TTDL-ZABTER-03-GA-041: Difference between revisions
From Dudjom Wiki
TTDL-ZABTER-03-GA-041
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་ཞི་ཁྲོ་འདུས་པའི་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་ཆར་འབེབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཞི་ཁྲོ་སྒྲུབ་པའི་རྣལ་འབྱོར་གྱིས༔ དངོས་གྲུབ་བར་ཆད་སེལ་བའི་ཕྱིར༔ ཐོག་མར་གསོལ་བ་འདེབས་པ་ལ༔ ལྷ་རྣམས་རིམས་བཞིན་ཡིད་བྱེད་དེ༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུའི་སྟོན་པ་ཀུན་བཟང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ལོངས་སྐུ་རྡོ་རྗེ་འཆང་དང་རྡོ་རྗེ་སེམས༔ གསོལ་བ་འདེབས་སོ་བདག་རྒྱུད༴སྤྲུལ་སྐུའི་སྟོན་པ་རིགས་གསུམ་མགོན་པོ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴པཎ་གྲུབ་ཡོངས་ཀྱི་གཙོ་མཆོག་ཤྲཱི་སེང༔ གསོལ་བ་འདེབས་སོ་བདག་རྒྱུད༴འགྲོ་བའི་མགོན་པོ་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴སྤྲུལ་པའི་རོལ་གར་གུ་རུ་མཚན་བརྒྱད་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴མ་ཅིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴གྲུབ་པའི་དབང་ཕྱུག་ཁྱེའུ་ཆུང་ལོ་ཙ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴གཏན་གྱི་སྐྱབས་གཅིག་དྲིན་ཆེན་བླ་མ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴སྐུ་བཞིའི་བདག་ཉིད་རིགས་ལྔ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴སྤྲུལ་པའི་བྱང་སེམས་ལྕམ་དྲལ་བཅུ་དྲུག་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴རྣམ་འདྲེན་སྤྲུལ་སྐུ་ཐུབ་ཆེན་དྲུག་པོ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴ཡེ་ཤེས་སྒོ་བ་ཡབ་ཡུམ་བརྒྱད་པོ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴གྲུབ་པའི་རིག་འཛིན་རྣམ་བཞིའི་འཁོར་བཅས་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴ཆེ་བའི་ཆེ་མཆོག་སྤྱི་དཔལ་ཧེ་རུ་ཀར༔ གསོལ་བ་འདེབས་སོ་བདག་རྒྱུད༴སྤྲུལ་པའི་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴གནས་ཡུལ་དབང་ཕྱུག་ཀོའུ་སེང་བཅུ་དྲུག་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴རྣམ་བཞིའི་ཕྲིན་ལས་དབང་མཛད་མ་མོའི་ཚོགས༔ དབང་ཕྱུག་ཉེར་བརྒྱད་ལ་སོགས་དཀྱིལ་འཁོར་གྱི༔ མཐའ་སྐྱོང་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ལ༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་༔ ཞིང་བཅུའི་སྲོག་གི་གཤེད་མར་ལྷུན་གྱིས་གྲུབ༔ བཀའ་སྲུང་དྲེགས་པའི་ཚོགས་ལ་གསོལ་བ་འདེབས༔ བསྟན་དགྲ་མ་ལུས་འཇོམས་པར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ བདག་ཅག་རྣལ་འབྱོར་སྒྲུབ་མཆོག་འཁོར་བཅས་ཀྱི༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་ནས༔ མཆོག་ཐུན་དངོས་གྲུབ་འབད་མེད་མྱུར་ཐོབ་ཅིང་༔ གདོད་མའི་མགོན་པོའི་གོ་འཕང་མྱུར་ཐོབ་ཤོག༔ དད་གུས་མོས་པས་གདུང་ཤུགས་དྲག་པོ་ཡིས༔ དེ་ལྟར་གསོལ་བ་བཏབ་པས་བསམ་མྱུར་འགྲུབ༔ ཕྱི་ནང་གསང་བའི་བར་ཆད་འདིས་གྲོལ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གུ་ཧྱ༔ ཞེས་པ་འདི་སློབ་བུ་ངག་དབང་ཕྲིན་ལས་ཀྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཡིག་མེད་ཨུ་པ་དེ་ཤ་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=03 | |||
|volumeLetter=GA | |||
|textnuminvol=041 | |||
