TTDL-ZABTER-06-CHA-029: Difference between revisions
From Dudjom Wiki
TTDL-ZABTER-06-CHA-029
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
དབུ་ཁྲིད་བརྡ་ཡིག༔ ༤༩༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་གསང་བ་འདུས་པའི་སྣང་སྲིད་ཕུར་པའི་གདབ་འདྲེན་བཞུགས༔ | {{Text | ||
དབུ་ཁྲིད་བརྡ་ཡིག༔ ༤༩༢ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༔ ༤༩༢དགྲ་བོ་བསད་ཅིང་འདྲེན་པ་དང་༔ བསྒྲལ་བའི་ཕྲིན་ལས་གྲུབ་པའི་ཕྱིར༔ སྣང་སྲིད་ཕུར་པའི་གདབ་འདྲེན་བསྟན༔ སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས༔ ས་མ་ཡ༔ ཧཱུྃ༔ རང་ཉིད་ཡི་དམ་དྲག་པོ་ཧེ་རུ་ཀར་གསལ་བའི་ལག་གཡས་ཟླ་བའི་དཀྱིལ་འཁོར་ལ༔ སོར་མོ་རྣམས་ཨོཾཿཧཱུྃཿཏྲཱཾཿཧྲཱིཿཨཱཿརྣམས་ཡོངས་སུ་གྱུར་པ་ལས༔ བུདྡྷ་ཧེ་རུ་ཀ་མཐིང་ནག༔ བཛྲ་ཧེ་རུ་ཀ་དཀར་སྐྱ༔ རཏྣ་ཧེ་རུ་ཀ་སེར་གསལ༔ པདྨ་ཧེ་རུ་ཀ་དམར་ནག༔ ཀརྨ་ཧེ་རུ་ཀ་ལྗང་ནག༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཤིན་ཏུ་ཁྲོ་ཞིང་གཏུམ་པ་དུར་ཁྲོད་ཀྱི་ཆས་རྫོགས་པ༔ ཕྱག་གཉིས་རྡོ་རྗེ་དང་ཐོད་ཁྲག་འཛིན་པ་ཞབས་གཉིས་གྱད་སྟབས་ཀྱིས་ཟླ་བའི་གདན་ལ་རོལ་པར་བསམ༔ རང་གི་ལག་པ་གཡོན་པ་ཉི་མའི་དཀྱིལ་འཁོར་ལ༔ སོར་མོ་རྣམས་མཱུཾཿལཱཾཿམཱཾཿཔཱཾཿཏཱཾཿལས་བུདྡྷ་ཀྲོ་ཏི་མཐིང་སྐྱ༔ བཛྲ་ཀྲོ་ཏི་དཀར་སྔོན༔ རཏྣ་ཀྲོ་ཏི་སེར་སྐྱ༔ པདྨ་ཀྲོ་ཏི་དམར་སྐྱ༔ ཀརྨ་ཀྲོ་ཏི་ལྗང་སྐྱ༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཁྲོ་མོའི་ཆས་ཐམས་ཅད་རྫོགས་པ༔ ཕྱག་གཉིས་པདྨ་དང་ཐོད་ཁྲག་འཛིན་པ་ཞབས་གཉིས་གར་སྟབས་ཀྱིས་ཉི་མའི་གདན་ལ་རོལ་པར་བསམ༔ ཆོས་ཉིད་བདེ་བ་ཆེན་པོའི་རང་གདངས༔ ཨ་ནིརྟི་རཱ་ག་ཡ་མི་ཞེས་བརྡས་བསྐུལ་བས་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་༔ འོད་ཟེར་གྱི་ཚོགས་སྤྲོས་པས་རྒྱལ་བ་རྣམས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལྷ་ཡབ་རྣམས་ཀྱི་སྤྱི་བོའི་ཨོཾ་ཡིག་ལ་ཐིམ༔ ཨོཾ་ཡིག་འོད་དུ་ཞུ་བ་མགྲིན་པའི་ཨཱཿལ་ཐིམ༔ དེ་འོད་དུ་ཞུ་བ་ཐུགས་ཀའི་ཧཱུྃ་ལ་ཐིམ༔ ཐིག་ལེ་དཀར་ལ་དམར་མདངས་ཆགས་པ་མར་བབ་ལྟེ་བའི་སྭཱཿལ་ཕོག༔ དེ་འོད་དུ་ཞུ་ནས་འདྲེས་པ་གསང་གནས་ཀྱི་ཧཱཿདང་རོ་གཅིག་ཏུ་གྱུར་པས་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར༔ ཡབ་ཀྱི་རྡོ་རྗེ་ནས་ལཾཿབྱུང་སྟེ་ཡུམ་རྣམས་ཀྱི་མཁར་བབ་པ་བྱང་ཆུབ་སེམས་སྤྲིན་གྱི་རྣམ་པར་ཕྱིར་ཐོན་པ་ཧཱུྃ་ཡིག་མཐིང་ནག་མེ་འབར་བ་ལམ་གྱིས་བསྒོམ༔ དེ་ཡོངས་སུ་གྱུར་པ་ལས་སྲས་མཆོག་བཛྲ་ཀཱི་ལ་ཡ༔ མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་གྱི་མཆེ་བ་གཙིགས་པ༔ སྤྱན་གསུམ་སྡང་མིག་ཏུ་གཡོ་ཞིང་ཤངས་ནས་རླུང་ནག་འཚུབས་པ༔ སྨ་ར་དང་སྨིན་མ་ལས་མེ་འབར་བ༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འཁྱིལ་ཞིང་སྙན་གཉིས་ཉི་ཟླའི་འོད་ཟེར་འབར་བར་བསྒོམ༔ ཕྱག་དྲུག་གཡས་གསུམ་རྡོ་རྗེ་དང་འཁོར་ལོ་རྒྱ་གྲམ༔ གཡོན་གསུམ་བྷནྡྷ་མེ་དཔུང་གནམ་ལྕགས་ཀྱི་ཕུར་པ་འཛིན་པ༔ སྐུ་ཡི་ལྟེ་བ་ཟུར་གསུམ་ཟབ་པ༔ སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་རྣོ་ངར་ལྡན་པ་མགར་གྱི་སོལ་མལ་ནས་བྱུང་བ་ལྟ་བུ༔ ཆུ་སྲིན་གྱི་ཁ་ནས་སྦྲུལ་ཆུན་སྐྱུག་པ་དང་མཉམ་དུ་བྱུང་བ༔ དུག་གསུམ་རཱུ་ཏྲའི་སྙིང་ལ་གདབ་པ་དུར་ཁྲོད་དང་དཔལ་གྱི་ཆས་རྣམས་ཡོངས་སུ་རྫོགས་པ༔ དེའི་སྤྱི་བོར་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཨོཾ་དཀར་པོ་གསལ་བ་ལས་འོད་འཕྲོས་པས༔ རྒྱལ་བ་རྣམས་ཀྱི་སྐུ་ལ་མཉེས་པའི་མཆོད་པ་འབུལ༔ སྐུ་ཡི་བྱིན་རླབས་དངོས་གྲུབ་ཐམས་ཅད་དཀར་གསལ་འོད་ཀྱི་རྣམ་པར་སྤྱན་དྲངས་ཏེ་ཨོཾ་ཡིག་ལ་ཐིམ་པས་སྐུ་འགྱིང་བ་ཙམ་གྱིས་ཁམས་གསུམ་གཡོ་ནུས་པའི་དབང་དང་དངོས་གྲུབ་ཐོབ་པར་བསམ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀཱི་ལི་ཀཱི་ལ་ཡ་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ མགྲིན་པར་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿཡིག་དམར་གསལ་གསལ་བ་ལས་འོད་འཕྲོས་པས༔ རྒྱལ་བ་རྣམས་ཀྱི་གསུང་ལ་མཉེས་པའི་མཆོད་པ་འབུལ༔ གསུང་གི་བྱིན་རླབས་དངོས་གྲུབ་ཐམས་ཅད་དམར་གསལ་འོད་ཀྱི་རྣམ་པར་སྤྱན་དྲངས་ཏེ་ཨཱཿཡིག་ལ་ཐིམ་པས་གསུང་བསྒྲགས་པ་ཙམ་གྱིས་ཁམས་གསུམ་འཁོར་བ་དབྱིངས་སུ་སད་པར་བྱེད་པའི་དབང་དང་དངོས་གྲུབ་ཐོབ་པར་བསམ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀཱི་ལི་ཀཱི་ལ་ཡ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ཡིག་མཐིང་ནག་གསལ་བ་ལས་འོད་འཕྲོས་པས༔ རྒྱལ་བ་རྣམས་ཀྱི་ཐུགས་ལ་མཉེས་པའི་མཆོད་པ་འབུལ༔ ཐུགས་ཀྱི་དངོས་གྲུབ་ཐམས་ཅད་མཐིང་གསལ་འོད་ཀྱི་རྣམ་པར་སྤྱན་དྲངས་ཏེ་ཧཱུྃ་ཡིག་ལ་ཐིམ་པས་ཐུགས་གཡོ་བ་ཙམ་གྱིས་འཁོར་བ་ཀ་དག་གི་དབྱིངས་སུ་སྒྲོལ་བར་བྱེད་ནུས་པའི་དབང་དང་དངོས་གྲུབ་ཐོབ་པར་བསམ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཆེ་བ་བསྐྱེད་པ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བ་མ་ལུས་འདུས་པའི་སྐུ༔ དཔལ་ཆེན་སྲས་མཆོག་བཛྲ་ཀཱི་ལ་ཡ༔ འཁོར་འདས་ཡོངས་ཀྱི་སྲོག་དབང་འདུས་པའི་སྐུ༔ གྲགས་སྟོང་བརྗོད་བྲལ་སྐྱེ་མེད་རྡོ་རྗེའི་གསུང་༔ མི་གཡོ་འོད་གསལ་མཉམ་ཉིད་ཆོས་སྐུའི་ཐུགས༔ རང་བྱུང་དོན་གྱི་ལྷ་མཆོག་ཧེ་རུ་ཀ༔ ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ རྔམས་བརྗིད་ཁྲག་འཐུང་ཁྲོས་པའི་སྐུར་བཞེངས་ཤིག༔ མི་སྲུན་དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད༔ དེ་ནས་འཇམ་དཔལ་གྱི་ཕུར་པ་དཔྲལ་བར་གདབ་ལ༔ ཧཱུྃ༔ རྒྱལ་བ་ཀུན་གྱི་སྐུའི་དབང་ཕྱུག༔ འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ལྷ༔ སྒྱུ་འཕྲུལ་རོལ་པའི་ཡེ་ཤེས་ཕུར༔ དགྲ་བགེགས་གདུག་པའི་དཔྲལ་བར་གདབ༔ ཉོན་ཡིད་མཉམ་ཉིད་དབྱིངས་སུ་བཤིག༔ སྐུ་དང་ཡེ་ཤེས་ཆེན་པོར་སངས༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ དེ་ནས་རྟ་མགྲིན་གྱི་ཕུར་པ་མགྲིན་པར་གདབ༔ ཧཱུྃ༔ རྒྱལ་ཀུན་གསུང་གསང་འདུས་པའི་དཔལ༔ དབང་ཆེན་ཧྱ་གྲཱི་ཝ་ཡི༔ སྒྱུ་འཕྲུལ་རོལ་པའི་ཡེ་ཤེས་ཕུར༔ དགྲ་བགེགས་གདུག་པའི་མགྲིན་པར་གདབ༔ སྒོ་ལྔའི་རྣམ་ཤེས་འཁྲུལ་སྣང་ལམ༔ སོར་རྟོག་ཡེ་ཤེས་དབྱིངས་སུ་བཤིག༔ ཨོཾ་པདྨ་ཏ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དེ་ནས་ཡང་དག་གི་ཕུར་པ་སྙིང་གར་གདབ༔ ཧཱུྃ༔ རྒྱལ་ཀུན་ཐུགས་ཀྱི་གསང་ཆེན་པོ༔ ཡང་དག་ཁྲོས་པའི་རྒྱལ་པོ་ཡི༔ སྒྱུ་འཕྲུལ་རོལ་པའི་ཡེ་ཤེས་ཕུར༔ དགྲ་བགེགས་གདུག་པའི་སྙིང་གར་གདབ༔ ཀུན་གཞི་ཆོས་དབྱིངས་ཡེ་ཤེས་སུ༔ མ་བཅོས་རང་གྲོལ་ཉིད་དུ་སད༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ དེ་ནས་རྡོ་རྗེ་གཞོན་ནུའི་ཕུར་པ་ལྟེ་བར་གདབ༔ ཧཱུྃ༔ མི་འགྱུར་མི་ཤིགས་རྡོ་རྗེའི་ངང་༔ ཁྱབ་བདག་མི་གཡོ་ཆོས་ཀྱི་སྐུ༔ དཔལ་ཆེན་བཛྲ་ཀཱི་ལ་ཡི༔ སྒྱུ་འཕྲུལ་རོལ་པའི་ཡེ་ཤེས་ཕུར༔ དགྲ་བགེགས་གདུག་པའི་ལྟེ་བར་གདབ༔ ལས་རླུང་བྱ་གྲུབ་ཡེ་ཤེས་ངང་༔ གཡོ་མེད་ཆེན་པོར་མཱ་ར་ཡ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ མ་མོ་རྦོད་གཏོང་གི་ཕུར་པ་གསང་བར་གདབ་ལ༔ ཧཱུྃ༔ གདུག་བྱེད་ཁྲོས་པའི་ཧེ་རུ་ཀ༔ བླ་མེད་གསང་ཆེན་འདུས་པ་ཡི༔ སྒྱུ་འཕྲུལ་རོལ་པའི་ཡེ་ཤེས་ཕུར༔ དགྲ་བགེགས་གདུག་པའི་གསང་བར་གདབ༔ ཀུན་གཞིའི་རྣམ་ཤེས་མེ་ལོང་དབྱིངས༔ ཡེ་ཤེས་རོལ་པའི་ངང་དུ་ཕཊ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷི་ཤྭ་རི་སྟྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ བླ་མ་རིག་འཛིན་གྱི་ཕུར་པ་སྤྱི་བོར་གདབ༔ ཧཱུྃ༔ རིག་འཛིན་རྒྱལ་བ་ཀུན་གྱི་དངོས༔ མ་ཧཱ་གུ་རུ་འཁོར་བཅས་ཀྱི༔ སྒྱུ་འཕྲུལ་རོལ་པའི་ཡེ་ཤེས་ཕུར༔ དགྲ་བགེགས་གདུག་པའི་སྤྱི་བོར་གདབ༔ དུག་གསུམ་འཁྲུལ་པའི་འཁོར་ལོ་བཤིག༔ སྐྱེ་མེད་དབྱིངས་སུ་མཱ་ར་ཡ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ འཇིག་རྟེན་མཆོད་བསྟོད་ཀྱི་ཕུར་པ་བརླ་གཡས་སུ་གདབ༔ ཧཱུྃ༔ མཐུ་སྟོབས་དབང་ཕྱུག་ཧེ་རུ་ཀ༔ དྲེགས་པ་ཀུན་འདུལ་འཁོར་བཅས་ཀྱི༔ སྒྱུ་འཕྲུལ་རོལ་པའི་ཡེ་ཤེས་ཕུར༔ དགྲ་བགེགས་འཁོར་བའི་མཚོ་ལ་གདབ༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཀུན༔ ཆོས་ཉིད་དག་པའི་འཁོར་ལོ་བཤིག༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུྃ་ཕཊ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ དམོད་པ་དྲག་སྔགས་ཀྱི་ཕུར་པ་བརླ་གཡོན་པར་གདབ་ལ༔ ཧཱུྃ༔ དྲག་སྔགས་དམོད་པ་ལས་ཀྱི་བདག༔ སྟོབས་ལྡན་ནག་པོ་འཁོར་བཅས་ཀྱི༔ སྒྱུ་འཕྲུལ་རོལ་པའི་ཡེ་ཤེས་ཕུར༔ དགྲ་བགེགས་ཉོན་མོངས་ཁྲག་མཚོར་གདབ༔ ཁམས་གསུམ་འཁོར་བའི་འཁྲུལ་སྣང་ཀུན༔ ཀ་དག་བློ་འདས་ཆེན་པོར་སངས༔ ཨོཾ་བཛྲ་སརྦ་དུཥྚན་ཧཱུྃ་ཕཊ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཆེ་མཆོག་གི་ཕུར་པ་སྙིང་གར་གདབ་ལ༔ ཧཱུྃ༔ ཁྱབ་བདག་རྡོ་རྗེ་ཆོས་ཀྱི་སྐུ༔ ཀུན་ཁྱབ་ཀུན་གཟིགས་མཁྱེན་པའི་དབྱིངས༔ ངང་ནས་མངོན་གྱུར་ཡེ་ཤེས་ཕུར༔ ཞིང་བཅུ་ཚང་བའི་དགྲ་བགེགས་ཀྱི༔ སྙིང་གི་དཀྱིལ་དུ་ཀཱི་ལ་ཡ༔ ཉོན་མོངས་རྩ་ལ་ཀཱི་ལ་ཡ༔ འགྱུ་བྱེད་དབུགས་ལ་ཀཱི་ལ་ཡ༔ གཡོ་བྱེད་ཡིད་ལ་ཀཱི་ལ་ཡ༔ འཁྲུལ་གཟུགས་ཕུང་པོར་ཀཱི་ལ་ཡ༔ གཟུང་འཛིན་གདོན་ལ་ཀཱི་ལ་ཡ༔ དུག་གསུམ་སྐུ་གསུམ་ཀློང་དུ་བཤིག༔ དུག་ལྔ་ཡེ་ཤེས་ལྔ་རུ་བཤིག༔ ཉོན་འཁྲུལ་ཆོས་ཕུང་དབྱིངས་སུ་བཤིག༔ མ་རིག་རིག་སྟོང་ངང་དུ་བཤིག༔ ཆོས་ཉིད་བདེ་ཆེན་ངང་དུ་ཕཊ༔ འཁྲུལ་མེད་དབྱིངས་སུ་སངས་རྒྱས་སོ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཅེས་གདབ་པས་འཁྲུལ་སྣང་ཆོས་ཉིད་ཀྱི་འཁོར་ལོ་སད༔ ཉོན་མོངས་འཁྲུལ་པའི་རྟོག་ཚོགས་ཐམས་ཅད་སྐུ་གསུམ་བདེ་བ་ཆེན་པོ་གཞོམ་བྲལ་བློ་ལས་འདས་པ་ཀ་དག་རྫོགས་པ་ཆེན་པོ་མཉམ་ཉིད་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པར་བསམ༔ དེ་ནས་ཚེ་ཁྲུས་གནས་གསུམ་གྱི་དགོངས་པས་ཚར་བཅད་པ་ནི༔ ཡེ་ཤེས་ལྔ་ལྡན་གྱི་ཕུར་པ་དགྲ་བགེགས་ཀྱི་སྙིང་གར་ཚད་པ་ཙམ་གྱིས་བླ་ཡི་ངོ་བོ་ཨ་ཡིག་དཀར་པོ་རྡོ་ཁབ་ལེན་གྱིས་ལྕགས་བླང་བ་ལྟར་ཕུར་པའི་ཁོངས་སུ་འུབ་ཏུ་འདུས་ཏེ་ཕུར་པ་ལ་ཐིམ་པས་ཕུར་པ་ངང་མེར་གྱིས་སོང་བར་བསམ༔ ཡང་ཕུར་པ་དགྲ་བགེགས་ཀྱི་སྙིང་གར་གདབ་པས་ཚེ་བསོད་ནམས་ཀྱི་ངོ་བོ་ནྲྀཿཡིག་ལྗང་གུའི་རྣམ་པར་འོ་མ་ལས་མར་དྲངས་པ་ལྟར་ཕུར་པའི་རྩེ་མོར་འདུས་ཏེ་ཁོང་གསེང་ནས་ཡར་དྲངས༔ དྲི་མ་ཉེས་སྐྱོན་ཐམས་ཅད་སྦྱངས་ནས་སྤྱི་བོ་ནས་ཡར་ཐོན་རང་ཡི་དམ་གྱི་ཐུགས་ཀའི་སྙིང་པོ་ལ་ཐིམ་པས་བདག་ཡི་དམ་གྱི་སྐུ་གསུང་ཐུགས་ཀྱི་ནུས་པ་རབ་ཏུ་འབར་ཞིང་རྒྱས་པར་བསམ༔ ཡང་ཕུར་པ་དགྲ་བགེགས་ཀྱི་སྙིང་གར་གདབ་པས་ཁྲག་གི་དྭངས་མ་རྒྱ་སྲན་གྱི་གྭའུ་ཙམ་པ་དེ་མར་ལ་ལྕགས་བསྲེག་ཕོག་པ་བཞིན་དུ་བསྐུམ༔ རླུང་གི་དྭངས་མ་དེ་ན་བུན་ནམ་མཁར་འདྲེས་པ་བཞིན་དུ་གཏོར༔ རྣམ་པར་ཤེས་པ་ཨ་དཀར་པོ་དྲི་མ་མེད་པ་ཞིག་ཏུ་གྱུར་པ་ཕུར་པའི་རྩེ་མོའི་ཧཱུྃ་གསུམ་གྱིས་ཙེན་གྱི་བླང་བས་སྒོ་གསུམ་གྱི་ལས་དང་བག་ཆགས་ཐམས་ཅད་སྦྱངས༔ ཧཱུྃ་གསུམ་དང་འདྲེས་པས་སྐུ་གསུམ་གྱི་དགོངས་པར་འཕོས༔ འོད་ཀྱི་ཐིག་ལེ་མཐིང་ག་ཞིག་ཏུ་གྱུར་པ་འོག་མིན་གྱི་གནས་མགོན་པོ་དཔལ་ཧེ་རུ་ཀའི་ཐུགས་ཀར་ཐིམ་པས་འཁྲུལ་མི་ཤེས་པའི་དབྱིངས་སུ་སངས་རྒྱས་པར་བསམ༔ ཨ་ཕཊ༔ ནིརྨ་ཀཱ་ཡ༔ ཨ་ཕཊ༔ སཾ་བྷོ་ཀཱ་ཡ༔ ཨ་ཕཊ༔ དྷརྨ་ཀཱ་ཡ༔ ཞེས་བརྗོད་པས་དཔལ་ཧེ་རུའི་ཐུགས་ཀའི་ཧཱུྃ་ཡིག་ཡར་འཕར་ཏེ་མགྲིན་པའི་ཨཱཿདང་འདྲེས༔ ཡར་འཕར་སྤྱི་བོའི་ཨོཾ་ཡིག་ལ་ཐིམ༔ ཨོཾ་ཡིག་འོད་དུ་ཞུ་ནས་དྷཱུ་ཏི་ནས་མར་བབ་བདེ་སྐྱོང་གི་འཁོར་ལོར་བབ་ཧཱུྃ་ཡིག་གི་རྣམ་པར་ཡུམ་མཁར་བབས༔ མཁའ་གསང་ནས་ཕྱིར་འདོན་ནས་གཙོ་བོ་དང་ཆ་འདྲ་བའི་སྲས་ཀྱི་རྣམ་པར་གྱུར་པར་བསམ་མོ༔ དེ་ནས་རཀྟ་ཁྲག་མཆོད་འབུལ་བ་ནི༔ རྟེན་འབྲེལ་བཅུ་གཉིས་ཀྱི་རྩ་བ་མ་རིག་པ་བསྒྲལ་བའི་ཁྲག་ཆེན་དགྲ་བགེགས་ཀྱི་རྐྱང་མ་སོགས་རྩ་རྣམས་ནས་བྱུང་སྟེ་ཁོལ་ཞིང་ལྷུད་པར་བསྒོམ༔ ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་འཁོར་བཅས་ཀྱིས༔ རཀྟ་དམར་གྱི་ཨརྒྷ་འདི་བཞེས་ལ༔ འཁོར་བ་ཀ་ནས་དག་པའི་ཕྲིན་ལས་མཛོད༔ ཧཱུྃ༔ སྨུག་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་འཁོར་བཅས་ཀྱིས༔ རཀྟ་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་བཟློག་བསྒྱུར་ཕྲིན་ལས་མཛོད༔ ཧཱུྃ༔ སེར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་འཁོར་བཅས་ཀྱིས༔ རཏྐ་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་འགུགས་བསྒྲལ་ཕྲིན་ལས་མཛོད༔ ཧཱུྃ༔ དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས་འཁོར་བཅས་ཀྱིས༔ རཀྟ་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་བསད་མནན་ཕྲིན་ལས་མཛོད༔ ཧཱུྃ༔ ལྗང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་འཁོར་བཅས་ཀྱིས༔ རཀྟ་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་བསྒྲལ་འདྲེན་ཕྲིན་ལས་མཛོད༔ ཧཱུྃ༔ མ་མོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ རྦོད་གཏོང་མ་མོའི་ལྷ་ཚོགས་འཁོར་བཅས་ཀྱིས༔ རཀྟ་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་བསྒྲལ་འདྲེན་ཕྲིན་ལས་མཛོད༔ ཧཱུྃ༔ རིག་འཛིན་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ བླ་མ་རིག་འཛིན་ལྷ་ཚོགས་འཁོར་བཅས་ཀྱིས༔ རཀྟ་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་བསྒྲལ་འདྲེན་ཕྲིན་ལས་མཛོད༔ ཧཱུྃ༔ མཆོད་བསྟོད་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ དྲེགས་པ་ཟིལ་གནོན་ཡབ་ཡུམ་འཁོར་བཅས་ཀྱིས༔ རཀྟ་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་བསྒྲལ་འདྲེན་ཕྲིན་ལས་མཛོད༔ ཧཱུྃ༔ དྲག་སྔགས་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ སྟོབས་ལྡན་ནག་པོ་ཡབ་ཡུམ་འཁོར་བཅས་ཀྱིས༔ རཀྟ་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་བསྒྲལ་འདྲེན་ཕྲིན་ལས་མཛོད༔ ཧཱུྃ༔ དཀྱིལ་འཁོར་ཕྱི་རིམ་ཡངས་པའི་འཁོར་ཡུག་ནས༔ དཔལ་གྱི་བཀའ་སྡོད་ལྷ་ཚོགས་འཁོར་བཅས་ཀྱིས༔ རཀྟ་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད༔ ཅེས་རཀྟ་བྲན༔ དེ་ནས་དགྲ་བགེགས་ཀྱི་ཤ་རུས་རྣམས་འདོད་ཡོན་ལོངས་སྤྱོད་ཀྱི་དམ་རྫས་སུ་དམིགས་ལ་འབུལ་བ་ནི༔ ཧཱུྃ༔ དབུས་ཕྱོགས་གྲུ་གསུམ་ཨེ་ཡི་དཀྱིལ་འཁོར་ནས༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་འཁོར་བཅས་ཀྱིས༔ འདོད་འབྱུང་ལོངས་སྤྱོད་དཔལ་གྱི་གཏོར་མ་རོལ༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃ༔ ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་འཁོར་བཅས་ཀྱིས༔ འདོད་འབྱུང་ལོངས་སྤྱོད་དཔལ་གྱི་གཏོར་མ་རོལ༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔ ཧཱུྃ༔ ལྷོ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་འཁོར་བཅས་ཀྱིས༔ འདོད་འབྱུང་ལོངས་སྤྱོད་དཔལ་གྱི་གཏོར་མ་རོལ༔ ཚེ་དང་བསོད་ནམས་རྒྱས་པའི་དངོས་གྲུབ་སྩོལ༔ ཧཱུྃ༔ ནུབ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ དབང་ཆེན་གསུང་གི་ལྷ་ཚོགས་འཁོར་བཅས་ཀྱིས༔ འདོད་འབྱུང་ལོངས་སྤྱོད་དཔལ་གྱི་གཏོར་མ་རོལ༔ ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ༔ ཧཱུྃ༔ བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་འཁོར་བཅས་ཀྱིས༔ འདོད་འབྱུང་ལོངས་སྤྱོད་དཔལ་གྱི་གཏོར་མ་རོལ༔ མི་མཐུན་དགྲ་བགེགས་བརླག་པའི་དངོས་གྲུབ་སྩོལ༔ ཧཱུྃ༔ ཤར་ལྷོ་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ རྦོད་གཏོང་མ་མོའི་ལྷ་ཚོགས་འཁོར་བཅས་ཀྱིས༔ འདོད་འབྱུང་ལོངས་སྤྱོད་དཔལ་གྱི་གཏོར་མ་རོལ༔ སྦྱོར་སྒྲོལ་མཐར་ཕྱིན་བདེ་སྟོང་དངོས་གྲུབ་སྩོལ༔ ཧཱུྃ༔ ལྷོ་ནུབ་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ བླ་མ་རིག་འཛིན་ལྷ་ཚོགས་འཁོར་བཅས་ཀྱིས༔ འདོད་འབྱུང་ལོངས་སྤྱོད་དཔལ་གྱི་གཏོར་མ་རོལ༔ བྱིན་རླབས་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ ཧཱུྃ༔ ནུབ་བྱང་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་འཁོར་ཀྱིས༔ འདོད་འབྱུང་ལོངས་སྤྱོད་དཔལ་གྱི་གཏོར་མ་རོལ༔ དྲེགས་པ་ལས་ལ་ཁོལ་བའི་དངོས་གྲུབ་སྩོལ༔ ཧཱུྃ༔ བྱང་ཤར་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་འཁོར་བཅས་ཀྱིས༔ འདོད་འབྱུང་ལོངས་སྤྱོད་དཔལ་གྱི་གཏོར་མ་རོལ༔ བྱད་ཕུར་རྦོད་གཏོང་བཟློག་བསྒྱུར་དངོས་གྲུབ་སྩོལ༔ ཧཱུྃ༔ དཀྱིལ་འཁོར་ཕྱི་རིམ་སྐྱོང་མཛད་ལས་བྱེད་སྡེ༔ དཔལ་གྱི་བཀའ་སྡོད་ལྷ་ཚོགས་འཁོར་བཅས་ཀྱིས༔ འདོད་འབྱུང་ལོངས་སྤྱོད་དཔལ་གྱི་གཏོར་མ་རོལ༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ དེ་ལྟར་སྣང་སྲིད་ཕུར་པའི་གདབ་འདྲེན་འདི༔ ལོག་རྟོག་དགྲ་དཔུང་གཞོམ་པའི་ཐོ་བ་ཡིན༔ རྣལ་འབྱོར་སྒྲུབ་པའི་མཚོན་ཆ་མཆོག་ཏུ་བསྔགས༔ འདི་དང་ལྡན་ན་གདབ་ཕུར་འཕེན་གསུམ་ཚང་༔ འདི་མི་ལྡན་རྣམས་ལས་སྦྱོར་དྲག་ལས་ལ༔ འཇུག་པར་བྱས་ན་རྣམ་སྨིན་ངན་པ་གསོག༔ བསྐྱེད་རྫོགས་ཡ་མ་བྲལ་བར་ཉམས་སུ་ལོངས༔ སྤྱིར་ན་སངས་རྒྱས་བསྟན་པའི་དོན་དུ་དམིགས༔ སྒོས་སུ་དཔལ་ལྡན་བླ་མའི་སྐུ་དགྲར་དམིགས༔ ཡང་སྒོས་སེམས་ཅན་ཡོངས་ལ་གནོད་ཅིང་འཚེ༔ ངན་སོང་འཁོར་བའི་གནས་སུ་མནར་བྱེད་པའི༔ རྒྱ་འདྲེ་འབྱུང་པོ་བོད་ལ་གདུག་པ་དང་༔ མཐའ་དམག་ཀླ་ཀློས་སངས་རྒྱས་བསྟན་ཞབས་སྡུད༔ མུ་གེ་དུས་འཁྲུགས་མཚོན་གྱི་ཡོ་ལང་འགྱེད༔ དེ་དག་རྣམས་ཀྱི་སྲོག་གི་གཤེད་མ་རུ༔ བསྒྲུབ་རིགས་མི་འདྲ་བསམ་མི་ཁྱབ་པ་སྦས༔ ཀུན་གྱི་ནང་ནས་འདི་ཉིད་མཆོག་ཏུ་བསྔགས༔ དེ་ཕྱིར་མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབས༔ ཟལ་མོ་སྒང་གི་ཉེར་ཆར་ཟབ་ལུང་དུ༔ དགེ་བསྙེན་གཡུ་ཡི་ཕྲེང་བ་ཅན་མགུལ་སྦས༔ འབྲོག་བན་ལོ་ཙཱའི་རྣམ་འཕྲུལ་བདུད་འཇོམས་གླིང་༔ གང་གི་དཔལ་དུ་སྤྱོད་པའི་སྨོན་ལམ་ཐོབས༔ བཀའ་སྲུང་དམ་ཅན་སྡེ་དགུའི་ཚོགས་ལ་གཉེར༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ སྐལ་ལྡན་ལས་ཅན་སློབ་མའི་ཚོགས་རྣམས་ལ༔ སྤྲད་སོ་གྱིས་ལ་སྐུ་ཚེ་མཛད་ཕྲིིན་སྤེལ༔ ལོག་ལྟ་སྐུ་འདེབས་ཚོགས་རྣམས་ཐམས་ཅད་ལ༔ བཀའ་རྒྱས་ཐོབ་ཅིང་སྲོག་གི་དབང་པོ་བསྣུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཉིད་གར་དབང་བདུད་འཇོམས་རྡོ་རྗེས་ས་མོ་ལུག་ལོར་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་ནས་བཏོན་ཏེ་མཐར་ཆོས་ཀྱི་བདག་པོ་སྣ་ཚོགས་རང་གྲོལ་དང་མཁྱེན་རབ་ཀློང་ཆེན་ཡངས་པ་རྣམས་ཀྱིས་བསྐུལ་ངོར་ཤོག་སེར་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།།། | |classification=Tibetan Publications | ||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=06 | |||
|volumeLetter=CHA | |||
