TTDL-ZABTER-16-MA-007

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-16-MA-007

ཨེ་ཨེ།འོད་ཀྱི་གསལ་སྒྲོན་ཉི་མ༔ བ་ལང་སྤྱོད་ནས་བསྐོར་ཏེ།།ལུས་འཕགས་གླིང་ནས་གསལ་འོང་།གསུང་སྙན་སྒྲོགས་པའི་ཁུ་བྱུག།ནམ་ཟླའི་ཚད་དུས་འཁོར་ནས།།ལྷོ་མོན་ཕྱོགས་ནས་ཕེབས་འོང་།།རབ་བཀྲའི་སྐར་ཚོགས་དྲུག་ཚོ།།ཀླུ་རྒྱལ་ཕྱོགས་ནས་བསྐོར་ཚེ།།གཟའ་སྐར་སྲང་ནས་སླེབ་འོང་།།མ་ཡི་བུ་མཆོག་དམ་པ།།སྡེ་དབུས་གཙང་གསུམ་སྐོར་ཚེ།།ཨ་མའི་ཚལ་དུ་ཕེབས་ཤོག།ཧེ་རུ་ཀ་ཡི་རྒྱལ་པོ།།སྟོབས་བསྐྱེད་མ་དང་འཕྲད་ཚེ།།སྙིང་གི་ནོར་མཆོག་སྤྱོད་མཛོད།།སྤྲེལ་དཀར་འཛུམ་མདངས་ངོམས་ཚེ།།མ་ཡི་མཁའ་ཀློང་འབྱེད་དུ།།ས་གསུམ་དབྱར་རྔ་སྙན་སྒྲོགས།།གཅེས་པའི་བུ་དང་ཚ་བོ།།ཨ་མའི་གླུ་འདི་ཉོན་ལ།།འབྲས་བུའི་ཐེག་པར་སྤྱོད་དང་།།མ་ངེས་གསང་གསུམ་གནས་འདིར།།རང་སྐལ་དབང་བའི་དཔལ་ཡོད།།ད་ལྟ་ནོར་བུ་རིན་ཆེན།།གཡུ་འབྲུག་ཁ་ནས་རྡོལ་ཀྱང་།།ཡ་བྲལ་གྲོགས་རྐྱེན་ཨེ་ཨེ།།འཛམ་གླིང་དབང་ཕྱུག་རྒྱན་མཆོག།བཅུ་ཕྲག་གསུམ་གྱི་ལོ་ཚད།།རྫོགས་ཚད་ཨོ་རྒྱན་རྗེ་དང་།།མངོན་སུམ་ཞལ་མཇལ་དུས་སུ།།ང་ཡི་གསང་མཛོད་འདི་ལོངས།།མི་མིན་ལྷ་མོ་ང་ཡང་།།དགའ་བདེའི་དཔལ་གྱིས་མྱོས་ནས།།གསེར་སྦྲང་རྣམ་འགྱུར་ངོམས་ནས།།སྙན་པའི་གླུ་འདི་བླངས་ཡོད།།དུང་གཟུགས་བྲག་ལ་ཐིམ་འགྲོ།།ཞེས་ཡལ་ལོ།།