|pdflink=File:TTDL-ZABTER-03-GA-041.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-03-GA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་ཞི་ཁྲོ་འདུས་པའི་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་ཆར་འབེབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཞི་ཁྲོ་སྒྲུབ་པའི་རྣལ་འབྱོར་གྱིས༔ དངོས་གྲུབ་བར་ཆད་སེལ་བའི་ཕྱིར༔ ཐོག་མར་གསོལ་བ་འདེབས་པ་ལ༔ ལྷ་རྣམས་རིམས་བཞིན་ཡིད་བྱེད་དེ༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུའི་སྟོན་པ་ཀུན་བཟང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ལོངས་སྐུ་རྡོ་རྗེ་འཆང་དང་རྡོ་རྗེ་སེམས༔ གསོལ་བ་འདེབས་སོ་བདག་རྒྱུད༴སྤྲུལ་སྐུའི་སྟོན་པ་རིགས་གསུམ་མགོན་པོ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴པཎ་གྲུབ་ཡོངས་ཀྱི་གཙོ་མཆོག་ཤྲཱི་སེང༔ གསོལ་བ་འདེབས་སོ་བདག་རྒྱུད༴འགྲོ་བའི་མགོན་པོ་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴སྤྲུལ་པའི་རོལ་གར་གུ་རུ་མཚན་བརྒྱད་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴མ་ཅིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴གྲུབ་པའི་དབང་ཕྱུག་ཁྱེའུ་ཆུང་ལོ་ཙ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴གཏན་གྱི་སྐྱབས་གཅིག་དྲིན་ཆེན་བླ་མ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴སྐུ་བཞིའི་བདག་ཉིད་རིགས་ལྔ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴སྤྲུལ་པའི་བྱང་སེམས་ལྕམ་དྲལ་བཅུ་དྲུག་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴རྣམ་འདྲེན་སྤྲུལ་སྐུ་ཐུབ་ཆེན་དྲུག་པོ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴ཡེ་ཤེས་སྒོ་བ་ཡབ་ཡུམ་བརྒྱད་པོ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴གྲུབ་པའི་རིག་འཛིན་རྣམ་བཞིའི་འཁོར་བཅས་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴ཆེ་བའི་ཆེ་མཆོག་སྤྱི་དཔལ་ཧེ་རུ་ཀར༔ གསོལ་བ་འདེབས་སོ་བདག་རྒྱུད༴སྤྲུལ་པའི་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴གནས་ཡུལ་དབང་ཕྱུག་ཀོའུ་སེང་བཅུ་དྲུག་ལ༔ གསོལ་བ་འདེབས་སོ་བདག་རྒྱུད༴རྣམ་བཞིའི་ཕྲིན་ལས་དབང་མཛད་མ་མོའི་ཚོགས༔ དབང་ཕྱུག་ཉེར་བརྒྱད་ལ་སོགས་དཀྱིལ་འཁོར་གྱི༔ མཐའ་སྐྱོང་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ལ༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་༔ ཞིང་བཅུའི་སྲོག་གི་གཤེད་མར་ལྷུན་གྱིས་གྲུབ༔ བཀའ་སྲུང་དྲེགས་པའི་ཚོགས་ལ་གསོལ་བ་འདེབས༔ བསྟན་དགྲ་མ་ལུས་འཇོམས་པར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ བདག་ཅག་རྣལ་འབྱོར་སྒྲུབ་མཆོག་འཁོར་བཅས་ཀྱི༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་ནས༔ མཆོག་ཐུན་དངོས་གྲུབ་འབད་མེད་མྱུར་ཐོབ་ཅིང་༔ གདོད་མའི་མགོན་པོའི་གོ་འཕང་མྱུར་ཐོབ་ཤོག༔ དད་གུས་མོས་པས་གདུང་ཤུགས་དྲག་པོ་ཡིས༔ དེ་ལྟར་གསོལ་བ་བཏབ་པས་བསམ་མྱུར་འགྲུབ༔ ཕྱི་ནང་གསང་བའི་བར་ཆད་འདིས་གྲོལ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གུ་ཧྱ༔ ཞེས་པ་འདི་སློབ་བུ་ངག་དབང་ཕྲིན་ལས་ཀྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཡིག་མེད་ཨུ་པ་དེ་ཤ་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:45, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 3, Text 41, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||