DJYD-KABUM-22-ZA-028

From Dudjom Wiki
Revision as of 05:19, 1 June 2024 by Jeremi (talk | contribs)

DJYD-KABUM-22-ZA-028
Wylie title DJYD-KABUM-22-ZA-028.pdf
Location bdud 'joms rin po che bka' 'bum
Volume 22, Text 28, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)༄༅། །རྡོར་སེམས་བླ་མཆོད་བདག་འཇུག་ཚོགས་མཆོད་རྐྱང་པའི་ཆོ་ག་གཏོང་ལུགས་ཀྱི་ལག་ལེན་ཟིན་བྲིས་བཞུགས། ། (1བ)(རྡོར་སེམས་བླ་མཆོད་བདག་འཇུག་ཚོགས་མཆོད་རྐྱང་པའི་ཆོ་ག་གཏོང་ལུགས་ཀྱི་ལག་ལེན་ཟིན་བྲིས་ལ། གང་དུ་བྱ་བའི་སྟེགས་བུ་གྲུ་བཞི་ཁེབས་ལྡན་གྱི་དབུས་སུ་རས་བྲིས་ཀྱི་དཀྱིལ་འཁོར་པདྨ་འདབ་བརྒྱད་ལྟེ་བར་ལྷ་མཚན་རྡོ་རྗེ་དཀར་པོ་ཧཱུྃ་ཡིག་གིས་མཚན་པ་ཅན་བཀྲམ་པའམ། མ་འབྱོར་ན་མཎྜལ་ལ་འབྲུ་དཀར་དྲི་བཟང་གིས་སྦགས་པའི་ཚོམ་བུ་གཅིག་བཀོད། གང་ལྟར་ཡང་དེའི་སྟེང་མཉྫིའི་ཁར་རྣམ་བུམ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཅན་གྱི་ཁར་གསང་ཐོད་ཆོས་སྨན་མངར་གསུམ་ཆང་སྦྱར་གྱིས་བཀང་བའི་ཁ་དར་དམར་བརྒྱད་ལྟེབས་ཀྱིས་བཀབ་པ་དང་། དེ་སྟེང་མེ་ལོང་སིནྡྷུར་བརྡལ་བར་ཆོས་བྱུང་གྲྭ་མདུན་ལྟེ་བར་མཱུྃ་ཡིག་གིས་མཚན་པ་བྲིས་པའི་དབུས་སུ་(2ན)ཤེར་རྡོ་བཅས་བརྩེགས་མར་འགོད། དེའི་རྒྱབ་ཕྱོགས་ཀྱི་སྟེགས་བུ་མཐོ་བར་བླ་གཏོར་དཀར་ཟླུམ་པད་སྦུབས་(༤)རིལ་བུ་(༤)ཅན་རྒྱན་ལྔ་དགྲམ་ཉི་ཟླ་མེ་རིས་བརྒྱན་པ་དང་། གཡས་སུ་ཞི་བའི་སྤྱི་གཏོར་དབྱིབས་དེ་དང་འདྲ་བ་ལ་མཐའ་སྐོར་མཐེབ་ཀྱུ་ཞེ་གཉིས་ཀྱིས་བསྐོར་བ། (དཀར་) གཡོན་དུ་ཁྲོ་བོའི་དཔལ་གཏོར་ལ་མཐེབ་ཀྱུ་ང་བརྒྱད་ཀྱིས་བསྐོར་བ། (དམར་) གཉིས་ཀའང་རྩེ་རྒྱན་ཉི་ཟླ་མེ་རི་ཅན། དེ་གསུམ་གྱི་གཡས་གཡོན་དུ་སྨན་རཀ་དང་། མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར། མདུན་དཀྱིལ་གྱི་བྱང་ཤར་དུ་མཚམས་འཛིན་མེ་ཏོག་ནས་བརྩམས་ཉེར་སྤྱོད་སྒོར་མཆོད་དང་། འཛོམ་ན་རྒྱན་བཀོད་རྒྱལ་འཕན་བཅས་མཛེས་པ་བསྟར། མཚམས་འཛིན་སྟེང་དུང་ཆོས་དང་བུམ་པའི་གཟུངས་རྡོར། ཕྱོགས་གང་(2བ)བདེར་དམ་ཅན་སྤྱི་གཏོར། སྔོན་གཏོར་དཀར་བགེགས། ཚོགས་ཀྱི་ཡོ་བྱད་སོགས་དང་། སློབ་དཔོན་མདུན་དུ་ནང་མཆོད། རྡོ་དྲིལ། ཌཱ་མ་རུ། འབྲུ་བཟེད། ཡུངས་ཐུན། དུང་ཆོས་བཅས། གཞན་ཡང་རོལ་མོའི་བྱེ་བྲག་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། ཆོ་ག་དངོས་ལ་ཐོག་མར།)ཧཱུྃ༔ ཨོ་རྒྱན་ཡུལ་གྱི་(སོགས་ཚིག་བདུན་གསོལ་འདེབས་ལན་གསུམ་དང་། འཁྲུངས་རབས་གསོལ་འདེབས་མཐར།)ཁྱབ་བདག་སྟོན་པ་(སོགས་གཞུང་གི་བརྒྱུད་འདེབས་བཅས་ལྷུག་འདོན།)བཛྲ་མ་ཧཱ་ཤྲཱི་(སོགས་།)དུང་ཁྲག་འཛིན་པའི་སྐུར་གྱུར། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ༴ སྐུར་གྱུར། (རྩེ་གཅིག་རྒྱ་མདུན་གྱི་དུང་ཆོས་ལ་གཏོད་ཚུལ་བཅས།)ཨོཾ་མ་ཧཱ་ཀྲོ་ངྷི་(སོགས་ལན་ཉེར་གཅིག་མཐར།) ཁྲོ་མོ༴ ཕྲ་རབ་ཏུ་གྱུར། ཨོཾ་མ་ཧཱ་ཀྲོ་ངྷི་(སོགས་ལན་གཉིས་སློབ་དཔོན་གྱིས་འཐོར་གཡབ་ཀྱིས་བླངས་པའི་བསང་ཆུ་བདག་དང་། གནས་ཁང་ཡོ་བྱད་རྣམས་ལ་འཐོར་ཞིང་། ལས་རྡོར་གྱིས་འཐོར་གཡབ་ཞུས་ཏེ་)རཾ་ཡཾ་ཁཾ་(ལ་གཏོར་མ་དཀར་བགེགས་གཉིས་ཀར་བསང་ཆུ་འཐོར།) སྟོང་པའི་ངང་ལས་(སོགས།)ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་(ལ་མཁའ་ལྡིང་རྒྱ། རྡོ་དྲིལ་བླངས་ཏེ།)བྷུ་མི་པ་ཏི༴ ས་མ་ཛཿ(ར་བསྡུ་རྒྱ།)ཨ་ཀཱ་རོ(ར་པད་སྐོར་གཅིག་ནས་མཛོད་རྒྱ་སེ་གོལ་བཅས་ལན་གསུམ། ལས་རྡོར་གྱིས་དཀར་གཏོར་བཏེགས་ལ།)གང་དག་འདིར་གནས་(སོགས་ཡོ་སྤྱི་བཞི་(3ན)དྲིལ།) གཙྪར་(སེ་གོལ་ནས་རོལ་འོག་དཀར་གཏོར་ཕྱིར་འབུལ།) ཨོཾ་སརྦ་བིགྷྣཱན་(སོགས་ལ་པད་སྐོར་གཅིག་དང་མཛོད་རྒྱའི་མཐར་པད་སྦུབས་ཀྱིས་སེ་གོལ་བཅས་ལན་གསུམ།)ཧཱུྃ། རྣལ་འབྱོར་ཆེན་པོའི་(སོགས་ཡོ་སྤྱི་བཞི་དྲིལ།)བཀའ་ནས་ནི། །བདུན་བརྒྱུད་(སོགས་ལྷུག་ནས་རོལ་འོག་བགེགས་གཏོར་ཕྱིར་དོར།)ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་(སོགས་རོལ་འོག་སློབ་དཔོན་ནས་ཡུངས་ཐུན་འཐོར།) ཁྲོ་སྤྲིན་སོགས་འཁོར་ལོས་ཁྱབ་པར་གྱུར། (ཅེས་རྡོ་དྲིལ་སར་བཞག །)བླ་མ་རིག་འཛིན་(སོགས།)ས་མ་ཛཿ(ར་བསྡུ་རྒྱ།)རྡོ་རྗེ་སློབ་དཔོན་(རང་གདངས་སམ་ལྷུག་བཅས་ལན་གསུམ་མཐར།)བཛྲ་མུཿ(ར་ལག་གཡས་སར་གོལ།)ཚོགས་ཞིང་༴ ཐིམ་པར་གྱུར རཾ་ཡཾ་ཁཾ། བདག་གི་ཐུགས་ཀ་ནས་(སོགས། འདི་སྐབས་ལས་རྡོར་གྱིས་སློབ་དཔོན་མདུན་གྱི་ནང་མཆོད་དང་སྨན་རཀ་གི་ཁེབས་བསལ།) ཨརྒྷཾ་ཨཱཿཧཱུཾ་ (སོགས་ལ་པད་སྐོར་དང་སེ་གོལ་མེད་པའི་རང་རྒྱ།) ཤཔྡར་(རོལ། ཌཱརྐ༣)(སྨན་རཀ་གཏོར་སྔགས་གསུམ་རེ།) སྥ་ར་ཎ(ར་ལག་གཉིས་ཕྱིར་བསྟན་གྱིས་སེ་གོལ་མཐར་རྡོ་དྲིལ་བླངས་ནས།)ཨོཾ་མ་ཧཱ་ཤུ་ནྱ་ཏ༴ འཁོར་འདས་ཆོས་ཀུན་(སོགས་ཡོ་སྤྱི་བཞི་དྲིལ།)སྤྲིན་ཕུང་འཁྲིགས་(ནས་ལྷུག་གིས་དྲིལ་པང་། བསྐུལ་མཚམས་ཀྱིས།)དེ་ལྟར་གསལ་བའི་(སོགས་ལྷུག །)སྤྱན་དྲངས་གྱུར། །(ཅེས་དྲིལ་བུ་བཏེགས་ཤིང་རྡོ་རྗེ་ཕྱིར་སྐོར་གྱིས་གསོར་བ་དང་བཅས།)ཨོཾ། ཆོས་ཀྱི་(3བ)དབྱིངས་ཀྱི་(སོགས་ཡོ་སྤྱི་དང་ལྷུ་གསུམ་ལ་ཉིས་དྲིལ།)འཇའ་དང་འོད་དུ་(ནས་དྲུག་དྲིལ།)གནས་མཆོག་འདི་རུ༴ བར་ཆད་སོལ། །(ནས་ལྷུག་གིས་དྲིལ་གསིལ་བཅས་རྡོ་རྗེ་ནང་འདྲེན།)ས་མ་ཛཿ(ར་རོལ། ཌཱརྐ༣ རྡོ་དྲིལ་བཅས་)ཛཿཧཱུྃ་བཾ་ཧོཿ(ར་སོ་སོའི་རང་རྒྱ།) ཡེ་ཤེས༴ བཞུགས་པར་གྱུར། (ཅེས་རྡོ་དྲིལ་སེར་བཞག །)རང་གི་ཐུགས་ཀ་ནས་༴ འཇུག་པར་གྱུར། (ཐལ་སྦྱར་བཅས།)གང་གི་དྲིན་གྱིས་(སོགས་མགོན་པོ་ཐུགས་རྗེའི་གདངས་སམ་སྤྱི་གདངས།) པྲ་ཏཱིཙྪ་ཧོཿ (ཞེས་བསྐུལ་མཚམས།)ཨོཾ། དཔག་མེད་ནམ་མཁའི་(སོགས་སྤྱི་གདངས་ཐལ་སྦྱར་བཅས།)ཨོཾ་གུ་རུ་(སོགས་ལ་པད་སྐོར་གཅིག་གིས་ཐོག་དྲངས་སོ་སོའི་རང་རྒྱའི་མཐར་སེ་གོལ་དང་།)ཤཔྡ(ར་རོལ། ཌཱརྐ༣)ཞིང་འདིར་འཁོར་ལོ་(སོགས་ཡོ་སྤྱི་ཐལ་སྦྱར)ཙཀྲ་(སོགས་ལ་པད་སྐོར་སོ་སོའི་རང་རྒྱ་སེ་གོལ། བསྐུལ་མཚམས་ཀྱིས།)ཁ་དོག་དབྱིབས་ལེགས་(ལྷུག་གམ་སྤྱི་གདངས།)རཱུ་པ་(སོགས་ལ་པད་སྐོར་རང་རྒྱ་སེ་གོལ་དང་།) ཤཔྡ(ར་རོལ་བཞི་བརྡེག) ། ཨཥྚ་མངྒ་ལ(ར་པད་སྐོར་མཛོད་རྒྱ་སེ་གོལ་ནས་ཐལ་སྦྱར་ཕབ་སྟེ་ལག་གཉིས་ཁུ་ཚུར་སྟེང་འོག་སྦྱར་བ་བརླ་གཡོན་སྟེང་འཇོག །བསྐུལ་མཚམས་ཀྱིས།)ཀུན་ཏུ་དགའ་བ་(སོགས་སྤྱི་གདངས།)བཛྲ་ཝི་ནི་(སོགས་ལ་པད་སྐོར་རེ་དང་སོ་སོའི་རང་རྒྱ་སེ་གོལ།)དྷརྨ་དྷཱ་ཏུ་ཨཿ(ཞེས་བསྐུལ་མཚམས་ཐལ་སྦྱར་བཅས།)སྣ་ཚོགས་དབང་པོ་(སོགས་སྤྱི་གདངས།)བཛྲ་ཝ་སྟྲ(ར་པད་སྐོར་དང་གོས་ཟུང་འཛིན་རྒྱ་ནས་སེ་གོལ།)(4ན)ཨ་ལངྐ་ར(ར་པད་སྐོར་ནས་རིན་ཆེན་རྣ་ཆའི་རྒྱ་དང་སེ་གོལ།) ཨོཾ་བཛྲ་བྷུ་མི་(སོགས་ལ་སློབ་དཔོན་གྱིས་མཎྜལ་ལ་བ་བྱུང་དྲི་ཆུས་བྱུགས་ནས་ཚོམ་བུ་སོ་བདུན་ཚིག་བསྟུན་ལག་ལེན་ལྟར་འགོད་ཅིང་།)མ་ཚང་སེམས་དཔའ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྤྱན་ལམ་དུ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