TTDL-ZABTER-06-CHA-008: Difference between revisions
From Dudjom Wiki
TTDL-ZABTER-06-CHA-008
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
དབུ་ཁྲིད་བརྡ་ཡིག༔ ༡༠༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་གསང་བ་འདུས་པ་ཡི༔ བསྐང་བ་ཡེ་ཤེས་ཀློང་མཛོད་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༔ ༡༠༣བདེ་གཤེགས་གསང་བ་འདུས་པ་ཡི༔ སྒྲུབ་པ་ཉམས་སུ་ལེན་པ་ལ༔ བསྐང་བ་འདི་ནི་ཡང་ཟབ་མཆོག༔ དེ་ཕྱིར་ཟུངས་ཤིག་ཕྱི་རབས་རྣམས༔ ཧཱུྃ་ཧྲཱིཿགཞི་དབྱིངས་གདོད་ནས་རྣམ་དག་ཞིང་༔ སྣང་བ་ཐམས་ཅད་འདོད་ཡོན་དཔལ༔ སྲིད་པ་རང་བྱུང་མཆོད་པའི་སྤྲིན༔ མི་ཟད་རྒྱན་གྱི་འཁོར་ལོར་ཤར༔ འོག་མིན་བདེ་བ་ཆེན་པོ་ནས༔ ཁྱབ་བདག་མགོན་པོའི་ཐུགས་དམ་བསྐང་༔ ལྷུན་གྲུབ་མ་འགགས་རོལ་པ་ལས༔ ཐུགས་རྗེའི་ཆེན་པོའི་ཐུགས་དམ་བསྐང་༔ གདུལ་བྱའི་དཔལ་མཚོར་ཆུ་ཟླའི་གར༔ པདྨ་འབྱུང་གནས་ཐུགས་དམ་བསྐང་༔ དཔལ་ཆེན་སྐུ་ཡི་གསང་རྫོགས་གར༔ མཉྫུ་མི་ཏྲའི་ཐུགས་དམ་བསྐང་༔ གསུང་གི་གསང་བ་རྫོགས་པའི་གར༔ ནཱ་གརྫུ་ནའི་ཐུགས་དམ་བསྐང་༔ ཐུགས་ཀྱི་གསང་བ་རྫོགས་པའི་གར༔ ཧཱུྃ་ཆེན་ཀཱ་རའི་ཐུགས་དམ་བསྐང་༔ ཡོན་ཏན་གསང་ཆེན་རྫོགས་པའི་གར༔ རྒྱལ་པོ་ཛཿཡི་ཐུགས་དམ་བསྐང་༔ ཕྲིན་ལས་གསང་ཆེན་རོལ་པའི་གར༔ པྲ་ཆེན་ཧསྟིའི་ཐུགས་དམ་བསྐང་༔ སྲིད་པའི་མ་མོ་དབང་བསྒྱུར་གར༔ དྷ་ན་སཾ་སྐྲྀའི་ཐུགས་དམ་བསྐང་༔ རིག་འཛིན་བླ་མ་ཡོངས་འདུས་གར༔ བི་མ་མི་ཏྲའི་ཐུགས་དམ་བསྐང་༔ འཇིག་རྟེན་དྲེགས་པ་འདུལ་བྱེད་གར༔ རམ་བུ་གུ་ཧྱའི་ཐུགས་དམ་བསྐང་༔ མངོན་སྤྱོད་ཐོགས་མེད་ལས་ཀྱི་གར༔ ཤཱནྟིཾ་གརྦྷའི་ཐུགས་དམ་བསྐང་༔ མདོ་སྔགས་བསྟན་པའི་བ་དན་བསྒྲེང་༔ རྗེ་འབངས་ཉེར་ལྔའི་ཐུགས་དམ་བསྐང་༔ གདུལ་དཀའ་འདུལ་མཛད་དཔའ་བོའི་སྐུ༔ དྲིན་ཆེན་བླ་མའི་ཐུགས་དམ་བསྐང་༔ བདེ་གཤེགས་སྐུ་ཡི་དཀྱིལ་འཁོར་ནས༔ འཇམ་དཔལ་ལྷ་ཚོགས་ཐུགས་དམ་བསྐང་༔ པདྨ་གསུང་གི་དཀྱིལ་འཁོར་ནས༔ རྟ་མགྲིན་ལྷ་ཚོགས་ཐུགས་དམ་བསྐང་༔ འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཡང་དག་ལྷ་ཚོགས་ཐུགས་དམ་བསྐང་༔ ཡོན་ཏན་ལྷུན་གྲུབ་དཀྱིལ་འཁོར་ནས༔ ཆེ་མཆོག་ལྷ་ཚོགས་ཐུགས་དམ་བསྐང་༔ ཕྲིན་ལས་མངོན་སྤྱོད་དཀྱིལ་འཁོར་ནས༔ ཕུར་པའི་ལྷ་ཚོགས་ཐུགས་དམ་བསྐང་༔ རྦོད་གཏོང་རོལ་པའི་དཀྱིལ་འཁོར་ནས༔ མ་མོའི་ལྷ་ཚོགས་ཐུགས་དམ་བསྐང་༔ དབང་བྱིན་འབྱུང་བའི་དཀྱིལ་འཁོར་ནས༔ རིག་འཛིན་ལྷ་ཚོགས་ཐུགས་དམ་བསྐང་༔ འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་ནས༔ དྲེགས་འདུལ་ལྷ་ཚོགས་ཐུགས་དམ་བསྐང་༔ དྲག་སྔགས་རོལ་པའི་དཀྱིལ་འཁོར་ནས༔ སྟོབས་ལྡན་ལྷ་ཚོགས་ཐུགས་དམ་བསྐང་༔ བསྟན་དང་བསྟན་འཛིན་སྡེ་སྐྱོང་ཕྱིར༔ དཔལ་གྱི་བཀའ་སྡོད་ཐུགས་དམ་བསྐང་༔ ཕྲིན་ལས་བཞི་སྒྲུབ་དངོས་གྲུབ་བདག༔ དྲེགས་པ་སྡེ་དགུའི་ཐུགས་དམ་བསྐང་༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་དང་བསླབ་པ་དམ་ཚིག་ལས༔ འགལ་འཁྲུལ་ཉམས་ཆག་ཅི་མཆིས་པ༔ མི་འཆབ་མི་སྦེད་གནོང་འགྱོད་ཀྱིས༔ བཤགས་སོང་དག་ཅིང་ཚངས་པར་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ ཞེས་སོགས་ཡིག་བརྒྱ་ཅི་ནུས་བཟླ༔ ཉམས་ཆག་རྟོག་སྒྲིབ་བག་ཆགས་ཀུན༔ བསྐང་བཤགས་ཟབ་མོ་འདིས་གྲོལ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་བསྐལ་བཟང་མདོ་སྔགས་བསྟན་རྒྱལ་གླིང་དུ་དག་པར་ཕབ་པའི་ཡི་གེ་པ་ནི་བསོད་ནམས་རབ་རྒྱས་སོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=06 | |||
|volumeLetter=CHA | |||
|textnuminvol=008 | |||
|pdflink=File:TTDL-ZABTER-06-CHA-008.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-06-CHA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|དབུ་ཁྲིད་བརྡ་ཡིག༔ ༡༠༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་གསང་བ་འདུས་པ་ཡི༔ བསྐང་བ་ཡེ་ཤེས་ཀློང་མཛོད་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༔ ༡༠༣བདེ་གཤེགས་གསང་བ་འདུས་པ་ཡི༔ སྒྲུབ་པ་ཉམས་སུ་ལེན་པ་ལ༔ བསྐང་བ་འདི་ནི་ཡང་ཟབ་མཆོག༔ དེ་ཕྱིར་ཟུངས་ཤིག་ཕྱི་རབས་རྣམས༔ ཧཱུྃ་ཧྲཱིཿགཞི་དབྱིངས་གདོད་ནས་རྣམ་དག་ཞིང་༔ སྣང་བ་ཐམས་ཅད་འདོད་ཡོན་དཔལ༔ སྲིད་པ་རང་བྱུང་མཆོད་པའི་སྤྲིན༔ མི་ཟད་རྒྱན་གྱི་འཁོར་ལོར་ཤར༔ འོག་མིན་བདེ་བ་ཆེན་པོ་ནས༔ ཁྱབ་བདག་མགོན་པོའི་ཐུགས་དམ་བསྐང་༔ ལྷུན་གྲུབ་མ་འགགས་རོལ་པ་ལས༔ ཐུགས་རྗེའི་ཆེན་པོའི་ཐུགས་དམ་བསྐང་༔ གདུལ་བྱའི་དཔལ་མཚོར་ཆུ་ཟླའི་གར༔ པདྨ་འབྱུང་གནས་ཐུགས་དམ་བསྐང་༔ དཔལ་ཆེན་སྐུ་ཡི་གསང་རྫོགས་གར༔ མཉྫུ་མི་ཏྲའི་ཐུགས་དམ་བསྐང་༔ གསུང་གི་གསང་བ་རྫོགས་པའི་གར༔ ནཱ་གརྫུ་ནའི་ཐུགས་དམ་བསྐང་༔ ཐུགས་ཀྱི་གསང་བ་རྫོགས་པའི་གར༔ ཧཱུྃ་ཆེན་ཀཱ་རའི་ཐུགས་དམ་བསྐང་༔ ཡོན་ཏན་གསང་ཆེན་རྫོགས་པའི་གར༔ རྒྱལ་པོ་ཛཿཡི་ཐུགས་དམ་བསྐང་༔ ཕྲིན་ལས་གསང་ཆེན་རོལ་པའི་གར༔ པྲ་ཆེན་ཧསྟིའི་ཐུགས་དམ་བསྐང་༔ སྲིད་པའི་མ་མོ་དབང་བསྒྱུར་གར༔ དྷ་ན་སཾ་སྐྲྀའི་ཐུགས་དམ་བསྐང་༔ རིག་འཛིན་བླ་མ་ཡོངས་འདུས་གར༔ བི་མ་མི་ཏྲའི་ཐུགས་དམ་བསྐང་༔ འཇིག་རྟེན་དྲེགས་པ་འདུལ་བྱེད་གར༔ རམ་བུ་གུ་ཧྱའི་ཐུགས་དམ་བསྐང་༔ མངོན་སྤྱོད་ཐོགས་མེད་ལས་ཀྱི་གར༔ ཤཱནྟིཾ་གརྦྷའི་ཐུགས་དམ་བསྐང་༔ མདོ་སྔགས་བསྟན་པའི་བ་དན་བསྒྲེང་༔ རྗེ་འབངས་ཉེར་ལྔའི་ཐུགས་དམ་བསྐང་༔ གདུལ་དཀའ་འདུལ་མཛད་དཔའ་བོའི་སྐུ༔ དྲིན་ཆེན་བླ་མའི་ཐུགས་དམ་བསྐང་༔ བདེ་གཤེགས་སྐུ་ཡི་དཀྱིལ་འཁོར་ནས༔ འཇམ་དཔལ་ལྷ་ཚོགས་ཐུགས་དམ་བསྐང་༔ པདྨ་གསུང་གི་དཀྱིལ་འཁོར་ནས༔ རྟ་མགྲིན་ལྷ་ཚོགས་ཐུགས་དམ་བསྐང་༔ འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཡང་དག་ལྷ་ཚོགས་ཐུགས་དམ་བསྐང་༔ ཡོན་ཏན་ལྷུན་གྲུབ་དཀྱིལ་འཁོར་ནས༔ ཆེ་མཆོག་ལྷ་ཚོགས་ཐུགས་དམ་བསྐང་༔ ཕྲིན་ལས་མངོན་སྤྱོད་དཀྱིལ་འཁོར་ནས༔ ཕུར་པའི་ལྷ་ཚོགས་ཐུགས་དམ་བསྐང་༔ རྦོད་གཏོང་རོལ་པའི་དཀྱིལ་འཁོར་ནས༔ མ་མོའི་ལྷ་ཚོགས་ཐུགས་དམ་བསྐང་༔ དབང་བྱིན་འབྱུང་བའི་དཀྱིལ་འཁོར་ནས༔ རིག་འཛིན་ལྷ་ཚོགས་ཐུགས་དམ་བསྐང་༔ འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་ནས༔ དྲེགས་འདུལ་ལྷ་ཚོགས་ཐུགས་དམ་བསྐང་༔ དྲག་སྔགས་རོལ་པའི་དཀྱིལ་འཁོར་ནས༔ སྟོབས་ལྡན་ལྷ་ཚོགས་ཐུགས་དམ་བསྐང་༔ བསྟན་དང་བསྟན་འཛིན་སྡེ་སྐྱོང་ཕྱིར༔ དཔལ་གྱི་བཀའ་སྡོད་ཐུགས་དམ་བསྐང་༔ ཕྲིན་ལས་བཞི་སྒྲུབ་དངོས་གྲུབ་བདག༔ དྲེགས་པ་སྡེ་དགུའི་ཐུགས་དམ་བསྐང་༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་དང་བསླབ་པ་དམ་ཚིག་ལས༔ འགལ་འཁྲུལ་ཉམས་ཆག་ཅི་མཆིས་པ༔ མི་འཆབ་མི་སྦེད་གནོང་འགྱོད་ཀྱིས༔ བཤགས་སོང་དག་ཅིང་ཚངས་པར་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ ཞེས་སོགས་ཡིག་བརྒྱ་ཅི་ནུས་བཟླ༔ ཉམས་ཆག་རྟོག་སྒྲིབ་བག་ཆགས་ཀུན༔ བསྐང་བཤགས་ཟབ་མོ་འདིས་གྲོལ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་བསྐལ་བཟང་མདོ་སྔགས་བསྟན་རྒྱལ་གླིང་དུ་དག་པར་ཕབ་པའི་ཡི་གེ་པ་ནི་བསོད་ནམས་རབ་རྒྱས་སོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:45, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 6, Text 8, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||