མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ ཚེ་ཐར་བྱེད་པའི་ཆོ་ག་བཀྲ་ཤིས་ཚེ་བཅུད༔

From Dudjom Wiki
Revision as of 10:42, 19 August 2024 by Mort (talk | contribs)

TTDL-ZABTER-12-NA-019
Wylie title ma hA a ti yo ga'i zab chos dgongs pa klong rdol las: tshe thar byed pa'i cho ga bkra shis tshe bcud: TTDL-ZABTER-12-NA-019.pdf
Location bdud 'joms gling pa zab gter
Volume 12, Text 19, Pages 89-91 (Folios 1a1 to 2a4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Ma hA a ti yo ga'i zab chos dgongs pa klong rdol las tshe thar byed pa'i cho ga bkra shis tshe bcud. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: 89-91. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: tshe thar   Verso: bdud 'joms dgongs gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ (ma ha a ti yo ga'i zab chos dgongs pa klong rdol)
Colophon

ཞེས་པ་འདི་ཡང་རང་སློབ་དམ་པ་ཨ་ལྕགས་འབྲུ་ཡི་རྣལ་འབྱོར་ཆོས་ཉིད་རབ་རྒྱས་ཀྱིས་བསྐུལ་ངོར། ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་སོ། །དགེའོ།།

zhes pa 'di yang rang slob dam pa a lcags 'bru yi rnal 'byor chos nyid rab rgyas kyis bskul ngor/_khrag 'thung bdud 'joms rdo rje khro lod rtsal gyis so/_/dge'o//

[edit]
སྱྃ༔ མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ ཚེ་ཐར་བྱེད་པའི་ཆོ་ག་བཀྲ་ཤིས་ཚེ་བཅུད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དུད་འགྲོ་ཚེ་ཐར་བྱེད་འདོད་ན༔ དང་པོ་བགེགས་བསྐྲད་པ་ནི༔ རང་ཉིད་སྐད་ཅིག་གིས་ཡེ་ཤེས་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་དུང་ཁྲག་འཛིན་པའི་སྐུར་གྱུར༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བརྗོད་མཐར༔ ཧཱུྃ༔ ང་ནི་ཁྲོ་རྒྱལ་བདུད་རྩི་འཁྱིལ༔ འཁོར་འདས་ཡོངས་ཀྱི་སྤྱི་དཔལ་སྟེ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ གནས་འདིར་མ་འདུག་གཞན་དུ་སོང་༔ བཀའ་ལས་འདའ་ན་རྡུལ་དུ་རློག༔ དམ་ལས་འདས་ན་དམྱལ་བར་བསྲེགས༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ རྩ་སྔགས་ཧཱུྃ་བཞིའི་སྔགས་བརྗོད་ལ་བྲབ༔ ཧཱུྃ༔ ཡེ་ཤེས་རོལ་པའི་ཆོ་འཕྲུལ་ལས༔ འཁོར་ལོ་རྡོ་རྗེ་རིན་ཆེན་དང་༔ པདྨ་རྒྱ་གྲམ་མེ་དཔུང་གི༔ སྲུང་བའི་འཁོར་ལོ་སྲ་བརྟན་གྱུར༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་རཀྵ་རཀྵ༔ དེ་ནས་ཁྲུས་བྱ་བ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བྱིན་གྱིས་བརླབས་པའི་དག་བྱེད་ཆུས༔ འགྲོ་བ་འདི་ལ་ཁྲུས་བགྱིའོ༔ སྒྲིབ་གཉིས་བག་ཆགས་དག་གྱུར་ཅིག༔ ཅེས་ཡིག་བརྒྱ་དང་ཀཾ་ཀ་ནི་བརྗོད༔ ཨོཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧ་ལ་པཉྩ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ཞེས་པའི་མཐར༔ མདུན་གྱི་ནམ་མཁར་མཆོག་གསུམ་སྐུ་གསུམ་རྩ་གསུམ་རྒྱ་མཚོའི་ཚོགས་ཐམས་ཅད་བཀྲ་དཔུང་ངེ་འོད་ཐིབས་སེ་བཞུགས་པར་མོས་ལ༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བདག་དང་ཡོན་གྱི་བདག་པོའི་ཚོགས་གཉིས་ཡོངས་སུ་རྫོགས་ཤིང་སྒྲིབ་གཉིས་བག་ཆགས་ཐམས་ཅད་བྱང་བའི་ཆེད་དུ༔ ཚེ་དང་ལྡན་པའི་ཚེ་ཐར་འདི༔ སྟོན་པ་རྫོགས་སངས་རྒྱས་ལ་འབུལ༔ ཚེ་དཔལ་གཡང་སྐྱོབས་བྱིན་གྱིས་རློབས༔ ཚེ་གཡང་བརྟན་པར་མཛད་དུ་གསོལ༔ ཚེ་དང་ལྡན་པའི་ཚེ་ཐར་འདི༔ སྐྱོབ་པ་དམ་ཆོས་རྣམས་ལ་འབུལ༔ ཚེ་དཔལ་གཡང་༴ ཚེ་གཡང་བརྟན་པར༴ ཚེ་དང་ལྡན་པའི༴ འདྲེན་པ་དགེ་འདུན་རྣམས་ལ་འབུལ༔ ཚེ་དཔལ་གཡང་༴ ཚེ་གཡང་བརྟན་པར༴ ཚེ་དང་ལྡན་པའི༴ རྩ་བརྒྱུད་བླ་མ་རྣམས་ལ་འབུལ༔ ཚེ་དཔལ་གཡང་༴ ཚེ་གཡང་བརྟན་པར༴ ཚེ་དང་ལྡན་པའི༴ ཡི་དམ་ལྷ་ཚོགས་རྣམས་ལ་འབུལ༔ ཚེ་དཔལ་གཡང་༴ ཚེ་གཡང་བརྟན་པར༴ ཚེ་དང་ལྡན་པའི༴ མ་མོ་མཁའ་འགྲོའི་ཚོགས་ལ་འབུལ༔ ཚེ་དཔལ་གཡང་༴ ཚེ་གཡང་བརྟན་པར༴ ཚེ་དང་ལྡན་པའི༴ བཀའ་སྲུང་དམ་ཅན་རྣམས་ལ་འབུལ༔ ཚེ་དཔལ་གཡང་༴ཚེ་གཡང་བརྟན་པར༴ཚེ་དང་ལྡན་པའི༴ནོར་ལྷ་གཏེར་བདག་རྣམས་ལ་འབུལ༔ ཚེ་དཔལ་གཡང་སྐྱོབས་བྱིན་གྱིས་རློབས༔ ཚེ་གཡང་བརྟན་པར་མཛད་དུ་གསོལ༔ དེ་ནས་ཚེ་འགུགགས་ནི༔ ཧྲཱིཿདཀོན་མཆོག་རྩ་གསུམ་སྲུང་མའི་བདེན་པ་དང་༔ ཆོས་ཉིད་རྣམ་དག་རྒྱུ་འབྲས་བསླུ་མེད་མཐུས༔ སྣོད་བཅུད་སྲིད་པའི་ཚེ་དང་ཕྱྭ་གཡང་ཁུག༔ འགྲོ་བ་འདི་ཡི་ཚེ་ལ་རྒྱས་ཐོབ་ཅིག༔ ལན་གསུམ་དང་ཚེ་གཟུངས་བརྗོད༔ དེ་ནས་བསྔོ་སྨོན་ཤིས་བརྗོད་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རང་སློབ་དམ་པ་ཨ་ལྕགས་འབྲུ་ཡི་རྣལ་འབྱོར་ཆོས་ཉིད་རབ་རྒྱས་ཀྱིས་བསྐུལ་ངོར། ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་སོ། །དགེའོ།། །།