TTDL-ZABTER-01-KA-069: Difference between revisions

From Dudjom Wiki
TTDL-ZABTER-01-KA-069
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|cycle=zab gsang mkha' 'gro'i snying thig
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཀ
|versonotes=bdud 'joms
|volumenumber=01
|volumenumber=01
|volumeLetter=KA
|volumeLetter=KA
|textnuminvol=068
|textnuminvol=069
|pdflink=File:TTDL-ZABTER-01-KA-068.pdf
|pdflink=File:TTDL-ZABTER-01-KA-069.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-01-KA
|InitCategories=Dudjom Tersar Project; TTDL-ZABTER-Volume-01-KA
}}
}}
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|༠༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྣལ་འབྱོར་འདོད་དོན་འགྲུབ་ཅིང་
{{TibP|༠༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྣལ་འབྱོར་འདོད་དོན་འགྲུབ་ཅིང་བསྐྱེད་རྫོགས་མཐའ་རུ་ཕྱིན་པའི་ཆེད་དུ་སྨོན་ལམ་ཆེན་པོའི་སྟོབས་བསྐྱེད་བཞུགས་སོ༔
བསྐྱེད་རྫོགས་མཐའ་རུ་ཕྱིན་པའི་ཆེད་དུ་སྨོན་ལམ་ཆེན་པོའི་སྟོབས་བསྐྱེད་བཞུགས་སོ༔
༠༠༠༠༠༠བརྡ་ཡིག༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠བརྡ་ཡིག༦༣༤༔ ཉིན་མཚན་ལན་གསུམ་ཆགས་མེད་དུ༔ རང་གི་མདུན་གྱི་ནམ་མཁར་སངས་རྒྱས་བྱང་སེམས་བླ་མ་རིག་འཛིན་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་བཀྲ་དཔུང་ངེ་འོད་ཐིབས་སེ་བཞུགས་ཤིང་༔ བདག་ལ་ཞལ་གྱིས་ཕྱོགས༔ སྤྱན་གྱིས་གཟིགས༔ ཐུགས་བརྩེ་ཐུགས་རྗེ་དང་ལྡན་པའི་ངང་ནས༔ སྨོན་ལམ་འགྲུབ་པའི་དཔང་པོ་རུ་དགོངས་པར་གྱུར༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་སྐུ་གསུམ་རྒྱལ་བ་རྒྱ་མཚོའི་བདེན་པ་དང་༔ དོན་དམ་ཆོས་ཉིད་རྣམ་པར་དག་ཅིང་ཀུན་རྫོབ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུ་སྟོབས་བྱིན་རླབས་ཀྱིས༔ མི་བདག་གི་ནད་གདོན་སྡིག་སྒྲིབ་བག་ཆགས་འཇིགས་དང་སྡུག་བསྔལ་སྔོན་ལས་འཕྲལ་རྐྱེན་ངན་པ་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པར་བྱང་ཞིང་དག་པར་གྱུར་ཅིག༔ སླན་ཆད་ཀྱང་མི་མཐུན་པའི་ཕྱོགས་རིས་ངན་པ་ཐམས་ཅད་མི་འབྱུང་བར་གྱུར་ཅིག༔ ཞི་བར་གྱུར་ཅིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ལ་སོགས་པའི་རིག་འཛིན་བླ་མ་རྒྱལ་བ་རྒྱ་མཚོ་ཐམས་ཅད་དང་༔ ཡི་དམ་རྒྱུད་སྡེ་བཞི་དྲུག་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་བདག་གི་རྒྱུད་ལ་སྐད་ཅིག་འདི་ཉིད་དུ་ཐིམ་པར་གྱུར་ཅིག༔ འཕོ་བར་གྱུར་ཅིག༔ གཉིས་སུ་མེད་པར་ཡོངས་སུ་རྫོགས་པར་གྱུར་ཅིག༔ ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་སྐད་ཅིག་གི་གཡེལ་བ་མེད་པའི་གྲོགས་སུ་འགྲུབ་པར་གྱུར་ཅིག༔ འབངས་དང་འཁོར་དང་ལས་ལ་འཁོར་བར་གྱུར་ཅིག༔ དགྲ་དཔུང་རྡུལ་དུ་བརླག་ཅིང་བགེགས་དཔུང་ཚར་གཅོད་པའི་མཐུ་ནུས་པ་དང་བདག་ལྡན་ནས་མཐུ་ཡི་གྲགས་པས་ས་སྟེང་ཡོངས་སུ་ཁྱབ་པར་གྱུར་ཅིག༔ བདག་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་མངའ་ཐང་རླུང་རྟ་བླ་གཟའ་སྙན་གྲགས་ཡེ་ཤེས་ཡོན་ཏན་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག༔ ནུབ་པ་མེད་པར་རབ་ཏུ་གནས་ཤིང་བརྟན་པར་གྱུར་ཅིག༔ སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་བུ་སློབ་ལྷ་འདྲེ་མི་གསུམ་འགྲོ་བ་ཕོ་མོ་ཐམས་ཅད་བདག་གིས་དབང་དུ་འདུ་བར་གྱུར་ཅིག༔ བྲན་དུ་ཁོལ་བར་གྱུར་ཅིག༔ འབངས་དང་ལས་སུ་འཁོར་ནས་འདོད་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག༔ ཟས་ནོར་ལོངས་སྤྱོད་འདོད་རྒུ་ཡིད་བཞིན་གྱི་བྱེ་བྲག་རྒྱུན་མི་འཆད་པར་ཆར་ལྟར་འབེབས་ཤིང་མཚོ་ལྟར་འཁྱིལ་ཏེ་རི་ལྟར་བརྟན་པར་གྱུར་ཅིག༔ བདག་གིས་རང་སྣང་དབང་དུ་སྡུད་ཅིང་གཞན་སྣང་ཟིལ་གྱིས་གནོན་ཏེ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ཕྱོགས་དང་དུས་ཐམས་ཅད་དུ་རྒྱས་པར་བྱས་ནས་གདུལ་བྱ་འབྲེལ་ཐོགས་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འདྲེན་ནུས་པར་གྱུར་ཅིག༔ ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པར་གྱུར་ཅིག༔ སྣང་སྲིད་འཁོར་འདས་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དུས་དང་རྣམ་པ་ཐམས་ཅད་དུ་བདག་ལ་ཕོད་བཙུགས་པ༔ དོ་བསྡོ་བ༔ ཡ་བཟུང་བ༔ འགྲས་བཙལ་བ༔ རྐུ་འཕྲོག་བརྙས་བཙུག་བྱེད་པའི་བསྟན་དགྲ་སྡེ་དང་བཅས་པ་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པར་ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་སྲུང་སྡེ་བརྒྱད་ལྷ་འདྲེའི་ཚོགས་ཐམས་ཅད་ཀྱིས་གཞོམ་པར་གྱུར་ཅིག༔ སྐད་ཅིག་ཉིད་དུ་རྡུལ་དུ་བརླག་པར་གྱུར་ཅིག༔ ནུབ་པར་གྱུར་ཅིག༔ ཡལ་བར་གྱུར་ཅིག༔ སླན་ཆད་ཀྱང་མི་འབྱུང་བར་གྱུར་ཅིག༔ བདུད་བགེགས་རྒྱལ་བསེན་དམ་སྲི་སྐབས་ལྟ་གླག་ཚོལ་བྱེད་པའི་ལྷ་འདྲེ་མི་མ་ཡིན་ལ་སོགས་མདོར་ན་བདག་ལ་གནོད་པར་བྱེད་པའི་གདོན་བགེགས་ཐམས་ཅད་སྐད་ཅིག་ཉིད་དུ་བརླག་པར་གྱུར་ཅིག༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་འཇོམས་པར་གྱུར་ཅིག༔ བསྒྲལ་བར་གྱུར་ཅིག༔ བཟློག་པར་གྱུར་ཅིག༔ མེད་པར་གྱུར་ཅིག༔ མི་འབྱུང་བར་གྱུར་ཅིག༔ སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ་བདག་སྔོན་ལས་འཕྲལ་རྐྱེན་ངན་པ་ཐམས་ཅད་ཀྱི་དབང་དུ་སྐད་ཅིག་ཙམ་ཡང་མི་འབྱུང་བར་ཤོག་ཅིག༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ་སྭཱ་ཧཱ༔ བྱ་བ་དང་བྱེད་པ་ཐམས་ཅད་དམ་པའི་ཆོས་ཡང་དག་ཏུ་འགྱུར་ཏེ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ལོངས་སྤྱོད་ཅིང་གཞན་སྣང་དགེ་བ་ལ་བསྒྱུར་ནུས་པར་གྱུར་ཅིག༔ བདག་གིས་གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་ཐམས་ཅད་བཟླས་པ་ཙམ་གྱིས་སྐད་ཅིག་ཉིད་དུ་འགྲུབ་པར་གྱུར་ཅིག༔ མུ་སྟེགས་དང་ཀླ་ཀློ་བདུད་སྡེ་ཐམས་ཅད་བདག་གིས་ཆམ་ལ་ཕབས་ནས་བརླག་པར་གྱུར་ཅིག༔ བདུད་སྡེ་དང་མུ་སྟེགས་ཀླ་ཀློ་ལ་སོགས་པའི་ནག་ཕྱོགས་གདུག་པ་ཅན་ཐམས་ཅད་ཀྱིས་བདག་ལ་ཚེ་རབས་ཐམས་ཅད་དུ་གླག་མི་རྙེད་པར་གྱུར་ཅིག༔ དེ་དག་ཐམས་ཅད་ལས་བདག་རྣམ་པར་རྒྱལ་བར་གྱུར་ཅིག༔ སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་བདག་འོད་གསལ་རྫོགས་པ་ཆེན་པོའི་ལྟ་སྒོམ་ཕྱིན་ཅི་མ་ལོག་པའི་གནད་དོན་དང་ལྡན་ནས་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་ནུས་པར་ཤོག་ཅིག༔ དུས་དང་རྣམ་པ་ཐམས་ཅད་དུ་བདག་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་སྙན་གྲགས་ཀྱིས་ས་སྟེང་ཐམས་ཅད་ཁྱབ་ནས་བཀྲ་ཤིས་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག༔ མཐར་འབྲེལ་བ་ཐོགས་པའི་སྐྱེ་འགྲོའི་ཚོགས་ཐམས་ཅད་དང་བཅས་ཏེ་ཀ་དག་གཞོན་ནུ་བུམ་སྐུའི་དགོངས་ཀློང་དུ་སངས་རྒྱས་པར་གྱུར་ཅིག༔ ཅེས་བདེན་པའི་སྟོབས་བརྗོད༔ ན་མོ་མཆོག་གསུམ་སྐུ་གསུམ་རྒྱ་མཚོའི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་རྣམ་པར་དག་ཅིང་༔ ཀུན་རྫོབ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུ་སྟོབས་ཀྱིས༔ སྨོན་ལམ་བཏབ་པ་དེ་རྣམས་ད་ལྟ་ཉིད་དུ་འགྲུབ་པར་གྱུར་ཅིག༔ ལན་བདུན་མཐར༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ པཉྩ་གྲི་ཡ་ཨ་ཝ་བོ་དྷ་ན་ཡེ་སྭཱ་ཧཱ༔ ལན་བདུན་བརྗོད༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ འཇམ་པའི་དབྱངས་ཀྱི་ཤེས་རབ་དང་༔ སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་༔ ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་༔ སངས་རྒྱས་སྟོང་གི་ཐུགས་བསྐྱེད་ཀྱིས༔ སྨོན་ལམ་བཏབ་པ་དེ་རྣམས་འགྲུབ་གྱུར་ཅིག༔ ལན་བདུན་བརྗོད༔ གཞན་ཡང་སྨོན་ལམ་འགྲུབ་པའི་བདེན་ཚིག་ཅི་མང་བརྗོད༔ འདི་ནི་རྟག་ཏུ་མ་ཆགས་པར༔ བརྗོད་པའི་སྐྱེས་བུ་ལས་ཅན་ཀུན༔ སྐྱེ་བ་ཚེ་རབས་ཐམས་ཅད་དུ༔ འགྲོ་བ་འདྲེན་པའི་དཔལ་ཐོབ་སྟེ༔ མཐར་ཐུག་རྣམ་མཁྱེན་སངས་རྒྱས་ཐོབ༔ འདི་བརྗོད་ཚང་བར་མ་རྫོགས་པར༔ མི་ཚིག་གཅིག་ཀྱང་བརྗོད་མི་བྱ༔ ཨོ་རྒྱན་པདྨ་ཐོད་ཕྲེང་ངས༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་རྣམས༔ ཉམས་སུ་ལེན་པའི་བརྒྱུད་འཛིན་ལ༔ གཅེས་ནོར་མཆོག་ཏུ་བཀོད་ནས་བཞག༔ རིག་འཛིན་དགོངས་པའི་རྒྱས་གདབ་ཡོད༔ འགྲུབ་པར་འགྱུར་བར་གདོན་མི་ཟ༔ བཀའ་སྲུང་མ་མོ་ནག་མོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་རང་སློབ་ཆོས་བདག་རྣམས་ཀྱི་དོན་དུ་གཏན་ལ་ཕབ་སྟེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།།།}}

</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 10:21, 2 August 2024

Wylie title TTDL-ZABTER-01-KA-069.pdf
Location bdud 'joms gling pa zab gter
Volume 1, Text 69, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྣལ་འབྱོར་འདོད་དོན་འགྲུབ་ཅིང་བསྐྱེད་རྫོགས་མཐའ་རུ་ཕྱིན་པའི་ཆེད་དུ་སྨོན་ལམ་ཆེན་པོའི་སྟོབས་བསྐྱེད་བཞུགས་སོ༔ ༠༠༠༠༠༠བརྡ་ཡིག༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠བརྡ་ཡིག༦༣༤༔ ཉིན་མཚན་ལན་གསུམ་ཆགས་མེད་དུ༔ རང་གི་མདུན་གྱི་ནམ་མཁར་སངས་རྒྱས་བྱང་སེམས་བླ་མ་རིག་འཛིན་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་བཀྲ་དཔུང་ངེ་འོད་ཐིབས་སེ་བཞུགས་ཤིང་༔ བདག་ལ་ཞལ་གྱིས་ཕྱོགས༔ སྤྱན་གྱིས་གཟིགས༔ ཐུགས་བརྩེ་ཐུགས་རྗེ་དང་ལྡན་པའི་ངང་ནས༔ སྨོན་ལམ་འགྲུབ་པའི་དཔང་པོ་རུ་དགོངས་པར་གྱུར༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་སྐུ་གསུམ་རྒྱལ་བ་རྒྱ་མཚོའི་བདེན་པ་དང་༔ དོན་དམ་ཆོས་ཉིད་རྣམ་པར་དག་ཅིང་ཀུན་རྫོབ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུ་སྟོབས་བྱིན་རླབས་ཀྱིས༔ མི་བདག་གི་ནད་གདོན་སྡིག་སྒྲིབ་བག་ཆགས་འཇིགས་དང་སྡུག་བསྔལ་སྔོན་ལས་འཕྲལ་རྐྱེན་ངན་པ་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པར་བྱང་ཞིང་དག་པར་གྱུར་ཅིག༔ སླན་ཆད་ཀྱང་མི་མཐུན་པའི་ཕྱོགས་རིས་ངན་པ་ཐམས་ཅད་མི་འབྱུང་བར་གྱུར་ཅིག༔ ཞི་བར་གྱུར་ཅིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ལ་སོགས་པའི་རིག་འཛིན་བླ་མ་རྒྱལ་བ་རྒྱ་མཚོ་ཐམས་ཅད་དང་༔ ཡི་དམ་རྒྱུད་སྡེ་བཞི་དྲུག་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་བདག་གི་རྒྱུད་ལ་སྐད་ཅིག་འདི་ཉིད་དུ་ཐིམ་པར་གྱུར་ཅིག༔ འཕོ་བར་གྱུར་ཅིག༔ གཉིས་སུ་མེད་པར་ཡོངས་སུ་རྫོགས་པར་གྱུར་ཅིག༔ ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་སྐད་ཅིག་གི་གཡེལ་བ་མེད་པའི་གྲོགས་སུ་འགྲུབ་པར་གྱུར་ཅིག༔ འབངས་དང་འཁོར་དང་ལས་ལ་འཁོར་བར་གྱུར་ཅིག༔ དགྲ་དཔུང་རྡུལ་དུ་བརླག་ཅིང་བགེགས་དཔུང་ཚར་གཅོད་པའི་མཐུ་ནུས་པ་དང་བདག་ལྡན་ནས་མཐུ་ཡི་གྲགས་པས་ས་སྟེང་ཡོངས་སུ་ཁྱབ་པར་གྱུར་ཅིག༔ བདག་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་མངའ་ཐང་རླུང་རྟ་བླ་གཟའ་སྙན་གྲགས་ཡེ་ཤེས་ཡོན་ཏན་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག༔ ནུབ་པ་མེད་པར་རབ་ཏུ་གནས་ཤིང་བརྟན་པར་གྱུར་ཅིག༔ སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་བུ་སློབ་ལྷ་འདྲེ་མི་གསུམ་འགྲོ་བ་ཕོ་མོ་ཐམས་ཅད་བདག་གིས་དབང་དུ་འདུ་བར་གྱུར་ཅིག༔ བྲན་དུ་ཁོལ་བར་གྱུར་ཅིག༔ འབངས་དང་ལས་སུ་འཁོར་ནས་འདོད་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག༔ ཟས་ནོར་ལོངས་སྤྱོད་འདོད་རྒུ་ཡིད་བཞིན་གྱི་བྱེ་བྲག་རྒྱུན་མི་འཆད་པར་ཆར་ལྟར་འབེབས་ཤིང་མཚོ་ལྟར་འཁྱིལ་ཏེ་རི་ལྟར་བརྟན་པར་གྱུར་ཅིག༔ བདག་གིས་རང་སྣང་དབང་དུ་སྡུད་ཅིང་གཞན་སྣང་ཟིལ་གྱིས་གནོན་ཏེ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ཕྱོགས་དང་དུས་ཐམས་ཅད་དུ་རྒྱས་པར་བྱས་ནས་གདུལ་བྱ་འབྲེལ་ཐོགས་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འདྲེན་ནུས་པར་གྱུར་ཅིག༔ ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པར་གྱུར་ཅིག༔ སྣང་སྲིད་འཁོར་འདས་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དུས་དང་རྣམ་པ་ཐམས་ཅད་དུ་བདག་ལ་ཕོད་བཙུགས་པ༔ དོ་བསྡོ་བ༔ ཡ་བཟུང་བ༔ འགྲས་བཙལ་བ༔ རྐུ་འཕྲོག་བརྙས་བཙུག་བྱེད་པའི་བསྟན་དགྲ་སྡེ་དང་བཅས་པ་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པར་ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་སྲུང་སྡེ་བརྒྱད་ལྷ་འདྲེའི་ཚོགས་ཐམས་ཅད་ཀྱིས་གཞོམ་པར་གྱུར་ཅིག༔ སྐད་ཅིག་ཉིད་དུ་རྡུལ་དུ་བརླག་པར་གྱུར་ཅིག༔ ནུབ་པར་གྱུར་ཅིག༔ ཡལ་བར་གྱུར་ཅིག༔ སླན་ཆད་ཀྱང་མི་འབྱུང་བར་གྱུར་ཅིག༔ བདུད་བགེགས་རྒྱལ་བསེན་དམ་སྲི་སྐབས་ལྟ་གླག་ཚོལ་བྱེད་པའི་ལྷ་འདྲེ་མི་མ་ཡིན་ལ་སོགས་མདོར་ན་བདག་ལ་གནོད་པར་བྱེད་པའི་གདོན་བགེགས་ཐམས་ཅད་སྐད་ཅིག་ཉིད་དུ་བརླག་པར་གྱུར་ཅིག༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་འཇོམས་པར་གྱུར་ཅིག༔ བསྒྲལ་བར་གྱུར་ཅིག༔ བཟློག་པར་གྱུར་ཅིག༔ མེད་པར་གྱུར་ཅིག༔ མི་འབྱུང་བར་གྱུར་ཅིག༔ སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ་བདག་སྔོན་ལས་འཕྲལ་རྐྱེན་ངན་པ་ཐམས་ཅད་ཀྱི་དབང་དུ་སྐད་ཅིག་ཙམ་ཡང་མི་འབྱུང་བར་ཤོག་ཅིག༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ་སྭཱ་ཧཱ༔ བྱ་བ་དང་བྱེད་པ་ཐམས་ཅད་དམ་པའི་ཆོས་ཡང་དག་ཏུ་འགྱུར་ཏེ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ལོངས་སྤྱོད་ཅིང་གཞན་སྣང་དགེ་བ་ལ་བསྒྱུར་ནུས་པར་གྱུར་ཅིག༔ བདག་གིས་གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་ཐམས་ཅད་བཟླས་པ་ཙམ་གྱིས་སྐད་ཅིག་ཉིད་དུ་འགྲུབ་པར་གྱུར་ཅིག༔ མུ་སྟེགས་དང་ཀླ་ཀློ་བདུད་སྡེ་ཐམས་ཅད་བདག་གིས་ཆམ་ལ་ཕབས་ནས་བརླག་པར་གྱུར་ཅིག༔ བདུད་སྡེ་དང་མུ་སྟེགས་ཀླ་ཀློ་ལ་སོགས་པའི་ནག་ཕྱོགས་གདུག་པ་ཅན་ཐམས་ཅད་ཀྱིས་བདག་ལ་ཚེ་རབས་ཐམས་ཅད་དུ་གླག་མི་རྙེད་པར་གྱུར་ཅིག༔ དེ་དག་ཐམས་ཅད་ལས་བདག་རྣམ་པར་རྒྱལ་བར་གྱུར་ཅིག༔ སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་བདག་འོད་གསལ་རྫོགས་པ་ཆེན་པོའི་ལྟ་སྒོམ་ཕྱིན་ཅི་མ་ལོག་པའི་གནད་དོན་དང་ལྡན་ནས་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་ནུས་པར་ཤོག་ཅིག༔ དུས་དང་རྣམ་པ་ཐམས་ཅད་དུ་བདག་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་སྙན་གྲགས་ཀྱིས་ས་སྟེང་ཐམས་ཅད་ཁྱབ་ནས་བཀྲ་ཤིས་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག༔ མཐར་འབྲེལ་བ་ཐོགས་པའི་སྐྱེ་འགྲོའི་ཚོགས་ཐམས་ཅད་དང་བཅས་ཏེ་ཀ་དག་གཞོན་ནུ་བུམ་སྐུའི་དགོངས་ཀློང་དུ་སངས་རྒྱས་པར་གྱུར་ཅིག༔ ཅེས་བདེན་པའི་སྟོབས་བརྗོད༔ ན་མོ་མཆོག་གསུམ་སྐུ་གསུམ་རྒྱ་མཚོའི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་རྣམ་པར་དག་ཅིང་༔ ཀུན་རྫོབ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུ་སྟོབས་ཀྱིས༔ སྨོན་ལམ་བཏབ་པ་དེ་རྣམས་ད་ལྟ་ཉིད་དུ་འགྲུབ་པར་གྱུར་ཅིག༔ ལན་བདུན་མཐར༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ པཉྩ་གྲི་ཡ་ཨ་ཝ་བོ་དྷ་ན་ཡེ་སྭཱ་ཧཱ༔ ལན་བདུན་བརྗོད༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ འཇམ་པའི་དབྱངས་ཀྱི་ཤེས་རབ་དང་༔ སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་༔ ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་༔ སངས་རྒྱས་སྟོང་གི་ཐུགས་བསྐྱེད་ཀྱིས༔ སྨོན་ལམ་བཏབ་པ་དེ་རྣམས་འགྲུབ་གྱུར་ཅིག༔ ལན་བདུན་བརྗོད༔ གཞན་ཡང་སྨོན་ལམ་འགྲུབ་པའི་བདེན་ཚིག་ཅི་མང་བརྗོད༔ འདི་ནི་རྟག་ཏུ་མ་ཆགས་པར༔ བརྗོད་པའི་སྐྱེས་བུ་ལས་ཅན་ཀུན༔ སྐྱེ་བ་ཚེ་རབས་ཐམས་ཅད་དུ༔ འགྲོ་བ་འདྲེན་པའི་དཔལ་ཐོབ་སྟེ༔ མཐར་ཐུག་རྣམ་མཁྱེན་སངས་རྒྱས་ཐོབ༔ འདི་བརྗོད་ཚང་བར་མ་རྫོགས་པར༔ མི་ཚིག་གཅིག་ཀྱང་བརྗོད་མི་བྱ༔ ཨོ་རྒྱན་པདྨ་ཐོད་ཕྲེང་ངས༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་རྣམས༔ ཉམས་སུ་ལེན་པའི་བརྒྱུད་འཛིན་ལ༔ གཅེས་ནོར་མཆོག་ཏུ་བཀོད་ནས་བཞག༔ རིག་འཛིན་དགོངས་པའི་རྒྱས་གདབ་ཡོད༔ འགྲུབ་པར་འགྱུར་བར་གདོན་མི་ཟ༔ བཀའ་སྲུང་མ་མོ་ནག་མོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་རང་སློབ་ཆོས་བདག་རྣམས་ཀྱི་དོན་དུ་གཏན་ལ་ཕབ་སྟེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།།།