DJYD-KABUM-21-ZHA-002

From Dudjom Wiki
Revision as of 05:18, 1 June 2024 by Jeremi (talk | contribs)

DJYD-KABUM-21-ZHA-002
Wylie title DJYD-KABUM-21-ZHA-002.pdf
Location bdud 'joms rin po che bka' 'bum
Volume 21, Text 2, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(9ན)ཨོཾ་སྭསྟི། འདིར་མཁས་གྲུབ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ་ཡོངས་རྫོགས་ཇི་ལྟར་ཐོབ་པའི་ཚུལ་ལ། བཀའ་འབུམ་ཆོས་ཚན་བཞུགས་བྱང་དཀར་ཆག་ཉིད་ཀྱིས་ཐོག་དྲངས་ཏེ། སྙིགས་དུས་ཀྱི་བླ་མའི་གཟུགས་བརྙན་འཛིན་པ་རང་གི་མཚན་ཉིད་ཇི་ལྟ་བར་བརྗོད་པ་དྲང་པོའི་ས་བོན་ཅེས་བྱ་བའི་རྣམ་ཐར། རྫུན་རིས་ཆུ་ཟླའི་ཟློས་གར་ཞེས་བྱ་བ་རྨི་ལམ་གྱི་སྐོར། ཆེད་དུ་བརྗོད་པའི་གླུའི་ཕྲེང་བ་ཁོག་དབུབ་དང་བཅས་པ་ཨུཏྤ་ལའི་དོ་ཤལ་ཞེས་བྱ་བའི་མགུར་འབུམ། རིག་འཛིན་ཆེན་པོ་འཇའ་ཚོན་པའི་སྐུ་ཚེའི་མཇུག་གི་རྣམ་ཐར་མདོར་བསྡུས་ངོ་མཚར་སྣང་བྱེད། སྲོག་ཆགས་ཀྱི་བསྟན་བཅོས་ངོ་མཚར་སྒྱུ་མའི་རོལ་རྩེད། རྟའི་རྒྱལ་པོ་བཱ་ལ་ཧའི་རྟོགས་པ་བརྗོད་པ་ལེགས་བཤད་ཆོས་ཀྱི་རྔ་སྒྲ། མཆོག་དམན་གྱི་སྐྱེས་བུ་རྣམས་ལ་ཞུ་ཡིག་ཕུལ་བའི་རབས་ངོ་མཚར་སྤྲིན་གྱི་སྐྱེད་ཚལ། བསླབ་བྱ་གྲོས་འདེབས་ཀྱི་སྐོར་ལྷག་བསམ་རབ་དཀར་པདྨའི་ཕྲེང་བ། བསྟོད་པའི་ཚོགས་རིན་ཆེན་གསེར་གྱི་མཆོད་སྡོང་། བདག་དོན་གཞན་དོན་གང་ལའང་སྦྱོར་རུང་བའི་བླ་མའི་རྣལ་འབྱོར་བྱིན་རླབས་འབྱུང་གནས། གསོལ་(9བ)འདེབས་ཀྱི་སྐོར་འདོད་འབྱུང་ནོར་བུའི་བང་མཛོད། ཐེག་པ་ཐམས་ཅད་ཀྱི་མཆོག་རབ་གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་དོན་རྣམ་པར་བཤད་པ་ཉི་མའི་སྙིང་པོ་ཞེས་བྱ་བ་རྫོགས་ཆེན་གྱི་སྤྱི་དོན། ཆོས་ཐམས་ཅད་ཀྱི་སྙིང་པོ་ཕྱག་རྒྱ་ཆེན་པོའི་དོན་ཡང་དག་པ་རབ་ཏུ་གསལ་བར་བྱེད་པ་དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བ་ཕྱག་ཆེན་སྤྱི་དོན། ཕྱག་རྫོགས་དབུ་གསུམ་གྱི་ལྟ་སྒོམ་ཉམས་སུ་ལེན་ཚུལ་ཇི་ལྟ་བར་སྟོན་པ་རྡོ་རྗེའི་མདོ་འཛིན། བར་དོའི་སྤྱིའི་དོན་ཐམས་ཅད་རྣམ་པར་གསལ་བར་བྱེད་པ་དྲན་པའི་མེ་ལོང་། ཕྱག་ཆེན་ཡི་གེ་བཞི་པའི་དགོངས་དོན་སྙིང་པོར་དྲིལ་བ་བྱིན་རླབས་བུམ་བཟང་། དེའི་ལྷན་ཐབས་ཀྱི་དྲིས་ལན་དང་བཅས་པ། ཕྱག་རྒྱ་ཆེན་པའི་ཕྱོགས་ནས་དྲི་བ་ལ་ལན་དུ་བགྱིས་པ་ཡིད་བཞིན་ནོར་བུའི་དོ་ཤལ་ཞེས་བྱ་བ་དགེ་སློང་སྨོན་ལམ་པའི་དྲིས་ལན། སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཕྱག་རྒྱ་ཆེན་པོའི་གནད་དོན་གྱི་དྲི་བ་ལ་ལན་དུ་ཕུལ་བ་སྐལ་བཟང་དགའ་བྱེད་བདུད་རྩིའི་འདོད་འཇོ། ཆོས་ཚུལ་སྣ་ཚོགས་ལས་བརྩམས་ཏེ་འབེལ་གཏམ་དུ་བགྱིས་པའི་རབས་མེ་ཏོག་ཆུན་འཕྱང་། སླར་ཡང་དེ་ལས་འཕྲོས་པའི་དྲིས་ལན་ཐོར་བུ་(10ན)རྣམས་ཕྱོགས་གཅིག་ཏུ་བསྡེབས་པའི་སྐོར་དང་བཅས་པ་སྟེ། འདི་དག་གི་ཆོས་རྗེ་སྐུ་སྐྱེ་མི་ཕམ་མགོན་པོ་ལ་ཕུལ་བའི་སྐོར་རོ། །གཉིས་ཆོས་ཟུང་འཇུག་གི་ངོ་སྤྲོད་ཞལ་གདམས་སྨན་སྒོམ་གྱི་དྲིས་ལན། པདྨ་བཀའ་ཐང་ལས་བརྩམས་པའི་དྲིས་ལན་ངེས་དོན་གསལ་བྱེད་ཅེས་བྱ་བ་ལྷ་ས་རྨེ་རུ་བའི་དྲིས་ལན། བྱིན་རླབས་དམ་རྫས་ཀྱི་དཀར་ཆག་སྟོང་ཐུན་ངེས་ཤེས་འདྲེན་བྱེད། བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་ཆགས་ཚད་ཐིག་རྩའི་རིམ་པ་མདོར་བསྡུས། ལས་བྱང་མེ་ཏོག་ཕྲེང་མཛེས་ཀྱི་དོན་འགྲེལ་ཉུང་འདུས། ཕུར་པ་ཡང་གསང་བླ་མེད་ཀྱི་བསྙེན་སྒྲུབ་དམིགས་རིམ། ཡི་དམ་གཉེན་པོ་ལྷ་གསུམ་གྱི་དམིགས་རིམ་རྒྱུན་ཁྱེར། ཕྱག་རྡོར་དྲེགས་འདུལ་གྱི་དམིགས་རིམ། ཕྱག་རྡོར་སྟོབས་པོ་ཆེའི་བདག་མདུན་གྱི་ཟིན་བྲིས། བླ་མ་ནོར་བུ་པད་ཕྲེང་གི་དྲག་སྒྲུབ་དམིགས་རིམ་རྒྱུན་ཁྱེར། ཡིག་དྲུག་སྒོམ་བཟླས་མདོར་བསྡུས། མ༽ དཀོན་མཆོག་གི་རྟེན་གྱི་སྤྱན་སྔར་མཆོད་པ་འབུལ་བའི་ཉེར་མཁོ། ཆུ་གཏོར་གྱི་ལས་རིམ་རྒྱས་པར་བཀོད་པ་བདུད་རྩིའི་འདོད་འཇོ། དེའི་ལྷན་ཐབས་དཀར་ཆ་བཞི་བར་དོ་འབྱུང་བཞི་སོགས་ཀྱི་ལས་རིམ། (10བ)བྲུལ་གཏོར་ཆ་ལྔ་པ་ཇི་ལྟར་བྱ་ཚུལ། གཏོར་མ་བརྒྱ་རྩ་ཤིན་ཏུ་བསྡུས་པ་ཡིད་བཞིན་སྙིང་པོ། རྙིང་ལུགས་ཀྱི་ཆ་གསུམ་རྒྱས་པ། བསང་གསུར་བསྔོ་བའི་ངག་འདོན་རྒྱས་པ་ཕྲིན་ལས་ཀུན་འགྲུབ། གསུར་མཆོད་བསྡུས་པ་ཡེ་ཤེས་སྤྲིན་ཕུང་། གསང་སྔགས་ནང་གི་གཏོར་བསྔོས་བདུད་རྩིའི་རླབས་ཕྲེང་། གཞི་བདག་གསོལ་ཀས་འགའ་ཞིག་དང་བཅས་པ། ཚོགས་ཀྱི་འཁོར་ལོའི་རྣམ་བཤད་མདོར་བསྡུས་སྦྲང་རྩིའི་ཟིལ་མར། བླ་མ་དགོངས་པ་འདུས་པའི་ཟབ་མོ་བདུད་ཀྱི་གཅོད་ཡུལ་ཆེན་མོའི་དམིགས་རིམ་རྒྱས་པའི་ངག་འདོན། དེའི་སྙིང་པོ་བདུད་རྩི་ཀུན་ཁྱབ་ཀྱི་ངག་འདོན་ཚན་པ་གཉིས། གཅོད་ཡུལ་ཤེས་རབ་རལ་གྲིའི་སྒྱུ་ལུས་མཆོད་སྦྱིན་གྱི་ངག་འདོན། དགོངས་འདུས་སྒྲུབ་ཆེན་སྨན་སྒྲུབ་དང་བཅས་པའི་ཕྱག་བཞེས་ཇི་ལྟར་བྱ་ཚུལ་རྒྱས་པར་བཀོད་པའི་ཕྱི་རབས་ཀྱི་རྡོ་རྗེ་འཛིན་པ་དག་ལ་ཕན་པའི་ཟིན་བྲིས། སྒྲུབ་ཆེན་སྐབས་ཀྱི་ས་འདུལ་གར་འཆམས་ཀྱི་རྣམ་བཤད་དང་གར་གྱི་ཟིན་བྲིས། འཕགས་པ་གནས་བརྟན་བཅུ་དྲུག་གི་ཆོ་ག་ཐུབ་བསྟན་ཉིན་བྱེད། བླ་མ་མཆོད་པའི་ཆོ་ག་ངེས་དོན་བྱིན་རླབས་ཆུ་རྒྱུན། མ༽ ཆོས་དབང་གི་(11ན)གཏེར་ཁ་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་ཆོག་བསྒྲིགས་ཆགས་སུ་བཀོད་པ། སྒམ་པོ་མཆོག་གི་སྤྲུལ་སྐུས་འཇའ་ཚོན་ཟབ་གཏེར་གྱི་ཆོག་སྒྲིབ་ལས་བརྩམས་ཏེ་དྲི་བ་གནང་བའི་ལན་དུ་ཕུལ་བ་སྙིམ་པའི་ཆུ་སྐྱེས། ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་གི་ལོ་རྒྱུས་རྒྱས་པ་དབང་བསྐུར་དངོས་ཀྱི་ལས་རིམ་ཚེ་དབང་བཅས། དྲག་སྒྲུབ་ཀྱི་དབང་བལྟས་ཆོག་མ། ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ། ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ། བཀའ་བརྒྱུད་དངོས་གྲུབ་སྙིང་པོ། རྟ་ཕག་ཡིད་བཞིན་ནོར་བུ། གུ་རུ་རྡོ་རྗེ་མ་གྲོ་ལོད། དཔལ་མགོན་མ་ནིང་ནག་པོ་དང་བཅས་པའི་དབང་ཆོག །རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་ཆོས་ལུགས་ཀྱི་ལས་བཞིའི་སྦྱིན་སྲེག་གི་ཆོ་ག་ཇི་ལྟར་བྱ་ཐབས་ཞིབ་རྒྱས་སུ་བཀོད་པ། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཁྲོ་བོ་རོལ་པའི་གཏོར་སྒྲུབ་ཆེན་མོ་ཆུང་དགུ་མའི་ཕྱག་བཞེས་ཀྱི་ཟིན་རིས་མཐོང་བས་ཁོང་དུ་ཆུད་པ། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བའི་རྣམ་བཤད་རྒྱས་པར་བཀོད་པ་ཀུ་མུཏྟའི་ཕྲེང་བ། བསྔོ་བའི་རིམ་པ་བྱང་ཆུབ་ལམ་བཟང་དང་། ཐར་ལམ་(11བ)སྣང་བྱེད་གཉིས། གཞན་བསྐུལ་གྱི་ངོར་བྲིས་པའི་སྨོན་ལམ་གྱི་ཚོགས་ནོར་བུའི་བང་མཛོད་དང་བཅས་པ་སྟེ། མདོར་ན་དགུང་གྲངས་བདུན་ཅུ་ལྔ་ཚུན་ཆད་དུ་སྩལ་བའི་གླེགས་བམ་དཀར་ཆག་ཏུ་ཇི་ལྟར་གསལ་བ་བཞིན་ལེགས་པར་ཐོབ་པའི་བརྒྱུད་པ་ནི། མཛད་པ་པོ་སྣ་ཚོགས་རང་གྲོལ། སྒམ་པོ་པ་བཟང་པོ་རྡོ་རྗེ། གནས་གཞི་སྒམ་པོ་བྱིན་རླབས། རྗེ་ཀུན་བཟང་ལེགས་གྲུབ། པདྨ་རིག་འཛིན་དབང་པོ། དགེ་སློང་ཀརྨ་བློ་ལྡན། མཚུངས་མེད་པདྨ་ངེས་དོན། པདྨ་བསྟན་སྐྱོང་འགྱུར་མེད། རིག་འཛིན་ངེས་དོན་ཀློབ་ཡངས། གྲུབ་མཆོག་མཁྱེན་བརྩེ་ཀློང་གྲོལ། རྗེ་བླ་མ་ཀུན་སྤངས་པ་དགེ་འདུན་རྒྱ་མཚོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་དཀར་ཆག་ཏུ་མ་འཁོད་པ་སླད་ནས་བཀའ་རྩོམ་གནང་རིགས་ལ། གུ་རུའི་ཚེས་བཅུ་སོགས་ཀྱི་ངོས་འཛིན་རྒྱུ་མཚན་ཕན་ཡོན། ངེས་དོན་ལ་མོས་པའི་གང་ཟག་ལས་དང་པོ་པ་དག་ལ་ཕན་ཕྱིར་སྔོན་འགྲོ་བཞི་སྦྱོར། ཐེག་ཆེན་ཤིང་རྟའི་སྲོལ་གཉིས་ལས་ཇི་ལྟར་བྱུང་བའི་བྱང་ཆུབ་སེམས་བསྐྱེད་འབོགས་ཆོག་ཐར་(12ན)པའི་གྲུ་གཟིངས། བྱང་སྡོམ་རྒྱུན་ཁྱེར་དུ་ཉམས་སུ་བླང་བའི་ཆོ་ག་རིན་ཆེན་མྱུ་གུ། མངའ་བདག་ཉང་གི་གཏེར་ཁའི་གུ་རུ་དྲག་པོ་བདེ་གཤེགས་འདུས་པའི་ལས་བྱང་བསྒྲིགས་ཆགས་བལྟས་ཆོག་མ། ཚོགས་མཆོད་ཤིན་ཏུ་བསྡུས་པ། ཉེ་གནས་བསྟན་འཛིན་དར་རྒྱས་ལ་གསུངས་པའི་བསྔོ་བ་བསྡུས་པ་བཅས་ཐོབ་པའི་བརྒྱུད་པའང་གོང་དང་འདྲའོ།། །།( གོང་གི་མ་རྟགས་ཅན་རྣམས་ལུང་རྒྱུན་མེད། མཆན། )