DJYD-KABUM-20-WA-011

From Dudjom Wiki
Revision as of 05:16, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-20-WA-011

(139ན)ཨོཾ་སྭསྟི། འཕགས་མཆོག་འཇིག་རྟེན་དབང་ཕྱུག་དང་། མངའ་བདག་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་ཕྲིན་ལས་ཀྱི་རོལ་གར་རྩོད་པ་དང་བྲལ་བ་ཀུན་མཁྱེན་རྒྱལ་བའི་དབང་པོ་རྡོ་རྗེ་ཐོགས་མེད་རྩལ་གྱི་དག་པ་རབ་འབྱམས་ཡེ་ཤེས་ཀྱི་གཟིགས་སྣང་ཟབ་མོ་རྒྱ་ཅན་གྱི་སྐོར་ཐོབ་པ་ལ་དབང་ཁྲིད་ལུང་གསུམ་ལས། དང་པོ་ནི། བླ་མ་ཞི་ཁྲོ་སྒྲུབ་སྡེ་དགུ་སྤྱི་དང་བྱེ་བྲག་སོགས་ཡི་དམ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་དང་བཅས་པའི་དབང་བཀའ་བྱིན་རླབས་རྗེས་གནང་སྲོག་གཏད་དང་བཅས་པ་རྣམ་གྲངས་བཞི་བཅུས་ཚང་བ་ཆོག་ཁྲིགས་རྣམ་པ་དྲུག་གི་ཁོངས་ནས་ཇི་ལྟར་འབྱུང་བ་བཞིན་སྨིན་རྒྱས་སུ་ནོས། གཉིས་པ་ནི། འཆི་མེད་གདྭངས་མ་བཅུད་འདྲེན་གྱི་ཚེ་ཁྲིད་ཉམས་ཁྲིད་དུ་བསྟར་བའོ། །གསུམ་པ་ལ། རྩ་བ་དང་ཁ་སྐོང་གཉིས་ལས། དང་པོ་རྩ་བ་ལ། འཁོར་ལོའི་རྒྱ་ཅན། ལྡེ་མིག་གི་རྒྱ་ཅན། སྙིང་གི་རྒྱ་ཅན། རྡོ་རྗེའི་རྒྱ་ཅནཔ། རྟ་མགྲིན་པདྨས་མཚན་པའི་བུམ་རྒྱ་ཅན། རྩ་གསུམ་ནོར་བུའི་རྒྱ་ཅན། སྣ་ཚོགས་རྡོ་རྗེས་མཚན་པའི་རལ་གྲི་རྒྱ་ཅན། ཉི་ཟླའི་རྒྱ་ཅན། རིགས་གསུམ་མཚན་མའི་རྒྱ་ཅན། ཕུར་བུའི་རྒྱ་ (139བ)ཅན། མེ་འབར་སྡིག་པའི་རྒྱ་ཅན། གྲི་ཐོད་རྒྱ་ཅན། ཨ་ཧཾ་དྷུ་ཏིའི་རྒྱ་ཅན། ཉི་ཟླ་ཁ་སྦྱོར་གྱི་རྒྱ་ཅན། ལྟོ་འགྲོས་བཏེགས་པའི་ཡིད་བཞིན་དབང་རྒྱལ་གྱི་རྒྱ་ཅན། བྷྲཱུྃ་མཚན་རྡོ་རྗེ་རྭ་གདེངས་ཐོག་མདའི་རྒྱ་ཅན། མེ་ལོང་མཚོན་འཁོར་ལྕགས་སྡིག་ཚྭ་ཚྭའི་རྒྱ་ཅན། རྟ་ཞལ་ཡིད་བཞིན་རྒྱ་ཅན། དཔའ་བོའི་རྒྱ་ཅན། པད་དཀར་རྒྱ་ཅན། དུང་གི་རྒྱ་ཅན། གདུགས་དཀར་གྱི་རྒྱ་ཅན། རྒྱལ་མཚན་གྱི་རྒྱ་ཅན། གསེར་ཉའི་རྒྱ་ཅན། ཤྭ་ནའི་རྒྱ་ཅན་རྣམས་དང་། ལས་བཞིའི་ལྷ་མོའི་རྩ་བའི་ཡི་གེ། །མངོན་རྟོགས་དབང་དང་རིག་གཏད། གསང་སྒྲུབ་ཀྱི་མངོན་རྟོགས་སྲོག་དབང་དང་བཅས་པ། ཡང་གསང་དྲག་མོའི་མནན་གཏད་ཟོར་དང་བཅས་པ། གཏོར་མའི་མན་ངག །འཁོར་ལོའི་མན་ངག །ལས་སྦྱོར་གྱི་ཡི་གེ ། འཁོར་ལོའི་ཡིག་ཆུང་། ལས་སྦྱོར་གྱི་གསལ་བྱེད། མནན་གཏད་ཟོར་གྱི་གསལ་བྱེད། ལས་སྦྱོར་དམིགས་པའི་གསལ་བྱེད། འཁོར་ལོའི་རབ་གནས་ཀྱི་མན་ངག་རྣམས་སོ། །གཉིས་པ་ཁ་སྐོང་ལ། རྒྱ་ཅན་ཕལ་ཆེར་གྱི་ཕྲིན་ལས་སྒྲུབ་ཐབས། དབང་ཆོག་དང་བཅས་པ་ནོར་བུ་དབང་གི་རྒྱལ་པོའི་བང་མཛོད། རྟ་ཞལ་ཡིད་ (140ན)བཞིན་རྒྱ་ཅན་གྱི་ཆོག་སྒྲིགས་བསམ་དོན་ལྷུན་གྲུབ། བྷྲཱུཾ་མཚན་རྡོ་རྗེ་རྭ་གདེངས་ཐོག་མདའི་རྒྱ་ཅན་ལས་རྡོ་རྗེ་གྲོ་ལོད་ཀྱི་ཆོག་ཁྲིགས་གནམ་ལྕགས་འབར་བ། གྲོ་ལོད་མ་གཏོགས་པའི་བྷྲཱུཾ་མཚན་རྡོ་རྗེ་རྭ་གདེངས་ཐོག་མདའི་རྒྱ་ཅན་གྱི་ཆོག་སྒྲིགས། ཡང་གསང་ཀརྨ་དྲག་པོའི་ཆོག་སྒྲིགས་བདུད་སྡེ་འཇོམས་པའི་བཤན་བ་རྣམ་རོལ། དཔལ་ལྡན་དམག་ཟོར་མའི་ཆོག་སྒྲིགས་ཡོངས་འདུའི་ལྗོན་པ། རྒྱ་ཅན་སྤྱིའི་ཁོག་འབུབས་གསང་བའི་རྣམ་ཐར་མཐོང་བ་དོན་ལྡན་རྣམས་སོ། །དེ་དག་ལས་པད་དཀར་རྒྱ་ཅན་ནས་ཤྭ་ནའི་རྒྱ་ཅན་གྱི་བར་དྲུག་པའི་ཐོག་མཐའི་ཚིགས་བཅད་ཙམ་མ་གཏོགས་རྩ་ཐོ་ཉིད་དང་། གཞན་ཐམས་ཅད་ཚང་བར་ཟབ་དོན་དཀའ་གནས་སུ་ཞིབ་བཤད་དང་བཅས་པའི་ལུང་ཡོངས་སུ་རྫོགས་པའོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་འབྱུང་གནས། ཌཱ་ཀི་མཚོ་རྒྱལ། རིག་འཛིན་རྡོ་རྗེ་ཐོགས་མེད། དེ་ལས་རིག་འཛིན་པདྨ་ཕྲིན་ལས་དང་། ཆོས་རྒྱལ་གཏེར་བདག་གླིང་པ་གཉིས་ཀས་གསན། གཉིས་ཀ་ལས་ངག་དབང་ཀླུ་སྒྲུབ། ངག་དབང་འཇིགས་མེད། (140བ)འགྱུར་མེད་མཆོག་གྲུབ། པདྨ་ཚེ་དབང་རྩལ། འཇིགས་མེད་གོ་ཆ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་མགོན་པདྨ་གར་དབང་། ཀུན་བཟང་བསྟན་པའི་རྒྱལ་མཚན། ཁྱབ་བདག་འགྱུར་མེད་ངེས་དོན་དབང་པོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །༎