TTDL-ZABTER-01-KA-057: Difference between revisions
From Dudjom Wiki
TTDL-ZABTER-01-KA-057
m (Mort moved page ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་བདུད་འཇོམས་རྡོ་རྗེའི་བསྒྲལ་ལས་དྲག་པོར་མཁྱེན་གསོལ་རྡོ་རྗེའི་ཐོག་མདའ༔ to ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི༔ དྲག་བཟློག་རྡོ་རྗེའི་གད་མོ༔ without leaving a redirect) |
No edit summary |
||
| Line 7: | Line 7: | ||
|author=bdud 'joms gling pa | |author=bdud 'joms gling pa | ||
|authortib=བདུད་འཇོམས་གླིང་པ་ | |authortib=བདུད་འཇོམས་གླིང་པ་ | ||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004. | ||
|sourcerevealer=bdud 'joms gling pa | |||
|sourcerevealertib=བདུད་འཇོམས་གླིང་པ་ | |||
|terma=Yes | |||
|cycle=zab gsang mkha' 'gro'i snying thig | |||
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ | |||
|language=Tibetan | |language=Tibetan | ||
| | |volnumtib=༡ | ||
|volyigtib=ཀ | |||
|versonotes=bdud 'joms | |||
|volumenumber=01 | |volumenumber=01 | ||
|volumeLetter=KA | |volumeLetter=KA | ||
|textnuminvol= | |textnuminvol=057 | ||
|pdflink=File:TTDL-ZABTER-01-KA- | |pdflink=File:TTDL-ZABTER-01-KA-057.pdf | ||
|InitCategories=Dudjom Tersar Project; TTDL-ZABTER-Volume-01-KA | |InitCategories=Dudjom Tersar Project; TTDL-ZABTER-Volume-01-KA | ||
}} | }} | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི༔ | {{TibP|༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི༔ དྲག་བཟློག་རྡོ་རྗེའི་གད་མོ་བཞུགས་སོ༔ | ||
དྲག་བཟློག་རྡོ་རྗེའི་གད་མོ་བཞུགས་སོ༔ | |||
