TTDL-ZABTER-03-GA-040

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-03-GA-040
Wylie title TTDL-ZABTER-03-GA-040.pdf
Location bdud 'joms gling pa zab gter
Volume 3, Text 40, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་ཞི་ཁྲོ་འདུས་པའི་དབང་ཆོག་ཡེ་ཤེས་རྒྱ་མཚོ་བཞུགས་སོ༔ ༠༠༠༠བརྡ་ཡིག༣༨༨ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བདག་འདྲ་པདྨ་འབྱུང་གནས་ངས༔ སྐལ་ལྡན་ལས་ཅན་སྨིན་གྲོལ་ཕྱིར༔ ཞི་ཁྲོ་དགོངས་པ་འདུས་པ་ཡི༔ དབང་ཆོག་ཡེ་ཤེས་རྒྱ་མཚོ་བསྟན༔ དེ་ཡི་ལག་ལེན་རིམ་པ་ལ༔ གནས་བཟང་འཚེ་བྲལ་སྐྱིད་ཚལ་དུ༔ དཀྱིལ་འཁོར་བཀོད་ལེགས་སྤྱི་ལྟར་བྱ༔ དབང་ཆས་གཞུང་བཞིན་ལེགས་གྲུབ་ནས༔ སྒྲུབ་པ་བསྐྱར་ཞིང་ལྟས་བྱུང་མཐར༔ དད་དམ་ལྡན་པའི་བུ་སློབ་ལ༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ སྐྱབས་སེམས་འབོག་ནས་སློབ་བུ་ཡིས༔ དད་གུས་གདུང་བས་ཐལ་མོ་སྦྱར༔ འདི་ལྟར་གསོལ་བ་གདབ་པར་བྱ༔ ཀྱཻ༔ དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག༔ བླ་མ་རྡོ་རྗེ་འཛིན་ཁྱོད་ཀྱིས༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ དབང་མཆོག་ཡོངས་རྫོགས་བསྐུར་དུ་གསོལ༔ ལན་གསུམ་བསྐྱར་ནས་གསོལ་བ་བཏབ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ ཀྱེ་ཧོ་སྐལ་ལྡན་བུ་རྣམས་ལེགས་པར་ཉོན༔ མི་ཡི་ལུས་རྟེན་ཐོབ་པ་གྲངས་མང་ཡང་༔ དལ་འབྱོར་རིན་ཆེན་ཐོབ་པ་ཉིན་སྐར་ཙམ༔ ཁྱད་པར་གསང་སྔགས་རྡོ་རྗེའི་ཐེག་པ་དང་༔ འཕྲད་པ་ཨུ་དུམ་ཝ་རའི་མེ་ཏོག་བཞིན༔ དཀོན་པར་ཤེས་ཏེ་དམ་ཚིག་སྲུང་ནུས་ན༔ བདག་གིས་ཁྱོད་ཉིད་དབང་གིས་སྨིན་པར་བགྱི༔ དེ་ནས་དམ་ཆུ་སྦྱིན་པ་ནི༔ ཧོཿའདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དུས་གསུམ་རྒྱལ་བའི་སྲོག་ཐིག་སྟེ༔ བསྲུང་ན་ཚེ་འདིར་མངོན་སངས་རྒྱས༔ ཉམས་ན་དམྱལ་བར་ལྟུང་ཏ་རེ༔ དེ་བས་དམ་ཚིག་རྟག་ཏུ་སྲུངས༔ ས་མ་ཡ་ན་ར་ཀན༔ ཅེས་བསྐྱལ་ལོ༔ དེ་ནས་སློབ་མ་ལྷར་བསྐྱེད་པ་ནི༔ མ་དག་པ་ལས་ཀྱི་བསྐལ་པ་ཆོས་ཉིད་དུ་བཤིགས་ཏེ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ནམ་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ༔ གཞུང་གི་ལྷ་བསྐྱེད་ལ་འཇུག་པའམ་ཡང་ན༔ རིག་པ་རྒྱུ་ཡི་ཡི་གེ་ཧྲཱིཿཡིག་དཀར་པོ་ལས་འོད་འཕྲོས་པས་བདེ་ཆེན་པདྨ་འོད་ཀྱི་ཞིང་ཁམས་དང་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་མ་ཆགས་པདྨ་དང་ཉི་ཟླའི་གདན་གྱི་སྟེང་དུ་ཧྲཱིཿཡིག་ཡོངས་སུ་གྱུར་པ་ལས་སློབ་མ་དེ་ཉིད་རྒྱལ་དབང་པདྨ་འབྱུང་གནས་སྐུ་མདོག་དཀར་དམར་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་སྣང་སྲིད་ཟིལ་གནོན་གྱི་ཆ་བྱད་ཅན་དུ་གསལ་བའི་ཐུགས་ཀར་ཞི་བ་བཞི་ཅུ་རྩ་གཉིས༔ མགྲིན་པར་རིག་འཛིན་གྱི་ལྷ་ཚོགས༔ སྤྱི་བོར་ཁྲག་འཐུང་འབར་བ་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་ཚོགས་ཐམས་ཅད་རྒྱ་མཚོ་ལ་གཟའ་སྐར་བཀྲ་བ་བཞིན་དུ་གསལ་བའི་གནས་གསུམ་རྡོ་རྗེའི་སྙིང་པོ་ལས་འོད་འཕྲོས་པས་བདེ་ཆེན་པདྨ་འོད་ཀྱི་ཞིང་ཁམས་ལ་སོགས་པ་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཐམས་ཅད་ནས་གུ་རུ་རྩ་གསུམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ཐམས་ཅད་རྒྱ་མཚོ་ལ་ཁ་ཆར་བབ་པ་བཞིན་དུ་སྤྱན་དྲངས་ལ་བསྟིམ་མོ༔ སྤྱན་འདྲེན་གཞུང་ལྟར་བྱས་ལ་དབབ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་མེ་ཏོག་འཐོར་བ་ནི༔ ཧཱུྃ༔ སློབ་མའི་རིག་པའི་མེ་ཏོག་འདི༔ ཚེ་རབས་སྔོན་ནས་ལས་འབྲེལ་བའི༔ ཡི་དམ་ལྷ་འབབ་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ༔ དེ་ནས་མིག་དར་བསལ་བ་ནི༔ ཧཱུྃ༔ སྐུ་དང་ཡེ་ཤེས་སྒྲིབ་བྱེད་ཀྱི༔ སྒྲིབ་གཉིས་བག་ཆགས་ལིང་ཏོག་ནི༔ ཡེ་ཤེས་གསེར་གྱི་ཐུར་མས་བསལ༔ ཇི་ལྟ་ཇི་སྙེད་ཡེ་ཤེས་ཀྱི༔ སྐུ་དང་ཡེ་ཤེས་མངོན་གྱུར་ཤོག༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་བརྗོད་པས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་རང་ཞལ་མཇལ་ཏེ་རང་ངོ་འཕྲོད་པར་གྱུར༔ མཎྜལ་ཕུལ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང་༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི༔ རོལ་པ་ཆེན་པོའི་སྒྱུ་འཕྲུལ་ལས༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ བུམ་པ་སྐུ་ཡི་དབང་ཐོབ་སྟེ༔ སྤྲུལ་སྐུའི་གོ་འཕང་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་པདྨ་འབྱུང་གནས་ཀྱི་སྐུ་ཐོགས་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་གཅིག་བསྡུས་ངོ་བོ་ཉིད༔ གང་འདུལ་ཐབས་ཀྱི་འགྲོ་དོན་མཛད༔ པདྨ་འབྱུང་གནས་དབང་བསྐུར་རོ༔ རིག་འཛིན་རྒྱ་མཚོའི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ༴དེ་ནས་ཀུན་བཟང་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཀུན་བཟང་ཡབ་ཡུམ་དབང་བསྐུར་བས༔ ཀུན་གཞིའི་ཆོས་ཁམས་གནས་དག་ནས༔ ཆོས་སྐུ་རབ་འབྱམས་དབང་ཐོབ་ཤོག༔ དྷརྨ་ཀཱ་ཡ་ཨ༴དེ་ནས་རྣམ་སྣང་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྣམ་སྣང་ཡབ་ཡུམ་དབང་བསྐུར་རོ༔ གཟུགས་ཕུང་གཏི་མུག་གནས་དག་ནས༔ ཆོས་དབྱིངས་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་བུདྡྷ་དྷ་ར་ན་ཨ༔ དེ་ནས་རྡོར་སེམས་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྡོར་སེམས་ཡབ་ཡུམ་དབང་བསྐུར་བས༔ རྣམ་ཤེས་ཞེ་སྡང་གནས་དག་ནས༔ མེ་ལོང་ཡེ་ཤེས་དབང་ཐོབ་ཤོག༔ ཧཱུྃ་བཛྲ་དྷ་ར་ན་ཨ༴དེ་ནས་རིན་འབྱུང་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིན་འབྱུང་ཡབ་ཡུམ་དབང་བསྐུར་བས༔ ཚོར་ཕུང་ང་རྒྱལ་གནས་དག་ནས༔ མཉམ་ཉིད་ཡེ་ཤེས་དབང་ཐོབ་ཤོག༔ སྭཱ་རཏྣ་དྷ་ར་ན་ཨ༴དེ་ནས་སྣང་མཐའ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སྣང་མཐའ་ཡབ་ཡུམ་དབང་བསྐུར་བས༔ འདུ་ཤེས་འདོད་ཆགས་གནས་དག་ནས༔ སོར་རྟོག་ཡེ་ཤེས་དབང་ཐོབ་ཤོག༔ ཨཱཾ་པདྨ་དྷ་ར་ན་ཨ༴དེ་ནས་དོན་གྲུབ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དོན་གྲུབ་ཡབ་ཡུམ་དབང་བསྐུར་བས༔ འདུ་བྱེད་ཕྲག་དོག་གནས་དག་ནས༔ བྱ་གྲུབ་ཡེ་ཤེས་དབང་ཐོབ་ཤོག༔ ཧཱ་ཀརྨ་དྷ་ར་ན་ཨ་བྷི་ཥིཉྩ་ཨཱཿདེ་ནས་སེམས་དཔའ་བརྒྱད་ཀྱི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་རྟོག་པ་གནས་དག་ནས༔ སེམས་དཔའ་རབ་འབྱམས་དབང་ཐོབ་ཤོག༔ སཾ་བྷྱོ་ཀཱ་ཡ་ཨ༴དེ་ནས་སེམས་མ་བརྒྱད་ཀྱི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སེམས་མ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤངས་རང་གྲོལ་ནས༔ སེམས་མ་རབ་འབྱམས་དབང་ཐོབ་ཤོག༔ སཾ་བྷྱོ་ཀཱ་ཡ་ཨ༴དེ་ནས་ཐུབ་ཆེན་དྲུག་གི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཐུབ་ཆེན་དྲུག་གི་དབང་བསྐུར་བས༔ ཉོན་དྲུག་མ་སྤངས་རང་གྲོལ་ནས༔ ཡེ་ཤེས་དྲུག་གི་དབང་ཐོབ་ཤོག༔ ནིརྨ་ཀཱ་ཡ་ཨ༴དེ་ནས་སྒོ་བ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སྒོ་བ་སྒོ་མའི་དབང་བསྐུར་བས༔ རྟག་ཆད་མུ་བཞི་གནས་དག་ནས༔ ཕྲིན་ལས་རྣམ་བཞིའི་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོཿཨ༴དེ་ནས་རིག་འཛིན་རྣམ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིག་འཛིན་རྣམ་བཞིའི་དབང་བསྐུར་བས༔ སྐུ་དང་ཡེ་ཤེས་མངོན་གྱུར་ཏེ༔ གཞོན་ནུ་བུམ་སྐུའི་དབང་ཐོབ་ཤོག༔ སརྦ་མ་ཧཱ་གུ་རུ་བཱིཧྱ་དྷཱ་ར་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཆེ་མཆོག་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཆེ་མཆོག་ཡབ་ཡུམ་དབང་བསྐུར་བས༔ གཟུང་འཛིན་རྟོག་པ་རང་གྲོལ་ཏེ༔ ཧེ་རུ་ཀ་དཔལ་མངོན་གྱུར་ཤོག༔ མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་ཁྲག་འཐུང་རིག་ལྔའི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཁྲག་འཐུང་རིགས་ལྔའི་དབང་བསྐུར་བས༔ རིག་རྩལ་ཧེ་རུ་ཀ་ཡི་སྐུར༔ རང་གྲོལ་ཆེན་པོའི་དབང་ཐོབ་ཤོག༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཤྲཱི་ཧེ་རུ་ཀ་ཨ༴དེ་ནས་དབྱིངས་ཕྱུག་ཡུམ་ལྔའི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དབྱིངས་ཕྱུག་ཡུམ་ལྔའི་དབང་བསྐུར་བས༔ འབྱུང་ཁམས་མ་སྤང་གནས་དག་སྟེ༔ ཀྲོ་ཏི་ཡུམ་ལྔའི་དབང་ཐོབ་ཤོག༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཨ༴དེ་ནས་ཀོ་སེང་བཅུ་དྲུག་གི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཀོའུ་རི་སེང་ཧའི་དབང་བསྐུར་བས༔ ཚོགས་ཡུལ་རིག་རྩལ་ཀོ་སེང་དང་༔ གཉིས་མེད་རྟོགས་པའི་དབང་ཐོབ་ཤོག༔ ཧ་ཧེ་ཨ་བྷི་ཥིཉྩ་ཨཱཿདེ་ནས་དབང་ཕྱུག་སྒོ་མ་དང་བཅས་པའི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་བས༔ ཉོན་མོངས་མ་སྤང་རང་གྲོལ་དུ༔ དབང་ཕྱུག་སྒོ་མའི་དབང་ཐོབ་ཤོག༔ བྷྱོ་བྷྱོ་ཨ་བྷི་ཥིཉྩ་ཨཱཿདེ་ནས་གུ་རུ་མཚན་བརྒྱད་ཀྱི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རིག་འཛིན་བརྒྱད་ཀྱི་དབང་བསྐུར་བས༔ སྒྲུབ་སྡེ་བརྒྱད་ཀྱི་དབང་ཐོབ་ནས༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ སརྦ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཨཱཿདེ་ནས་གསང་དབང་བསྐུར་བ་ནི༔ ཧཱུྃ༔ བྷནྡྷ་བདུད་རྩི་དམ་རྫས་དང་༔ ཨ་ལི་ཀ་ལི་རང་བྱུང་སྒྲ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ ངག་སྒྲིབ་དག་ནས་གསང་དབང་ཐོབ༔ ལོངས་སྤྱོད་རྫོགས་སྐུ་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་ཤེར་དབང་བསྐུར་བ་ནི༔ ཧཱུྃ༔ ཐབས་ཤེས་རྡོ་རྗེ་དྲིལ་བུ་འདི༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ ཡིད་སྒྲིབ་དག་ནས་ཤེར་དབང་ཐོབ༔ ཆོས་ཀྱི་སྐུ་རུ་སངས་རྒྱས་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཚིག་དབང་བསྐུར་བ་ནི༔ ཧཱུྃ༔ ཤེལ་དཀར་དྲི་མ་མེད་པ་དང་༔ རྨ་བྱ་ལུག་རྒྱུད་ལག་དུ་གཏད༔ སྒྲིབ་གཉིས་བག་ཆགས་ཀུན་དག་ནས༔ ཀ་དག་ཚིག་དབང་ཐོབ་གྱུར་ཏེ༔ ངོ་བོ་ཉིད་དུ་མངོན་གྱུར་ཤོག༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷརྟུ་ཨཱཿཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིག་པའི་རྩལ་དབང་བསྐུར་བ་ནི༔ ཧཱུྃ༔ རིག་པ་ཉག་གཅིག་ཐིག་ལེ་འདི༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ གཉིས་སྣང་རྟོག་པ་རང་གྲོལ་ནས༔ རིག་པ་རྩལ་གྱི་དབང་ཐོབ་ཤོག༔ ཨ་ཕཊ་ཨ་ཕཊ་ཨ་ཕཊ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ ལྷུན་གྲུབ་བདེ་བ་ཆེན་པོའི་དབྱིངས༔ བཀོད་པ་རྒྱལ་བའི་དཀྱིལ་འཁོར་རྫོགས༔ བསྒྲུབ་རྫས་གཏོར་མ་འདི་གཏད་པས༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ལ༔ དབང་བསྒྱུར་དབང་མཆོག་ཐོབ་པ་དང་༔ དངོས་གྲུབ་རྣམ་གཉིས་མཆོག་གི་ནོར༔ ཐོབ་ནས་གང་འདུལ་ཐབས་དུ་མས༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་བ་ལིངྟ་མཎྜ་ལ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཀྲ་ཤིས་རྫས་བརྒྱད་ཐོགས་ལ༔ ཧཱུྃ༔ སྔོན་ཚེ་བཅོམ་ལྡན་རྒྱལ་བའི་དབང་པོ་ཡིས༔ བྱིན་གྱིས་བརླབས་པའི་བཀྲ་ཤིས་རྫས་བརྒྱད་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ རྒྱལ་བ་རྒྱ་མཚོའི་མཐུ་ནུས་རྫོགས་པར་ཤོག༔ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཀྲ་ཤིས་རྟགས་བརྒྱད་གཏད་ལ༔ ཧཱུྃ༔ མཚན་དཔེ་ལས་བྱུང་བཀྲ་ཤིས་རྟགས་བརྒྱད་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ མཚན་དཔེའི་ཡོན་ཏན་རྫོགས་པའི་སྐུ་ཐོབ་ནས༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་དབང་ཐོབ་ཤོག༔ ཨཥྚ་མཎྜལ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྒྱལ་སྲིད་སྣ་བདུན་གཏད་ལ༔ ཧཱུྃ༔ བསོད་ནམས་མཐུས་བྱུང་རྒྱལ་སྲིད་སྣ་བདུན་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ རྒྱལ་བ་རྒྱ་མཚོའི་ཡོན་ཏན་རབ་རྫོགས་ཏེ༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་སྲིད་ཐོབ་ཤོག༔ མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ མཐར་ནི་གཏང་རག་ཚོགས་འཁོར་བསྐོར༔ ལྟ་དགོངས་ལྡན་པའི་སློབ་དཔོན་གྱིས༔ སྒྲུབ་པ་ཐོན་ནས་དབང་མཆོག་འདི༔ དད་དམ་ལྡན་པའི་སློབ་བུ་ལ༔ བསྐུར་བས་ཚེ་གཅིག་རྣལ་འབྱོར་གྱི༔ ས་མཆོག་ཐོབ་པར་གདོན་མི་ཟ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གུ་ཧྱ༔ ཞེས་པ་འདི་ནི་ཀུན་བཟང་ཆོས་གྲགས་དང་རིག་འཛིན་བཟང་པོ་གཉིས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་གསུམ་བར་དུ་བཀའ་རྒྱ་བཏབ་སྟེ་རྟེན་འབྲེལ་དུས་ལ་བབ་ཚེ་དག་པར་ཕབ་པའི་ཡི་གེ་པ་ནི་ཀུན་བཟང་ཆོས་གྲགས་སོ།།དགེའོ།།དགེའོ།།དགེའོ།།།།