TTDL-ZABTER-13-PA-109

From Dudjom Wiki
Revision as of 10:53, 23 August 2024 by Mort (talk | contribs)

TTDL-ZABTER-13-PA-109
Wylie title TTDL-ZABTER-13-PA-109.pdf
Location bdud 'joms gling pa zab gter
Volume 13, Text 109, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
བཀའ་སྲུང་གི་ཚོགས་བསྐང་བསྡུས་པ་ནི༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་འདོད་ཡོན་རང་བྱུང་ཕྱི་ཡི་ཚོགས༔ འབྱོར་ཚོགས་ལོངས་སྤྱོད་བཤམས་པ་ནང་གི་ཚོགས༔ བདེ་སྟོང་དགའ་བཞིའི་རོལ་པ་གསང་བའི་ཚོགས༔ ལྷུན་གྲུབ་རྫོགས་པ་ཆེན་པོའི་དགའ་སྟོན་འགྱེད༔ ས་མ་ཡ་ཛ་བསྟན་པའི་སྲོག་འཛིན་པ༔ སྔགས་སྲུང་ཨེ་ཀ་ཙ་ཏིའི་ཐུགས་དམ་བསྐང་༔ དཔལ་ལྡན་རང་བྱུང་རྒྱལ་མོའི་ཐུགས་དམ་བསྐང་༔ སྲིད་པ་མ་མོའི་དཀྱིལ་འཁོར་ཐུགས་དམ་བསྐང་༔ དཔལ་མགོན་ཕྱག་བཞི་འཁོར་བཅས་ཐུགས་དམ་བསྐང་༔ ཞིང་སྐྱོང་སེང་གདོང་འཁོར་བཅས་ཐུགས་དམ་བསྐང་༔ གནོད་སྦྱིན་ཤན་དམར་འཁོར་བཅས་ཐུགས་དམ་བསྐང་༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་༔ སོ་ཐར་བྱང་སེམས་གསང་སྔགས་སྲུང་མ་ལ༔ སྡོམ་དང་བསླབ་པ་དམ་ཚིག་ཅི་བཞིན་ལས༔ ཉམས་ཆག་འགལ་འཁྲུལ་ཉེས་ལྟུང་དྲི་མའི་ཚོགས༔ མི་འཆབ་མི་སྦེད་གནོང་འགྱོད་སེམས་ཀྱིས་བཤགས༔ དག་ཅིང་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ རྣམ་བཞིའི་ཕྲིན་ལས་ཐོགས་མེད་མྱུར་འགྲུབ་མཛོད༔ རྡོ་རྗེ་དམ་ཚིག་ཆེན་པོའི་དཔང་དགོངས་མཛོད༔ བཛྲ་ས་མ་ཡ་ཨ༔