|textnuminvol=029 | |||
|pdflink=File:TTDL-ZABTER-06-CHA-029.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-06-CHA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|དབུ་ཁྲིད་བརྡ་ཡིག༔ ༤༩༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་གསང་བ་འདུས་པའི་སྣང་སྲིད་ཕུར་པའི་གདབ་འདྲེན་བཞུགས༔ | |||
དབུ་ཁྲིད་བརྡ་ཡིག༔ ༤༩༢ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༔ ༤༩༢དགྲ་བོ་བསད་ཅིང་འདྲེན་པ་དང་༔ བསྒྲལ་བའི་ཕྲིན་ལས་གྲུབ་པའི་ཕྱིར༔ སྣང་སྲིད་ཕུར་པའི་གདབ་འདྲེན་བསྟན༔ སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས༔ ས་མ་ཡ༔ ཧཱུྃ༔ རང་ཉིད་ཡི་དམ་དྲག་པོ་ཧེ་རུ་ཀར་གསལ་བའི་ལག་གཡས་ཟླ་བའི་དཀྱིལ་འཁོར་ལ༔ སོར་མོ་རྣམས་ཨོཾཿཧཱུྃཿཏྲཱཾཿཧྲཱིཿཨཱཿརྣམས་ཡོངས་སུ་གྱུར་པ་ལས༔ བུདྡྷ་ཧེ་རུ་ཀ་མཐིང་ནག༔ བཛྲ་ཧེ་རུ་ཀ་དཀར་སྐྱ༔ རཏྣ་ཧེ་རུ་ཀ་སེར་གསལ༔ པདྨ་ཧེ་རུ་ཀ་དམར་ནག༔ ཀརྨ་ཧེ་རུ་ཀ་ལྗང་ནག༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཤིན་ཏུ་ཁྲོ་ཞིང་གཏུམ་པ་དུར་ཁྲོད་ཀྱི་ཆས་རྫོགས་པ༔ ཕྱག་གཉིས་རྡོ་རྗེ་དང་ཐོད་ཁྲག་འཛིན་པ་ཞབས་གཉིས་གྱད་སྟབས་ཀྱིས་ཟླ་བའི་གདན་ལ་རོལ་པར་བསམ༔ རང་གི་ལག་པ་གཡོན་པ་ཉི་མའི་དཀྱིལ་འཁོར་ལ༔ སོར་མོ་རྣམས་མཱུཾཿལཱཾཿམཱཾཿཔཱཾཿཏཱཾཿལས་བུདྡྷ་ཀྲོ་ཏི་མཐིང་སྐྱ༔ བཛྲ་ཀྲོ་ཏི་དཀར་སྔོན༔ རཏྣ་ཀྲོ་ཏི་སེར་སྐྱ༔ པདྨ་ཀྲོ་ཏི་དམར་སྐྱ༔ ཀརྨ་ཀྲོ་ཏི་ལྗང་སྐྱ༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཁྲོ་མོའི་ཆས་ཐམས་ཅད་རྫོགས་པ༔ ཕྱག་གཉིས་པདྨ་དང་ཐོད་ཁྲག་འཛིན་པ་ཞབས་གཉིས་གར་སྟབས་ཀྱིས་ཉི་མའི་གདན་ལ་རོལ་པར་བསམ༔ ཆོས་ཉིད་བདེ་བ་ཆེན་པོའི་རང་གདངས༔ ཨ་ནིརྟི་རཱ་ག་ཡ་མི་ཞེས་བརྡས་བསྐུལ་བས་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་༔ འོད་ཟེར་གྱི་ཚོགས་སྤྲོས་པས་རྒྱལ་བ་རྣམས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལྷ་ཡབ་རྣམས་ཀྱི་སྤྱི་བོའི་ཨོཾ་ཡིག་ལ་ཐིམ༔ ཨོཾ་ཡིག་འོད་དུ་ཞུ་བ་མགྲིན་པའི་ཨཱཿལ་ཐིམ༔ དེ་འོད་དུ་ཞུ་བ་ཐུགས་ཀའི་ཧཱུྃ་ལ་ཐིམ༔ ཐིག་ལེ་དཀར་ལ་དམར་མདངས་ཆགས་པ་མར་བབ་ལྟེ་བའི་སྭཱཿལ་ཕོག༔ དེ་འོད་དུ་ཞུ་ནས་འདྲེས་པ་གསང་གནས་ཀྱི་ཧཱཿདང་རོ་གཅིག་ཏུ་གྱུར་པས་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར༔ ཡབ་ཀྱི་རྡོ་རྗེ་ནས་ལཾཿབྱུང་སྟེ་ཡུམ་རྣམས་ཀྱི་མཁར་བབ་པ་བྱང་ཆུབ་སེམས་སྤྲིན་གྱི་རྣམ་པར་ཕྱིར་ཐོན་པ་ཧཱུྃ་ཡིག་མཐིང་ནག་མེ་འབར་བ་ལམ་གྱིས་བསྒོམ༔ དེ་ཡོངས་སུ་གྱུར་པ་ལས་སྲས་མཆོག་བཛྲ་ཀཱི་ལ་ཡ༔ མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་གྱི་མཆེ་བ་གཙིགས་པ༔ སྤྱན་གསུམ་སྡང་མིག་ཏུ་གཡོ་ཞིང་ཤངས་ནས་རླུང་ནག་འཚུབས་པ༔ སྨ་ར་དང་སྨིན་མ་ལས་མེ་འབར་བ༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འཁྱིལ་ཞིང་སྙན་གཉིས་ཉི་ཟླའི་འོད་ཟེར་འབར་བར་བསྒོམ༔ ཕྱག་དྲུག་གཡས་གསུམ་རྡོ་རྗེ་དང་འཁོར་ལོ་རྒྱ་གྲམ༔ གཡོན་གསུམ་བྷནྡྷ་མེ་དཔུང་གནམ་ལྕགས་ཀྱི་ཕུར་པ་འཛིན་པ༔ སྐུ་ཡི་ལྟེ་བ་ཟུར་གསུམ་ཟབ་པ༔ སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་རྣོ་ངར་ལྡན་པ་མགར་གྱི་སོལ་མལ་ནས་བྱུང་བ་ལྟ་བུ༔ ཆུ་སྲིན་གྱི་ཁ་ནས་སྦྲུལ་ཆུན་སྐྱུག་པ་དང་མཉམ་དུ་བྱུང་བ༔ དུག་གསུམ་རཱུ་ཏྲའི་སྙིང་ལ་གདབ་པ་དུར་ཁྲོད་དང་དཔལ་གྱི་ཆས་རྣམས་ཡོངས་སུ་རྫོགས་པ༔ དེའི་སྤྱི་བོར་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཨོཾ་དཀར་པོ་གསལ་བ་ལས་འོད་འཕྲོས་པས༔ རྒྱལ་བ་རྣམས་ཀྱི་སྐུ་ལ་མཉེས་པའི་མཆོད་པ་འབུལ༔ སྐུ་ཡི་བྱིན་རླབས་དངོས་གྲུབ་ཐམས་ཅད་དཀར་གསལ་འོད་ཀྱི་རྣམ་པར་སྤྱན་དྲངས་ཏེ་ཨོཾ་ཡིག་ལ་ཐིམ་པས་སྐུ་འགྱིང་བ་ཙམ་གྱིས་ཁམས་གསུམ་གཡོ་ནུས་པའི་དབང་དང་དངོས་གྲུབ་ཐོབ་པར་བསམ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀཱི་ལི་ཀཱི་ལ་ཡ་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ མགྲིན་པར་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿཡིག་དམར་གསལ་གསལ་བ་ལས་འོད་འཕྲོས་པས༔ རྒྱལ་བ་རྣམས་ཀྱི་གསུང་ལ་མཉེས་པའི་མཆོད་པ་འབུལ༔ གསུང་གི་བྱིན་རླབས་དངོས་གྲུབ་ཐམས་ཅད་དམར་གསལ་འོད་ཀྱི་རྣམ་པར་སྤྱན་དྲངས་ཏེ་ཨཱཿཡིག་ལ་ཐིམ་པས་གསུང་བསྒྲགས་པ་ཙམ་གྱིས་ཁམས་གསུམ་འཁོར་བ་དབྱིངས་སུ་སད་པར་བྱེད་པའི་དབང་དང་དངོས་གྲུབ་ཐོབ་པར་བསམ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀཱི་ལི་ཀཱི་ལ་ཡ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ཡིག་མཐིང་ནག་གསལ་བ་ལས་འོད་འཕྲོས་པས༔ རྒྱལ་བ་རྣམས་ཀྱི་ཐུགས་ལ་མཉེས་པའི་མཆོད་པ་འབུལ༔ ཐུགས་ཀྱི་དངོས་གྲུབ་ཐམས་ཅད་མཐིང་གསལ་འོད་ཀྱི་རྣམ་པར་སྤྱན་དྲངས་ཏེ་ཧཱུྃ་ཡིག་ལ་ཐིམ་པས་ཐུགས་གཡོ་བ་ཙམ་གྱིས་འཁོར་བ་ཀ་དག་གི་དབྱིངས་སུ་སྒྲོལ་བར་བྱེད་ནུས་པའི་དབང་དང་དངོས་གྲུབ་ཐོབ་པར་བསམ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཆེ་བ་བསྐྱེད་པ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བ་མ་ལུས་འདུས་པའི་སྐུ༔ དཔལ་ཆེན་སྲས་མཆོག་བཛྲ་ཀཱི་ལ་ཡ༔ འཁོར་འདས་ཡོངས་ཀྱི་སྲོག་དབང་འདུས་པའི་སྐུ༔ གྲགས་སྟོང་བརྗོད་བྲལ་སྐྱེ་མེད་རྡོ་རྗེའི་གསུང་༔ མི་གཡོ་འོད་གསལ་མཉམ་ཉིད་ཆོས་སྐུའི་ཐུགས༔ རང་བྱུང་དོན་གྱི་ལྷ་མཆོག་ཧེ་རུ་ཀ༔ ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ རྔམས་བརྗིད་ཁྲག་འཐུང་ཁྲོས་པའི་སྐུར་བཞེངས་ཤིག༔ མི་སྲུན་དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད༔ དེ་ནས་འཇམ་དཔལ་གྱི་ཕུར་པ་དཔྲལ་བར་གདབ་ལ༔ ཧཱུྃ༔ རྒྱལ་བ་ཀུན་གྱི་སྐུའི་དབང་ཕྱུག༔ འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ལྷ༔ སྒྱུ་འཕྲུལ་རོལ་པའི་ཡེ་ཤེས་ཕུར༔ དགྲ་བགེགས་གདུག་པའི་དཔྲལ་བར་གདབ༔ ཉོན་ཡིད་མཉམ་ཉིད་དབྱིངས་སུ་བཤིག༔ སྐུ་དང་ཡེ་ཤེས་ཆེན་པོར་སངས༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ དེ་ནས་རྟ་མགྲིན་གྱི་ཕུར་པ་མགྲིན་པར་གདབ༔ ཧཱུྃ༔ རྒྱལ་ཀུན་གསུང་གསང་འདུས་པའི་དཔལ༔ དབང་ཆེན་ཧྱ་གྲཱི་ཝ་ཡི༔ སྒྱུ་འཕྲུལ་རོལ་པའི་ཡེ་ཤེས་ཕུར༔ དགྲ་བགེགས་གདུག་པའི་མགྲིན་པར་གདབ༔ སྒོ་ལྔའི་རྣམ་ཤེས་འཁྲུལ་སྣང་ལམ༔ སོར་རྟོག་ཡེ་ཤེས་དབྱིངས་སུ་བཤིག༔ ཨོཾ་པདྨ་ཏ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དེ་ནས་ཡང་དག་གི་ཕུར་པ་སྙིང་གར་གདབ༔ ཧཱུྃ༔ རྒྱལ་ཀུན་ཐུགས་ཀྱི་གསང་ཆེན་པོ༔ ཡང་དག་ཁྲོས་པའི་རྒྱལ་པོ་ཡི༔ སྒྱུ་འཕྲུལ་རོལ་པའི་ཡེ་ཤེས་ཕུར༔ དགྲ་བགེགས་གདུག་པའི་སྙིང་གར་གདབ༔ ཀུན་གཞི་ཆོས་དབྱིངས་ཡེ་ཤེས་སུ༔ མ་བཅོས་རང་གྲོལ་ཉིད་དུ་སད༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ དེ་ནས་རྡོ་རྗེ་གཞོན་ནུའི་ཕུར་པ་ལྟེ་བར་གདབ༔ ཧཱུྃ༔ མི་འགྱུར་མི་ཤིགས་རྡོ་རྗེའི་ངང་༔ ཁྱབ་བདག་མི་གཡོ་ཆོས་ཀྱི་སྐུ༔ དཔལ་ཆེན་བཛྲ་ཀཱི་ལ་ཡི༔ སྒྱུ་འཕྲུལ་རོལ་པའི་ཡེ་ཤེས་ཕུར༔ དགྲ་བགེགས་གདུག་པའི་ལྟེ་བར་གདབ༔ ལས་རླུང་བྱ་གྲུབ་ཡེ་ཤེས་ངང་༔ གཡོ་མེད་ཆེན་པོར་མཱ་ར་ཡ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ མ་མོ་རྦོད་གཏོང་གི་ཕུར་པ་གསང་བར་གདབ་ལ༔ ཧཱུྃ༔ གདུག་བྱེད་ཁྲོས་པའི་ཧེ་རུ་ཀ༔ བླ་མེད་གསང་ཆེན་འདུས་པ་ཡི༔ སྒྱུ་འཕྲུལ་རོལ་པའི་ཡེ་ཤེས་ཕུར༔ དགྲ་བགེགས་གདུག་པའི་གསང་བར་གདབ༔ ཀུན་གཞིའི་རྣམ་ཤེས་མེ་ལོང་དབྱིངས༔ ཡེ་ཤེས་རོལ་པའི་ངང་དུ་ཕཊ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷི་ཤྭ་རི་སྟྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ བླ་མ་རིག་འཛིན་གྱི་ཕུར་པ་སྤྱི་བོར་གདབ༔ ཧཱུྃ༔ རིག་འཛིན་རྒྱལ་བ་ཀུན་གྱི་དངོས༔ མ་ཧཱ་གུ་རུ་འཁོར་བཅས་ཀྱི༔ སྒྱུ་འཕྲུལ་རོལ་པའི་ཡེ་ཤེས་ཕུར༔ དགྲ་བགེགས་གདུག་པའི་སྤྱི་བོར་གདབ༔ དུག་གསུམ་འཁྲུལ་པའི་འཁོར་ལོ་བཤིག༔ སྐྱེ་མེད་དབྱིངས་སུ་མཱ་ར་ཡ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ འཇིག་རྟེན་མཆོད་བསྟོད་ཀྱི་ཕུར་པ་བརླ་གཡས་སུ་གདབ༔ ཧཱུྃ༔ མཐུ་སྟོབས་དབང་ཕྱུག་ཧེ་རུ་ཀ༔ དྲེགས་པ་ཀུན་འདུལ་འཁོར་བཅས་ཀྱི༔ སྒྱུ་འཕྲུལ་རོལ་པའི་ཡེ་ཤེས་ཕུར༔ དགྲ་བགེགས་འཁོར་བའི་མཚོ་ལ་གདབ༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཀུན༔ ཆོས་ཉིད་དག་པའི་འཁོར་ལོ་བཤིག༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུྃ་ཕཊ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ དམོད་པ་དྲག་སྔགས་ཀྱི་ཕུར་པ་བརླ་གཡོན་པར་གདབ་ལ༔ ཧཱུྃ༔ དྲག་སྔགས་དམོད་པ་ལས་ཀྱི་བདག༔ སྟོབས་ལྡན་ནག་པོ་འཁོར་བཅས་ཀྱི༔ སྒྱུ་འཕྲུལ་རོལ་པའི་ཡེ་ཤེས་ཕུར༔ དགྲ་བགེགས་ཉོན་མོངས་ཁྲག་མཚོར་གདབ༔ ཁམས་གསུམ་འཁོར་བའི་འཁྲུལ་སྣང་ཀུན༔ ཀ་དག་བློ་འདས་ཆེན་པོར་སངས༔ ཨོཾ་བཛྲ་སརྦ་དུཥྚན་ཧཱུྃ་ཕཊ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཆེ་མཆོག་གི་ཕུར་པ་སྙིང་གར་གདབ་ལ༔ ཧཱུྃ༔ ཁྱབ་བདག་རྡོ་རྗེ་ཆོས་ཀྱི་སྐུ༔ ཀུན་ཁྱབ་ཀུན་གཟིགས་མཁྱེན་པའི་དབྱིངས༔ ངང་ནས་མངོན་གྱུར་ཡེ་ཤེས་ཕུར༔ ཞིང་བཅུ་ཚང་བའི་དགྲ་བགེགས་ཀྱི༔ སྙིང་གི་དཀྱིལ་དུ་ཀཱི་ལ་ཡ༔ ཉོན་མོངས་རྩ་ལ་ཀཱི་ལ་ཡ༔ འགྱུ་བྱེད་དབུགས་ལ་ཀཱི་ལ་ཡ༔ གཡོ་བྱེད་ཡིད་ལ་ཀཱི་ལ་ཡ༔ འཁྲུལ་གཟུགས་ཕུང་པོར་ཀཱི་ལ་ཡ༔ གཟུང་འཛིན་གདོན་ལ་ཀཱི་ལ་ཡ༔ དུག་གསུམ་སྐུ་གསུམ་ཀློང་དུ་བཤིག༔ དུག་ལྔ་ཡེ་ཤེས་ལྔ་རུ་བཤིག༔ ཉོན་འཁྲུལ་ཆོས་ཕུང་དབྱིངས་སུ་བཤིག༔ མ་རིག་རིག་སྟོང་ངང་དུ་བཤིག༔ ཆོས་ཉིད་བདེ་ཆེན་ངང་དུ་ཕཊ༔ འཁྲུལ་མེད་དབྱིངས་སུ་སངས་རྒྱས་སོ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཅེས་གདབ་པས་འཁྲུལ་སྣང་ཆོས་ཉིད་ཀྱི་འཁོར་ལོ་སད༔ ཉོན་མོངས་འཁྲུལ་པའི་རྟོག་ཚོགས་ཐམས་ཅད་སྐུ་གསུམ་བདེ་བ་ཆེན་པོ་གཞོམ་བྲལ་བློ་ལས་འདས་པ་ཀ་དག་རྫོགས་པ་ཆེན་པོ་མཉམ་ཉིད་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པར་བསམ༔ དེ་ནས་ཚེ་ཁྲུས་གནས་གསུམ་གྱི་དགོངས་པས་ཚར་བཅད་པ་ནི༔ ཡེ་ཤེས་ལྔ་ལྡན་གྱི་ཕུར་པ་དགྲ་བགེགས་ཀྱི་སྙིང་གར་ཚད་པ་ཙམ་གྱིས་བླ་ཡི་ངོ་བོ་ཨ་ཡིག་དཀར་པོ་རྡོ་ཁབ་ལེན་གྱིས་ལྕགས་བླང་བ་ལྟར་ཕུར་པའི་ཁོངས་སུ་འུབ་ཏུ་འདུས་ཏེ་ཕུར་པ་ལ་ཐིམ་པས་ཕུར་པ་ངང་མེར་གྱིས་སོང་བར་བསམ༔ ཡང་ཕུར་པ་དགྲ་བགེགས་ཀྱི་སྙིང་གར་གདབ་པས་ཚེ་བསོད་ནམས་ཀྱི་ངོ་བོ་ནྲྀཿཡིག་ལྗང་གུའི་རྣམ་པར་འོ་མ་ལས་མར་དྲངས་པ་ལྟར་ཕུར་པའི་རྩེ་མོར་འདུས་ཏེ་ཁོང་གསེང་ནས་ཡར་དྲངས༔ དྲི་མ་ཉེས་སྐྱོན་ཐམས་ཅད་སྦྱངས་ནས་སྤྱི་བོ་ནས་ཡར་ཐོན་རང་ཡི་དམ་གྱི་ཐུགས་ཀའི་སྙིང་པོ་ལ་ཐིམ་པས་བདག་ཡི་དམ་གྱི་སྐུ་གསུང་ཐུགས་ཀྱི་ནུས་པ་རབ་ཏུ་འབར་ཞིང་རྒྱས་པར་བསམ༔ ཡང་ཕུར་པ་དགྲ་བགེགས་ཀྱི་སྙིང་གར་གདབ་པས་ཁྲག་གི་དྭངས་མ་རྒྱ་སྲན་གྱི་གྭའུ་ཙམ་པ་དེ་མར་ལ་ལྕགས་བསྲེག་ཕོག་པ་བཞིན་དུ་བསྐུམ༔ རླུང་གི་དྭངས་མ་དེ་ན་བུན་ནམ་མཁར་འདྲེས་པ་བཞིན་དུ་གཏོར༔ རྣམ་པར་ཤེས་པ་ཨ་དཀར་པོ་དྲི་མ་མེད་པ་ཞིག་ཏུ་གྱུར་པ་ཕུར་པའི་རྩེ་མོའི་ཧཱུྃ་གསུམ་གྱིས་ཙེན་གྱི་བླང་བས་སྒོ་གསུམ་གྱི་ལས་དང་བག་ཆགས་ཐམས་ཅད་སྦྱངས༔ ཧཱུྃ་གསུམ་དང་འདྲེས་པས་སྐུ་གསུམ་གྱི་དགོངས་པར་འཕོས༔ འོད་ཀྱི་ཐིག་ལེ་མཐིང་ག་ཞིག་ཏུ་གྱུར་པ་འོག་མིན་གྱི་གནས་མགོན་པོ་དཔལ་ཧེ་རུ་ཀའི་ཐུགས་ཀར་ཐིམ་པས་འཁྲུལ་མི་ཤེས་པའི་དབྱིངས་སུ་སངས་རྒྱས་པར་བསམ༔ ཨ་ཕཊ༔ ནིརྨ་ཀཱ་ཡ༔ ཨ་ཕཊ༔ སཾ་བྷོ་ཀཱ་ཡ༔ ཨ་ཕཊ༔ དྷརྨ་ཀཱ་ཡ༔ ཞེས་བརྗོད་པས་དཔལ་ཧེ་རུའི་ཐུགས་ཀའི་ཧཱུྃ་ཡིག་ཡར་འཕར་ཏེ་མགྲིན་པའི་ཨཱཿདང་འདྲེས༔ ཡར་འཕར་སྤྱི་བོའི་ཨོཾ་ཡིག་ལ་ཐིམ༔ ཨོཾ་ཡིག་འོད་དུ་ཞུ་ནས་དྷཱུ་ཏི་ནས་མར་བབ་བདེ་སྐྱོང་གི་འཁོར་ལོར་བབ་ཧཱུྃ་ཡིག་གི་རྣམ་པར་ཡུམ་མཁར་བབས༔ མཁའ་གསང་ནས་ཕྱིར་འདོན་ནས་གཙོ་བོ་དང་ཆ་འདྲ་བའི་སྲས་ཀྱི་རྣམ་པར་གྱུར་པར་བསམ་མོ༔ དེ་ནས་རཀྟ་ཁྲག་མཆོད་འབུལ་བ་ནི༔ རྟེན་འབྲེལ་བཅུ་གཉིས་ཀྱི་རྩ་བ་མ་རིག་པ་བསྒྲལ་བའི་ཁྲག་ཆེན་དགྲ་བགེགས་ཀྱི་རྐྱང་མ་སོགས་རྩ་རྣམས་ནས་བྱུང་སྟེ་ཁོལ་ཞིང་ལྷུད་པར་བསྒོམ༔ ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་འཁོར་བཅས་ཀྱིས༔ རཀྟ་དམར་གྱི་ཨརྒྷ་འདི་བཞེས་ལ༔ འཁོར་བ་ཀ་ནས་དག་པའི་ཕྲིན་ལས་མཛོད༔ ཧཱུྃ༔ སྨུག་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་འཁོར་བཅས་ཀྱིས༔ རཀྟ་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་བཟློག་བསྒྱུར་ཕྲིན་ལས་མཛོད༔ ཧཱུྃ༔ སེར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་འཁོར་བཅས་ཀྱིས༔ རཏྐ་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་འགུགས་བསྒྲལ་ཕྲིན་ལས་མཛོད༔ ཧཱུྃ༔ དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས་འཁོར་བཅས་ཀྱིས༔ རཀྟ་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་བསད་མནན་ཕྲིན་ལས་མཛོད༔ ཧཱུྃ༔ ལྗང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་འཁོར་བཅས་ཀྱིས༔ རཀྟ་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་བསྒྲལ་འདྲེན་ཕྲིན་ལས་མཛོད༔ ཧཱུྃ༔ མ་མོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ རྦོད་གཏོང་མ་མོའི་ལྷ་ཚོགས་འཁོར་བཅས་ཀྱིས༔ རཀྟ་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་བསྒྲལ་འདྲེན་ཕྲིན་ལས་མཛོད༔ ཧཱུྃ༔ རིག་འཛིན་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ བླ་མ་རིག་འཛིན་ལྷ་ཚོགས་འཁོར་བཅས་ཀྱིས༔ རཀྟ་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་བསྒྲལ་འདྲེན་ཕྲིན་ལས་མཛོད༔ ཧཱུྃ༔ མཆོད་བསྟོད་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ དྲེགས་པ་ཟིལ་གནོན་ཡབ་ཡུམ་འཁོར་བཅས་ཀྱིས༔ རཀྟ་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་བསྒྲལ་འདྲེན་ཕྲིན་ལས་མཛོད༔ ཧཱུྃ༔ དྲག་སྔགས་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ སྟོབས་ལྡན་ནག་པོ་ཡབ་ཡུམ་འཁོར་བཅས་ཀྱིས༔ རཀྟ་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་བསྒྲལ་འདྲེན་ཕྲིན་ལས་མཛོད༔ ཧཱུྃ༔ དཀྱིལ་འཁོར་ཕྱི་རིམ་ཡངས་པའི་འཁོར་ཡུག་ནས༔ དཔལ་གྱི་བཀའ་སྡོད་ལྷ་ཚོགས་འཁོར་བཅས་ཀྱིས༔ རཀྟ་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད༔ ཅེས་རཀྟ་བྲན༔ དེ་ནས་དགྲ་བགེགས་ཀྱི་ཤ་རུས་རྣམས་འདོད་ཡོན་ལོངས་སྤྱོད་ཀྱི་དམ་རྫས་སུ་དམིགས་ལ་འབུལ་བ་ནི༔ ཧཱུྃ༔ དབུས་ཕྱོགས་གྲུ་གསུམ་ཨེ་ཡི་དཀྱིལ་འཁོར་ནས༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་འཁོར་བཅས་ཀྱིས༔ འདོད་འབྱུང་ལོངས་སྤྱོད་དཔལ་གྱི་གཏོར་མ་རོལ༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃ༔ ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་འཁོར་བཅས་ཀྱིས༔ འདོད་འབྱུང་ལོངས་སྤྱོད་དཔལ་གྱི་གཏོར་མ་རོལ༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔ ཧཱུྃ༔ ལྷོ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་འཁོར་བཅས་ཀྱིས༔ འདོད་འབྱུང་ལོངས་སྤྱོད་དཔལ་གྱི་གཏོར་མ་རོལ༔ ཚེ་དང་བསོད་ནམས་རྒྱས་པའི་དངོས་གྲུབ་སྩོལ༔ ཧཱུྃ༔ ནུབ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ དབང་ཆེན་གསུང་གི་ལྷ་ཚོགས་འཁོར་བཅས་ཀྱིས༔ འདོད་འབྱུང་ལོངས་སྤྱོད་དཔལ་གྱི་གཏོར་མ་རོལ༔ ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ༔ ཧཱུྃ༔ བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་འཁོར་བཅས་ཀྱིས༔ འདོད་འབྱུང་ལོངས་སྤྱོད་དཔལ་གྱི་གཏོར་མ་རོལ༔ མི་མཐུན་དགྲ་བགེགས་བརླག་པའི་དངོས་གྲུབ་སྩོལ༔ ཧཱུྃ༔ ཤར་ལྷོ་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ རྦོད་གཏོང་མ་མོའི་ལྷ་ཚོགས་འཁོར་བཅས་ཀྱིས༔ འདོད་འབྱུང་ལོངས་སྤྱོད་དཔལ་གྱི་གཏོར་མ་རོལ༔ སྦྱོར་སྒྲོལ་མཐར་ཕྱིན་བདེ་སྟོང་དངོས་གྲུབ་སྩོལ༔ ཧཱུྃ༔ ལྷོ་ནུབ་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ བླ་མ་རིག་འཛིན་ལྷ་ཚོགས་འཁོར་བཅས་ཀྱིས༔ འདོད་འབྱུང་ལོངས་སྤྱོད་དཔལ་གྱི་གཏོར་མ་རོལ༔ བྱིན་རླབས་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ ཧཱུྃ༔ ནུབ་བྱང་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་འཁོར་ཀྱིས༔ འདོད་འབྱུང་ལོངས་སྤྱོད་དཔལ་གྱི་གཏོར་མ་རོལ༔ དྲེགས་པ་ལས་ལ་ཁོལ་བའི་དངོས་གྲུབ་སྩོལ༔ ཧཱུྃ༔ བྱང་ཤར་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་འཁོར་བཅས་ཀྱིས༔ འདོད་འབྱུང་ལོངས་སྤྱོད་དཔལ་གྱི་གཏོར་མ་རོལ༔ བྱད་ཕུར་རྦོད་གཏོང་བཟློག་བསྒྱུར་དངོས་གྲུབ་སྩོལ༔ ཧཱུྃ༔ དཀྱིལ་འཁོར་ཕྱི་རིམ་སྐྱོང་མཛད་ལས་བྱེད་སྡེ༔ དཔལ་གྱི་བཀའ་སྡོད་ལྷ་ཚོགས་འཁོར་བཅས་ཀྱིས༔ འདོད་འབྱུང་ལོངས་སྤྱོད་དཔལ་གྱི་གཏོར་མ་རོལ༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ དེ་ལྟར་སྣང་སྲིད་ཕུར་པའི་གདབ་འདྲེན་འདི༔ ལོག་རྟོག་དགྲ་དཔུང་གཞོམ་པའི་ཐོ་བ་ཡིན༔ རྣལ་འབྱོར་སྒྲུབ་པའི་མཚོན་ཆ་མཆོག་ཏུ་བསྔགས༔ འདི་དང་ལྡན་ན་གདབ་ཕུར་འཕེན་གསུམ་ཚང་༔ འདི་མི་ལྡན་རྣམས་ལས་སྦྱོར་དྲག་ལས་ལ༔ འཇུག་པར་བྱས་ན་རྣམ་སྨིན་ངན་པ་གསོག༔ བསྐྱེད་རྫོགས་ཡ་མ་བྲལ་བར་ཉམས་སུ་ལོངས༔ སྤྱིར་ན་སངས་རྒྱས་བསྟན་པའི་དོན་དུ་དམིགས༔ སྒོས་སུ་དཔལ་ལྡན་བླ་མའི་སྐུ་དགྲར་དམིགས༔ ཡང་སྒོས་སེམས་ཅན་ཡོངས་ལ་གནོད་ཅིང་འཚེ༔ ངན་སོང་འཁོར་བའི་གནས་སུ་མནར་བྱེད་པའི༔ རྒྱ་འདྲེ་འབྱུང་པོ་བོད་ལ་གདུག་པ་དང་༔ མཐའ་དམག་ཀླ་ཀློས་སངས་རྒྱས་བསྟན་ཞབས་སྡུད༔ མུ་གེ་དུས་འཁྲུགས་མཚོན་གྱི་ཡོ་ལང་འགྱེད༔ དེ་དག་རྣམས་ཀྱི་སྲོག་གི་གཤེད་མ་རུ༔ བསྒྲུབ་རིགས་མི་འདྲ་བསམ་མི་ཁྱབ་པ་སྦས༔ ཀུན་གྱི་ནང་ནས་འདི་ཉིད་མཆོག་ཏུ་བསྔགས༔ དེ་ཕྱིར་མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབས༔ ཟལ་མོ་སྒང་གི་ཉེར་ཆར་ཟབ་ལུང་དུ༔ དགེ་བསྙེན་གཡུ་ཡི་ཕྲེང་བ་ཅན་མགུལ་སྦས༔ འབྲོག་བན་ལོ་ཙཱའི་རྣམ་འཕྲུལ་བདུད་འཇོམས་གླིང་༔ གང་གི་དཔལ་དུ་སྤྱོད་པའི་སྨོན་ལམ་ཐོབས༔ བཀའ་སྲུང་དམ་ཅན་སྡེ་དགུའི་ཚོགས་ལ་གཉེར༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ སྐལ་ལྡན་ལས་ཅན་སློབ་མའི་ཚོགས་རྣམས་ལ༔ སྤྲད་སོ་གྱིས་ལ་སྐུ་ཚེ་མཛད་ཕྲིིན་སྤེལ༔ ལོག་ལྟ་སྐུ་འདེབས་ཚོགས་རྣམས་ཐམས་ཅད་ལ༔ བཀའ་རྒྱས་ཐོབ་ཅིང་སྲོག་གི་དབང་པོ་བསྣུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཉིད་གར་དབང་བདུད་འཇོམས་རྡོ་རྗེས་ས་མོ་ལུག་ལོར་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་ནས་བཏོན་ཏེ་མཐར་ཆོས་ཀྱི་བདག་པོ་སྣ་ཚོགས་རང་གྲོལ་དང་མཁྱེན་རབ་ཀློང་ཆེན་ཡངས་པ་རྣམས་ཀྱིས་བསྐུལ་ངོར་ཤོག་སེར་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:43, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 6, Text 29, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||