TTDL-ZABTER-12-NA-018

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-12-NA-018
Wylie title TTDL-ZABTER-12-NA-018.pdf
Location bdud 'joms gling pa zab gter
Volume 12, Text 18, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག༧༧མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ བགེགས་ཚོགས་ཚིམ་བྱེད་ཡས་གླུད་ལན་ཆགས་བསྔོ་ཐབས་འདོད་ཡོན་རྒྱན་འཁོར་ཞེས་བྱ་བ་བཞུགས་སོ༔ ༠༠༠༠༠༠བརྡ་ཡིག༧༨ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠བརྡ་ཡིག༧༨བདག་འདྲ་རིག་འཛིན་རྡོ་རྗེ་གཤོག་རྒོད་ངས༔ དེང་སང་དུས་ཀྱི་མར་གཤམ་སྙིགས་མ་འདིར༔ འགྲོ་རྣམས་བར་ཆད་གདོན་ལས་གྲོལ་བའི་ཕྱིར༔ གླུད་བསྔོས་ཟབ་མོ་འདོད་ཡོན་རྒྱན་འཁོར་ཞེས༔ ལེགས་པར་བཤད་ཀྱི་ཉོན་ཅིག་བདུད་འཇོམས་རྩལ༔ དུས་འདིར་སེམས་ཅན་ལས་ངན་དབང་ཆེ་བའི༔ ལས་ཀྱི་ལན་ཆགས་འདྲེ་རྒོད་གདུག་པ་དར༔ གློ་བུར་ཧུར་ཐུམ་ཉེས་པ་མང་པོ་འབྱུང་༔ འདི་བཟློག་ཕྱིར་ན་ཡས་གླུད་ལན་ཆགས་བཏང་༔ དེ་ཡིས་ཉེས་འགལ་ཐམས་ཅད་བཟློག་པར་འགྱུར༔ ས་མ་ཡ༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དུག་གསུམ་ལས་བྱུང་གདོན་གསུམ་བགེགས་ཀྱི་རྒྱལ༔ དེ་ལ་གཏི་མུག་ཀླུ་གདོན་ཕག་མགོ་ཅན༔ གཡས་སུ་ཞེ་སྡང་རྒྱལ་པོ་སྦྲུལ་མགོ་ཅན༔ གཡོན་དུ་འདོད་ཆགས་བསེན་མོ་བྱ་མགོ་ཅན༔ དེ་ལ་ནམ་མཁའ་ནག་པོ་དཀར་པོ་དང་༔ དམར་པོ་ལ་སོགས་རང་རང་མདུན་དུ་བཙུག༔ ངར་མིའི་རང་མདོག་ཁ་དོག་མཛེས་པར་བྱ༔ སོ་སོའི་བདུན་དུ་ཏིང་ལོ་རང་མདོག་རེ༔ དེ་མཐར་ལན་ཆགས་བརྒྱ་སོགས་ཅི་མང་དང་༔ ཕོ་གླུད་མོ་གླུད་ཟན་དུམ་འབྲས་ཆངས་སོགས༔ དར་རས་གཟུགས་འགྲོས་གོས་དུམ་སྣ་སོགས་བཞག༔ རང་ཉིད་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་སེང་གེའི་བསྒོམ་བཟླས་ལ་ཞུགས་མཐར༔ ཨཱཿརང་ཉིད་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་སེང་གེ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་དང་གཡོན་པས་མཉམ་བཞག་མཛད་པ་དབུ་ལ་གཙུག་ཏོར་དང་ཞབས་ལ་འཁོར་ལོ་ལ་སོགས་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ་འོད་དང་འོད་ཟེར་རབ་ཏུ་འབར་ཞིང་སྐུའི་བཀོད་པ་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྫོགས་པར་བསྒོམ༔ གནས་གསུམ་ལས་འོད་འཕྲོས་པས་ཡེ་ཤེས་པ་རྣམས་བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སྟྭཾ༔ དེ་ནས་གླུད་གཏོར་ལ་ཆབ་བྲན་ཏེ༔ ཨོཾ་སྭ་བྷཱ་སོགས༔ རང་མདུན་དུ་ཚེ་རབས་ལན་ཆགས་གདོན་བགེགས་ཐམས་ཅད་གདོན་གསུམ་གྱི་རྣམ་པར་དད་ཅིང་གུས་པའི་ཚུལ་གྱིས་གནས་པར་བསམ༔ དེ་ནས་ཚད་མེད་བཞི་བསྒོམ་ནས༔ སྣང་ཞིང་སྲིད་པའི་ཁམས་འདི་ན༔ ང་དང་བདག་ཏུ་འཛིན་པ་ཡི༔ རྣམ་རྟོག་འཁོར་བའི་གདོན་བགེགས་ཚོགས༔ གཏི་མུག་ཀླུ་གདོན་ཕག་མགོ་ཅན༔ ཞེ་སྡང་རྒྱལ་པོ་སྤྲུལ་གྱི་གདོང་༔ འདོད་ཆགས་མོ་གདོན་བྱ་ཡི་གདོང་༔ ཁྱོད་ལས་མ་བྱུང་ལྷ་འདྲེ་གང་༔ ཁྱོད་དང་ཁྱོད་ལས་བྱུང་བ་ཡི༔ སྲིད་པའི་གདོན་བགེགས་མ་ལུས་པ༔ ཤ་མཁོན་ཆད་པའི་ལན་ཆགས་འཇལ༔ སྦྱིན་ཡུལ་གནས་འདིར་གཤེགས་སུ་གསོལ༔ ཞེ་སྡང་གདུག་པའི་སེམས་སྤོངས་ལ༔ བྱམས་པའི་སེམས་ཀྱིས་གཤེགས་སུ་གསོལ༔ གཏི་མུག་འཐིབས་པའི་སེམས་སྤོངས་ལ༔ མ་བུའི་འདུ་ཤེས་བསྐྱེད་ལ་གཤེགས༔ འདོད་ཆགས་འཁྲུལ་པའི་སེམས་སྤོངས་ལ༔ གུས་འདུད་སེམས་ཀྱིས་གཤེགས་སུ་གསོལ༔ ཚེ་རབས་འཁོར་བ་ཐོག་མེད་ནས༔ ལས་ཀྱིས་འབྲེལ་བའི་ཕ་མ་རྣམས༔ དྲིན་ལན་འཇལ་གྱིས་འདིར་གཤེགས་ཤིག༔ ལན་གསུམ༔ ན་མོ༔ དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ༴ཆོས་ཀྱི་བཀའ༴དགེ་འདུན་གྱི་བཀའ༴གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པས་བྱིན་གྱིས་བརླབས་པ་ལ་བརྟེན་ནས༔ དེང་འདིར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་པར་འདྲེན་པའི་ཚོགས་གང་དང་གང་ཡིན་པ་ཐམས་ཅད་ལན་ཆགས་གླུད་གཏོར་འདི་ཡི་མགྲོན་དུ་ཁུག་ཅིག༔ བཛྲ་ཨཾ་ཀུ་ཤ་ཡ་ཛ་ཛ༔ ཞེས་ལན་གསུམ་མམ་བདུན་མཐར༔ ལྕགས་ཀྱུའི་ཕྱག་རྒྱ་ནས༔ ཛཿཧཱུྃ་བཾ་ཧོ༔ ཞེས་ཕྱག་རྒྱ་བཞིས་འགུགས་འཆིང་སྡོམ་བསྟིམ་བྱ༔ དེ་ནས་ཡང་ཚད་མེད་བཞིའི་སྒོ་ནས༔ ཀྱཻ༔ ཉོན་ཅིག་སྲིད་པའི་ཕོ་མོ་རྣམས༔ བུ་ཡིས་འབོད་པའི་གནས་འདི་རུ༔ ཡུད་ཙམ་བྱམས་པའི་སེམས་ཀྱི་སྡོད༔ གུས་པས་སེམས་ཀྱིས་ཚུར་གསོན་དང་༔ ཚེ་རབས་འཁོར་བ་ཐོག་མེད་ནས༔ ད་ལྟའི་བར་དུ་འཁྲུལ་པས་བསླུས༔ ང་བདག་གཟུང་འཛིན་གྱིས་བསླངས་པའི༔ དུག་གསུམ་དགྲར་ལངས་ལྷ་འདྲེ་རྣམས༔ སེམས་སམ་ཕ་མར་ཤེས་པ་ཡིས༔ དྲིན་ཤེས་ལན་ཆགས་གཏོར་མ་འཇལ༔ བུ་ལོན་ཚུལ་དུ་ལོངས་ལ་ཁྱེར༔ གདུག་སེམས་སྦྱོར་ངན་ཞི་གྱུར་ཅིག༔ བདག་དང་ཡོན་གྱི་བདག་པོ་ཡི༔ ལུས་སྲོག་ལོངས་སྤྱོད་ཚེ་མདངས་ཀྱི༔ རིན་ཐང་གླུད་བཟང་འབྲུ་སྣ་དང་༔ དར་ཟབ་རིན་ཆེན་གཟུགས་འགྲོས་རིགས༔ ཁྱད་པར་རྒྱལ་བའི་བཀའི་གནང་པའི༔ ལན་ཆགས་འདོད་ཡོན་འབྱུང་གནས་འདི༔ གདོན་གསུམ་འཁོར་དང་བཅས་ལ་འབུལ༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་གློད་ལ་མནན་པ་ཁྱོག༔ ནད་རྣམས་རབ་ཏུ་སོལ་མཛོད་ལ༔ གདོན་བགེགས་རང་གི་གནས་སུ་སོང་༔ འཕགས་པ་མཆོག་གསུམ་རིན་ཆེན་གྱིས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ སྣང་སྲིད་ལྷ་འདྲེ་འཁོར་དང་བཅས༔ ཁྱད་པར་ལན་ཆགས་བུ་ལོན་མགྲོན༔ ཀུན་ལ་རང་མཐུན་ལན་ཆགས་འཇལ༔ བྱམས་གདུང་བརྩེ་བའི་སེམས་ཀྱིས་ལོངས༔ ཨོཾ་ཨཱཿཧཱུྃ༔ རཾ་ཡཾ་ཁཾ༔ སྟོང་པའི་ངང་ལས་ཏྲཾཿལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་གླུད་གཏོར་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་རྒྱ་ཆེན་པོ་ནམ་མཁའི་གར་ཁྱབ་ཐམས་ཅད་ཁྱབ་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་ཆགས་བདུན་དང་འབྲས་ཆན་དར་ཟབ་ངར་མི་རེ་ཐོགས་ལ༔ དེ་བཞིན་གཤེགས་པ་བཞིའི་མཚན་དང་༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཞེས་ལན་གྲངས་བརྒྱ་རྩའམ་ཉེར་གཅིག་རེའི་མཐར༔ ན་མོ༔ དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ༴ཆོས་ཀྱི་བཀའ༴དགེ་འདུན་གྱི་བཀའ༴བླ་མ་ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ༴ཆོས་ཉིད་ངོ་བོ་གདོད་ནས་དག་པའི་བདེན་པ་དང་༔ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་འགལ་རྐྱེན་བར་ཆད་ཆག་ཆེ་ཉམ་ང་ལོ་ཀག་ཟླ་གཤེད་སྔོན་ལས་འཕྲལ་རྐྱེན་ངན་པ་ཐམས་ཅད་ཞི་ཞིང་བཟློག་པར་གྱུར་ཅིག༔ ང་བདག་གཟུང་འཛིན་རྒྱུ་རྐྱེན་རྟེན་འབྲེལ་གྱི་ཀུན་ནས་བསླང་བའི་ལན་ཆགས་བགེགས་རིགས་གནས་གདོན་ལུས་གདོན་ཐམས་ཅད་ངོམས་ཤིང་ཚིམ་ནས་གནོད་འཚེའི་སྦྱོར་བ་ཐམས་ཅད་ཞི་ཞིང་གྲོལ་བར་གྱུར་ཅིག༔ ཆོས་ཉིད་སྟོང་པའི་ངང་དུ་བྷྱོ་བཟློག་སྭཱ་ཧཱ༔ ཞེས་ལན་ཆགས་རྣམས་རྫོགས་པར་བསྔོས་མཐར༔ རྫོང་འདེབས་ཀྱི་རྫས་ལ་གླུད་དང་ཆངས་བུ་ཟན་དུམ་རིལ་བུ་དར་ཟབ་གོས་དུམ་འབྲས་ཆན་བསགས་ལ༔ ཨོཾ་ཨཱཿཧཱུྃ༔ གླུད་གཏོར་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་གང་ལ་མཁོ་རྒུའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་མི་ཟད་པ་ནམ་མཁའི་མཛོད་དུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ༔ ཨོཾ་ཨ་ཀཱ་རོ་སོགས་ལན་བདུན་བརྗོད༔ དེ་ནས་སྐད་ཅིག་དྲན་རྫོགས་ཀྱིས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས༔ རང་ཉིད་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེའི་གཤེད་སྐུ་མདོག་སེར་ནག་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་དང་གཡོན་པས་ཞགས་པ་བསྣམས་པ་མེ་དཔུང་དམར་ནག་འབར་བའི་ཀློང་དུ་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ་སྐུའི་ཆ་གསུམ་ལ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་འཁོར་འདས་ཁྱབ་གདལ་གྱི་སྐུར་བསྒོམ་མོ༔ ཐུགས་ཀར་ཧཱུྃ་ཡིག་གི་མཐར༔ ཨོཾ་ཧྲཱིཿཥྚི་ཝིཥྚི་ཏ་ན་ན་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ༔ ང་ནི་ཆེ་མཆོག་འཇིགས་བྱེད་འབར་བའི་སྐུ༔ ང་ནི་དུས་གསུམ་རྒྱལ་བ་འདུས་པའི་དཔལ༔ ང་ནི་མ་མོ་མཁའ་འགྲོ་ཡོངས་ཀྱི་ཡབ༔ ང་ནི་ལྷ་སྲིན་སྡེ་བརྒྱད་ཡོངས་ཀྱི་རྗེ༔ ང་ནི་གདོན་བགེགས་འབྱུང་པོ་ཀུན་གྱི་གཤེད༔ ང་ཡི་བཀའ་ལ་སུ་ཡང་འདའ་མ་བྱེད༔ གལ་ཏེ་ང་ཡི་བཀའ་ལ་འདའ་བྱེད་ན༔ ཡེ་ཤེས་འབར་བའི་ཁྲོ་ཚོགས་དཔག་མེད་ཀྱིས༔ དམ་ཉམས་ཁྱོད་ཀྱི་ལུས་སེམས་རྡུལ་དུ་བརླག༔ དེ་བས་ཐམས་ཅད་བདེན་པའི་བཀའ་ལ་ཉོན༔ ཀྱཻ༔ ཁམས་གསུམ་འཁོར་བར་འགྲོ་བའི་གཤེད༔ གཏི་མུག་ཀླུ་གདོན་ཕག་མགོ་ཅན༔ ཁྱོད་དང་ཁྱོད་ལས་བྱུང་བ་ཡི༔ སྣང་སྲིད་ལྷ་འདྲེ་རང་གནས་ཆོས༔ འདོད་ཡོན་མི་ཟད་གཏེར་གྱི་ཚོགས༔ རང་རང་མཐུན་རྫས་རྫོངས་སུ་འདེབས༔ དགའ་མགུ་ཡི་རང་ཚིམ་མཛོད་ལ༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཁྱོག༔ ཟོས་པ་སྐྱུག་ལ་སྦྱོར་བ་ཤིག༔ འདུས་དང་བད་ཀན་ལས་གྱུར་ནད༔ མ་ལུས་ཞི་ཞིང་སེལ་བར་མཛོད༔ ནད་དེ་ནད་བདག་རང་གིས་ཁྱེར༔ གྲིབ་དེ་གྲིབ་བདག་རང་གིས་ཁྱེར༔ གདོན་དེ་ཡས་དང་གླུད་ཀྱིས་བཀར༔ སོ་སོ་རང་རང་གནས་སུ་སོང་༔ དཀོན་མཆོག་བདེན་པའི་བཀའ་བསྒོའོ༔ མཆོག་གསུམ་བདེན་པའི་བཀའ་མ་བསླུ༔ རྩ་གསུམ་བདེན་པའི་དམ་ཚིག་ཡིན༔ དམ་ལ་མ་འདའ་དམ་ལོངས་ཤིག༔ སརྦ་རུ་ཏྲི་རཱུ་ཏྲ་ཨུ་ཙ་ཏ་ཡ་ཕཊ༔ ཀྱཻ༔ ཁམས་གསུམ་འཁོར་བར་འཁོར་བའི་གཤེད༔ ཞེ་སྡང་རྒྱལ་པོ་སྤྲུལ་མགོ་ཅན༔ ཁྱོད་དང་ཁྱོད་ལས་བྱུང་བ་ཡི༔ སྣང་སྲིད་ལྷ་འདྲེ་རང་གནས་ཆོས༔ འདོད་ཡོན་སྣ་ཚོགས་རྫོངས་སུ་འདེབས༔ དགའ་མགུ་ཡི་རང་ཚིམ་མཛོད་ལ༔ བཟུང་བ་ཐོངས་ལ༴བསྡམས་པ་ཀློད་ལ༴ཟོས་པ་སྐྱུག་ལ༴འདུས་པ་རླུང་ལས་གྱུར་པའི་ནད༔ མ་ལུས་ཞི་ཞིང་༴ནད་དེ་ནད་བདག༴གྲིབ་དེ་གྲིབ་བདག༴གདོན་དེ་ཡས་དང་༴སོ་སོ་རང་རང༴དཀོན་མཆོག་བདེན་པའི་བཀའ་བསྒོའོ༔ མཆོག་གསུམ༴རྩ་གསུམ༴དམ་ལ་མ་འདའ༴སརྦ་ཏྲི་རཱ་ཙ་རཱུ་ཏྲ་ཨུ་ཙ་ཏ་ཡ་ཕཊ༔ ཀྱཻ༔ ཁམས་གསུམ་འཁོར་བར་འཁོར་བའི་གཤེད༔ འདོད་ཆགས་མོ་གདོན་བྱ་ཡི་མགོ༔ ཁྱོད་དང་ཁྱོད་ལས༴སྣང་སྲིད་ལྷ་འདྲེ༴འདོད་ཡོན་སྣ་ཚོགས༴དགའ་མགུ་ཡི་རང་༴བཟུང་བ་ཐོངས་ལ༴བསྡམས་པ་ཀློད་ལ༴ཟོས་པ་སྐྱུག་ལ༴འདུས་དང་མཁྲིས་པ་ལས་གྱུར་ནད༔ མ་ལུས་ཞི་ཞིང་༴ནད་དེ་ནད་བདག༴གྲིབ་དེ་གྲིབ་བདག༴གདོན་དེ་ཡས་དང་༴སོ་སོ་རང་རང་༴དཀོན་མཆོག་བདེན་པའི་བཀའ་བསྒོའོ༔ མཆོག་གསུམ༴རྩ་གསུམ༴དམ་ལ་མ་འདའ་དམ་ལོངས་ཤིག༔ སརྦ་རཱུ་ཏྲ་ཨུ་ཙ་ཏ་ཡ་ཕཊ༔ ཀྱཻ༔ ཆོས་ཤིག་ཆོས་ཤིག་གདོན་གསུམ་ཚོགས༔ སོང་ཞིག་སོང་ཞིག་ད་སོང་ཞིག༔ གཏི་མུག་ཀླུ་གདོན་ཕག་མགོ་ཅན༔ ཁྱོད་དང་སྤྲུལ་པའི་འཁོར་ཚོགས་བཅས༔ ཆོས་དབྱིངས་སྟོང་པའི་ཀློང་དུ་གཤེགས༔ སླར་གྱི་རྐྱེན་ཀག་མ་བྱེད་ཅིག༔ ཀྱཻ༔ ཆོས་ཤིག་ཆོས་ཤིག༴སོང་ཞིག་སོང་ཞིག༴ཞེ་སྡང་རྒྱལ་པོ་སྤྲུལ་མགོ་ཅན༔ ཁྱོད་དང་སྤྲུལ་པའི་འཁོར་ཚོགས་བཅས༔ ཡུལ་མེད་སྟོང་པའི་ཀློང་དུ་གཤེགས༔ ཕྱིན་ཆད་ཀག་སྦྱོར་མ་བྱེད་ཅིག༔ ཀྱཻ༔ ཆོས་ཤིག་ཆོས་ཤིག༴སོང་ཞིག་སོང་ཞིག༴འདོད་ཆགས་མོ་གདོན་བྱ་མགོ་ཅན༔ ཁྱོད་དང་སྤྲུལ་པའི་ཆོ་འཕྲུལ་འཁོར༔ གསལ་ཁྱབ་ཆེན་པོའི་ཀློང་དུ་གཤེགས༔ རྡོ་རྗེ་ཐོད་ཕྲེང་བཀའ་བཞིན་དུ༔ སྔགས་འཆང་བདག་གི་གནས་འདི་རུ༔ སུ་ཡང་འདུག་པར་མ་བྱེད་ཅིག༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ང་ཉིད་དྲག་པོའི་ལྷར་ལངས་ཏེ༔ སྣང་སྲིད་ཁམས་ཡང་འཇིགས་པར་བྱེད༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ ཅེས་རང་ཉིད་ལྟ་བ་གྱད་ཀྱི་ལྷའི༔ དྲག་སྔགས་བཟླ་ཞིང་ཐུན་ཆར་ཕབ༔ སླར་ཡང་བསྲུང་བའི་འཁོར་ལོ་བསྒོམ༔ འདི་ལས་ཟབ་པའི་མན་ངག་དཀོན༔ བར་ཆད་གདོན་བགེགས་ཐམས་ཅད་དང་༔ ཉེས་པ་ཀུན་ལས་རྣམ་གྲོལ་ལོ༔ མི་ཕྱུགས་གཉིས་ལ་མི་འདོད་རྐྱེན༔ བྱུང་ཚེ་འདི་ལ་བརྩོན་པར་བྱ༔ དྲག་པོའི་ལས་ལས་འདི་ཟབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠བརྡ་ཡིག༨༨བཀའ་འདི་བསྟན་སྲུང་ཡོངས་ལ་བཅོལ༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ ཞེས་པ་འདི་ཆུ་མོ་ཕག་གི་ལོར་ཧོར་ཟླ་བཞི་པའི་ཚེས་བཅུའི་ནུབ།འོད་གསལ་རྫོགས་ཆེན་གྱི་རྣལ་འབྱོར་མཁའ་འགྲོའི་གསང་མཛོད་ཀྱི་བདག་པོ་སྔགས་འཆང་བདུད་འཇོམས་རྡོ་རྗེ་ཞེས་བྱ་བ་ལ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་དངོས་སུ་གསུངས་ཏེ་རྡོ་རྗེ་མཁའ་འགྲོའི་གནས་མཆོག་དབེན་གནས་བཀྲ་ཤིས་ཕུག་པའི་སྒོ་འགྲམ་གཡོན་ནས་བྲིས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཧོར་གྱི་བཙུན་པ་ཕུན་ཚོགས་བཀྲ་ཤིས་སོ།།སརྦ་མངྒ་ལཾ།།ཨྠིྀ།།།།