རྣམ་སྲས་གསོལ་བསྡུས།

From Dudjom Wiki
Revision as of 16:37, 24 February 2026 by Jeremi (talk | contribs) (Text replacement - "བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།" to "བདུད་འཇོམས་རིན་པོ་ཆེའི་བཀའ་འབུམ།")
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-23-A-032
Wylie title rnam sras gsol bsdus
Location bdud 'joms rin po che'i bka' 'bum
Volume 23, Text 32, Pages 523 (Folios 1a1 to 1a3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rnam sras gsol bsdus. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 23: 523. Kalimpong: Dupjung Lama, 1979-1985.
Side notes Recto: gsol bsdus skong phrin sna tshogs  
More details More details
Genre Protector Rituals - gsol mchod
Colophon

ཅེས་པའང་སྔགས་བན་ཀུན་བཟང་ཡེ་ཤེས་ཀྱི་ངོར་ཛྙཱ་ནས་སོ།།

ces pa'ang sngags ban kun bzang ye shes kyi ngor dz+nyA nas so//

[edit]
༄༅། །ཀྱཻ། གནོད་སྦྱིན་ནོར་ལྷ་བྱེ་བའི་དེད་དཔོན་ཆེ། །རྒྱལ་ཆེན་རྣམ་མང་ཐོས་སྲས་མཆེད་འཁོར་བཅས། །འདིར་གཤེགས་དམ་རྫས་བདུད་རྩིའི་མཆོད་གཏོར་བཞེས། །ཐུགས་དམ་དགྱེས་བསྐང་རྟག་ཏུ་བརྩེར་དགོངས་ལ། །མི་ཟད་ལོངས་སྤྱོད་གཏེར་གྱི་སྒོ་ཕྱེས་ནས། །བདག་ཅག་རྣམས་ཀྱི་བསམ་པའི་རེ་བ་སྐོངས། །ནམ་མཁའ་མཛོད་ལ་རང་དབང་བསྒྱུར་ནས་ཀྱང་། །འདོད་རྒུའི་འབྱོར་པ་རྒྱས་པའི་ཕྲིན་ལས་མཛོད། །ཅེས་པའང་སྔགས་བན་ཀུན་བཟང་ཡེ་ཤེས་ཀྱི་ངོར་ཛྙཱ་ནས་སོ།། །།