་(སོགས།)ས་གཞི་སྤོས་ཆུ(ར་རང་གདངས་སམ་སྤྱི་གདངས།)མཎྜལ་ཨཱཿཧཱུྃ་(ཞེས་བསྐུལ་མཚམས་ཀྱིས་རྡོ་དྲིལ་བླངས་ཏེ།)རྩ་བརྒྱད་ཡན་ལག་(སོགས་སྤྱི་གདངས་བཞི་དྲིལ།)ཕྱག་རྒྱ་ཆེ་(ནས་ལྷུག་བཅས་དྲིལ་གསིལ་གྱིས་བཅད།)ཨེ་མ་ཧོཿ(ར་དྲིལ་སྟབས་སྔོན་འགྲོས་བསྐུལ་མཚམས་ཀྱིས།)དུས་གསུམ་སངས་རྒྱས་(སོགས་སྤྱི་གདངས་དང་། ཤློ་ཀ་རེར་རྡོར་སེམས་ཕྱག་རྒྱ་རེ་འགྲོ་བའི་དྲིལ་སྟབས།)ཡེ་ཤེས་ཐུགས་ལ་(སོགས་ཚིག་མཇུག་ལྷུག་ནས་རྡོ་དྲིལ་སར་བཞག །)དུས་གསུམ་བདེ་གཤེགས་(སོགས་ལྷུག་འདོན་དང་ཡིག་བརྒྱ་ལན་ཉེར་གཅིག་ཙམ་བཟླས་མཐར།)རྫོགས་སངས་རྒྱས་དང་(སོགས་ལྷུག །)ཕྱིན་པར་ཤོག (དེ་ནས་)སྣང་གྲགས་རིག་གསུམ་(སོགས་ཀྱིས་ཞོག་ཚོགས་གྲོལ། ༼ཚ་གུང་ལ་༽ ཐལ་སྦྱར་བཅས།) ཨོཾ། སྐྱེ་འཆི་མེད་པ་(སོགས་སྤྱི་གདངས།) བླ་མའི་སྐུ་ལས་(སོགས་ལྷུག་གིས།)གུ་རུ་བཛྲ་སཏྭའི་(4བ)(བཟླས་པ་༡༠༠༠དང་། མཐར་ཡིག་བརྒྱའང་བཟླས་རྗེས། ༡༠༠ ) བུམ་པ་རང་བྱུང་གི་(སོགས་ལ་ལས་རྡོར་གྱིས་མེ་ཏོག་འཐོར་བ་སྔོན་དུ་འགྲོ་བས་པད་སྐོར་གྱིས་གཟུངས་ཐག་བླངས་ཏེ་སློབ་དཔོན་ལ་ཕུལ་བ་དེས་ཀྱང་དེ་བཞིན་བླངས་ནས་གཡོན་པའི་མཐེབ་སྲིན་སྦྱར་བས་སྙིང་གར་བཟུང་བཞིན་རྩ་སྔགས་༡༠༠དང་ཡིག་བརྒྱ་༣༠བཟླས་མཐར། ལས་རྡོར་གྱིས་སྔར་བཞིན་གཟུངས་ཐག་ཞུས་ཏེ་དུང་ཞལ་གྱི་དྲི་ཆུ་རྣམ་བུམ་དུ་བླུགས་ལ།)བུམ་པའི་(སོགས།) གྱུར། སྐུ་བཞིའི་དབང་ཕྱུག་(སོགས་ལྷུག་མཐར། རྡོ་དྲིལ་བླངས་ཏེ།)ཧཱུྃ། བསྐང་ངོ་ཀལྤས་(སོགས་སྤྱི་གདངས་བཞི་དྲིལ། མཇུག་ཚིག་ལྷུག་ནས་རོལ།) ཧཱུྃ། བསྐང་ངོ་བདུད་རྩིས་(སོགས་ལྷུག་འདོན་བཞི་དྲིལ་མཐར་རོལ། འདི་རྣམས་ལྷུག་གདངས་རེས་མོས་རོལ་རེ་བཅས་འདྲ་བ་ལས། སྒྲོན་མེའི་སྐང་བའི་མཇུག་)དཱི་པ་པྲ་ཏཱིཙྪར་(དྲིལ་གསིལ་ནས་དྲིལ་པང་།) ཨོཾ་ཨ་ཧོཿཤུངྔྷེ་(སོགས་ལན་བདུན་མཐར་རོལ། དག་གྱུར་སྐོང་བའི་མཇུག་རོལ་མཐར་རྡོ་དྲིལ་སར་བཞག །འོས་གྱུར་གསོལ་འདེབས་ཀྱིས་གྲོལ།) ༼བར་ཆར་༽ ཇི་ལྟར་བལྟམས་པ་(སོགས་ཁྲུས་གདངས།) ཨ་བྷི་ཥི་ཀ་ཏ(ར་དུང་ཆོས་ནས་འཐོར།)ས་གཞི་སྤོས་ཆུས་(ལྷུག །ཐལ་སྦྱར་བཅས།)བླ་མ་གཙོ་བོ་(སོགས་ཁྲུས་གདངས་བཅས་ལན་གསུམ། ཐལ་སྦྱར་ཕབ་ནས།) རྡོ་རྗེ་སློབ་དཔོན་(སོགས་ལྷུག་གདངས་གང་འོས་ལན་གཅིག །སྙིང་གར་རྩེ་གཅིག་རྒྱས།)བདེ་བར་གཤེགས་པ་(སོགས་ཁྲུས་གདངས་བཅས་ལན་གསུམ།) རང་ཉིད་དཔལ་རྡོ་རྗེ་སེམས་དཔའ༴ (འདི་སྐབས་ལས་རྡོར་གྱིས་ལྡེམ་སྤོས་བསྐོར།)ཐིམ་པར་(5ན)གྱུར། ཨོཾ་གུ་རུ་བཛྲ༴ ཨོཾ་བཛྲ་ས་ཏྭ་ས་མ་ཡ་(སོགས་རོལ། ཌཱརྐ༣༽)ཏིཥྛ་བཛྲ་(ལ་སྤྱི་བོར་རྒྱ་གྲམ།)ས་གཞི་སྤོས་ཆུས་(ལྷུག །ཐལ་སྦྱར་གྱིས།) བྱང་ཆུབ་རྡོ་རྗེ་(སོགས་ཁྲུས་གདངས་བཅས་ལན་གསུམ།)སློབ་དཔོན་རྡོ་རྗེ་སེམས་དཔའི་(སོགས། འདི་ནས་རྡོ་དྲིལ་ལེན་)ས་མཱ་ཛཿ(ར་རྡོ་དྲིལ་བཅས་བསྡུ་རྒྱ།) ཨརྒྷཾ་(སོགས་ལ་རང་རྒྱ་དང་)ཤཔྡ(ར་རོལ།)ནམ་མཁའ་གང་བའི༴ དབང་བསྐུར་བར་གྱུར། (རྡོ་དྲིལ་བཅས་རྣམ་བུམ་བཏེགས་ལ།)ཨོཾ། ཏིལ་གྱི་གོང་བུ་(སོགས་ལྷ་དབང་ཆེན་མོའི་རྟ། ཚིག་མཇུག་དྲིལ་གསིལ་གྱིས་)ཀ་ལ་ཤ(ར་བུམ་ཆུ་མྱང་། དྲིལ་པང་གིས།)དེ་ལྟར་བུམ་པ༴ བྱས་པའོ། །(ཞེས་བསྐུལ་མཚམས།)བླ་མ་དཔལ༴ བཞག་པར་གྱུར། (རྡོ་དྲིལ་བཅས་གསང་ཐོད་བཏེགས་ལ།)ཇི་ལྟར་རྒྱལ་བ་(སོགས་ལྷ་དབང་རྟ།)བོ་ངྷི་ཙིཏྟ(ར་བདུད་རྩི་མྱང་མཐར་དྲིལ་པང་།)བྱང་སེམས་བདུད་རྩིའི༴ བྱས་པའོ། །(བསྐུལ་མཚམས།)རང་ཉིད་དཔལ༴ བསྐུལ་བར་གྱུར། (ཀུན་གྱི་ལག་གཡོན་དྲིལ་བུའི་ཞབས་ནས་འདེགས་ཤིང་སློབ་དཔོན་གྱིས་དེ་དང་ལྷན་གཅིག་མེ་ལོང་བཟུང་། གཡས་རྡོར་པང་གིས།)དགའ་བའི་གནས་སྟེར་(སོགས་ལྷ་དབང་རྟ།)བྷཉྫ་མོ་ཀྵ(ར་གཡས་རྡོ་རྗེ་དང་བཅས་སྲིན་ལག་གིས་སིནྡྷུ་རའི་ཐིག་ལེ་སྙིང་གར་འགོད། འདི་ལ་དྲིལ་གསིལ་མེད།)འདུ་ཤེས་གསུམ་གྱིས༴ བརྟན་པར་གྱུར། སརྦ་ཏ་ཐཱ་ག་ཏ(ར་ལག་གཉིས་རྡོ་དྲིལ་བཅས་པད་སྐོར་སྔོན་དུ་(5བ)འགྲོ་བས་འཁྱུད་རྒྱ།)དེ་ལྟར་ཤེས་རབ་༴ (བསྐུལ་མཚམས་ཀྱིས།) བླ་མ་དཔལ༴ དབུགས་ཕྱུང་བར་གྱུར། (བྱིངས་དྲིལ་པང་དང་སློབ་དཔོན་གྱིས་གཡས་རྡོ་རྗེ་བཅས་ཤེལ་རྡོ་བཏེགས་ལ།) ཧོཿ འདི་ལྟར་ཆོས་རྣམས་(སོགས་ལྷ་དབང་རྟ།)ཨ་ཏི་ཧོཿ དེ་ལྟར་དབང་བཞི་པ༴ བྱས་པའོ། །(བསྐུལ་མཚམས། རྡོ་དྲིལ་སར་བཞག །ཐལ་སྦྱར་བཅས།) གཙོ་བོས་ཇི་ལྟར་(ལན་གསུམ་དང་།)དེང་ནས་དེང་ནས་བརྩམས་ཏེ་(ལན་གཅིག་སྦྲེལ་བ་ཁྲུས་གདངས་མཐར།)ས་གཞི་སྤོས་ཆུས་(ལྷུག །བར་འདིར་ལས་རྡོར་གྱིས་ཕྱག་གསུམ་སྔོན་འགྲོས་གསོལ་གདབ་ཞུས་མཐར་ཚོགས་རྫས་ལ་ཆང་ཆུ་ནང་གསུམ་བྲན་ཅིང་།)ཨོཾ་སརྦ༴ རང་ཉིད་རྡོ་རྗེ་(སོགས་ལྷུག །རྡོ་དྲིལ་བླངས་ཏེ།) ཨོཾ། བསོད་ནམས་ཡེ་ཤེས་(སོགས་སྤྱི་གདངས་བཞི་དྲིལ་མཐར་རོལ། ཌཱརྐ༣ དྲིལ་པང་གིས།)བཛྲ་ལཱ་སྱ་(སོགས་ལ་པད་སྐོར་སྔོན་འགྲོས་སོ་སོའི་རང་རྒྱ་སེ་གོལ། རྡོ་དྲིལ་བཅས།)གཟུགས་སྒྲ་དྲི་རོ་(སོགས་སྤྱི་གདངས་བཞི་དྲིལ་མཐར་རོལ།)ཐོག་མེད་དུས་ནས་(སོགས་སྤྱི་གདངས། ཡིག་བརྒྱར་དྲིལ་གསིལ། ལས་རྡོར་གྱིས་ཚོགས་ཐ་མ་སློབ་དཔོན་མདུན་དུ་འགོད།)ཨཾ་ཀུ་ཤ(ར་འགུགས་རྒྱ་དང་།)ཛཿཧཱུཾ་བཾ་ཧོཿ(ར་རང་རྒྱ།)ཧཱུཾ། ང་ནི་ཟ་བྱེད་(སོགས་སྤྱི་གདངས་བཞི་དྲིལ་ནས་(ཌཱརྐ༣)རོལ་འོག་སློབ་དཔོན་གྱིས་བསྒྲལ་ཚུལ་མཐར་ལས་རྡོར་གྱིས་ནང་མཆོད་བྲན་ཏེ་ཕུལ་ལ།) དུག་ལྔས་གཟིར་ཞིང་(སོགས་སྤྱི་གདངས་བཞི་དྲིལ་ནས་རོལ། རྡོ་དྲིལ་སར་བཞག །(6ན)གསོལ་ཚོགས་འབུལ། བསམ་པ་ལྷུན་གྲུབ་མ་སོགས་ཀྱིས་གྲོལ། ༼ དགོང་ཚོགས་ལ་༽)ཧེ་རུ་ཀ་དཔལ་(སོགས་སྤྱི་གདངས། ལས་རྡོར་ནས་ཕྱག་བཅས་གསོལ་གདབ་ཞུ། སློབ་དཔོན་གྱིས་བདུད་རྩིའི་ཁ་ཕྲུ་སྦྲེང་ཞིང་)ཨོཾ་ཨཱཿཧཱུཾ་ཧ་ཧོ༴ ཧྲིཾ་ཛཿ (རྡོ་དྲིལ་བླངས་ཏེ།)ཧཱུཾ། མཁའ་འགྲོ་གིང་དང་(སོགས་སྤྱི་གདངས་བཞི་དྲིལ་མཐར་(ཌཱརྐ༣)རོལ་འོག་ལྷག་གཏོར་ཕྱི་རོལ་དུ་འབུལ། དེ་ནས་དམ་ཅན་སྤྱི་གཏོར་གྱི་མཆོད་རློབ་འདས་གཏོར་ནས་བརྩམས་མཇུག་ཆོག་བཀྲ་ཤིས་བར་དྲིལ་ཆོག་གིས་མཐར་དབྱུང་སྟེ། ལས་རྡོར་གྱིས་མཆོད་ཁ་གསོས་ལ། རྡོ་དྲིལ་བཅས་པད་སྐོར་གཅིག་སྔོན་འགྲོས་སོ་སོའི་རང་རྒྱ་བཅས།)ཨོཾ་གུ་རུ་བཛྲ་སཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པདྱཱཾ་(སོགས།)ཤཔྡ(ར་རོལ། ཌཱརྐ༣)གང་གི་དྲིན་གྱིས་(སོགས་ཤློ་ཀ་གཅིག་དང་།)མ་རྙེད་ཡོངས་སུ་(སོགས་སྦྲེལ་ཏེ་སྤྱི་གདངས་བཞི་དྲིལ་མཐར་ཡིག་བརྒྱར་༣དྲིལ་གསིལ། དྲིལ་པང་གིས།) འདིར་ནི་གཟུགས་དང་(སོགས་ལྷུག )། སུ་པྲ་ཏིཥྛར་(མེ་ཏོག་འཐོར།)བདག་གི་སྒོ་གསུམ་(སོགས་སྤྱི་གདངས།)ངང་ལ་གནས། །(བསྐུལ་མཚམས་ཀྱིས།)སྣང་བ་ཐམས་ཅད་(སོགས་སྤྱི་གདངས།)རོལ་པའོ། །(བསྐུལ་མཚམས།)དགེ་བ་འདི་ཡིས༴ འདིས་མཚོན་དུས་གསུམ་(སོགས་སྦྲེལ་ཏེ་སྤྱི་གདངས།)བགྲོད་པར་ཤོག །(བསྐུལ་མཚམས། ་ཀྱིས།) ཡེ་དྷརྨ༴ (རྡོ་དྲིལ་བཅས།)ཨོཾ། བྱིན་རླབས་མཆོག་སྩོལ་(སོགས་སྤྱི་(6བ)གདངས་ཉིས་དྲིལ་མཐར་རོལ། ཌཱརྐ༣ དེ་ནས་ཞབས་བརྟན་སོགས་དང་། འོས་གྱུར་སྨོན་ལམ་ཅི་རིགས་མཐར། དེ་ལྟར་འགྲུབ་པའང་སོགས་ཀྱིས་གྲོལ་ལོ།། །།)