DJYD-KABUM-18-TSHA-012

From Dudjom Wiki
Revision as of 05:19, 1 June 2024 by Jeremi (talk | contribs)

DJYD-KABUM-18-TSHA-012
Wylie title DJYD-KABUM-18-TSHA-012.pdf
Location bdud 'joms rin po che bka' 'bum
Volume 18, Text 12, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)(རབ་གནས་བསྡུས་པ་ནི། རྟེན་ལ་)ཧཱུྃ་ཧཱུྃ་ཧཱུྃ་(གིས་བགེགས་བསལ།)ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་(གིས་ཁྲུས་བྱ།)སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སྐུ་རྟེན་རྣམ་པར་སྣང་མཛད། གསུང་རྟེན་སྣང་བ་མཐའ་ཡས། ཐུགས་རྟེན་རྡོ་རྗེ་མི་བསྐྱོད་པར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འོག་མིན་གྱི་ཞིང་ནས་ཡེ་ཤེས་པ་བཛྲ་ས་མ་ཛཿ(ས་སྤྱན་དྲངས།)ཛཿཧཱུྃ་བཾ་ཧོཿ(ས་བསྟིམ།)རྟེན་གྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསལ་བ་ལས་འོད་འཕྲོས་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ཏེ་ཐིམ་པས་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར། །སླར་ཡང་ཐུགས་ཀའི་འོད་ཀྱིས་དབང་ལྷ་སྤྱན་དྲངས་པས་དབང་བསྐུར། དྲི་མ་ལྔ་སྦྱངས་ཏེ་ཡེ་ཤེས་ལྔ་མངོན་དུ་བྱས། ཆུ་ལྷག་སྤྱི་བོར་བརྟན་པ་ལས་རང་རིགས་བདག་པོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་གྱུར། ཨོཾ་ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ་(ཀྱིས་སྤྱན་དབྱེ།)ཨོཾ་ཨཱཿཧཱུྃ་སྭཱཧཱ། (རྡོ་རྗེའི་སེ་གོལ་གྱིས་སྒྲས།) བསྐྱེད་པའི་ལྷ་ཡོངས་སུ་གྱུར་པ་རྟེན་སོ་སོའི་རྣམ་པར་གྱུར་(པར་བསམ།)ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛཔྲ་ཏཱིཙྪ་ཧོཿ(ས་མཆོད།)ན་མོ་པུ་རུ་ཤ་ཡ་ཧོཿ (ས་བསྟོད།)སུ་པྲ་ཏིཥྛ་དང་། ཡེ་དྷརྨ(ས་མེ་ཏོག་བྱིན་གྱིས་བརླབས་པ་འཐོར་ཞིང་།)འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་(1བ)ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཅེས་དང་། ཉིན་མོ་བདེ་ལེགས་སོགས་བཀྲ་ཤིས་རྒྱས་པར་སྤེལ་ལོ། །ཞེས་པའང་རྒྱ་སྟོན་གྱི་ངོར་ཛྙཱ་ནས་སོ།། །།