TTDL-ZABTER-08-NYA-042

From Dudjom Wiki
Revision as of 09:37, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-08-NYA-042
Wylie title TTDL-ZABTER-08-NYA-042.pdf
Location bdud 'joms gling pa zab gter
Volume 8, Text 42, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་སྒོ་ནས་པྲ་ཏི་ནི་འགུགས་པ་དབང་གི་ཞགས་པ་བཞུགས༔ བརྡ་ཡིག་༠༠༠༠༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༣༧༦༔ སྤྱན་རས་གཟིགས་དབང་འཇིག་རྟེན་སྲིད་པའི་གཙོ༔ ཁམས་གསུམ་དབང་བསྒྱུར་མ་ཧཱ་དཱེ་ཝ་ལ༔ རྣམ་པ་ཀུན་ནས་དགའ་བས་ཕྱག་འཚལ་ཏེ༔ པྲ་ཏི་འགུགས་པ་དབང་གི་ཞགས་པ་བྲི༔ ལྷ་དང་དྲང་སྲོང་རིག་པ་འཛིན་རྣམས་ཀྱིས༔ སྨོན་ལམ་བདེན་པའི་ནུས་མཐུ་སྟོབས་དག་གིས༔ རིག་སྔགས་བྱ་བའི་ལས་ལ་དབང་བ་དང་༔ ཐོགས་མེད་མི་འགྱང་དངོས་གྲུབ་པྲ་ལྟས་སྟོན༔ འདི་ལ་རྫས་དང་འཁོར་ལོ་རིག་སྔགས་གསུམ༔ རྫས་ནི་གི་ཝཾ་ལི་ཁྲི་མཚལ་དང་སྐག༔ བུ་མོ་གཙང་མའི་པདྨ་རཀྟ་བྲན༔ བྱང་སེམས་དཀར་པོ་རིན་ཆེན་སྣ་ལྔ་སོགས༔ དབང་གི་རྫས་ཀུན་ལེགས་བསྡུས་རིལ་བུ་བྱ༔ བུམ་པར་བླུག་ཅིང་བྱབ་བདུག་བྲབ་གསུམ་དང་༔ ཤུག་ཚང་དམར་པོས་ཁ་ཁེབ་རྒྱ་ཡིས་གདབ༔ རིལ་བུ་ལྷ་ཆེན་འདོད་པའི་དབང་ཕྱུག་དང་༔ རིག་བྱེད་དམར་མོ་དབང་གི་ལྕགས་ཀྱུར་དམིགས༔ འོད་ཟེར་སྤྲོ་བསྡུས་དམིགས་པས་གཞུར་ལ་དྲངས༔ དུས་ལ་བབ་ཚེ་མི་ལག་མི་བརྒྱུད་པར༔ བཟའ་བཏུང་དང་སྦྱར་སྦྱིན་པས་དབང་དུ་འགྱུར༔ ས་མ་ཡ༔ འཁོར་ལོ་སྨན་ཤོག་རིམ་པ་ལྔ་རུ་བསྐོར༔ དབུས་སུ་ཧྲཱིཿདང་ཧ་རི་ནི་ས་བཀོད༔ མུ་ཁྱུད་གཉིས་པར་ཡིག་མགོ་ཕྱིར་བསྟན་ཏེ༔ ཨོཾ་མ་ཧཱ་དཱེ་ཝ་ཛཿཨུ་མ་དཱེ་ཝི་ཧྲཱིཾ༔ ཧ་རི་ནི་ས་དམིགས་ཡུལ་གང་ལ་བྱ་བ་དབང་དུ་སྡུས་ཤིག༔ མི་འགྱང་བར་མྱུར་དུ་པཱ་ཤཾ་ཀུ་རུ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་གསུམ་པ་ལ༔ ཨོཾ་བྲ་ག་ཤག་ཏི་ཛཿཨཱཾ་ཨ་རོ་ལིཀ༔ པྱཱཾ་རཱ་ག་ར་ཏི་སྟྭཾ༔ སརྦ་གང་ལ་བྱ་བའི་བློ་ཡིད་སེམས་གསུམ་ཐམས་ཅད་རང་དབང་མེད་པར་དབང་དུ་སྡུས་ཤིག༔ ཙིཏྟ་ནྲྀ་འགུལ་འགུལ་རྒྱུག་རྒྱུག་བྲེང་བྲེང་དུང་དུང་༔ མངལ་གྱི་སྲིན་བུ་སློང་སློང་༔ སརྦ་བྷ་ཤི་ཀུ་རུ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཞི་པ་ལ༔ ཨོཾ་ཨཱཿཧཱུྃ་ཨེ་ཧེ་རྨ་རུ་རྩེ་གུ་ཎ་ཧྲཱིཿཏྲི་ཡཀྴ་ཨ་པ་ར་ཙིཏྟ་སརྦ་ནྲྀ་ཛ་གང་ལ་བྱ་བའི་བློ་ཡིད་སེམས་གསུམ་དབང་དུ་སྡུས་ཤིག༔ མངལ་གྱི་སྲིན་བུ་སློང་སློང་༔ ལུས་ཀྱི་རྩ་གནས་ཐམས་ཅད་ཆགས་པས་བསྒྱུར་ལ་རཀྟ་དམར་གྱི་ཆུ་བོ་རྒྱས་ཤིང་སྒྲུབ་པོའི་བདུད་རྩི་དང་བཛྲ་ལ་མོས་ཤིང་དབང་མེད་དུ་སྡུས་ཤིག༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལྔ་པ་ལ༔ ན་མོ༔ དཀོན་མཆོག་གསུམ་དང་སྐུ་གསུམ་རྒྱལ་བ་སྲས་དང་བཅས་པའི་བཀའ་བདེན་པ་དང་༔ དོན་དམ་ཆོས་ཉིད་གདོད་ནས་དག་ཅིང་ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པ་དང་༔ ཁྱད་པར་དུ་ལྷ་ཆེན་དབང་ཕྱུག་ཆེན་པོ་འགུགས་འཆིང་སྡོམ་མྱོས་མ་བཞི་བརྟེན་གཞི་རིག་བྱེད་ལྷ་མོ་གནོད་སྦྱིན་ཤན་པ་དམར་ནག་ནོར་བདག་ཨ་པར་ཙིཏྟ་འཁོར་དང་བཅས་པའི་བདེན་སྟོབས་ཀྱིས༔ གང་ལ་བྱ་བའི་བློ་ཡིད་སེམས་གསུམ་ཐམས་ཅད་བདག་གི་དབང་དུ་བསྒྱུར་ཏེ་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་ཅིང་ཚེ་ཆོས་བསོད་ནམས་ཁ་རྗེ་དབང་ཐང་བླ་གཟའ་སྙན་གྲགས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག༔ དཀོན་མཆོག་གསུམ་གྱི་སོགས་འགྲུབ་པར་ཤོག༔ དེ་ཡི་ཕྱི་རིམ་རྟེན་སྙིང་དང་༔ དབྱངས་གསལ་ཤམ་དུ་ཝཱ་ཤཾ་བྲི༔ གི་ཝཾ་རཀྟ་ལི་ཁྲི་བྱུག༔ རྒྱལ་ལ་བསྐོར་བས་དབང་སྡུད་འགྱུར༔ ས་མ་ཡ༔ གསུམ་པ་རིག་སྔགས་བྱ་བ་ནི༔ རང་ཉིད་དབང་ཕྱུག་དམར་པོར་གསལ༔ ཐུགས་ཀར་རིག་བྱེད་ལྷ་མོ་དམར༔ ལྕགས་ཀྱུ་པདྨའི་མདའ་གཞུ་འགེང་༔ ཞགས་པས་ཁམས་གསུམ་བློ་ཡིད་འགུགས༔ ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན༔ ཐུགས་གསང་པདྨ་ཐོད་ཕྲེང་རྩལ༔ ཨ་ཙར་ཆ་བྱད་བྱུ་རུའི་མདོག༔ ཕྱག་གཉིས་རྡོ་རྗེ་ཞགས་པ་བསྣམས༔ ཡང་གསང་ཐུགས་སྲོག་ཧྲཱིཿཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་དང་༔ ལྷ་དང་དྲང་སྲོང་རིག་པ་འཛིན༔ བདེན་ཚིག་གྲུབ་པའི་ཐུགས་རྒྱུད་བསྐུལ༔ མཐུ་སྟོབས་ནུས་པ་གཟི་བྱིན་དབང་༔ འོད་ལྔའི་ཁ་དོག་རྣམ་པ་ཡི༔ གཙོ་བོ་གསུམ་ལ་ཐིམ་པ་ཡིས༔ རྒྱལ་བའི་མཐུ་སྟོབས་དཔྱིད་དུ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀུ་རུ་ཀུལླེ་ཧྲཱིཿཧྲཱིཾ་མ་ཧཱ་དཱེ་ཝ་ཨུ་མ་དཱེ་ཝི་ཧྲཱིཿཧྲཱིཾ་ཧ་རི་ནི་ས་སརྦ་པཱ་ཤཾ་ཀུ་རུ་སྭཱ་ཧཱ༔ དམིགས་པས་གཞུར་དྲངས་ཅི་འགྲུབ་བཟླ༔ སླར་ཡང་ལས་ལ་སྦྱོར་བའི་ཚེ༔ ཐུགས་སྲོག་ཧྲཱིཿདམར་གསལ་བ་ལས༔ འོད་དམར་ལྕགས་ཀྱུའི་དབྱིབས་ཅན་འཕྲོས༔ དམིགས་བྱའི་སྙིང་ག་གསང་གནས་ནས༔ བཟུང་བསྡམ་རྩ་ཁམས་འདོད་པས་གཡོས༔ ཁྱད་པར་མངལ་གྱི་སྲིན་བུ་བསླང་༔ འདར་ཡེད་མི་བཟོད་བདེ་ཉམས་བཅས༔ རྐང་ཞབས་རླུང་གི་འཁོར་ལོས་བཏེག༔ རང་གི་མདུན་དུ་འཁོད་ཅིང་གནས༔ འོད་ཟེར་དྲྭ་བས་རབ་བཅིང་བས༔ གང་བཅོལ་ཐོགས་མེད་བསྒྲུབ་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ རྡོ་རྗེ་སེམས་དཔའ་སྙིང་ལ་བྲེང་བྲེང་དུང་དུང་མངལ་གྱི་སྲིན་བུ་སློང་སློང་༔ སརྦ་བྷ་ཤི་ཀུ་རུ་སྭཱ་ཧཱ༔ ཅི་འགྲུབ་མཐར༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཧྲཱིཾཿནིག་ནལ་ནིག་ནལ༔ པྲ་མོ་ཐུན༔ པྲ་མོ་ཐུན༔ མངལ་གྱི་སྲིན་བུ་སློང་༔ ཆེ་གེ་མོའི་བློ་ཡིད་སེམས་གསུམ་ཝཱ་ཤཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་མ་ཧཱ་དཱེ་ཝ་ཛ༔ ཨུ་མ་དཱེ་ཝི་ཧྲཱིཾཿཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོ༔ མ་འགྱང་༔ མ་བསླུ༔ མ་གཡེལ༔ ས་མ་ཡ༔ ཆེ་གེ་མོའི་བློ་ཡིད་སེམས་གསུམ་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོཿམངལ་སྲིན་སློང་༔ འདོད་པ་གཡོས༔ རང་དབང་མེད་པར་བདག་གི་དབང་དུ་སྡུས་ཤིག་པཱ་ཤཾ་ཀུ་རུ་སྭཱ་ཧཱ༔ ཅི་འགྲུབ་བཟླ་ཞིང་ཆུ་ལ་བསྔགས༔ ཁོང་དུ་བཏང་བས་དབང་དུ་བྱེད༔ ས་མ་ཡ༔ གདོད་ནས་བདེ་ཆེན་རིག་པའི་ཡེ་ཤེས་དང་༔ ཤེས་རབ་རྣམ་ཀུན་མཆོག་ལྡན་ཟུང་འཇུག་པའི༔ ལྷུན་གྲུབ་རྩལ་ལས་འཁོར་དང་འདས་པར་སྣང་༔ ཐམས་ཅད་ཤེས་རབ་ཆེན་པོས་དབང་དུ་བསྒྱུར༔ དེ་བཞིན་ཐབས་ཀྱི་གཞོན་ནུ་སྣང་བའི་ཆ༔ ཤེས་རབ་སྟོང་ཉིད་ཡུལ་གྱི་ཞིང་སྔགས་སྐྱེས༔ དམིགས་དང་བསྐྱེད་པའི་ཞགས་པའི་སྒྱུ་ཐབས་ཀྱིས༔ དབང་མེད་འགུགས་པ་བསླུ་མེད་རྟེན་འབྱུང་མཐུ༔ ཀུན་རྫོབ་བསླུ་མེད་རྟེན་འབྲེལ་ཟབ་མོ་ལ༔ ཡིད་ཆེས་བསྐྱེད་རྣམས་རང་གི་སྣང་བའི་ཆ༔ རང་དབང་བསྒྱུར་བ་ཉིད་ཀྱི་ཁྱད་ཆོས་ཏེ༔ ཐེ་ཚོམ་ཅན་ལ་དངོས་གྲུབ་སྐལ་བ་ཆད༔ དེ་ཕྱིར་མོས་གུས་དྲག་པོས་ཉམས་ལེན་མཛོད༔ ཤེས་རབ་ཆ་ལ་ཐབས་ཀྱིས་སྤྱོད་པ་ཡིས༔ གཉིས་མེད་རོལ་ལ་དགའ་བཞིའི་ཡེ་ཤེས་རྙེད༔ བཀའ་འདི་གནོད་སྦྱིན་ཤན་དམར་ཁྱོད་ལ་གཏད༔ འགྲུབ་མཚན་མྱུར་དུ་སྟོན་ཅིག་ཆོས་སྐྱོང་གཙོ༔ སྐལ་མེད་རྣམས་ལ་གསང་རྒྱས་འདེབས་པ་དང་༔ ལོག་ལྟ་མཁན་གྱི་སྲོག་གི་དབང་པོ་བསྣུབ༔ འདི་ནི་ཞག་བདུན་ཁོ་ནས་འགྲུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཉིད་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའོ།།དགེའོ།།།།