༠༠༠༠༠བརྡ་ཡིག༥༥༤༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དྲག་བཟློག་རྡོ་རྗེའི་གད་མོ་ནི༔ ཉམས་སུ་ལེན་པའི་རིམ་པ་ལ༔ དཀྱིལ་འཁོར་གྲུ་གསུམ་བསྣོལ་བའི་སྟེང་༔ དམར་གཏོར་བརྗིད་ལྡན་ཆེ་བ་ལ༔ དམར་གཏོར་ཆུང་བ་བརྒྱད་ཀྱིས་བསྐོར༔ དེ་མཐར་བཞི་ནི་ནང་སྲུང་སྟེ༔ དེ་མཐར་ཞལ་ཟས་བཞི་ནི་སྒོ༔ སྐྱུ་གུ་རྣམ་ལྔ་ཁྲག་ཀོང་དང་༔ ཟན་དུམ་བ་ལིང་རིལ་བུས་བསྐོར༔ མཐར་ནི་རྩང་གི་ར་བ་ནི༔ སྲིན་མོའི་འགྲོས་སུ་བསྐོར་བ་ལ༔ ཤ་ཁྲག་དུག་སྣ་བྱུག་པར་བྱ༔ གཙོ་གཏོར་གཡས་སུ་དར་ནག་གྲུ་གསུམ་ལ༔ སྔགས་འདི་དབུ་ཅན་ཕྲེང་མི་བཅག་བྲིས་གཟུག༔ ཨོཾ་བཛྲ་གུ་རུ་གྲོ་བོ་ལོད་མ་ཧ་རི་ནི་ས་ཧྲཱིཿཧཱུྃ་མ་མ་བྷཻ་ས་མ་ཡ་ཛ་ཛཿནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་བྷྱོ་ཟློག༔ འོག་ཏུ༔ ཨཿཡཿམཿདུཿརུཿཙཿཤཿནཿསཿམཿཡཿབྷྱོ་བྷྱོ་ཟློག་ཕཊ༔ སྟེང་དུ༔ ཨེཿཡཾཿབཾཿལཾཿརཾཿབྷྱོ་བྷྱོ་ཟློག་ཟློག་རྦད་ཕཊ༔ བྲིས༔ ནག་པོ་དགུ་སྦྱོར་བྱུག་པར་བྱ༔ གཡོན་དུ་ཕྱེ་གསུམ་ཡུངས་ཀར་ནག༔ ཐུམ་བྱས་སྐྱེར་པ་ཁྲག་བྱུག་རྩེར༔ བཏགས་ནས་གཟུག་པ་མན་ངག་གོ༔ ལིང་རོ་ཤ་དུམ་ཉལ་ཉིལ་བཤམས༔ བདག་མདུན་ཡི་དམ་ལྷར་གསལ་བའི༔ སྤྲུལ་པ་ཁྲོ་ཆུང་ཁྱུང་སྡིག་དང་༔ མེ་རླུང་མཚོན་ཐུན་རབ་འཕྲོས་པས༔ དགྲ་བགེགས་བྱད་ཕུར་རྦོད་གཏོང་ཀུན༔ བསད་བཅད་བསྲེག་གཏོར་བརླག་ནས་སུ༔ ཧབ་ཧབ་ཟོས་ཤིང་ལྷག་མེད་དུ༔ རྗེས་ཤུལ་ཙམ་ཡང་མེད་པར་བསྒོམ༔ ཧཱུྃ་ཧྲཱིཿབདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་དུ༔ ཆེ་བའི་ཆེ་མཆོག་རྡོ་རྗེ་གྲོ་བོ་ལོད༔ གཏུམ་དྲག་དམར་ནག་མེ་ཡི་ཕྲེང་བ་ཅན༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཤིག༔ འཁོར་བའི་འཁྲུལ་འཁོར་བཟློག་པའི་ཕྲིན་ལས་མཛོད༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་ཕྱར༔ ལྷ་སྲིན་སྡེ་བརྒྱད་གནོད་པ་དགྲ་ལ་ཟློག༔ གཡོན་པས་སྡིགས་མཛུབ་ཕུར་པ་ས་ལ་གཟིར༔ ས་བདག་ཀླུ་གཉན་གནོད་པ་དགྲ་ལ་ཟློག༔ སྤྲུལ་པའི་ལྕགས་སྡིག་ནག་པོ་ཁྲ་ཐབས་འགྱེད༔ རྒྱལ་འགོང་དམ་སྲིའི་གནོད་པ་དགྲ་ལ་ཟློག༔ སྟེང་ཕྱོགས་ནམ་མཁར་ཁྱུང་ཆེན་ལྡིང་བ་ཡིས༔ ཡ་བདུད་རྒྱལ་པོའི་གནོད་པ་དགྲ་ལ་ཟློག༔ སྟག་མོ་གྲུས་མའི་སྟེང་དུ་འགྱིང་བ་ཡིས༔ མ་བདུད་རྒྱལ་མོའི་གནོད་པ་དགྲ་ལ་ཟློག༔ སྐུ་ལ་ཟ་བེར་ཐང་ཤམ་ཆོས་གོས་གསོལ༔ བར་སྣང་ལྷ་འདྲེའི་རྒོལ་ངན་དགྲ་ལ་ཟློག༔ ཁྲག་འཛག་མི་མགོའི་ཕྲེང་བས་དོ་ཤལ་མཛད༔ རྒྱུ་དྲུག་མ་རིག་འཁྲུལ་སྣང་དགྲ་ལ་ཟློག༔ ཡེ་ཤེས་མེ་དཔུང་འབར་ཀློང་འགྱིང་བ་ཡིས༔ བྱད་ཁ་རྦོད་གཏོང་མ་ལུས་དགྲ་ལ་ཟློག༔ རིགས་བདག་པདྨ་རྒྱལ་པོ་ཡབ་ཡུམ་གྱིས༔ ཕྱོགས་བཅུའི་གནོད་བྱེད་དགྲ་བགེགས་ཐམས་ཅད་ཟློག༔ ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མས༔ ཤར་ཕྱོགས་དགྲ་བགེགས་གནོད་བྱེད་ཐམས་ཅད་ཟློག༔ ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མས༔ ལྷོ་ཕྱོགས་དགྲ་བགེགས་གནོད་བྱེད་ཐམས་ཅད་ཟློག༔ ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་མས༔ ནུབ་ཕྱོགས་དགྲ་བགེགས་གནོད་བྱེད་ཐམས་ཅད་ཟློག༔ བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མས༔ བྱང་ཕྱོགས་དགྲ་བགེགས་གནོད་བྱེད་ཐམས་ཅད་ཟློག༔ ཧཱུྃ་ཧྲཱིཿཤར་ལྷོ་དཔའ་བོ་རྡོ་རྗེ་གིང་ཆེན་གྱིས༔ ཞེ་སྡང་ལས་གྲུབ་དགྲ་བགེགས་གནོད་བྱེད་ཟློག༔ ལྷོ་ནུབ་དཔའ་བོ་རཏྣ་གིང་ཆེན་གྱིས༔ ང་རྒྱལ་ལས་གྲུབ་དགྲ་བགེགས་གནོད་བྱེད་ཟློག༔ ནུབ་བྱང་དཔའ་བོ་པདྨ་གིང་ཆེན་གྱིས༔ འདོད་ཆགས་ལས་གྲུབ་དགྲ་བགེགས་གནོད་བྱེད་ཟློག༔ བྱང་ཤར་དཔའ་བོ་ཀརྨ་གིང་ཆེན་གྱིས༔ ཕྲག་དོག་ལས་གྲུབ་དགྲ་བགེགས་གནོད་བྱེད་ཟློག༔ ཧཱུྃ་ཧྲཱིཿཤར་སྒོའི་རྒྱལ་ཆེན་ཡུལ་འཁོར་སྲུང་བ་ཡིས༔ དྲི་ཟ་གྲུལ་བུམ་ཕྱོགས་ཀྱི་དགྲ་བགེགས་ཟློག༔ ལྷོ་སྒོའི་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོས༔ གཤིན་རྗེ་བདེན་བྲལ་ཕྱོགས་ཀྱི་དགྲ་བགེགས་ཟློག༔ ནུབ་སྒོའི་རྒྱལ་ཆེན་སྤྱན་མི་བཟང་བ་ཡིས༔ ཆུ་བདག་རླུང་བདག་ཕྱོགས་ཀྱི་དགྲ་བགེགས་ཟློག༔ བྱང་སྒོའི་རྒྱལ་ཆེན་རྣམ་མང་ཐོས་སྲས་ཀྱིས༔ གནོད་སྦྱིན་དབང་ལྡན་ཕྱོགས་ཀྱི་དགྲ་བགེགས་ཟློག༔ ཧཱུྃ༔ དཔལ་མགོན་ལེགས་ལྡན་ནག་པོ་འཁོར་བཅས་ཀྱིས༔ བཀའ་སྲུང་དྲེགས་པ་ཡོངས་ཀྱི་གནོད་པ་ཟློག༔ ལྷ་ཆེན་དབང་ཕྱུག་མ་ཧཱ་དཱེ་ཝ་ཡིས༔ སྣང་སྲིད་སྡེ་བརྒྱད་ལྷ་འདྲེའི་གནོད་པ་ཟློག༔ སྔགས་སྲུང་གཙོ་མོ་ཨེ་ཀ་ཛ་ཊཱི་མས༔ ཁམས་གསུམ་འཁོར་བའི་འཁྲུལ་འཁོར་དབྱིངས་སུ་ཟློག༔ མ་ཅིག་དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱིས༔ སྲིད་པ་མ་མོའི་བཀའ་ཆད་རྒོལ་ངན་ཟློག༔ ཧཱུྃ་བྷྱོཿཆོས་ཉིད་དབྱིངས་ལ་མངའ་དབང་མཛད༔ ཡེ་ཤེས་བཀའ་ཡི་སྲུང་མ་རྣམས༔ དམ་རྫས་གཏོར་མ་འདི་རོལ་ལ༔ ཕྱི་ནང་གསང་བའི་བར་ཆད་ཟློག༔ འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ༔ ལེགས་ཉེས་སྟངས་འཛིན་ཆོས་སྐྱོང་ཚོགས༔ དམ་རྫས་གཏོར་མ་འདི་རོལ་ལ༔ མི་མཐུན་ཕྱོགས་ཀུན་དགྲ་ལ་ཟློག༔ དམ་ཚིག་གཉན་པོའི་སྲོག་འཛིན་པའི༔ འཇིག་རྟེན་བཀའ་སྲུང་དྲེགས་པའི་ཚོགས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་ཐམས་ཅད་ཟློག༔ སྣོད་བཅུད་ཁམས་ལ་མངའ་དབང་མཛད༔ ཡུལ་ལྷ་གཞི་བདག་དྲེགས་ཅན་རྣམས༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ དགྲ་ཇག་ཆོམ་རྐུན་ཐམས་ཅད་ཟློག༔ ཧཱུྃ༔ རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་ཚོགས༔ དམ་ཚིག་ཆེན་པོའི་ཐུགས་དམ་བསྐུལ༔ ཆོས་ཀྱི་དབྱིངས་ལས་སྐུ་བཞེངས་ཤིག༔ དགྲ་བགེགས་ཤ་ཁྲག་སྲོག་དབུགས་རོལ༔ དོ་ནུབ་བཟློག་བསྒྱུར་ཕྲིན་ལས་མཛོད༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ གློ་བུར་བརྒྱད་ཅུ་རྩ་བཞི་ཟློག༔ དུས་མིན་འཆི་བ་བཅོ་བརྒྱད་ཟློག༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་ཟློག༔ ལྷ་འདྲེ་མི་གསུམ་བྱད་ཁ་ཟློག༔ དུས་འཁྲུག་མཚོན་གྱི་ཡོ་ལང་ཟློག༔ སྔོན་ལས་འཕྲལ་རྐྱེན་ངན་པ་ཟློག༔ བཀྲ་མི་ཤིས་པ་ཐམས་ཅད་ཟློག༔ མཐའ་འཁོབ་ཀླ་ཀློའི་མཐུ་སྦྱོར་ཟློག༔ རྗེས་ཤུལ་མེད་པར་བཟློག་གྱུར་ཅིག༔ སྡང་བར་བྱེད་པའི་དགྲ་ལ་ཟློག༔ གནོད་པ་བྱེད་པའི་བགེགས་ལ་ཟློག༔ ཟ་བར་བྱེད་པའི་འདྲེ་ལ་ཟློག༔ ཕུང་བར་བྱེད་པའི་སྲི་ལ་ཟློག༔ བསླབ་སློབ་དམ་ལོག་སྟེང་དུ་ཟློག༔ བྲན་གཡོག་ངོ་ལོག་སྟེང་དུ་ཟློག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གྲོ་བོ་ལོད་སརྦ་དུཥྚན་ཨཿཡཿམཿདུཿརུཿཙཿཤཿནཿབྱད་མ་ཆག་ཆེ་ཉམ་ང་རྨི་ལྟས་མཚན་མ་ངན་པ་ཐམས་ཅད་སྡང་བྱེད་དགྲ་དང་གནོད་བྱེད་བགེགས་ཀྱི་སྟེང་དུ་བསྒྱུར་ཅིག་ཨེ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ ཅེས་བདེན་པའི་སྟོབས་ཟློག་སྦྱར་ཀྱང་ཆོག་གོ༔ འདི་ཡིས་མི་བཟློག་གང་ཡང་མེད༔ གནམ་ལྕགས་རྡོ་རྗེའི་ཐོག་དང་མཚུངས༔ གང་ལ་བྱས་ཀྱང་ཐོགས་པ་མེད༔ གང་གིས་བརྗོད་པའི་སྐྱེས་བུ་ཡི༔ རྐྱེན་ངན་བར་ཆད་ཀུན་སྒྲོལ་འགྱུར༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཀ་དག་རྫོགས་པ་ཆེན་པོ་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཡེ་ཤེས་མཁའ་འགྲོའི་ཀློང་བྱང་ལས་ཞལ་བཤུས་ཏེ་དག་པར་ཕབ་པའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}} | ༠༠༠༠༠བརྡ་ཡིག༥༥༤༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དྲག་བཟློག་རྡོ་རྗེའི་གད་མོ་ནི༔ ཉམས་སུ་ལེན་པའི་རིམ་པ་ལ༔ དཀྱིལ་འཁོར་གྲུ་གསུམ་བསྣོལ་བའི་སྟེང་༔ དམར་གཏོར་བརྗིད་ལྡན་ཆེ་བ་ལ༔ དམར་གཏོར་ཆུང་བ་བརྒྱད་ཀྱིས་བསྐོར༔ དེ་མཐར་བཞི་ནི་ནང་སྲུང་སྟེ༔ དེ་མཐར་ཞལ་ཟས་བཞི་ནི་སྒོ༔ སྐྱུ་གུ་རྣམ་ལྔ་ཁྲག་ཀོང་དང་༔ ཟན་དུམ་བ་ལིང་རིལ་བུས་བསྐོར༔ མཐར་ནི་རྩང་གི་ར་བ་ནི༔ སྲིན་མོའི་འགྲོས་སུ་བསྐོར་བ་ལ༔ ཤ་ཁྲག་དུག་སྣ་བྱུག་པར་བྱ༔ གཙོ་གཏོར་གཡས་སུ་དར་ནག་གྲུ་གསུམ་ལ༔ སྔགས་འདི་དབུ་ཅན་ཕྲེང་མི་བཅག་བྲིས་གཟུག༔ ཨོཾ་བཛྲ་གུ་རུ་གྲོ་བོ་ལོད་མ་ཧ་རི་ནི་ས་ཧྲཱིཿཧཱུྃ་མ་མ་བྷཻ་ས་མ་ཡ་ཛ་ཛཿནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་བྷྱོ་ཟློག༔ འོག་ཏུ༔ ཨཿཡཿམཿདུཿརུཿཙཿཤཿནཿསཿམཿཡཿབྷྱོ་བྷྱོ་ཟློག་ཕཊ༔ སྟེང་དུ༔ ཨེཿཡཾཿབཾཿལཾཿརཾཿབྷྱོ་བྷྱོ་ཟློག་ཟློག་རྦད་ཕཊ༔ བྲིས༔ ནག་པོ་དགུ་སྦྱོར་བྱུག་པར་བྱ༔ གཡོན་དུ་ཕྱེ་གསུམ་ཡུངས་ཀར་ནག༔ ཐུམ་བྱས་སྐྱེར་པ་ཁྲག་བྱུག་རྩེར༔ བཏགས་ནས་གཟུག་པ་མན་ངག་གོ༔ ལིང་རོ་ཤ་དུམ་ཉལ་ཉིལ་བཤམས༔ བདག་མདུན་ཡི་དམ་ལྷར་གསལ་བའི༔ སྤྲུལ་པ་ཁྲོ་ཆུང་ཁྱུང་སྡིག་དང་༔ མེ་རླུང་མཚོན་ཐུན་རབ་འཕྲོས་པས༔ དགྲ་བགེགས་བྱད་ཕུར་རྦོད་གཏོང་ཀུན༔ བསད་བཅད་བསྲེག་གཏོར་བརླག་ནས་སུ༔ ཧབ་ཧབ་ཟོས་ཤིང་ལྷག་མེད་དུ༔ རྗེས་ཤུལ་ཙམ་ཡང་མེད་པར་བསྒོམ༔ ཧཱུྃ་ཧྲཱིཿབདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་དུ༔ ཆེ་བའི་ཆེ་མཆོག་རྡོ་རྗེ་གྲོ་བོ་ལོད༔ གཏུམ་དྲག་དམར་ནག་མེ་ཡི་ཕྲེང་བ་ཅན༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཤིག༔ འཁོར་བའི་འཁྲུལ་འཁོར་བཟློག་པའི་ཕྲིན་ལས་མཛོད༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་ཕྱར༔ ལྷ་སྲིན་སྡེ་བརྒྱད་གནོད་པ་དགྲ་ལ་ཟློག༔ གཡོན་པས་སྡིགས་མཛུབ་ཕུར་པ་ས་ལ་གཟིར༔ ས་བདག་ཀླུ་གཉན་གནོད་པ་དགྲ་ལ་ཟློག༔ སྤྲུལ་པའི་ལྕགས་སྡིག་ནག་པོ་ཁྲ་ཐབས་འགྱེད༔ རྒྱལ་འགོང་དམ་སྲིའི་གནོད་པ་དགྲ་ལ་ཟློག༔ སྟེང་ཕྱོགས་ནམ་མཁར་ཁྱུང་ཆེན་ལྡིང་བ་ཡིས༔ ཡ་བདུད་རྒྱལ་པོའི་གནོད་པ་དགྲ་ལ་ཟློག༔ སྟག་མོ་གྲུས་མའི་སྟེང་དུ་འགྱིང་བ་ཡིས༔ མ་བདུད་རྒྱལ་མོའི་གནོད་པ་དགྲ་ལ་ཟློག༔ སྐུ་ལ་ཟ་བེར་ཐང་ཤམ་ཆོས་གོས་གསོལ༔ བར་སྣང་ལྷ་འདྲེའི་རྒོལ་ངན་དགྲ་ལ་ཟློག༔ ཁྲག་འཛག་མི་མགོའི་ཕྲེང་བས་དོ་ཤལ་མཛད༔ རྒྱུ་དྲུག་མ་རིག་འཁྲུལ་སྣང་དགྲ་ལ་ཟློག༔ ཡེ་ཤེས་མེ་དཔུང་འབར་ཀློང་འགྱིང་བ་ཡིས༔ བྱད་ཁ་རྦོད་གཏོང་མ་ལུས་དགྲ་ལ་ཟློག༔ རིགས་བདག་པདྨ་རྒྱལ་པོ་ཡབ་ཡུམ་གྱིས༔ ཕྱོགས་བཅུའི་གནོད་བྱེད་དགྲ་བགེགས་ཐམས་ཅད་ཟློག༔ ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མས༔ ཤར་ཕྱོགས་དགྲ་བགེགས་གནོད་བྱེད་ཐམས་ཅད་ཟློག༔ ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མས༔ ལྷོ་ཕྱོགས་དགྲ་བགེགས་གནོད་བྱེད་ཐམས་ཅད་ཟློག༔ ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་མས༔ ནུབ་ཕྱོགས་དགྲ་བགེགས་གནོད་བྱེད་ཐམས་ཅད་ཟློག༔ བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མས༔ བྱང་ཕྱོགས་དགྲ་བགེགས་གནོད་བྱེད་ཐམས་ཅད་ཟློག༔ ཧཱུྃ་ཧྲཱིཿཤར་ལྷོ་དཔའ་བོ་རྡོ་རྗེ་གིང་ཆེན་གྱིས༔ ཞེ་སྡང་ལས་གྲུབ་དགྲ་བགེགས་གནོད་བྱེད་ཟློག༔ ལྷོ་ནུབ་དཔའ་བོ་རཏྣ་གིང་ཆེན་གྱིས༔ ང་རྒྱལ་ལས་གྲུབ་དགྲ་བགེགས་གནོད་བྱེད་ཟློག༔ ནུབ་བྱང་དཔའ་བོ་པདྨ་གིང་ཆེན་གྱིས༔ འདོད་ཆགས་ལས་གྲུབ་དགྲ་བགེགས་གནོད་བྱེད་ཟློག༔ བྱང་ཤར་དཔའ་བོ་ཀརྨ་གིང་ཆེན་གྱིས༔ ཕྲག་དོག་ལས་གྲུབ་དགྲ་བགེགས་གནོད་བྱེད་ཟློག༔ ཧཱུྃ་ཧྲཱིཿཤར་སྒོའི་རྒྱལ་ཆེན་ཡུལ་འཁོར་སྲུང་བ་ཡིས༔ དྲི་ཟ་གྲུལ་བུམ་ཕྱོགས་ཀྱི་དགྲ་བགེགས་ཟློག༔ ལྷོ་སྒོའི་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོས༔ གཤིན་རྗེ་བདེན་བྲལ་ཕྱོགས་ཀྱི་དགྲ་བགེགས་ཟློག༔ ནུབ་སྒོའི་རྒྱལ་ཆེན་སྤྱན་མི་བཟང་བ་ཡིས༔ ཆུ་བདག་རླུང་བདག་ཕྱོགས་ཀྱི་དགྲ་བགེགས་ཟློག༔ བྱང་སྒོའི་རྒྱལ་ཆེན་རྣམ་མང་ཐོས་སྲས་ཀྱིས༔ གནོད་སྦྱིན་དབང་ལྡན་ཕྱོགས་ཀྱི་དགྲ་བགེགས་ཟློག༔ ཧཱུྃ༔ དཔལ་མགོན་ལེགས་ལྡན་ནག་པོ་འཁོར་བཅས་ཀྱིས༔ བཀའ་སྲུང་དྲེགས་པ་ཡོངས་ཀྱི་གནོད་པ་ཟློག༔ ལྷ་ཆེན་དབང་ཕྱུག་མ་ཧཱ་དཱེ་ཝ་ཡིས༔ སྣང་སྲིད་སྡེ་བརྒྱད་ལྷ་འདྲེའི་གནོད་པ་ཟློག༔ སྔགས་སྲུང་གཙོ་མོ་ཨེ་ཀ་ཛ་ཊཱི་མས༔ ཁམས་གསུམ་འཁོར་བའི་འཁྲུལ་འཁོར་དབྱིངས་སུ་ཟློག༔ མ་ཅིག་དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱིས༔ སྲིད་པ་མ་མོའི་བཀའ་ཆད་རྒོལ་ངན་ཟློག༔ ཧཱུྃ་བྷྱོཿཆོས་ཉིད་དབྱིངས་ལ་མངའ་དབང་མཛད༔ ཡེ་ཤེས་བཀའ་ཡི་སྲུང་མ་རྣམས༔ དམ་རྫས་གཏོར་མ་འདི་རོལ་ལ༔ ཕྱི་ནང་གསང་བའི་བར་ཆད་ཟློག༔ འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ༔ ལེགས་ཉེས་སྟངས་འཛིན་ཆོས་སྐྱོང་ཚོགས༔ དམ་རྫས་གཏོར་མ་འདི་རོལ་ལ༔ མི་མཐུན་ཕྱོགས་ཀུན་དགྲ་ལ་ཟློག༔ དམ་ཚིག་གཉན་པོའི་སྲོག་འཛིན་པའི༔ འཇིག་རྟེན་བཀའ་སྲུང་དྲེགས་པའི་ཚོགས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་ཐམས་ཅད་ཟློག༔ སྣོད་བཅུད་ཁམས་ལ་མངའ་དབང་མཛད༔ ཡུལ་ལྷ་གཞི་བདག་དྲེགས་ཅན་རྣམས༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ དགྲ་ཇག་ཆོམ་རྐུན་ཐམས་ཅད་ཟློག༔ ཧཱུྃ༔ རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་ཚོགས༔ དམ་ཚིག་ཆེན་པོའི་ཐུགས་དམ་བསྐུལ༔ ཆོས་ཀྱི་དབྱིངས་ལས་སྐུ་བཞེངས་ཤིག༔ དགྲ་བགེགས་ཤ་ཁྲག་སྲོག་དབུགས་རོལ༔ དོ་ནུབ་བཟློག་བསྒྱུར་ཕྲིན་ལས་མཛོད༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ གློ་བུར་བརྒྱད་ཅུ་རྩ་བཞི་ཟློག༔ དུས་མིན་འཆི་བ་བཅོ་བརྒྱད་ཟློག༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་ཟློག༔ ལྷ་འདྲེ་མི་གསུམ་བྱད་ཁ་ཟློག༔ དུས་འཁྲུག་མཚོན་གྱི་ཡོ་ལང་ཟློག༔ སྔོན་ལས་འཕྲལ་རྐྱེན་ངན་པ་ཟློག༔ བཀྲ་མི་ཤིས་པ་ཐམས་ཅད་ཟློག༔ མཐའ་འཁོབ་ཀླ་ཀློའི་མཐུ་སྦྱོར་ཟློག༔ རྗེས་ཤུལ་མེད་པར་བཟློག་གྱུར་ཅིག༔ སྡང་བར་བྱེད་པའི་དགྲ་ལ་ཟློག༔ གནོད་པ་བྱེད་པའི་བགེགས་ལ་ཟློག༔ ཟ་བར་བྱེད་པའི་འདྲེ་ལ་ཟློག༔ ཕུང་བར་བྱེད་པའི་སྲི་ལ་ཟློག༔ བསླབ་སློབ་དམ་ལོག་སྟེང་དུ་ཟློག༔ བྲན་གཡོག་ངོ་ལོག་སྟེང་དུ་ཟློག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གྲོ་བོ་ལོད་སརྦ་དུཥྚན་ཨཿཡཿམཿདུཿརུཿཙཿཤཿནཿབྱད་མ་ཆག་ཆེ་ཉམ་ང་རྨི་ལྟས་མཚན་མ་ངན་པ་ཐམས་ཅད་སྡང་བྱེད་དགྲ་དང་གནོད་བྱེད་བགེགས་ཀྱི་སྟེང་དུ་བསྒྱུར་ཅིག་ཨེ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ ཅེས་བདེན་པའི་སྟོབས་ཟློག་སྦྱར་ཀྱང་ཆོག་གོ༔ འདི་ཡིས་མི་བཟློག་གང་ཡང་མེད༔ གནམ་ལྕགས་རྡོ་རྗེའི་ཐོག་དང་མཚུངས༔ གང་ལ་བྱས་ཀྱང་ཐོགས་པ་མེད༔ གང་གིས་བརྗོད་པའི་སྐྱེས་བུ་ཡི༔ རྐྱེན་ངན་བར་ཆད་ཀུན་སྒྲོལ་འགྱུར༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཀ་དག་རྫོགས་པ་ཆེན་པོ་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཡེ་ཤེས་མཁའ་འགྲོའི་ཀློང་བྱང་ལས་ཞལ་བཤུས་ཏེ་དག་པར་ཕབ་པའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 10:31, 2 August 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 1, Text 57, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Verso: bdud 'joms | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | ||
| Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |