མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ བླ་མ་རིག་འདུས་དཔལ་གྱི་བསྐང་བསྐུལ་རྡོ་རྗེའི་ལུག་རྒྱུད༔

From Dudjom Wiki
Revision as of 09:16, 19 August 2024 by Mort (talk | contribs)

TTDL-ZABTER-12-NA-005
Wylie title ma hA a ti yo ga'i zab chos dgongs pa klong rdol las: bla ma rig 'dus dpal gyi bskang bskul rdo rje'i lug rgyud: TTDL-ZABTER-12-NA-005.pdf
Location bdud 'joms gling pa zab gter
Volume 12, Text 5, Pages 17-18 (Folios 1a1 to 1b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Ma hA a ti yo ga'i zab chos dgongs pa klong rdol las bla ma rig 'dus dpal gyi bskang bskul rdo rje'i lug rgyud. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: 17-18. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang bskul   Verso: bdud 'joms rig 'dzin bla ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Invocations - bskul ba  ·  Mending Rituals - bskang chog
Cycle མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ (ma ha a ti yo ga'i zab chos dgongs pa klong rdol)
Colophon

ཞེས་པ་འདི་བསོད་ནམས་ཆོས་ལྡན་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཟབ་གསང་དགོངས་པའི་ཀློང་མཛོད་ལས་བསྒྱུར་བའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di bsod nams chos ldan gyis bskul ngor bdud 'joms rdo rjes zab gsang dgongs pa'i klong mdzod las bsgyur ba'o/_/dge'o/_/legs so/_/sarba mang+ga laM//

[edit]
སྱྃ༔ མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ བླ་མ་རིག་འདུས་དཔལ་གྱི་བསྐང་བསྐུལ་རྡོ་རྗེའི་ལུག་རྒྱུད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) རིག་འཛིན་རྒྱལ་པོ་ལ་བརྟེན་ནས༔ ཐུགས་དམ་བསྐང་པའི་རིམ་པ་ལ༔ ཀྱཻ་ཧོ༔ ཀ་དག་སྤྲོས་མཐའ་བྲལ་བའི་དབྱིངས༔ བླ་མ་ཆོས་སྐུའི་ཐུགས་དམ་བསྐང་༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་མཛོད༔ བླ་མ་ལོངས་སྐུའི་ཐུགས་དམ་བསྐང་༔ གང་འདུལ་ཐབས་ཀྱིས་འགྲོ་བ་འདུལ༔ བླ་མ་སྤྲུལ་སྐུའི་ཐུགས་དམ་བསྐང་༔ བརྒྱུད་གསུམ་བླ་མ་འདུས་པའི་སྐུ༔ རྡོ་རྗེའི་བླ་མའི་ཐུགས་དམ་བསྐང་༔ ཟངས་མདོག་དཔལ་གྱི་རི་བོ་ནས༔ གདུལ་དཀའ་འདུལ་མཛད་ཕྲིན་ལས་གར༔ འཛམ་གླིང་ཡོངས་ཀྱི་མགོན་དུ་ཤར༔ པདྨ་འབྱུང་གནས་ཐུགས་དམ་བསྐང་༔ སྐུ་དང་ཡེ་ཤེས་རོལ་བའི་རྩལ༔ གནས་ཡུལ་དུར་ཁྲོད་ཐམས་ཅད་དུ༔ སྣ་ཚོགས་ཐབས་ཀྱིས་བརྡ་སྟོན་མཛད༔ དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ༔ བསྟན་དང་བསྟན་འཛིན་སྡེ་སྐྱོང་ཞིང་༔ ཞིང་བཅུ་སྒྲོལ་བའི་མཐུ་རྩལ་ཅན༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ ཧོཿརྡོ་རྗེའི་བླ་མ་དགོངས་སུ་གསོལ༔ བདག་ནི་ཚེ་རབས་ཐོག་མེད་ནས༔ མ་རིག་འཁྲུལ་པའི་དབང་གྱུར་ཏེ༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་དང་བསླབ་པ་དམ་ཉམས་ཀུན༔ ལས་ཉོན་བག་ཆགས་དང་བཅས་པ༔ མི་འཆབ་མི་སྦེད་གནོང་འགྱོད་པས༔ བཤགས་སོ་ཕྱིན་ཆད་སྡོམ་བགྱིད་དོ༔ དག་ཅིང་ཚངས་པར་མཛད་དུ་གསོལ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ༔ སོགས་ཚང་བར་བརྗོད༔ དེ་ནས་ཐུགས་དམ་བསྐུལ་བ་ནི༔ ཧོཿབསྐུལ་ལོ་ཆོས་ཀྱི་དབྱིངས་ཀྱི་ལྷ༔ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ དབྱིངས་ལ་བཞེངས་བཞུགས་མི་མངའ་ཡང་༔ གང་འདུལ་རྟེན་འབྲེལ་ཐབས་དུ་མས༔ བདག་ལྟའི་རཱུ་ཏྲ་བསྒྲལ་བའི་ཕྱིར༔ དྲག་ཁྲོས་རྔམས་པའི་སྐུར་བཞེངས་ལ༔ ཁམས་གསུམ་འཁོར་བའི་གཡོ་འཁྲུགས་ཀུན༔ སྡུག་བསྔལ་རྒྱུ་འབྲས་དང་བཅས་པ༔ ཡུལ་མེད་ཟང་ཐལ་ངང་དུ་སོད༔ འཁོར་འདས་དག་མཉམ་ཆེན་པོར་རོལ༔ དུས་ལ་བབ་པོ་ས་མ་ཡ༔ ཀ་དག་སྤྲོས་མཐའ་བྲལ་བ་ལས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ལྷ༔ གསལ་ཞིང་བསྐང་བསྐུལ་འདིར་བརྩོན་གནད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་བསོད་ནམས་ཆོས་ལྡན་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཟབ་གསང་དགོངས་པའི་ཀློང་མཛོད་ལས་བསྒྱུར་བའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།