དག་སྣང་ཡེ་ཤེས་དྲྭ་བ་ལས༔ གུ་རུ་དྲག་པོའི་གསང་སྒྲུབ་ཡེ་ཤེས་འོད་ཟེར༔

From Dudjom Wiki
Revision as of 15:50, 28 August 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-005
Wylie title dag snang ye shes drwa ba las: gu ru drag po'i gsang sgrub ye shes 'od zer: TTDL-ZABTER-15-BA-005.pdf
Location bdud 'joms gling pa zab gter
Volume 15, Text 5, Pages 15-16 (Folios 1a1 to 1b4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las gu ru drag po'i gsang sgrub ye shes 'od zer. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 15-16. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsang sgrub   Verso: bdud 'joms gur drag
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity gu ru drag po
Colophon

ཅེས་པ་འདི་ཁྲག་མཐུང་བདུད་འཇོམས་དཔའ་བོས་ཕབ་པའོ༔ དགེའོ༔ ལེགས་སོ༔ སརྦ་མངྒ་ལཾ།།

ces pa 'di khrag mthung bdud 'joms dpa' bos phab pa'o:_dge'o:_legs so:_sarba mang+ga laM//

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ གུ་རུ་དྲག་པོའི་གསང་སྒྲུབ་ཡེ་ཤེས་འོད་ཟེར་བཞུགས༔ ན་མོ་གུ་རུ་ཝེ༔ (བརྡ་ཡིག་) སྒོ་གསུམ་རྡོ་རྗོའི་གྲོང་འཇུག་པའི༔ ཡེ་ཤེས་ཟང་ཐལ་སྒྱུ་མའི་ལུས༔ འདི་འབྲེལ་ཙམ་གྱིས་ངེས་པར་འགྲུབ༔ འཁོར་འདས་དག་མཉམ་ཆེན་པོ་གྲོལ༔ ས་མ་ཡ༔ ཧཱུྃབདག་མེད་ཤེས་རབ་རླབས་ཤུགས་ཀྱིས༔ མ་དག་འཁོར་བ་དབྱིངས་སུ་བཤིག༔ དག་པ་ཡེ་ཤེས་ལྷར་སྣང་བཀོད༔ དབང་དྲག་རོལ་པའི་དཀྱིལ་འཁོར་དུ༔ པད་ཉི་རྒྱལ་བསེན་བསྣོལ་བའི་སྟེང་༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ བླ་མ་བདེ་ཆེན་རྒྱལ་པོའི་སྐུ༔ གཏུམ་དྲག་དམར་ནག་འོད་ཕུང་འབར༔ སྤྱན་གསུམ་དམར་ཟླུམ་སྡང་མིག་གཡོ༔ ཞལ་གདངས་ལྗགས་དྲིལ་མཆེ་བ་གཙིགས༔ ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲིགས༔ སྨ་ར་སྨིན་མར་མེ་ཞགས་འཕྱོ༔ དབུ་སྐྲ་དམར་སེར་སྲིད་རྩེར་བརྫེས༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཕྱར༔ གཡོན་པས་ལྕགས་སྡིག་མགོ་དགུ་བསྣམས༔ ཞབས་གཉིས་རྔམས་སྟབས་རྒྱལ་བསེན་གནོན༔ བསྐལ་པ་དུས་མཐའི་མེ་ལྟར་འབར༔ ཐལ་ཆེན་ཁྲག་གི་ཐིག་ལེ་དང་༔ ཞག་གི་ཟོ་རིས་བྱུག་པའི་རྫས༔ ཐོད་སྐམ་དབུ་རྒྱན་ཐོད་རློན་ཕྲེང་༔ དུག་སྦྲུལ་རིགས་ལྔའི་གདུབ་བུ་བཅིང་༔ གླང་ཆེན་མི་ལྤགས་སྟོད་གཡོགས་དང་༔ སྟག་ལྤགས་ཤམ་ཐབས་སྨད་དུ་དཀྲིས༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང་༔ གནམ་ལྕགས་རྡོ་རྗེའི་ལྟེ་བ་རུ༔ ཉི་ཟླའི་གྭའུ་ཁ་སྦྱོར་ནང་༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་རྒྱལ་བ་ཞི་ཁྲོའི་ཚོགས༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ དབང་བྱིན་ཡེ་ཤེས་འབར་བར་བསྒོམ༔ ཨཱོཾ་ཨཱཿཧཱུྃ༔ ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ བསྟོད་པ་ལ༔ ཧཱུྃ༔ གདོད་ནས་མ་སྐྱེས་ཀ་དག་ཀུན་ཏུ་བཟང་༔ རང་བཞིན་ལྷུན་གྲུབ་བདེ་ཆེན་ལོངས་སྤྱོད་རྫོགས༔ ཐུགས་རྗེས་ཀུན་ཁྱབ་ཡེ་ཤེས་སྤྲུལ་པའི་སྐུ༔ དབང་དྲག་རོལ་པའི་དཔལ་ལ་ཕྱག་འཚལ་བསྟོད༔ ཅེས་པ་འདི་ཁྲག་མཐུང་བདུད་འཇོམས་དཔའ་བོས་ཕབ་པའོ༔ དགེའོ༔ ལེགས་སོ༔ སརྦ་མངྒ་ལཾ།།