TTDL-ZABTER-03-GA-024

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-03-GA-024
Wylie title TTDL-ZABTER-03-GA-024.pdf
Location bdud 'joms gling pa zab gter
Volume 3, Text 24, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དྲག་པོའི་དཔལ་གཏོར་ནུས་ལྡན་ཐོགས་མེད་བཞུགས་སོ༔ ༠༠༠༠བརྡ་ཡིག༢༧༨ན་མོ་གུ་རུ་པདྨ་ཀ་ར་ཡེ༔ པདྨ་ང་ཡི་བརྒྱུད་འཛིན་སྐྱེས་མཆོག་རྣམས༔ སྒྲུབ་པ་ཟབ་མོ་ལྷུར་ལེན་བྱས་གྱུར་ནས༔ མངོན་སྤྱོད་ཕྲིན་ལས་ཐོགས་མེད་བསྒྲུབ་འདོད་ན༔ དྲག་པོ་དཔལ་གཏོར་ཆོ་ག་འདིར་བརྩོན་བྱ༔ ས་མ་ཡ༔ ན་མོ༔ གསོན་ཅིག་དགོངས་ཤིག་ཕྱོགས་བཅུའི་བདེ་གཤེགས་རྣམས༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ སྐད་ཅིག་ཉིད་དུ་གནས་འདིར་གཤེགས་སུ་གསོལ༔ དྲག་པོའི་དམར་གཏོར་འདི་ལ་ནུས་བྱིན་ཕོབ༔ སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་གསུམ༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ སྐད་ཅིག་ཉིད་དུ་གནས་འདིར་གཤེགས་སུ་གསོལ༔ དྲག་པོའི་དམར་གཏོར་འདི་ལ་ནུས་བྱིན་ཕོབ༔ བླ་མ་ཡི་དམ་མཁའ་འགྲོ་རྩ་གསུམ་ལྷ༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ སྐད་ཅིག་ཉིད་དུ་གནས་འདིར་གཤེགས་སུ་གསོལ༔ དྲག་པོའི་དམར་གཏོར་འདི་ལ་ནུས་བྱིན་ཕོབ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྐུ་གསུམ་ལྷ༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ སྐད་ཅིག་ཉིད་དུ་གནས་འདིར་གཤེགས་སུ་གསོལ༔ དྲག་པོའི་དམར་གཏོར་འདི་ལ་ནུས་བྱིན་ཕོབ༔ ཡེ་ཤེས་དང་ནི་འཇིག་རྟེན་ལས་གྲུབ་པའི༔ ཕོ་རྒྱུད་མོ་རྒྱུད་བསྟན་སྲུང་རྒྱ་མཚོའི་ཚོགས༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ སྐད་ཅིག་ཉིད་དུ་གནས་འདིར་གཤེགས་སུ་གསོལ༔ དྲག་པོའི་དམར་གཏོར་འདི་ལ་ནུས་བྱིན་ཕོབ༔ བྱད་ཕུར་རྦོད་གཏོང་ཟློགས་པའི་ནུས་མཐུ་ཕོབ༔ དགྲ་དཔུང་རྡུལ་དུ་བརླག་པའི་ནུས་མཐུ་ཕོབ༔ བགེགས་དཔུང་རྩད་ནས་གཞོམ་པའི་ནུས་མཐུ་ཕོབ༔ མི་ཕྱུགས་ནད་རིམས་བཟློག་པའི་ནུས་མཐུ་ཕོབ༔ འགལ་རྐྱེན་མ་ལུས་བཟློག་པའི་ནུས་མཐུ་ཕོབ༔ ནད་མུག་མཚོན་འཁྲུག་བཟློག་པའི་ནུས་མཐུ་ཕོབ༔ སྟེང་འོག་བར་གསུམ་ཕྱོགས་བཞི་མཚམས་བརྒྱད་ཀྱི༔ དགྲ་བགེགས་གནོད་བྱེད་ནད་རིམས་འཇིགས་པ་སོགས༔ བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཀུན༔ ཞི་བཟློག་གཞོམ་གཞིག་བརླག་པར་བྱེད་པ་ཡི༔ གཟི་བྱིན་མཐུ་དང་རྣོ་ནུས་ཀུན་ལྡན་མཛོད༔ བཛྲ་ས་མ་ཡ་ཛ་ཛཿཨ་བེ་ཤ་ཡ་ཨ་ཨ༔ ཧཱུྃ་བྷྱོ༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་ཚོགས༔ སྔོན་གྱི་དམ་ཚིག་ཁས་བླངས་དྲན་མཛོད་ཅིག༔ དད་དང་དམ་ཚིག་གཉན་པོའི་ཐུགས་དམ་བསྐུལ༔ སྐད་ཅིག་ཉིད་དུ་གནས་འདིར་གཤེགས་སུ་གསོལ༔ དྲག་པོའི་རྩང་ཕུར་འདི་ལ་ནུས་བྱིན་ཕོབ༔ ཕྱོགས་བཅུའི་དགྲ་བགེགས་གདུག་པ་ཚར་གཅོད་པའི༔ མངོན་སྤྱོད་ཕྲིན་ལས་འགྲུབ་པའི་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ༔ དེ་ནས་བཟློག་པ་ནི༔ ཧཱུྃ་ཛཿབླ་མེད་བླ་མ་སྐྱབས་གནས་དཀོན་མཆོག་གསུམ༔ འདུལ་བ་མདོ་སྡེ་མངོན་པ་རྣམ་གསུམ་དང་༔ བྱ་སྤྱོད་རྣལ་འབྱོར་གསང་སྔགས་རྒྱུད་སྡེ་དང་༔ བླ་མེད་ཐབས་ཤེས་ཟབ་མོའི་རྒྱུད་སྡེ་ཡི༔ ལྷ་སྔགས་དཀྱིལ་འཁོར་ཏིང་འཛིན་རྣམ་དག་གི༔ མཐུ་སྟོབས་བྱིན་རླབས་བདེན་པའི་ནུས་མཐུ་ཡིས༔ བདག་ཅག་རྣལ་འབྱོར་སྒྲུབ་མཆོག་འཁོར་བཅས་ལ༔ སྟེང་འོག་བར་གསུམ་ཕྱོགས་བཞི་མཚམས་བརྒྱད་ནས༔ གནོད་ཅིང་གདུག་པའི་བསམ་སྦྱོར་གནག་བྱེད་པའི༔ མི་དང་མི་མིན་སྡེ་བརྒྱད་ལྷ་འདྲེ་ཡི༔ བྱད་ཕུར་མནན་བསྲེག་གཏད་ཟོར་འཁོར་ལོ་སྔགས༔ དྲག་པོ་དམར་གྱི་གཏོར་མ་འདི་ཡིས་ཟློག༔ མོ་རྩིས་རྨི་མཚན་ལྟས་ངན་ཐམས་ཅད་ཀུན༔ དྲག་པོ་དམར་གྱི་གཏོར་མ་འདི་ཡིས་ཟློག༔ དགྲ་ཇག་ཆོམ་རྐུན་བྱད་བྱུར་ཁ་མཆུ་རྣམས༔ དྲག་པོ་དམར་གྱི་གཏོར་མ་འདི་ཡི་ཟློག༔ མི་ཁ་བྲ་མཆུ་ངན་སྨྲས་གླེང་མོ་ཀུན༔ དྲག་པོ་དམར་གྱི་གཏོར་མ་འདི་ཡིས་ཟློག༔ ས་ཆུ་མེ་རླུང་འབྱུང་བའི་གནོད་འཚེ་ཀུན༔ དྲག་པོ་དམར་གྱི་གཏོར་མ་འདི་ཡིས་ཟློག༔ དུད་འགྲོ་ཡོངས་ཀྱི་གནོད་འཚེ་རྒོལ་བ་རྣམས༔ དྲག་པོ་དམར་གྱི་གཏོར་མ་འདི་ཡིས་ཟློག༔ ཡེ་ཤེས་འཇིག་རྟེན་ལྷ་ཡི་བཀའ་ཆད་རྣམས༔ དྲག་པོ་དམར་གྱི་གཏོར་མ་འདི་ཡིས་ཟློག༔ ཕྱོགས་སྐྱོང་སྡེ་བརྒྱད་ལྷ་འདྲེའི་གནོད་འཚེ་ཀུན༔ དྲག་པོ་དམར་གྱི་གཏོར་མ་འདི་ཡིས་ཟློག༔ ཕོ་གདོན་མོ་གདོན་ཀླུ་གདོན་ཐམས་ཅད་ཀུན༔ དྲག་པོ་དམར་གྱི་གཏོར་མ་འདི་ཡིས་ཟློག༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་མ་ལུས་པ༔ དྲག་པོ་དམར་གྱི་གཏོར་མ་འདི་ཡིས་ཟློག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་མ་ལུས་པ༔ དྲག་པོ་དམར་གྱི་གཏོར་མ་འདི་ཡིས་ཟློག༔ དུས་ངན་ཡོ་ལང་ནད་མུག་མཚོན་འཁྲུག་ཀུན༔ དྲག་པོ་དམར་གྱི་གཏོར་མ་འདི་ཡིས་ཟློག༔ རྟ་ཕྱུགས་ནོར་གྱི་གོད་ཡམས་ཐམས་ཅད་ཀུན༔ དྲག་པོ་དམར་གྱི་གཏོར་མ་འདི་ཡིས་ཟློག༔ སད་སེར་བཙའ་ཐན་འབུ་སྲིན་ལོ་ནད་ཀུན༔ དྲག་པོ་དམར་གྱི་གཏོར་མ་འདི་ཡིས་ཟློག༔ ཆོས་སྲིད་ནོར་གྱི་བར་ཆད་རྐྱེན་བགེགས་ཀུན༔ དྲག་པོ་དམར་གྱི་གཏོར་མ་འདི་ཡིས་ཟློག༔ སྔོན་ལས་འཕྲལ་རྐྱེན་ངན་པ་ཐམས་ཅད་ཀུན༔ དྲག་པོ་དམར་གྱི་གཏོར་མ་འདི་ཡིས་ཟློག༔ འཇིགས་དང་སྡུག་བསྔལ་མ་ལུས་ཐམས་ཅད་ཀུན༔ དྲག་པོ་དམར་གྱི་གཏོར་མ་འདི་ཡིས་ཟློག༔ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་ཟློག༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད་གྱུར་ཅིག༔ གནོད་པར་བྱེད་པའི་བགེགས་ཀྱི་སྟེང་དུ་ཟློག༔ བགེགས་དཔུང་ཐལ་བའི་རྡུལ་དུ་བརླག་གྱུར་ཅིག༔ རིག་སྔགས་རྦོད་གཏོང་བྱད་མའི་སྟེང་དུ་ཟློག༔ མིང་ཙམ་མེད་པར་རྡུལ་དུ་བརླག་གྱུར་ཅིག༔ ཨོཾ་སརྦ་བུདྡྷ་དྷརྨ་སངྒ་ཡ་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་བྷྱོ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་བྷྱོ༔ ཨོཾ་བཛྲ་དྷརྨ་ཀཱ་ཡ་སམྦྷོ་ཀཱ་ཡ་ནིརྨ་ཀཱ་ཡ་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་བྷྱོ་བྷྱོ༔ ཟློག་ཟློག༔ ས་མ་ཡ༔ ཆོ་གའི་དཀྱུས་བཞིན་ལག་ལེན་གྱི༔ གནད་དང་ལྡན་པས་འདིར་བརྩོན་ན༔ མི་ཕྱུགས་ཉེས་པའི་རྐྱེན་ཀུན་བཟློག༔ ཐེ་ཚོམ་མེད་དོ་རྡོ་རྗེའི་ཚིག༔ གནོད་སྦྱིན་ཤན་པ་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ༔