DUDJOM-THROMA-090
DUDJOM-THROMA-090
བརྡ་ཡིག༠༠༠༠༠༠༨༧༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཐོ་བཞི་རྒྱལ་ཐོ་འཛུགས་པའི་ལས་རིམ་བསྡུས་པ་བཞུགས་སོ༔ ཨོཾ་སྭ་བྷཱ་ཝ་སོགས༔ སྟོང་པའི་ངང་ལས་གཏོར་མ་འདོད་རྒུ་ཕུན་སུམ་ཚོགས་པར་གྱུར༔ ཨོཾ་ཨ་ཀཱ་རོ་སོགས༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་སྤྱན་དྲངས༔ བཻ་བཛྲ་ས་མ་ཡ་ཛ་ཛཿཧོཿཆོས་སྐྱོང་རྒྱལ་པོ་ཆེན་པོ་བཞི༔ སྔོན་གྱི་དམ་ཚིག་ཇི་བཞིན་དུ༔ ཆད་དོན་གཏོར་མ་འདི་བཞེས་ལ༔ སྒྲུབ་པའི་བར་ཆད་རྐྱེན་བཟློག་ཅིང་༔ དངོས་གྲུབ་སྲུང་བའི་སྲུང་མ་མཛོད༔ ལོག་པར་འདྲེན་པའི་དགྲ་བགེགས་ཐུལ༔ སྒྲུབ་པའི་མཚམས་འདི་མ་གྲོལ་བར༔ བྱ་ར་མེལ་རྩེ་མ་གཡེལ་བར༔ ཕྲིན་ལས་སྒྲུབས་ཤིག་ས་མ་ཡ༔ ཞེས་པ་འདི་ཡང་ཕུག་སྤྲུལ་ངེས་དོན་ནས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་འཕྲལ་དུ་སྨྲས་པ་དགེ།དགེའོ།།།།