TTDL-ZABTER-09-TA-027

From Dudjom Wiki
Revision as of 14:33, 15 August 2024 by Mort (talk | contribs)

TTDL-ZABTER-09-TA-027
Wylie title TTDL-ZABTER-09-TA-027.pdf
Location bdud 'joms gling pa zab gter
Volume 9, Text 27, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms bka' srung rnam sras
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠བརྡ་ཡིག༡༩༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་རྒྱལ་པོ་ཆེན་པོའི་སྒྲུབ་པ་ནོར་བུའི་ཕྲེང་བ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༡༩༦ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༡༩༦གནོད་སྦྱིན་རྒྱལ་པོ་ཆེན་པོ་ཡི༔ སྒྲུབ་པ་ནོར་བུའི་ཕྲེང་བ་འདི༔ མ་འོངས་བརྒྱུད་འཛིན་ལས་ཅན་ལ༔ ཕ་ཕོག་གཅེས་པའི་ནོར་བུ་བཞག༔ ལག་ཏུ་ལེན་པའི་རིམ་པ་ནི༔ རིན་ཆེན་སྣོད་བཟང་གཙང་མའི་ནང་༔ འབྲུ་སྣ་རིན་ཆེན་བརྡལ་བའི་སྟེང་༔ གཏོར་མ་རྒྱལ་མཚན་དབྱིབས་ལྟ་བུའི༔ རྩེ་མོ་ནོར་བུ་རཏྣས་བརྒྱན༔ དེ་མཐར་རྣམ་ལྔ་མཆོད་རྫས་ཚོགས༔ འབྱོར་ཚོགས་བཤམས་ནས་སྔགས་རྒྱས་བརླབས༔ ཧཱུྃ༔ རང་ཉིད་གསང་བའི་བདག་པོར་གསལ་བ་ཡི༔ མདུན་དུ་རིན་ཆེན་གསེར་གྱི་ས་གཞིའི་སྟེང་༔ སྨན་དང་མེ་ཏོག་སྣ་ཚོགས་རབ་ཏུ་རྒྱས༔ འདོད་ཡོན་སྣ་ཚོགས་ན་བུན་བཞིན་གཏིབས་པའི༔ དབུས་སུ་རིན་ཆེན་གསེར་གྱི་གཞལ་ཡས་ཁང་༔ འདོད་འབྱུང་ནོར་བུའི་ཀྭ་བ་གཡུ་ཡི་གདུང་༔ མུ་མེན་ཡ་ཕུབ་ཤེལ་གྱི་ས་གདན་མཛེས༔ འདོད་ཡོན་སྣ་ཚོགས་སྤྲིན་ལྟར་གཏིབས་པའི་དབུས༔ མཆོད་པའི་ལྷ་མོ་ལས་ཁོལ་ཚོགས་ཀྱི་དབུས༔ རིན་ཆེན་སྣ་ཚོགས་ལས་གྲུབ་ཁྲི་ཡི་ཁར༔ རྩལ་ཆེན་སེང་གེ་དཀར་མོའི་གདན་སྟེང་དུ༔ བཻཿལས་གནོད་སྦྱིན་རྒྱལ་པོ་ཆེན་པོ་ནི༔ གསེར་གྱི་རི་ལ་ཉི་ཤར་ལྟ་བུའི་སྐུ༔ བསེ་ཁྲབ་རྨོག་གསོལ་རོལ་པའི་སྟབས་སུ་འགྱིང་༔ ཕྱག་གཡས་རྒྱལ་མཚན་གཡོན་པས་ནེའུ་ལེ་བསྣམས༔ ཡིད་བཞིན་དགོས་འདོད་སྣ་ཚོགས་ཆར་དུ་འབེབས༔ ཞི་མ་ཁྲོ་འཛུམ་བག་དྲོ་ལྷུན་ཆགས་སྐུ༔ རང་སྣང་དབང་སྡུད་གཞན་སྣང་ཟིལ་གནོན་ཅིང་༔ སྒྲུབ་པ་པོ་ལ་བརྩེ་ཞིང་དགྱེས་པར་བསམ༔ དེ་མཐར་གནོད་སྦྱིན་ཛས་ལྷ་ཉེར་གཅིག་དང་༔ གནོད་སྦྱིན་ནོར་ལྷ་གཏེར་བདག་ཚོགས་ཀྱིས་བསྐོར༔ དེ་མཐར་ཀླུ་ཆེན་བརྒྱད་སོགས་ཕྱི་ནས་བསྐོར༔ གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས་པས༔ བྱང་ཕྱོགས་རིན་ཆེན་གཏེར་གྱི་གཞལ་ཡས་ནས༔ གནོད་སྦྱིན་རྒྱལ་ཆེན་འཁོར་བཅས་སྤྱན་དྲངས་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ བཻ་ཛཿགསང་བདག་ཕྱག་ན་རྡོ་རྗེའི་བཀའ་ཉན་པ༔ ས་བརྒྱད་དབང་ཕྱུག་རྒྱལ་ཆེན་རྣམ་ཐོས་སྲས༔ གནོད་སྦྱིན་སྡེ་རིགས་ཡོངས་ཀྱི་གཙུག་རྒྱན་མཆོག༔ ཁྱོད་ཀྱི་ཞལ་བཞེས་རང་དམ་ཅི་བཞིན་དུ༔ དད་དང་དམ་ཚིག་གཉན་པོས་སྤྱན་འདྲེན་ནོ༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ བསྟན་འཛིན་སྐྱེས་བུ་སྐྱོང་ཕྱིར་གཤེགས་སུ་གསོལ༔ སྐྱེ་འགྲོ་བདེ་ལ་འགོད་ཕྱིར་གཤེགས་སུ་གསོལ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ སརྦ་བཛྲ་ས་མ་ཡ་ཛ༔ ཕེཾ་ཕེཾ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཨོཾ༔ གདོད་ནས་ཡང་དག་རྫོགས་པའི་སངས་རྒྱས་ཀྱང་༔ འགྲོ་བའི་དོན་དུ་གཟུགས་ཀྱི་སྐུར་སྟོན་པ༔ རྒྱལ་ཆེན་འཁོར་བཅས་གནས་འདིར་གཏན་བཞུགས་ནས༔ མཆོག་ཐུན་དངོས་གྲུབ་འབད་མེད་ལྷུན་གྲུབ་སྩོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ བཻཿསྔོན་ཚེ་དེ་བཞིན་གཤེགས་པ་རིན་ཆེན་མང་༔ གྲངས་མེད་བསྐལ་པར་འགྲོ་དོན་ལྷུར་ལེན་ཕྱིར༔ གནོད་སྦྱིན་རྒྱལ་པོ་ཆེན་པོའི་སྐུར་བཞེངས་པ༔ ཡིད་བཞིན་དཔལ་སྟེར་མཆོག་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོཿདེ་ནས་མཆོད་པ་འབུལ་བ་ནི༔ ཧོཿསྣང་སྲིད་མ་ལུས་འདོད་ཡོན་རྒྱན་དུ་ཤར༔ ཕྱི་ནང་མཆོད་སྤྲིན་མི་ཟད་རྒྱན་འཁོར་ཚོགས༔ བློ་ཡིས་བླངས་ཏེ་གནོད་སྦྱིན་རྒྱལ་པོར་འབུལ༔ དངོས་སུ་འབྱོར་ཚོགས་འདོད་ཡོན་སྣ་ཚོགས་པ༔ ཡིད་ཀྱིས་སྤྲུལ་ཏེ་ཟག་མེད་བདུད་རྩིར་བསྒྱུར༔ མི་ཟད་ནམ་མཁའ་མཛོད་དུ་བྱིན་རླབས་ནས༔ རྒྱལ་ཆེན་རྣམ་སྲས་འཁོར་དང་བཅས་ལ་འབུལ༔ དམ་ཚིག་དབང་གིས་བཞེས་ཏེ་དགྱེས་པར་མཛོད༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཨརྒྷཾ་པཱདྱཾ་སོགས༔ རཱུ་པ་ཤཔྡ་གནྡྷེ་སོགས༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ག་ན་པཉྩ་པཱུ་ཛ་ཧོ༔ དེ་ནས་བསྟོད་པ་བྱ་བ་ནི༔ བཻཿགདོད་ནས་མངོན་པར་རྫོགས་པ་སངས་རྒྱས་ཀྱང་༔ འགྲོ་དོན་རྒྱ་ཆེན་མཛད་པ་ལྷུར་ལེན་ཕྱིར༔ གནོད་སྦྱིན་ཚུལ་འཆང་འགྲོ་བའི་དབུལ་བ་སེལ༔ རྒྱལ་ཆེན་ཚུལ་འཆང་སངས་རྒྱས་བསྟན་པ་སྲུང་༔ རྒྱལ་ཆེན་རྣམ་ཐོས་སྲས་ལ་ཕྱག་འཚལ་བསྟོད༔ གནོད་སྦྱིན་སྡེ་རིགས་ཀུན་གྱི་གཙུག་གིས་མཆོད༔ རང་སྣང་དབང་བསྡུས་གཞན་སྣང་ཟིལ་གནོན་མཛད༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དཔག་མེད་པས༔ རབ་འབྱམས་ཕྲིན་ལས་མ་ལུས་ལྷུན་གྲུབ་མཛད༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་ཁྱོད་ལ་བསྟོད༔ དོན་དམ་སྐྱེ་བ་མེད་པའི་མཁའ་དབྱིངས་སུ༔ ལྷུན་གྲུབ་ལོངས་སྐུའི་བཀོད་པ་རང་བྱུང་ཤར༔ གང་འདུལ་སྤྲུལ་པས་གདུལ་བྱའི་རེ་འདོད་བསྐང་༔ སྐུ་གསུམ་ལྷུན་གྲུབ་དཔལ་ལ་ཕྱག་འཚལ་བསྟོད༔ དེ་ནས་བཤགས་པ་ནི༔ ཧོཿདགོངས་སུ་གསོལ་ལོ་ཐུགས་རྗེའི་བདག་ཉིད་དཔལ༔ རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་སྤྱན་སྔ་རུ༔ ཚེ་རབས་བསགས་པའི་ལས་ཉོན་བག་ཆགས་དང་༔ ངན་སོང་འཁོར་བའི་རྒྱུ་བསགས་ཐམས་ཅད་ཀུན༔ མི་འཆབ་མི་སྦེད་སྙིང་ནས་བཤགས་བགྱིའོ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ ཡི་གེ་བརྒྱ་པ་བརྗོད༔ དེ་ནས་འཛབ་བཟླ་བ་ནི༔ རང་ཉིད་ཕྱག་ན་རྡོ་རྗེར་གསལ་བའི་མདུན་དུ་ཆོས་སྐྱོང་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་རང་སྲོག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ༔ བདག་ཉིད་ཡི་དམ་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པའི་ཐུགས་ཀར་ཕོག༔ སྲོག་སྔགས་ཐམས་ཅད་འོད་ཟེར་གྱི་དྲྭ་བས་བཅིངས་ཏེ་དམ་ཚིག་གཉན་པོའི་སྲོག་ཐོབ་པར་བསམ༔ བཟླས་པ་ཙམ་གྱིས་ཐུགས་བདེ་སྟོང་གི་ཉམས་རྒྱས་ཤིང་དམ་ཚིག་གཉན་པོའི་རྒྱུད་བསྐུལ་ཏེ་སྐུ་ཡི་འོད་ཟེར་གྱིས་ཁམས་གསུམ་སྲིད་གསུམ་ཐམས་ཅད་དབང་དུ་བསྡུས་ཏེ་བདག་གི་མངའ་འོག་ཏུ་བཙུད་ནས་འདོད་རྒུའི་དཔལ་ཡོན་ཐམས་ཅད་ཆར་ལྟར་འབེབས་པ་དང་༔ ཕྱག་གི་ནེའུ་ལེ་དང་སྐུ་ཡི་གནས་ཐམས་ཅད་ནས་ཡིད་བཞིན་གྱི་ནོར་བུ་ལ་སོགས་པའི་ཟས་ནོར་ལོངས་སྤྱོད་ཀྱི་ཆར་ཆེན་པོ་བབས་ནས་བདག་གི་གནས་ཡུལ་ཐམས་ཅད་གང་བར་བསམ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ འབུམ་ཕྲག་བརྒྱད༔ ཨོཾ་བཻ་ཤྲ་མ་ཎ་ས་མ་ཡ་ཛ་སརྦ་རཏྣ་སིདྡྷི་ཕ་ལ་ཧཱུྃ་ཨཱཿརྒྱལ་ཆེན་འཁོར་དང་བཅས་པའི་སྐུ་ལས་འོད་ཟེར་ཆེན་པོས་རང་གི་སྣང་བས་གར་ཁྱབ་ཐམས་ཅད་འདོད་རྒུའི་ཡིད་བཞིན་གྱི་བྱེ་བྲག་ཕུན་སུམ་ཚོགས་པས་ཡོངས་སུ་ཁེངས་པར་བསམ་ལ༔ འབུམ་ཕྲག་བདུན་བཟླ༔ ཨོཾ་བཻ་ཤྲ་མ་ཎ་བཛྲ་ས་མ་ཡ་ཛ་ཛ༔ ལྷ་འདྲེ་མི་གསུམ་གྱི་སྣང་སེམས་བདག་གི་དབང་དུ་སྡུས་ཤིག༔ ཨ་ཏྲི་ནྲྀ་འགུལ་འགུལ༔ རྒྱུག་རྒྱུག་བྲེང་བྲེང་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ འབུམ་ཕྲག་གཅིག་བཟླས་པའི་དུས་སུ༔ ཁམས་གསུམ་སྲིད་གསུམ་གྱི་ལྷ་འདྲེ་མི་གསུམ་སྐྱེ་འགྲོ་ཕོ་མོ་ཐམས་ཅད་རང་དབང་མེད་པར་རྒྱལ་པོ་ཆེན་པོའི་འོད་ཀྱིས་དབང་དུ་བསྡུས་ཏེ་བདག་གི་མངའ་འོག་ཏུ་བཙུད་ནས་སླར་མི་ལྡོག་པར་བསམ༔ དུས་དང་རྣམ་པ་ཀུན་ཏུ་རྒྱལ་པོ་ཆེན་པོའི་སྐུའི་འོད་ཟེར་གྱིས་སྣང་སྲིད་ཁམས་ཀྱི་སྐྱེ་འགྲོ་ཕོ་མོ་རྣམས་ཀྱི་བློ་ཡིད་སེམས་གསུམ་བདག་གི་མངའ་འོག་ཏུ་བསྡུད་ཅིང་འཆིང་བར་བསམ༔ རྟག་ཏུ་འདིར་བརྩོན་འདིར་བརྟེན་ནས༔ བསྒོམ་བཟླས་གནད་དང་ལྡན་གྱུར་ན༔ བསམ་དོན་ཀུན་འགྲུབ་ལོངས་སྤྱོད་རྒྱས༔ ཕྱི་མ་ལྷ་ཡི་གནས་སུ་སྐྱེ༔ འགྲོ་བློ་དབང་བསྒྱུར་ཟིལ་གནོན་འགྱུར༔ འདི་ནི་ཡེ་སངས་རྒྱས་པའི་ཕྱིར༔ བསོད་ནམས་བསགས་པ་གཞན་ལས་འཕགས༔ བཀའ་སྲུང་གཟའ་བདུད་རྒྱལ་པོས་སྲུངས༔ དམ་ལྡན་སྐྱེས་བུའི་འདོད་དོན་སྒྲུབ༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་བཅུ་དྲུག་བར་དུ་བཀའ་རྒྱས་བཏབ་ནས་མཐར་སློབ་མའི་མཆོག་གྱུར་ཆོས་ཀྱི་རྡོ་རྗེས་བསྐུལ་ངོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།༈འདི་ནི་བྱིན་རླབས་རྣོ་ནུས་ཆེ༔ འགྲུབ་ཐག་ཉེ་ཞིང་དངོས་གྲུབ་མྱུར༔ ཨོ་རྒྱན་པདྨ་ཐོད་ཕྲེང་གིས༔ བདག་ལ་མངོན་སུམ་ཞལ་གཟིགས་ནས༔ རྣམ་སྲས་སྒྲུབ་པའི་ཐབས་འདི་ནི༔ ནོར་སྒྲུབ་གཞན་ལས་ཁྱད་དུ་འཕགས༔ དཔེར་ན་དཔྲལ་བའི་མིག་དང་འདྲ༔ ཁོག་པའི་སྙིང་དང་འདྲ་བ་སྟེ༔ བདེན་རྫུན་ལག་ཏུ་ལོངས་དང་གསལ༔ ཤིན་ཏུ་གཅེས་པའི་ནོར་དུ་ཟུངས༔ ཞེས་པས་འདི་ནི་ཤིན་ཏུ་ཟབ་བོ༔ འདི་ཡང་བདུད་འཇོམས་རྡོ་རྗེས་བྲིས།།ཤིན་ཏུ་གཅེས་ཕྱིར་ཚུལ་བཤད་དོ།།སརྦ་མངྒ་ལཾ།བརྡ་ཐིམ།