TTDL-ZABTER-07-JA-033: Difference between revisions

From Dudjom Wiki
TTDL-ZABTER-07-JA-033
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༠༠༠༠བརྡ་ཡིག༤༦༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོའི་ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར་ལས༔ དྲག་པོ་ཧར་བཞེངས་ལེའུའོ༔ ༠༠༠༠བརྡ་ཡིག༤༦༣རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ དོན་གཉིས་མཐར་ཕྱིན་པདྨ་འབྱུང་གནས་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ དྲག་པོ་ཧར་བཞེངས་ལེའུ་ཞེས་བྱ་བསྟན༔ བདག་བདུན་ལྷ་ཚོགས་དྲག་མོའི་སྐུར་བཞེངས་ནི༔ ཧཱུྃ་ཧ་ཧོ་ཨཱཿསྐད་ཅིག་རིག་པའི་དྲན་རྫོགས་ལས༔ བདག་མདུན་ལྷ་ཚོགས་ཐམས་ཅད་ཀུན༔ ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་༔ དྲག་ཁྲོས་རྔམས་པ་ལྟར་མི་བཟོད༔ མདངས་ཀྱི་མཁའ་འགྲོས་ནམ་མཁའ་གང་༔ མདངས་ཀྱི་མཁའ་འགྲོས་བར་སྣང་ཁྱབ༔ རྩལ་སྣང་མཁའ་འགྲོས་ས་གཞི་ཁྱབ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་གསུམ་དམར་ཟླུམ་གློག་ལྟར་འཁྱུག༔ མཆེ་བ་ཟླ་ལྟར་བཞི་གཙིགས་ཤིང་༔ གློག་དམར་འཁྱུགས་འདྲའི་ལྗགས་འདྲིལ་བ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་རློན་ཕྲེང་བས་དོ་ཤལ་ཅན༔ དུར་ཁྲོད་ཆས་ཀུན་ཡོངས་སུ་རྫོགས༔ ཞབས་གཉིས་གར་སྟབས་ལོག་རྟོག་གནོན༔ སྣང་བ་ཐམས་ཅད་འོད་གསལ་ཞིང་༔ སྲིད་པ་ཐམས་ཅད་མཁའ་འགྲོའི་སྐུ༔ སྒྲ་གྲགས་ཐམས་ཅད་རུ་ལུའི་སྒྲ༔ འཁོར་བའི་གནས་དང་འདས་པའི་ཞིང་༔ ཐམས་ཅད་གསང་བ་མཁའ་འགྲོའི་མཁའ༔ སྣང་སྲིད་གཞི་ལས་བཞེངས་པ་ཡི༔ སྒྱུ་མ་མཁན་དང་སྒྱུ་མའི་འཕྲུལ༔ ལྷ་བསྐྱེད་ཐབས་ཤེས་ཟུང་འཇུག་པས༔ མཁའ་འགྲོ་འབུམ་དབང་ཡོངས་སུ་རྫོགས༔ ལྷུན་གྲུབ་བདེ་ཆེན་དག་མཉམ་པས༔ དབྱིངས་ཉིད་མངོན་དུ་གྱུར་པ་ལས༔ མཁའ་འགྲོའི་གསང་བ་ཡོངས་སུ་རྫོགས༔ དྲན་རྟོག་ཆོས་ཉིད་རོལ་པ་རུ༔ འཕོས་པས་ཤེར་དབང་ཡོངས་སུ་རྫོགས༔ སྤྲུལ་དང་ཡང་སྤྲུལ་སྒྱུ་འཕྲུལ་ཤར༔ རྡོ་རྗེ་ཚིག་གི་དབང་ཐོབ་ཅིང་༔ ཞི་བའི་ཆ་ལུགས་ཁྲོ་མོར་བཞེངས༔ འཁོར་བ་ཡོངས་སྒྲོལ་གདིང་ཐོབ་བོ༔ ཨོཾ་ཀརྨ་ཛྙཱ་ན་ཌཱ་ཀི་ནཱི་སེངྷ་མུ་ཁ་ཧ་རི་ནི་ས་སརྦ་ཤ་ཏྲུཾ་མ་ར་ཡ་ཕཊ༔ ཨ་མུ་ཁ་མཱ་ར་ཡ་རྦད་སོད་ནན༔ ཅི་མང་བཟླའོ༔ དེ་ནས་དབང་བཞི་བླང་བ་ལ༔ ཨོཾ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་དང་༔ འབུམ་ཕྲག་མཁའ་འགྲོ་མ་ཚོགས་ཀྱིས༔ སྐུ་ཡི་དབང་བྱིན་ནུས་པ་ཀུན༔ འོད་ཀྱི་རྣམ་པར་སྤྱི་བོར་ཐིམ༔ རྡོ་རྗེའི་སྐུ་དང་གཉིས་མེད་གྱུར༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨཱཿདུས་གསུམ་རྒྱལ་དང་རྒྱལ་སྲས་དང་༔ འབུམ་ཕྲག་མཁའ་འགྲོ་མ་ཚོགས་ཀྱིས༔ གསུང་གི་དབང་བྱིན་ནུས་པ་ཀུན༔ འོད་ཀྱི་རྣམ་པར་མགྲིན་པར་ཐིམ༔ རྡོ་རྗེའི་གསུང་དང་གཉིས་མེད་གྱུར༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་དང་༔ འབུམ་ཕྲག་མཁའ་འགྲོ་མ་ཚོགས་ཀྱིས༔ ཐུགས་ཀྱི་དབང་བྱིན་ནུས་པ་ཀུན༔ འོད་ཀྱི་རྣམ་པར་སྙིང་གར་ཐིམ༔ རྡོ་རྗེའི་ཐུགས་དང་གཉིས་མེད་གྱུར༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྭཱ་ཧཱ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་དང་༔ འབུམ་ཕྲག་མཁའ་འགྲོ་མ་ཚོགས་ཀྱིས༔ ཡོན་ཏན་ཕྲིན་ལས་དབང་བྱིན་ཀུན༔ འོད་ཀྱི་རྣམ་པར་གནས་ལྔར་ཐིམ༔ སྒྲིབ་གཉིས་བག་ཆགས་ཀུན་དག་ནས༔ ངོ་བོ་ཉིད་སྐུའི་ངང་མངོན་གྱུར༔ སརྦ་གུ་ཎ་ཀརྨ་ཨ་བྷི་སིདྡྷི་ཨཱཿདེ་ལྟར་གསང་བ་ཡེ་ཤེས་སྐུ༔ དྲག་ཁྲོས་མཁའ་འགྲོ་སེང་གེའི་གདོང་༔ དྲག་རྔམས་འཇིགས་པའི་སྐུར་སྟོན་པའི༔ བསྒོམ་བཟླས་གནད་དང་ལྡན་པ་ཡིས༔ མངོན་སྤྱོད་ལས་ལ་བརྩོན་བྱས་ན༔ རབ་འབྱམས་ཕྲིན་ལས་ཐོགས་མེད་འགྲུབ༔ བསྐྱེད་བསྒོམ་གནད་དང་མི་ལྡན་ན༔ བྱིས་པའི་རྩེད་མོ་ཇི་བཞིན་ནོ༔ དེ་ཕྱིར་གནད་འདི་ཤེས་པར་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རང་སློབ་ཀློང་ཆེན་བྱ་བ་དང་ངག་དབང་ཕྲིན་ལས་གཉིས་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་ཀྱིས་ཤོག་སེར་ལས་ཞལ་བཤུས་ཏེ་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=07
|volumeLetter=JA
|textnuminvol=033
|pdflink=File:TTDL-ZABTER-07-JA-033.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-07-JA
}}
<h1>Tibetan Text</h1>
<onlyinclude>
{{TibP|༠༠༠༠བརྡ་ཡིག༤༦༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོའི་ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར་ལས༔ དྲག་པོ་ཧར་བཞེངས་ལེའུའོ༔ ༠༠༠༠བརྡ་ཡིག༤༦༣རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ དོན་གཉིས་མཐར་ཕྱིན་པདྨ་འབྱུང་གནས་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ དྲག་པོ་ཧར་བཞེངས་ལེའུ་ཞེས་བྱ་བསྟན༔ བདག་བདུན་ལྷ་ཚོགས་དྲག་མོའི་སྐུར་བཞེངས་ནི༔ ཧཱུྃ་ཧ་ཧོ་ཨཱཿསྐད་ཅིག་རིག་པའི་དྲན་རྫོགས་ལས༔ བདག་མདུན་ལྷ་ཚོགས་ཐམས་ཅད་ཀུན༔ ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་༔ དྲག་ཁྲོས་རྔམས་པ་ལྟར་མི་བཟོད༔ མདངས་ཀྱི་མཁའ་འགྲོས་ནམ་མཁའ་གང་༔ མདངས་ཀྱི་མཁའ་འགྲོས་བར་སྣང་ཁྱབ༔ རྩལ་སྣང་མཁའ་འགྲོས་ས་གཞི་ཁྱབ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་གསུམ་དམར་ཟླུམ་གློག་ལྟར་འཁྱུག༔ མཆེ་བ་ཟླ་ལྟར་བཞི་གཙིགས་ཤིང་༔ གློག་དམར་འཁྱུགས་འདྲའི་ལྗགས་འདྲིལ་བ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་རློན་ཕྲེང་བས་དོ་ཤལ་ཅན༔ དུར་ཁྲོད་ཆས་ཀུན་ཡོངས་སུ་རྫོགས༔ ཞབས་གཉིས་གར་སྟབས་ལོག་རྟོག་གནོན༔ སྣང་བ་ཐམས་ཅད་འོད་གསལ་ཞིང་༔ སྲིད་པ་ཐམས་ཅད་མཁའ་འགྲོའི་སྐུ༔ སྒྲ་གྲགས་ཐམས་ཅད་རུ་ལུའི་སྒྲ༔ འཁོར་བའི་གནས་དང་འདས་པའི་ཞིང་༔ ཐམས་ཅད་གསང་བ་མཁའ་འགྲོའི་མཁའ༔ སྣང་སྲིད་གཞི་ལས་བཞེངས་པ་ཡི༔ སྒྱུ་མ་མཁན་དང་སྒྱུ་མའི་འཕྲུལ༔ ལྷ་བསྐྱེད་ཐབས་ཤེས་ཟུང་འཇུག་པས༔ མཁའ་འགྲོ་འབུམ་དབང་ཡོངས་སུ་རྫོགས༔ ལྷུན་གྲུབ་བདེ་ཆེན་དག་མཉམ་པས༔ དབྱིངས་ཉིད་མངོན་དུ་གྱུར་པ་ལས༔ མཁའ་འགྲོའི་གསང་བ་ཡོངས་སུ་རྫོགས༔ དྲན་རྟོག་ཆོས་ཉིད་རོལ་པ་རུ༔ འཕོས་པས་ཤེར་དབང་ཡོངས་སུ་རྫོགས༔ སྤྲུལ་དང་ཡང་སྤྲུལ་སྒྱུ་འཕྲུལ་ཤར༔ རྡོ་རྗེ་ཚིག་གི་དབང་ཐོབ་ཅིང་༔ ཞི་བའི་ཆ་ལུགས་ཁྲོ་མོར་བཞེངས༔ འཁོར་བ་ཡོངས་སྒྲོལ་གདིང་ཐོབ་བོ༔ ཨོཾ་ཀརྨ་ཛྙཱ་ན་ཌཱ་ཀི་ནཱི་སེངྷ་མུ་ཁ་ཧ་རི་ནི་ས་སརྦ་ཤ་ཏྲུཾ་མ་ར་ཡ་ཕཊ༔ ཨ་མུ་ཁ་མཱ་ར་ཡ་རྦད་སོད་ནན༔ ཅི་མང་བཟླའོ༔ དེ་ནས་དབང་བཞི་བླང་བ་ལ༔ ཨོཾ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་དང་༔ འབུམ་ཕྲག་མཁའ་འགྲོ་མ་ཚོགས་ཀྱིས༔ སྐུ་ཡི་དབང་བྱིན་ནུས་པ་ཀུན༔ འོད་ཀྱི་རྣམ་པར་སྤྱི་བོར་ཐིམ༔ རྡོ་རྗེའི་སྐུ་དང་གཉིས་མེད་གྱུར༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨཱཿདུས་གསུམ་རྒྱལ་དང་རྒྱལ་སྲས་དང་༔ འབུམ་ཕྲག་མཁའ་འགྲོ་མ་ཚོགས་ཀྱིས༔ གསུང་གི་དབང་བྱིན་ནུས་པ་ཀུན༔ འོད་ཀྱི་རྣམ་པར་མགྲིན་པར་ཐིམ༔ རྡོ་རྗེའི་གསུང་དང་གཉིས་མེད་གྱུར༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་དང་༔ འབུམ་ཕྲག་མཁའ་འགྲོ་མ་ཚོགས་ཀྱིས༔ ཐུགས་ཀྱི་དབང་བྱིན་ནུས་པ་ཀུན༔ འོད་ཀྱི་རྣམ་པར་སྙིང་གར་ཐིམ༔ རྡོ་རྗེའི་ཐུགས་དང་གཉིས་མེད་གྱུར༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྭཱ་ཧཱ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་དང་༔ འབུམ་ཕྲག་མཁའ་འགྲོ་མ་ཚོགས་ཀྱིས༔ ཡོན་ཏན་ཕྲིན་ལས་དབང་བྱིན་ཀུན༔ འོད་ཀྱི་རྣམ་པར་གནས་ལྔར་ཐིམ༔ སྒྲིབ་གཉིས་བག་ཆགས་ཀུན་དག་ནས༔ ངོ་བོ་ཉིད་སྐུའི་ངང་མངོན་གྱུར༔ སརྦ་གུ་ཎ་ཀརྨ་ཨ་བྷི་སིདྡྷི་ཨཱཿདེ་ལྟར་གསང་བ་ཡེ་ཤེས་སྐུ༔ དྲག་ཁྲོས་མཁའ་འགྲོ་སེང་གེའི་གདོང་༔ དྲག་རྔམས་འཇིགས་པའི་སྐུར་སྟོན་པའི༔ བསྒོམ་བཟླས་གནད་དང་ལྡན་པ་ཡིས༔ མངོན་སྤྱོད་ལས་ལ་བརྩོན་བྱས་ན༔ རབ་འབྱམས་ཕྲིན་ལས་ཐོགས་མེད་འགྲུབ༔ བསྐྱེད་བསྒོམ་གནད་དང་མི་ལྡན་ན༔ བྱིས་པའི་རྩེད་མོ་ཇི་བཞིན་ནོ༔ དེ་ཕྱིར་གནད་འདི་ཤེས་པར་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རང་སློབ་ཀློང་ཆེན་བྱ་བ་དང་ངག་དབང་ཕྲིན་ལས་གཉིས་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་ཀྱིས་ཤོག་སེར་ལས་ཞལ་བཤུས་ཏེ་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:48, 4 June 2024

Wylie title TTDL-ZABTER-07-JA-033.pdf
Location bdud 'joms gling pa zab gter
Volume 7, Text 33, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༤༦༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོའི་ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར་ལས༔ དྲག་པོ་ཧར་བཞེངས་ལེའུའོ༔ ༠༠༠༠བརྡ་ཡིག༤༦༣རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ དོན་གཉིས་མཐར་ཕྱིན་པདྨ་འབྱུང་གནས་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ དྲག་པོ་ཧར་བཞེངས་ལེའུ་ཞེས་བྱ་བསྟན༔ བདག་བདུན་ལྷ་ཚོགས་དྲག་མོའི་སྐུར་བཞེངས་ནི༔ ཧཱུྃ་ཧ་ཧོ་ཨཱཿསྐད་ཅིག་རིག་པའི་དྲན་རྫོགས་ལས༔ བདག་མདུན་ལྷ་ཚོགས་ཐམས་ཅད་ཀུན༔ ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་༔ དྲག་ཁྲོས་རྔམས་པ་ལྟར་མི་བཟོད༔ མདངས་ཀྱི་མཁའ་འགྲོས་ནམ་མཁའ་གང་༔ མདངས་ཀྱི་མཁའ་འགྲོས་བར་སྣང་ཁྱབ༔ རྩལ་སྣང་མཁའ་འགྲོས་ས་གཞི་ཁྱབ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་གསུམ་དམར་ཟླུམ་གློག་ལྟར་འཁྱུག༔ མཆེ་བ་ཟླ་ལྟར་བཞི་གཙིགས་ཤིང་༔ གློག་དམར་འཁྱུགས་འདྲའི་ལྗགས་འདྲིལ་བ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་རློན་ཕྲེང་བས་དོ་ཤལ་ཅན༔ དུར་ཁྲོད་ཆས་ཀུན་ཡོངས་སུ་རྫོགས༔ ཞབས་གཉིས་གར་སྟབས་ལོག་རྟོག་གནོན༔ སྣང་བ་ཐམས་ཅད་འོད་གསལ་ཞིང་༔ སྲིད་པ་ཐམས་ཅད་མཁའ་འགྲོའི་སྐུ༔ སྒྲ་གྲགས་ཐམས་ཅད་རུ་ལུའི་སྒྲ༔ འཁོར་བའི་གནས་དང་འདས་པའི་ཞིང་༔ ཐམས་ཅད་གསང་བ་མཁའ་འགྲོའི་མཁའ༔ སྣང་སྲིད་གཞི་ལས་བཞེངས་པ་ཡི༔ སྒྱུ་མ་མཁན་དང་སྒྱུ་མའི་འཕྲུལ༔ ལྷ་བསྐྱེད་ཐབས་ཤེས་ཟུང་འཇུག་པས༔ མཁའ་འགྲོ་འབུམ་དབང་ཡོངས་སུ་རྫོགས༔ ལྷུན་གྲུབ་བདེ་ཆེན་དག་མཉམ་པས༔ དབྱིངས་ཉིད་མངོན་དུ་གྱུར་པ་ལས༔ མཁའ་འགྲོའི་གསང་བ་ཡོངས་སུ་རྫོགས༔ དྲན་རྟོག་ཆོས་ཉིད་རོལ་པ་རུ༔ འཕོས་པས་ཤེར་དབང་ཡོངས་སུ་རྫོགས༔ སྤྲུལ་དང་ཡང་སྤྲུལ་སྒྱུ་འཕྲུལ་ཤར༔ རྡོ་རྗེ་ཚིག་གི་དབང་ཐོབ་ཅིང་༔ ཞི་བའི་ཆ་ལུགས་ཁྲོ་མོར་བཞེངས༔ འཁོར་བ་ཡོངས་སྒྲོལ་གདིང་ཐོབ་བོ༔ ཨོཾ་ཀརྨ་ཛྙཱ་ན་ཌཱ་ཀི་ནཱི་སེངྷ་མུ་ཁ་ཧ་རི་ནི་ས་སརྦ་ཤ་ཏྲུཾ་མ་ར་ཡ་ཕཊ༔ ཨ་མུ་ཁ་མཱ་ར་ཡ་རྦད་སོད་ནན༔ ཅི་མང་བཟླའོ༔ དེ་ནས་དབང་བཞི་བླང་བ་ལ༔ ཨོཾ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་དང་༔ འབུམ་ཕྲག་མཁའ་འགྲོ་མ་ཚོགས་ཀྱིས༔ སྐུ་ཡི་དབང་བྱིན་ནུས་པ་ཀུན༔ འོད་ཀྱི་རྣམ་པར་སྤྱི་བོར་ཐིམ༔ རྡོ་རྗེའི་སྐུ་དང་གཉིས་མེད་གྱུར༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨཱཿདུས་གསུམ་རྒྱལ་དང་རྒྱལ་སྲས་དང་༔ འབུམ་ཕྲག་མཁའ་འགྲོ་མ་ཚོགས་ཀྱིས༔ གསུང་གི་དབང་བྱིན་ནུས་པ་ཀུན༔ འོད་ཀྱི་རྣམ་པར་མགྲིན་པར་ཐིམ༔ རྡོ་རྗེའི་གསུང་དང་གཉིས་མེད་གྱུར༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་དང་༔ འབུམ་ཕྲག་མཁའ་འགྲོ་མ་ཚོགས་ཀྱིས༔ ཐུགས་ཀྱི་དབང་བྱིན་ནུས་པ་ཀུན༔ འོད་ཀྱི་རྣམ་པར་སྙིང་གར་ཐིམ༔ རྡོ་རྗེའི་ཐུགས་དང་གཉིས་མེད་གྱུར༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྭཱ་ཧཱ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་དང་༔ འབུམ་ཕྲག་མཁའ་འགྲོ་མ་ཚོགས་ཀྱིས༔ ཡོན་ཏན་ཕྲིན་ལས་དབང་བྱིན་ཀུན༔ འོད་ཀྱི་རྣམ་པར་གནས་ལྔར་ཐིམ༔ སྒྲིབ་གཉིས་བག་ཆགས་ཀུན་དག་ནས༔ ངོ་བོ་ཉིད་སྐུའི་ངང་མངོན་གྱུར༔ སརྦ་གུ་ཎ་ཀརྨ་ཨ་བྷི་སིདྡྷི་ཨཱཿདེ་ལྟར་གསང་བ་ཡེ་ཤེས་སྐུ༔ དྲག་ཁྲོས་མཁའ་འགྲོ་སེང་གེའི་གདོང་༔ དྲག་རྔམས་འཇིགས་པའི་སྐུར་སྟོན་པའི༔ བསྒོམ་བཟླས་གནད་དང་ལྡན་པ་ཡིས༔ མངོན་སྤྱོད་ལས་ལ་བརྩོན་བྱས་ན༔ རབ་འབྱམས་ཕྲིན་ལས་ཐོགས་མེད་འགྲུབ༔ བསྐྱེད་བསྒོམ་གནད་དང་མི་ལྡན་ན༔ བྱིས་པའི་རྩེད་མོ་ཇི་བཞིན་ནོ༔ དེ་ཕྱིར་གནད་འདི་ཤེས་པར་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རང་སློབ་ཀློང་ཆེན་བྱ་བ་དང་ངག་དབང་ཕྲིན་ལས་གཉིས་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་ཀྱིས་ཤོག་སེར་ལས་ཞལ་བཤུས་ཏེ་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།