ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བཀའ་སྲུང་དྲེགས་པའི་མཁོན་སྦྱངས་འདའ་དཀའ་རྡོ་རྗེ༔

From Dudjom Wiki
Revision as of 13:23, 28 August 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-114
Wylie title chos nyid nam mkha'i klong mdzod las: bka' srung dregs pa'i mkhon sbyangs 'da' dka' rdo rje: TTDL-ZABTER-13-PA-114.pdf
Location bdud 'joms gling pa zab gter
Volume 13, Text 114, Pages 413-414 (Folios 1a1 to 1b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las bka' srung dregs pa'i mkhon sbyangs 'da' dka' rdo rje. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 413-414. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: mkhon sbyangs   Verso: bdud 'joms bka' srung skor
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Practices - las tshogs
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity Bka' srung
Colophon

ཞེས་པ་འདི་དད་ལྡན་སྤྲེལ་ལོས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di dad ldan sprel los nan du bskul ngor khrag 'thung bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'o/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བཀའ་སྲུང་དྲེགས་པའི་མཁོན་སྦྱངས་འདའ་དཀའ་རྡོ་རྗེ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཤ་ཁྲག་དམར་གཏོར་སྐྱེམས་ཕུད་བཤམས༔ རང་ཉིད་ཡི་དམ་ལྷར་གསལ་ངང་༔ ན་མོ༔ དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་སྟོབས་དང་༔ གསང་སྔགས་བླ་ན་མེད་པའི་རྟེན་འབྲེལ་དང་༔ བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་དང་༔ ཆོས་ཉིད་རྣམ་དག་རྟེན་འབྲེལ་བསླུ་མེད་མཐུས༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་དྲེགས་པ་ཅན༔ མ་ལུས་བདག་གི་འབངས་སུ་མཆིས་གྱུར་ཏེ༔ ཅི་བསྒོས་བཀའ་ཉན་འདོད་དོན་སྒྲུབ་གྱུར་ཅིག༔ ཧཱུྃ༔ གསོན་ཅིག་དགོངས་ཤིག་བཀའ་སྲུང་དམ་ཅན་ཚོགས༔ ཁྱད་པར་གཟའ་བཙན་གནོད་སྦྱིན་དྲེགས་པའི་སྡེ༔ ཁྱེད་ཀྱི་ཐུགས་དང་འགལ་བ་ཅི་མཆིས་པ༔ མཐོལ་བཤགས་བཟོད་པར་གསོལ་ལ་ཐུགས་བརྩེས་དགོངས༔ ཉེས་པ་བཤགས་ཤིང་འགལ་བ་བསྡུམ་འགྱུར་ཅིང་༔ ཕན་ཚུན་མི་མཐུན་པ་དག་མཐུན་པར་བཅོས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་འབུལ་བཞེས༔ ང་ཡི་ཡིད་ལ་མི་འདོད་རྐྱེན་སྣང་ཀུན༔ མཐུ་སྟོབས་ནུས་པ་དྲག་ཤུལ་ཤུགས་ཕྱུང་ལ༔ ཞི་བཟློག་གཞོམས་ཤིང་དབྱིངས་སུ་སྒྲོལ་མཛོད་ཅིག༔ ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང་༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་རྒྱས་པ་དང་༔ ཁམས་གསུམ་མོས་པ་རྣམ་བཞིས་དབང་དུ་བསྡུས༔ མངོན་སྤྱོད་ལས་ཀྱིས་དགྲ་བགེགས་ཚར་ཆོད་ཅིག༔ རྩ་གསུམ་དམ་ཅན་སྲུང་མ་རྒྱ་མཚོ་ཡི༔ ཤེས་རབ་དང་ནི་ཡེ་ཤེས་རྩལ་ཤུགས་ཀྱིས༔ གཤིན་འདྲེའི་འཁྲུལ་པ་དབྱིངས་སུ་བཤིག་པ་དང་༔ ཆོས་ཉིད་འཁྲུལ་མི་ཤེས་པའི་ས་རུ་སྒྲོལ༔ ས་ལམ་བར་ཆད་བྱེད་པའི་འདྲེ་གདོན་བགེགས༔ མངོན་སྤྱོད་དྲག་པོའི་སྟོབས་ཀྱིས་མྱུར་དུ་སོད༔ གསང་བདག་མི་འཇིགས་རྡོ་རྗེ་གཏུམ་པོ་དང་༔ ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་གི༔ བཀའ་དང་དམ་ཚིག་གཉན་པོ་དཔང་བཙུག་གོ༔ མ་འདའ་བདག་གིས་བཅོལ་བའི་ལས་དེ་དག༔ མ་འགྱང་མྱུར་དུ་སྒྲུབས་ཤིག་ས་མ་ཡ༔ ཞེས་པ་འདི་དད་ལྡན་སྤྲེལ་ལོས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།