་རྒྱས་བྱིན་ཕོབ་ཅིག༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ ཕྱག་ན་རྡོ་རྗེས་བྱིན་ཕོབ་ཅིག༔ གཞོན་ནུ་བུམ་སྐུའི་གཞལ་ཡས་ནས༔ དགའ་རབ་རྡོ་རྗེས་བྱིན་ཕོབ་ཅིག༔ འཇའ་ལུས་སྒྱུ་མའི་ཕོ་བྲང་ནས༔ ཤྲཱི་སེང་ཧས་བྱིན་ཕོབ་ཅིག༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ ཧཱུྃ་ཆེན་ཀཱ་རས་བྱིན་ཕོབ་ཅིག༔ སྐུ་ལ་རྫོགས་པའི་དུར་ཁྲོད་ནས༔ འཇམ་དཔལ་བཤེས་གཉེན་བྱིན་ཕོབ་ཅིག༔ ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ ཀླུ་སྒྲུབ་སྙིང་པོས་བྱིན་ཕོབ་ཅིག༔ གསང་ཆེན་རོལ་པའི་དུར་ཁྲོད་ནས༔ པྲ་བྷ་ཧསྟིས་བྱིན་ཕོབ་ཅིག༔ དུར་ཁྲོད་ཆེན་པོ་དཔལ་བརྩེགས་ནས༔ དྷ་ན་སཾསྐྲྀས་བྱིན་ཕོབ་ཅིག༔ དུར་ཁྲོད་ལྷུན་གྲུབ་བརྩེགས་པ་ནས༔ བི་མ་མི་ཏྲས་བྱིན་ཕོབ་ཅིག༔ དུར་ཁྲོད་ལང་ཀ་བརྩེགས་པ་ནས༔ རམྦུ་གུ་ཧྱས་བྱིན་ཕོབ་ཅིག༔ དུར་ཁྲོད་བདེ་ཆེན་བརྩེགས་པ་ནས༔ ཤཱནྟིཾ་གརྦྷས་བྱིན་ཕོབ་ཅིག༔ ཟངས་མདོག་དཔལ་རིའི་རྩེ་མོ་ནས༔ པདྨ་འབྱུང་གནས་བྱིན་ཕོབ་ཅིག༔ སྣང་སྲིད་ཟིལ་གནོན་གཞལ་ཡས་ནས༔ ཆོས་རྒྱལ་ཡབ་སྲས་བྱིན་ཕོབ་ཅིག༔ འཕོ་བ་ཆེན་པོའི་གཞལ་ཡས་ནས༔ ཡེ་ཤེས་མཚོ་རྒྱལ་བྱིན་ཕོབ་ཅིག༔ གྲུབ་པ་མངོན་གྱུར་གཞལ་ཡས་ནས༔ ཁྱེའུ་ཆུང་ལོ་ཙཱས་བྱིན་ཕོབ་ཅིག༔ ཡེ་ཤེས་སྒྱུ་མའི་སྐུ་བརྙེས་པ༔ རྗེ་འབངས་ཉེར་ལྔས་བྱིན་ཕོབ་ཅིག༔ རང་རིག་ཆོས་སྐུ་མངོན་གྱུར་པའི༔ རྒྱ་བོད་པཎ་གྲུབ་བྱིན་ཕོབ་ཅིག༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས༔ རྩ་བའི་བླ་མས་བྱིན་ཕོབ་ཅིག༔ རིག་འཛིན་རྩ་བརྒྱུད་བླ་མ་རྣམས༔ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ གང་འདུལ་ཐུགས་རྗེས་སྐུ་བསྐྱོད་ལ༔ སྒྲུབ་པའི་རྣལ་འབྱོར་གནས་རྟེན་ལ༔ དབང་དང་དངོས་གྲུབ་བྱིན་ཕོབ་ཅིག༔ བརྒྱུད་འཛིན་རྗེས་སུ་བཟུང་བར་གསོལ༔ འགྱུར་མེད་ཡེ་ཤེས་གཞལ་ཡས་ནས༔ འཇམ་དཔལ་སྐུ་ཡིས་བྱིན་ཕོབ་ཅིག༔ འགགས་མེད་རྡོ་རྗེའི་ཕོ་བྲང་ནས༔ པདྨ་གསུང་གིས་བྱིན་ཕོབ་ཅིག༔ ཆོས་དབྱིངས་ལྷུན་འབྱམས་ཀློང་ཆེན་ནས༔ ཡང་དག་ཐུགས་ཀྱིས་བྱིན་ཕོབ་ཅིག༔ ཡོན་ཏན་ལྷུན་གྲུབ་དཀྱིལ་འཁོར་ནས༔ ཆེ་མཆོག་ཡོན་ཏན་བྱིན་ཕོབ་ཅིག༔ ཕྲིན་ལས་ཡོངས་གྲུབ་གཞལ་ཡས་ནས༔ ཡེ་ཤེས་ཕུར་པས་བྱིན་ཕོབ་ཅིག༔ འཁོར་འདས་རྫོགས་པའི་དབྱིངས་ཆེན་མོ༔ རྦོད་གཏོང་མ་མོས་བྱིན་ཕོབ་ཅིག༔ འོག་མིན་བདེ་ཆེན་གཞལ་ཡས་ནས༔ རིག་འཛིན་བླ་མས་བྱིན་ཕོབ་ཅིག༔ དྲེགས་པ་ཚར་གཅོད་དཀྱིལ་འཁོར་ནས༔ དྲག་སྔགས་ལྷ་ཚོགས་བྱིན་ཕོབ་ཅིག༔ རང་སྣང་ལྷུན་གྲུབ་དཀྱིལ་འཁོར་ནས༔ མཆོད་བསྟོད་ལྷ་ཚོགས་བྱིན་ཕོབ་ཅིག༔ མངོན་སྤྱོད་རོལ་པའི་དཀྱིལ་འཁོར་ནས༔ བཀའ་སྡོད་སྤྲུལ་པས་བྱིན་ཕོབ་ཅིག༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ གུ་རུ་དྲག་པོས་བྱིན་ཕོབ་ཅིག༔ བདེ་ཆེན་དྲག་པོའི་དཀྱིལ་འཁོར་ནས༔ རྡོ་རྗེ་ཁྲོ་ལོད་བྱིན་ཕོབ་ཅིག༔ མཁའ་སྤྱོད་ཁྲག་མཚོ་མེ་འབར་ནས༔ ཞིང་སྐྱོང་མགོན་པོས་བྱིན་ཕོབ་ཅིག༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ བཀའ་སྲུང་ཆོས་སྐྱོང་བྱིན་ཕོབ་ཅིག༔ སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་དྲལ༔ འཇའ་ལུས་ཆེན་པོར་བྱིན་གྱིས་རློབས༔ སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདི༔ སྨིན་གྲོལ་དབང་བྱིན་མཛོད་དུ་རློབས༔ སྒྲུབ་ཁང་གཞལ་ཡས་འབར་བ་འདི༔ པདྨ་འོད་དུ་བྱིན་གྱིས་རློབས༔ སྒྲུབ་པའི་གནས་མཆོག་དམ་པ་འདི༔ འོག་མིན་ཞིང་དུ་བྱིན་གྱིས་རློབས༔ སྒྲུབ་རྫས་རྟེན་མཆོག་དམ་རྫས་རྣམས༔ རྡོ་རྗེ་གསུམ་གྱི་ངོ་བོར་རློབས༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ དངོས་གྲུབ་བདག་རྣམས་དངོས་གྲུབ་སྩོལ༔ ཕྲིན་ལས་བདག་པོས་ཕྲིན་ལས་སྒྲུབས༔ སྟོབས་ལྡན་རྣམས་ཀྱིས་བསྟན་པ་སྲུངས༔ སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ དབང་དང་དངོས་གྲུབ་བྱིན་ཕོབ་ཅིག༔ བྱིན་རླབས་ན་བུན་ཐིབས་སེ་ཐིབ༔ དངོས་གྲུབ་སྦྲང་ཆར་ཤ་ར་ར༔ དབང་གི་སྤྲིན་ཕུང་ཏ་ལ་ལ༔ ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་ཚོགས༔ རྡོ་རྗེ་གསུམ་གྱི་ངོ་བོ་ཉིད༔ རྣལ་འབྱོར་སྒོ་གསུམ་ལ་ཐིམ་པས༔ ཧེ་རུའི་དཔལ་དུ་བྱིན་གྱིས་རློབས༔ ཨོཾ་གུ་རུ་བཱིདྱ་དྷཱ་ར་དཱེ་ཝ་ཌཱ་ཀི་ནཱི་ཀ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་བེ་ཤ་ཡ་ཨ་ཨ༔ ས་མ་ཡ་ཛ་ཛཿཨེ་ཨ་རལླི་ཕེཾ་ཕེཾ༔ ལན་གསུམ་བརྗོད༔ འདི་ཡིས་བྱིན་རླབས་དངོས་གྲུབ་འགྲུབ༔ མོས་གུས་གནད་དང་ལྡན་པའི་ངང་༔ ཐུགས་རྗེའི་རྒྱུད་བསྐུལ་དམིགས་གསལ་བྱ༔ བར་ཆད་གེགས་རྣམས་ཀུན་ལས་གྲོལ༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་མཁའ་འགྲོའི་བརྡ་རིས་ལས་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 4 June 2024

Wylie title TTDL-ZABTER-01-KA-040.pdf
Location bdud 'joms gling pa zab gter
Volume 1, Text 40, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་བདུད་འཇོམས་རྡོ་རྗེའི་སྒྲུབ་སྐོར་གྱི༔ བྱིན་འབེབས་བདེ་ཆེན་བཅུད་འཁྱིལ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༣༧༡༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བདག་དང་དཀྱིལ་འཁོར་སྒྲུབ་པའི་རྫས༔ ཡེ་ཤེས་ཆེན་པོར་རྒྱས་འདེབས་ཕྱིར༔ བྱིན་ཆེན་དབབ་པའི་རིམ་པ་ནི༔ སྤོས་བདུག་རོལ་མོ་སྣ་ཚོགས་དཀྲོལ༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཞིང་ཁམས་ནས༔ ཀུན་བཟང་ཡབ་ཡུམ་བྱིན་ཕོབ་ཅིག༔ རྣམ་དག་དབུགས་འབྱིན་ཞིང་ཁམས་ནས༔ རིགས་ལྔའི་སངས་རྒྱས་བྱིན་ཕོབ་ཅིག༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ ཕྱག་ན་རྡོ་རྗེས་བྱིན་ཕོབ་ཅིག༔ གཞོན་ནུ་བུམ་སྐུའི་གཞལ་ཡས་ནས༔ དགའ་རབ་རྡོ་རྗེས་བྱིན་ཕོབ་ཅིག༔ འཇའ་ལུས་སྒྱུ་མའི་ཕོ་བྲང་ནས༔ ཤྲཱི་སེང་ཧས་བྱིན་ཕོབ་ཅིག༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ ཧཱུྃ་ཆེན་ཀཱ་རས་བྱིན་ཕོབ་ཅིག༔ སྐུ་ལ་རྫོགས་པའི་དུར་ཁྲོད་ནས༔ འཇམ་དཔལ་བཤེས་གཉེན་བྱིན་ཕོབ་ཅིག༔ ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ ཀླུ་སྒྲུབ་སྙིང་པོས་བྱིན་ཕོབ་ཅིག༔ གསང་ཆེན་རོལ་པའི་དུར་ཁྲོད་ནས༔ པྲ་བྷ་ཧསྟིས་བྱིན་ཕོབ་ཅིག༔ དུར་ཁྲོད་ཆེན་པོ་དཔལ་བརྩེགས་ནས༔ དྷ་ན་སཾསྐྲྀས་བྱིན་ཕོབ་ཅིག༔ དུར་ཁྲོད་ལྷུན་གྲུབ་བརྩེགས་པ་ནས༔ བི་མ་མི་ཏྲས་བྱིན་ཕོབ་ཅིག༔ དུར་ཁྲོད་ལང་ཀ་བརྩེགས་པ་ནས༔ རམྦུ་གུ་ཧྱས་བྱིན་ཕོབ་ཅིག༔ དུར་ཁྲོད་བདེ་ཆེན་བརྩེགས་པ་ནས༔ ཤཱནྟིཾ་གརྦྷས་བྱིན་ཕོབ་ཅིག༔ ཟངས་མདོག་དཔལ་རིའི་རྩེ་མོ་ནས༔ པདྨ་འབྱུང་གནས་བྱིན་ཕོབ་ཅིག༔ སྣང་སྲིད་ཟིལ་གནོན་གཞལ་ཡས་ནས༔ ཆོས་རྒྱལ་ཡབ་སྲས་བྱིན་ཕོབ་ཅིག༔ འཕོ་བ་ཆེན་པོའི་གཞལ་ཡས་ནས༔ ཡེ་ཤེས་མཚོ་རྒྱལ་བྱིན་ཕོབ་ཅིག༔ གྲུབ་པ་མངོན་གྱུར་གཞལ་ཡས་ནས༔ ཁྱེའུ་ཆུང་ལོ་ཙཱས་བྱིན་ཕོབ་ཅིག༔ ཡེ་ཤེས་སྒྱུ་མའི་སྐུ་བརྙེས་པ༔ རྗེ་འབངས་ཉེར་ལྔས་བྱིན་ཕོབ་ཅིག༔ རང་རིག་ཆོས་སྐུ་མངོན་གྱུར་པའི༔ རྒྱ་བོད་པཎ་གྲུབ་བྱིན་ཕོབ་ཅིག༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས༔ རྩ་བའི་བླ་མས་བྱིན་ཕོབ་ཅིག༔ རིག་འཛིན་རྩ་བརྒྱུད་བླ་མ་རྣམས༔ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ གང་འདུལ་ཐུགས་རྗེས་སྐུ་བསྐྱོད་ལ༔ སྒྲུབ་པའི་རྣལ་འབྱོར་གནས་རྟེན་ལ༔ དབང་དང་དངོས་གྲུབ་བྱིན་ཕོབ་ཅིག༔ བརྒྱུད་འཛིན་རྗེས་སུ་བཟུང་བར་གསོལ༔ འགྱུར་མེད་ཡེ་ཤེས་གཞལ་ཡས་ནས༔ འཇམ་དཔལ་སྐུ་ཡིས་བྱིན་ཕོབ་ཅིག༔ འགགས་མེད་རྡོ་རྗེའི་ཕོ་བྲང་ནས༔ པདྨ་གསུང་གིས་བྱིན་ཕོབ་ཅིག༔ ཆོས་དབྱིངས་ལྷུན་འབྱམས་ཀློང་ཆེན་ནས༔ ཡང་དག་ཐུགས་ཀྱིས་བྱིན་ཕོབ་ཅིག༔ ཡོན་ཏན་ལྷུན་གྲུབ་དཀྱིལ་འཁོར་ནས༔ ཆེ་མཆོག་ཡོན་ཏན་བྱིན་ཕོབ་ཅིག༔ ཕྲིན་ལས་ཡོངས་གྲུབ་གཞལ་ཡས་ནས༔ ཡེ་ཤེས་ཕུར་པས་བྱིན་ཕོབ་ཅིག༔ འཁོར་འདས་རྫོགས་པའི་དབྱིངས་ཆེན་མོ༔ རྦོད་གཏོང་མ་མོས་བྱིན་ཕོབ་ཅིག༔ འོག་མིན་བདེ་ཆེན་གཞལ་ཡས་ནས༔ རིག་འཛིན་བླ་མས་བྱིན་ཕོབ་ཅིག༔ དྲེགས་པ་ཚར་གཅོད་དཀྱིལ་འཁོར་ནས༔ དྲག་སྔགས་ལྷ་ཚོགས་བྱིན་ཕོབ་ཅིག༔ རང་སྣང་ལྷུན་གྲུབ་དཀྱིལ་འཁོར་ནས༔ མཆོད་བསྟོད་ལྷ་ཚོགས་བྱིན་ཕོབ་ཅིག༔ མངོན་སྤྱོད་རོལ་པའི་དཀྱིལ་འཁོར་ནས༔ བཀའ་སྡོད་སྤྲུལ་པས་བྱིན་ཕོབ་ཅིག༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ གུ་རུ་དྲག་པོས་བྱིན་ཕོབ་ཅིག༔ བདེ་ཆེན་དྲག་པོའི་དཀྱིལ་འཁོར་ནས༔ རྡོ་རྗེ་ཁྲོ་ལོད་བྱིན་ཕོབ་ཅིག༔ མཁའ་སྤྱོད་ཁྲག་མཚོ་མེ་འབར་ནས༔ ཞིང་སྐྱོང་མགོན་པོས་བྱིན་ཕོབ་ཅིག༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ བཀའ་སྲུང་ཆོས་སྐྱོང་བྱིན་ཕོབ་ཅིག༔ སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་དྲལ༔ འཇའ་ལུས་ཆེན་པོར་བྱིན་གྱིས་རློབས༔ སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདི༔ སྨིན་གྲོལ་དབང་བྱིན་མཛོད་དུ་རློབས༔ སྒྲུབ་ཁང་གཞལ་ཡས་འབར་བ་འདི༔ པདྨ་འོད་དུ་བྱིན་གྱིས་རློབས༔ སྒྲུབ་པའི་གནས་མཆོག་དམ་པ་འདི༔ འོག་མིན་ཞིང་དུ་བྱིན་གྱིས་རློབས༔ སྒྲུབ་རྫས་རྟེན་མཆོག་དམ་རྫས་རྣམས༔ རྡོ་རྗེ་གསུམ་གྱི་ངོ་བོར་རློབས༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ དངོས་གྲུབ་བདག་རྣམས་དངོས་གྲུབ་སྩོལ༔ ཕྲིན་ལས་བདག་པོས་ཕྲིན་ལས་སྒྲུབས༔ སྟོབས་ལྡན་རྣམས་ཀྱིས་བསྟན་པ་སྲུངས༔ སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ དབང་དང་དངོས་གྲུབ་བྱིན་ཕོབ་ཅིག༔ བྱིན་རླབས་ན་བུན་ཐིབས་སེ་ཐིབ༔ དངོས་གྲུབ་སྦྲང་ཆར་ཤ་ར་ར༔ དབང་གི་སྤྲིན་ཕུང་ཏ་ལ་ལ༔ ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་ཚོགས༔ རྡོ་རྗེ་གསུམ་གྱི་ངོ་བོ་ཉིད༔ རྣལ་འབྱོར་སྒོ་གསུམ་ལ་ཐིམ་པས༔ ཧེ་རུའི་དཔལ་དུ་བྱིན་གྱིས་རློབས༔ ཨོཾ་གུ་རུ་བཱིདྱ་དྷཱ་ར་དཱེ་ཝ་ཌཱ་ཀི་ནཱི་ཀ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་བེ་ཤ་ཡ་ཨ་ཨ༔ ས་མ་ཡ་ཛ་ཛཿཨེ་ཨ་རལླི་ཕེཾ་ཕེཾ༔ ལན་གསུམ་བརྗོད༔ འདི་ཡིས་བྱིན་རླབས་དངོས་གྲུབ་འགྲུབ༔ མོས་གུས་གནད་དང་ལྡན་པའི་ངང་༔ ཐུགས་རྗེའི་རྒྱུད་བསྐུལ་དམིགས་གསལ་བྱ༔ བར་ཆད་གེགས་རྣམས་ཀུན་ལས་གྲོལ༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་མཁའ་འགྲོའི་བརྡ་རིས་ལས་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།།།