TTDL-ZABTER-01-KA-020: Difference between revisions

From Dudjom Wiki
TTDL-ZABTER-01-KA-020
No edit summary
No edit summary
Line 11: Line 11:
|sourcerevealertib=བདུད་འཇོམས་གླིང་པ་
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|terma=Yes
|cycle=zab gsang mkha' 'gro'i snying thig
|cycle=bla ma rig 'dzin 'dus pa
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|cycletib=བླ་མ་རིག་འཛིན་འདུས་པ་
|parentcycle=zab gsang mkha' 'gro'i snying thig
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms bla ma rig 'dus
|language=Tibetan
|language=Tibetan
|volnumtib=༡
|volnumtib=༡

Revision as of 11:30, 2 August 2024

Wylie title TTDL-ZABTER-01-KA-020.pdf
Location bdud 'joms gling pa zab gter
Volume 1, Text 20, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle བླ་མ་རིག་འཛིན་འདུས་པ་ (bla ma rig 'dzin 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྒྱལ་དབང་པདྨ་འོད་འབར་ལ་བརྟེན་པའི་ཞི་རྒྱས་ཀྱི་སྲེག་བླུག་ཕྲིན་ལས་ལྷུན་གྲུབ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག་༡༩༠༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི༔ རྣལ་འབྱོར་ཉིན་མོའི་སྐར་མ་ཙམ༔ རེས་འགའ་འབྱུང་བར་སྲིད་གྱུར་ན༔ ཐབས་མཆོག་ཟབ་མོའི་མྱུར་ལམ་ལ༔ སྤྱོད་ཅིང་བསྙེན་སྒྲུབ་མཐར་ཕྱིན་པས༔ རྗེས་སུ་ཁ་བསྐང་ལས་བཞི་ཡི༔ སྲེག་བླུག་ལ་བརྟེན་ལས་ལ་སྦྱོར༔ དེ་ཡི་ལག་ལེན་རིམ་པ་ལ༔ མེ་དཀྱིལ་ལས་བཞི་གང་རུང་གི༔ དབྱིབས་དང་ཐིག་འཁོར་དེ་བཞིན་ནོ༔ དབུས་སུ་པདྨ་འདབ་མ་བཞིའི༔ ལྟེ་བར་རཾ་དང་ཧཱུྃ་ཡིག་བྲི༔ ཕྱི་རིམ་རྡོ་རྗེ་རིན་ཆེན་དང་༔ པདྨ་རྒྱ་གྲམ་རིས་སུ་བྲི༔ དེ་མཐར་མེ་རི་གཡས་འཁྱིལ་བཀོད༔ རྩིག་ཤིང་ལས་བཞི་རང་རང་གི༔ ཚུལ་དང་མཐུན་པའི་ཤིང་ཉིད་ལ༔ རྩིག་པ་ཞི་བར་ཟླུམ་པོ་དང་༔ རྒྱས་པར་གྲུ་བཞི་དབང་ཟླ་གམ༔ དྲག་པོར་གྲུ་གསུམ་ཉིད་དུ་བྱ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ ཆས་གོས་ཁ་དོག་རང་རང་གི༔ ལས་མཐུན་བྱ་བ་ལག་ལེན་ལ༔ ཁ་ཡི་གྱུ་ཕྱོགས་ཡང་དེ་བཞིན༔ རྡོ་དྲིལ་ཌཱ་མ་རུ་ལ་སོགས༔ འོག་ཏུ་མཁོ་བའི་རྫས་རྣམས་ཀུན༔ ཡོངས་སུ་ཚང་བར་བྱས་ནས་སུ༔ བདག་བསྐྱེད་ཆོ་ག་སྔོན་སོང་ནས༔ མཐར་ནི་དངོས་གཞིར་འཇུག་པ་ལ༔ དཀར་ཕྱོགས་ལྷ་ལ་དཀར་གཏོར་འབུལ༔ ནག་ཕྱོགས་བགེགས་ལ་འབྲས་ཆན་བཏང་༔ དེ་ནས་རྡོ་དྲིལ་བྱིན་བརླབ་ནི༔ རང་ཉིད་ལྷའི་ང་རྒྱལ་དང་ལྡན་པའི་ངང་ནས༔ ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཐབས་ཀྱི་རང་བཞིན་དང་༔ མཱུཾཿལས་དྲིལ་བུ་ཤེས་རབ་ཀྱི་རང་བཞིན༔ གཉིས་ཀའང་ཟུང་འཇུག་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་ལ༔ ལག་གཡས་ཀྱིས་རྡོ་རྗེ་ཐུགས་ཀར་གསོར་ལ༔ ཨོཾ་མ་ཧཱ་བཛྲ་ཧཱུྃ༔ གཡོན་པས་དྲིལ་བུ་གསིལ་བཞིན་དཀུར་བརྟེན་ཏེ༔ ཨོཾ་བཛྲ་གྷཎྜེ་ཨཱཿསྙིང་གར་འཁྱུད་རྒྱ་བྱས་ནས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ རྡོ་རྗེ་ཐུགས༔ དྲིལ་བུ་གསུང་༔ ཕྱག་རྒྱ་སྐུའི་དམ་ཚིག་གོ༔ མཆོད་རྫས་རྣམས༔ རཾ་ཡཾ་ཁཾ༔ ཨོཾ་བིགྷྣཱན་ཏ་ཀྲྀཏ་ཧཱུྃ་ཕཊ༔ ཀྱིས་བསང་སྦྱང་༔ ཨོཾ་ཨཱཿཧཱུྃ༔ སྣང་སྲིད་འདོད་ཡོན་མཆོད་པའི་རྫས༔ མི་ཟད་རྒྱན་གྱི་འཁོར་ལོར་ཤར༔ རང་བྱུང་བདེ་བ་ཆེན་པོའི་དཔལ༔ ཡེ་ཤེས་རོལ་པའི་སྟོབས་ཤུགས་ཀྱིས༔ རང་དབང་བསྒྱུར་ཏེ་བདུད་རྩིར་བརླབས༔ རྒྱལ་བ་རྒྱ་མཚོ་མཉེས་བྱེད་པའི༔ ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་སྤེལ༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྡ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་རཱུ་པ་ནས་སྤཪྴེ་དྷརྨཱ་གྷ་ཎ་ཙཀྲ་སརྦ་པཱུ་ཛ་ཡེ་སྭཱ་ཧཱ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿསརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏི་གུ་ཧྱ་ས་མ་ཡ་སྭཱ་ཧཱ༔ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ བསྲེག་རྫས་བྱིན་གྱིས་བརླབ་པ་ནི༔ སྟོང་པའི་ངང་ལས་སྐད་ཅིག་གིས་བསྲེག་རྫས་རྣམས་རང་རང་གི་རྣམ་པ་ལ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རོ་བཅུད་ནུས་པ་སྟོང་དང་ལྡན་པར་གྱུར༔ ཨོཾ་བིགྷྣཱན་ཏ་ཀྲྀཏ་ཧཱུྃ་ཕཊ༔ ལན་བདུན་བརྗོད༔ ནམ་མཁའ་མཛོད་སྔགས་ལན་བདུན་བརྗོད་ལ་སྤེལ༔ རྟེན་འབྲེལ་སྙིང་པོ་དེ་བཞིན་བདུན་གྱིས་བསྐྱེད་ཅིང་རྒྱས་པར་བྱ༔ བསྲེག་རྫས་རྣམས་བདུད་རྩིས་བྲན་ནས་དགང་གཟར་གྱིས་རེག་ཅིང་༔ རྒྱས་པར་སྤྲོ་ན་རང་རང་གི་སྔགས་སམ༔ ཡང་ན་རྡོ་རྗེ་རྩེ་གཅིག་གི་ཕྱག་རྒྱས་རེག་ཅིང་༔ ཨོཾ་ཧཱུྃ་སྭཱ་ཧཱ༔ རྫས་བཀྲུ༔ ཡམ་ཤིང་ལ༔ ཨོཾ་ཨཱཿསྭཱ་ཧཱ༔ ཞུན་མར་ལ༔ ཨོཾ་ཤྲཱི་སྭཱ་ཧཱ༔ འབྲུ་རྣམས་ལ༔ ཨོཾ་ཛྲིཾ་སྭཱ་ཧཱ༔ རྫས་གཞན་རྣམས་ལ༔ ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཤིན་ཏུ་བསྡུ་ན༔ ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད༔ དེ་ནས་མེ་སྦར་བ་ནི༔ ཨགྣེ་ཛྭ་ལ་རཾ༔ ཞེས་པས་གཡས་སུ་བསྐོར་ཞིང་ཐབ་ཀྱི་མེ་ཚང་དུ་བཅུག་པས་ཏིང་ལོ་སྦར་ཞིང་༔ ཧཱུྃ་མང་དུ་བརྗོད་ལ་རླུང་གཡབ་ཀྱིས་མེ་སྦར་ལ༔ ཨོཾ་ཨགྣེ་ཡེ་སྭཱ་ཧཱ༔ ཞེས་བླུགས་གཟར་གྱིས་མར་ཁའི་ཐིག་པས་གསོ༔ དེ་ནས་མེ་ལྷ་མཆོད་པ་ནི༔ ཨོཾ་བིགྷྣན་ཏ་སོགས་ཀྱིས་བསང་༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས་ཀྱིས་སྦྱང་༔ སྟོང་པའི་ངང་ལས་བདེ་ཆེན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རྒྱ་ཆེ་ཞིང་ཁྱོན་ཡངས་པ༔ ཡེ་ཤེས་ཀྱི་མེ་དཔུང་བསྐལ་པ་དུས་མཐའི་མེ་ལྟར་འབར་བའི་དབུས་སུ༔ རཾ་ཡིག་ཡོངས་གྱུར་མེ་ལྷའི་རྒྱལ་པོ་ནི༔ གཟི་བརྗིད་རབ་འབར་ཚངས་སྐུད་སེ་རལ་ཁ༔ ཕྱག་གཡས་བགྲང་ཕྲེང་གཡོན་པས་སྤྱི་བླུགས་བསྣམས༔ ར་སྐྱེས་ལ་ཆིབས་དགའ་བདེའི་ཉམས་དང་ལྡན༔ གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས་པས༔ རང་བཞིན་གནས་ནས་སྤྱན་དྲངས་གཉིས་མེད་ཐིམ༔ ཞེས་མེ་ལྷ་ལས་བཞི་རང་རང་གི་ཁ་དོག་དང་མཚུངས་པར་བསྐྱེད༔ དེ་ནས་སྤྱན་འདྲེན་པ་ནི༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་བྱོན་དྲང་སྲོང་ཆེ༔ ཤར་ལྷོ་མེ་ལྷའི་གྲོང་ཁྱེར་ནས༔ ཨགྣེ་རཱ་ཛ་གཤེགས་སུ་གསོལ༔ འབྱུང་བའི་ལྷ་ཆེན་གཤེགས་ནས་ཀྱང་༔ འབར་བའི་གདན་ལ་བཞུགས་སུ་གསོལ༔ ཕྲིན་ལས་བསྒྲུབ་ཕྱིར་ཕྱག་ཀྱང་འཚལ༔ ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿཏིཥྛ་ལྷན༔ ན་མོ་ཧོཿདེ་ནས་མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་བསམ་ལ༔ ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ཞེས་ལན་བདུན་དང་༔ མར་ཁུ་བླུགས་གཟར་བདུན་གྱིས་བཀང་བའི་དགང་གཟར་གྱི་ཟག་མཆུ་ལས་བབས་པའི་མར་ཁུ་བདུད་རྩིའི་དྭངས་མར་དྲངས་ཏེ་གསོལ་བས་ཚིམས་པར་བསམ་ལ༔ དགང་བླུགས་ཁ་སྤྲད་པ་པུས་མོའི་ནང་ལས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཞིང་༔ ཨོཾ་ཨགྣ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བ་ཧ་ན་ཡ་ཧཱུྃ་ཕཊ༔ མེ་ལྷའི་རྒྱལ་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་ཞལ་ཟས་སྲེག་བླུག་གི་མཆོད་པ་དམ་པ་འདི་བཞེས་ལ་བདག་ཅག་སྒྲུབ་པ་པོའི་ནད་གདོན་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག༔ ཅེས་ལན་གསུམ་གྱིས་འབུལ་ཞིང་༔ ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ དེ་བཞིན་དུ་སྦྱར་བ་ཤཔྡའི་བར་གྱིས་མཆོད༔ ཧཱུྃ༔ གཟི་བརྗིད་ཆེན་པོ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་སྩོལ་མཛད་པ༔ བདག་གཞན་དོན་སྒྲུབ་ས་ལ་བཞུགས༔ འཇིགས་བྱེད་མེ་ལྷ་ཉིད་ལ་བསྟོད༔ ཅེས་བསྟོད༔ དེ་ནས་བསྲེག་རྫས་འབུལ་བ་ནི༔ ཡམ་ཤིང་ལ༔ ཨོཾ་ཨགྣ་ཡེ་བོ་དྷི་བྷྲྀཀྵ་ཡེ་སྭཱ་ཧཱ༔ མར་ཁུ་ལ༔ ཨོཾ་ཨགྣེ་ཨགྣ་ཡེ་སྭཱ་ཧཱ༔ ཏིལ༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ ཡུངས་ཀར༔ ཨོཾ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ༔ ཞོ་ཟན༔ ཨོཾ་སརྦ་སམྦ་དེ་སྭཱ་ཧཱ༔ འབྲས༔ ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ༔ སོ་བ༔ ཨོཾ་བཛྲ་བཱི་ཛ་ཡེ་སྭཱ་ཧཱ༔ ནས༔ ཨོཾ་མ་ཧཱ་བེ་གཱ་ཡེ་སྭཱ་ཧཱ༔ སྲན་མ༔ ཨོཾ་མ་ཧཱ་བཱ་ལ་ཡེ་སྭཱ་ཧཱ༔ གྲོ༔ ཨོཾ་བཛྲ་གྷསྨ་རི་སྭཱ་ཧཱ༔ དཱུརྦ༔ ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཀུ་ཤ༔ ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ༔ ཤིང་ཏོག༔ ཨོཾ་ག་གྷ་ནི་ག་གྷ་ནི་བཻ་ལོ་ཀ་ཏེ་སྭཱ་ཧཱ༔ ཞེས་པ་རྣམས་བདུན་ནམ་ཉེར་གཅིག་རེ་ཕུལ༔ སྔགས་སོ་སོའི་མཐར༔ ཞི་བ་ལ༔ ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཤམ་བུ་བཅུ་རེའི་མཐར༔ མེ་ལྷའི་རྒྱལ་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་ཞལ་ཟས་སྲེག་བླུག་གི་མཆོད་པ་དམ་པ་འདི་བཞེས་ལ་བདག་ཅག་སྒྲུབ་པ་པོའི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག༔ ཅེས་སྤེལ་ཚིག་གདགས༔ རྒྱས་པ་ལ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་དང་ཡང་གོང་བཞིན༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པའི་ཕྲིན་ལས་མཛོད་ཅིག༔ ཅེས་སྤེལ་ཚིག་གདགས་པས་འབུལ་ཞིང་༔ དེ་ནས་ཡུངས་ཀར་ཐབ་ཏུ་གཏོར་ཏེ༔ དྲང་སྲོང་ཆེན་པོ་འཁོར་དང་བཅས་པས་སྲེག་བླུག་ལྷའི་ཞལ་དུ་སྟོབ་པ་དང་༔ མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ཏེ༔ སོགས་གོང་བཞིན་ཁ་བསྒྱུར༔ མཐར་བླུགས་གཟར་གྱིས་མར་ཁུ་ཕུལ་ཏེ༔ ཨོཾ་བཛྲ་ཛྭ་ལ་རཾ༔ མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་མོ༔ དེ་ནས་རྟེན་དང་བརྟེན་པ་ཡི༔ དཀྱིལ་འཁོར་ལྷ་ཚོགས་བསྒོམ་པ་ནི༔ ཧཱུྃ༔ འདི་ལྟར་སྣང་བའི་སྣོད་བཅུད་ཀུན༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་ལྟར༔ དོན་གྱི་འོག་མིན་ཞིང་ཁམས་སུ༔ ལྷུན་གྲུབ་བཀོད་པ་རབ་རྫོགས་པའི༔ གཞལ་ཡས་ཁང་དབུས་མེ་དཔུང་ཀློང་༔ པདྨ་ཉི་ཟླའི་གདན་སྟེང་དུ༔ མེ་ལྷ་རིག་འཛིན་པདྨ་འབྱུང་༔ དཀར་དམར་མདངས་ལྡན་ཞི་མ་ཁྲོ༔ སོགས་ནས་གཞུང་གི་ལྷ་བསྐྱེད༔ སྤྱན་འདྲེན༔ བཞུགས་གསོལ༔ ཕྱག་འཚལ༔ མཆོད་པ༔ བསྟོད་པ་ཡན་ལས་བྱང་གི་དཀྱུས་བཞིན་བྱས་ནས༔ དགང་བླུགས་འབུལ་བ་ནི༔ དཀྱིལ་འཁོར་གྱི་ལྷ་རྣམས་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་གྱུར༔ སོགས་སྔར་དང་འདྲ་བ་ལས༔ རྩ་སྔགས་བདུན་གྱིས་བཀང་ནས༔ ཨོཾ་ཨགྣ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བ་ཧ་ན་ཡ་ཧཱུྃ་ཕཊ༔ སོགས་ཀྱིས་ཕུལ་ལ༔ རྒྱལ་དབང་པདྨ་འོད་འབར་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ཀྱི་ཞལ་དུ་ཞལ་ཟས་སྲེག་བླུག་གི་མཆོད་པ་དམ་པ་འདི་བཞེས་ལ་བདག་ཅག་སྒྲུབ་པ་པོའི་ནད་གདོན་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག༔ ཅེས་སྤེལ་ཚིག་དང་བཅས་ལན་གསུམ་འབུལ༔ བསྲེག་རྫས་གཞན་རྣམས༔ ཡམ་ཤིང་ལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་བོ་དྷི་བྷྲིཾཀྵ་ཡེ་སྭཱ་ཧཱ༔ ཤམ་བུར༔ ཞི་བ་ལ༔ ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྤེལ་ཚིག་དང་བཅས་བཅུ་རེ༔ དེ་བཞིན་མར་ཁུ་ནས་ཤིང་ཐོག་གི་བར་ལ་སྔགས་དང་སྤེལ་ཚིག་བཅས་གོང་ལྟར༔ མཐར་རྩ་བའི་སྔགས་དང་ཡིག་བརྒྱ་སྦྲེལ་བས་ཡུངས་ཀར་ཕུལ་ལ༔ ཕྲིན་ལས་བཅོལ་བ་སྔར་ལྟར་བྱ༔ དེ་ནས་སླར་གཤེགས་སྐྱེམས་ནི༔ དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་གྱུར༔ སོགས་ནས༔ ཕྲིན་ལས་མཛོད་ཅིག༔ གི་བར་སྔར་བཞིན་ཚར་གསུམ་གྱིས་དགང་བླུགས་ཕུལ་ནས༔ གཏོར་མ་བསང་སྦྱངས་བྱིན་གྱིས་བརླབས་ནས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨི་དཾ་བ་ལིངྟ་ཁཱ་ཧི༔ ལན་ཉེར་གཅིག་གམ་བདུན་གྱིས་ཕུལ་ལ༔ ཧཱུྃ༔ སྐུ་གསུམ་ཡེ་ཤེས་རྫོགས་པའི་དཔལ༔ ཡོངས་འདུས་བདག་ཉིད་པདྨ་འབྱུང་༔ སྤྲུལ་པའི་རིག་འཛིན་མཁའ་འགྲོའི་ཚོགས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ སོགས་ཀྱིས་ཕྲིན་ལས་བཅོལ༔ གཏང་རག་གི་མཆོད་བསྟོད་ནི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཱིདྱ་དྷཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས་ཤཔྡ་རཱུ་པ་སོགས་སརྦ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ ཧྲཱིཿམ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ སོགས་ཤོ་ལོ་ཀ་གཅིག་གིས་བསྟོད༔ མ་འབྱོར་མ་རྙེད་མ་ཚང་བ༔ འགལ་འཁྲུལ་ནོངས་པ་ཅི་མཆིས་པ༔ རིག་འཛིན་བླ་མའི་ཚོགས་ལ་བཤགས༔ མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ༔ ཅེས་དང་ཡི་གེ་བརྒྱ་པ་བརྗོད་ཅིང་འབྲུ་སྣ་གཏོར༔ དེ་ནས་གཤེགས་སུ་གསོལ་བ་ནི༔ ཨ༔ ཡེ་ཤེས་པ་རྣམས་དབྱིངས་སུ་གཤེགས༔ དམ་ཚིག་པ་རྣམས་བདག་ལ་བསྡུ༔ སླར་ཡང་ཕྲིན་ལས་བསྒྲུབ་པའི་ཕྱིར༔ འགྲོ་བའི་དོན་ལ་སྐུར་བཞེངས་ཤིག༔ བཛྲ་མུཿསླར་ཡང་མེ་ལྷ་གོང་བཞིན་ཡོངས་སུ་རྫོགས་པར་གསལ་ལ༔ གོང་བཞིན་ཡམ་ཤིང་ནས་ཤིང་ཐོག་གི་བར་གྱི་བསྲེག་རྫས་རྣམས་གསུམ་རེ་སོགས་སྔར་བཞིན་ཕུལ༔ གཏོར་མ་ཨ་ཀཱ་རོས་བྱིན་བརླབས༔ ཨོཾ་ཨགྣེ་དཱེ་ཝ་ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ལན་གསུམ་གྱིས་ཕུལ་ནས༔ ཧཱུྃ༔ འབར་བ་མེ་རུ་བརྫུ་བྱེད་ཅིང་༔ ལོག་རྟོག་སྲེགས་ཤིང་རོལ་པའི་ལྷ༔ དྲང་སྲོང་རྒྱལ་པོ་འཁོར་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ མེ་ལྷའི་རྒྱལ་པོ་འཁོར་དང་བཅས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ སོགས་ཀྱིས་ཕྲིན་ལས་བཅོལ༔ མ་འབྱོར་མ་རྙེད་མ་ཚང་བ༔ འགལ་འཁྲུལ་ནོངས་པ་ཅི་མཆིས་པ༔ དྲང་སྲོང་མེ་ལྷའི་ཚོགས་ལ་བཤགས༔ མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ༔ ཅེས་བཤགས་པ་བྱ༔ དེ་ནས་གཤེགས་སུ་གསོལ་བ་ནི༔ ཧཱུྃ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ རང་བཞིན་གནས་སུ་གཤེགས་སུ་གསོལ༔ ཕྲིན་ལས་མེ་ལྕེ་རབ་འབར་བས༔ སྦྱིན་སྲེག་ཟ་བའི་གདོན་གཞོམས་གྱུར༔ བཛྲ་མུཿསརྦ་ལོ་ཀ་གཙྪ༔ དེ་ནས་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པ་ལ་སོགས་པ་ལས་གཞུང་ལྟར་བྱའོ༔ དེ་ལྟར་སྲེག་བླུག་བྱས་པ་ཡིས༔ བསྐྱེད་རིམ་གནད་དང་ལྡན་གྱུར་ནས༔ རྣམ་བཞིའི་ལས་ཀུན་ཐོགས་མེད་འགྲུབ༔ ས་མ་ཡ༔ ཨྠིྀ༔ ཞེས་པ་འདི་ཉིད་རང་སློབ་དམ་པ་མཁྱེན་རབ་རྒྱ་མཚོས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཁ་བཀང་དང་བཅས་པ་ཁྲིགས་སུ་བསྡེབས་ནས་སྤེལ་བ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ།།སརྦ་མངྒ་ལཾ།།།།