DJYD-KABUM-20-WA-021
DJYD-KABUM-20-WA-021
(193)ཨོཾ་སྭསྟི། ཀུན་མཁྱེན་ཆེན་པོ་རིག་འཛིན་འཇིགས་མེད་གླིང་པས་བཀའི་བསྡུ་བ་གསར་དུ་མཛད་པའི་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་སྐོར་ལ། དབང་ལུང་གཉིས་ལས། དང་པོ་ནི། དབང་ཆོག་དངོས་གྲུབ་རྒྱ་མཚོའི་སྟེང་ནས་སྟ་གོན་དང་། འཇུག་པ་སྔོན་དུ་འགྲོ་བས་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་བཞི་དང་། སྨད་ལས་མངོན་སྤྱོད་གཙོ་བོར་གྱུར་པའི་རྗེས་གནང་། མཐའ་རྟེན་དུ་ཚེ་སྒྲུབ་ཉི་ཟླའི་ཟ་མ་ཏོག་ནས་བྱུང་བ་ལྟར་བཀྲ་ཤིས་ཚེའི་དབང་བསྐུར་བ་བཅས་ལེགས་པར་ནོས། གཉིས་པ་ལ། ཀ་ ཆོས་འབྱུང་ངོ་མཚར་སྣང་བྱེད། ཁ་ སྟོད་ལས་བྱང་ཆུབ་སྒྲུབ་པའི་སྤྱི་ཆིངས་དྲྭ་མ་སྡོམ་པ། ག་ དབང་ཆོག་དངོས་གྲུབ་རྒྱ་མཚོ། ང་། བདག་འཇུག་བྱིན་རླབས་རོལ་མཚོ། ཅ་ བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཤིང་རྟ། ཆ་ བཀའ་མའི་ཡན་ལག་བརྒྱད་འགྲེལ་རྒྱུད་དོན་གསལ་བ། ཇ་ སྒྲུབ་ཐབས་རྡོ་རྗེ་ཁྲོས་པའི་བཅུད་དུམ་དཔག་བསམ་ལྗོན་པ། ཉ་ བདུད་རྩི་གསང་ནན་གྱི་འགྲེལ་པ། ཏ་ བསྙེན་པའི་ལས་བྱང་བཀོལ་བའི་དུམ་བུ། ཐ་ ཛཔྲ་བསྐུལ། ད་ ཉུལ་ལེ་(193བ)སྐྲོད་པའི་ཕོ་ཉའི་སྒོས་བསྐུལ། ན་ མངོན་རྟོགས་བསྡུས་པ་རྡོ་རྗེ་བཀོད་པའི་རྒྱན། པ་ བསྐྱེད་རིམ་གྱི་དོགས་སེལ་དཀའ་གནད་མདུད་འགྲོལ། ཕ་ བསྙེན་སྒྲུབ་ཐམས་ཅད་ཀྱི་མཛོད་ཁང་རིག་འཛིན་གཞུང་ལམ། པ་ ཚེ་སྒྲུབ་ཉི་ཟླའི་ཟླ་མ་ཏོག མ་ སྤྲོས་མེད་རྒྱུན་ཁྱེར་རྣལ་འབྱོར། ཙ་ བྱུག་བདུག་བྲབ་གསུམ་གྱི་སྒྲུབ་ཚུལ། ཚ་ སྨད་ལས་སྤུ་གྲི་རླུང་འཁོར་ཞེས་བྱ་བ་ངན་སྔགས་ཉེ་བར་བསྙེན་པ་མན་ངག་ལྟར་བཀྲལ་བ་ཆིག་བརྒྱུད་མ། ཛ་ ཕུར་སྲུང་ལྕམ་དྲལ་གྱི་གནད་ཡིག་དམ་ཅན་བླ་ཆགས། ཝ་ དམ་ཅན་ཉེ་བར་བསྙེན་པའི་ཕྲིན་ལས་སྨད་ལས་སྲོག་ཤིང་། ཞ་ དེའི་ལེ་ལག་ལྷ་དབྱེའི་བསྐུལ། ཟ་ སྨད་ལས་དམ་ཅན་ཉེ་བར་བསྙེན་པའི་མན་ངག་མ་མོའི་མཁའ་འགྲོའི་ཞལ་ཞུང་ཞེས་བྱ་བ་གསང་བའི་རྒྱ་ཅན། འ་ དམ་ཅན་ལྕམ་དྲལ་གྱི་མཆོད་བསྐུལ། ཡ་ ཞི་བའི་སྦྱིན་སྲེག་བདུད་རྩིའི་ཐིག་ལེ། ར་ དྲག་པོའི་སྦྱིན་སྲེག་རྟ་གདོང་རྔམས་ཞུགས། ལ་ ཟོར་ལས་གནམ་ལྕགས་འབར་བ། ཤ་ སྲི་གནོན་རྒྱ་གྲམ་ནག་པོ། ས་ ཕན་གནོད་ལས་ཚོགས་རྡོ་རྗེ་ཕ་ལམ་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། (194ན)བྱང་ཆུབ་རྡོ་རྗེ། རིགས་ལྔ་ལྕམ་དྲལ། མཁའ་འགྲོ་མ་བདེ་བའི་འཁོར་ལོ། རིག་འཛིན་རྡོ་རྗེ་ཆོས། སློབ་དཔོན་པྲ་བྷ་ཧསྟི། སངས་རྒྱས་གཉིས་པ་པདྨ་འབྱུང་གནས། རླངས་ཆེན་དཔལ་གྱི་སེང་གེ །བརྒྱུད་གསུམ་རིག་འཛིན་ཀུན་འདུས་འཇིགས་མེད་གླིང་པ། འཇིགས་མེད་ཕྲིན་ལས་འོད་ཟེར། ཉེ་གནས་ཕུར་པ་གྲུབ་པ་འཇིགས་མེད་ཆོས་གྲགས། ཀུན་མཁྱེན་གཞན་ཕན་མཐའ་ཡས། མཁན་ཆེན་རྡོ་རྗེ་འཛིན་པ་པདྨ་བཛྲ། ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་རྩལ། རྒྱལ་སྲས་ཀུན་བཟང་འཇིགས་མེད་ཚེ་དབང་ནོར་བུ། རྡོ་རྗེ་འཛིན་པ་ཨོ་རྒྱན་རྣམ་གྲོལ་རྒྱ་མཚོ། དེས་སོ། །ཡང་ན། འཇིགས་མེད་གླིང་པ་ནས། རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན། རྫོགས་ཆེན་མཆོག་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱ་རོང་ནམ་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ། རྒྱལ་སྲས་ཚེ་དབང་ནོར་བུ་མན་གོང་བཞིན། ཡང་དབང་ལུང་བརྒྱུད་ལུགས་གཅིག་ནི། རྒྱལ་སྲས་གཞན་ཕན་མཐའ་ཡས། གླིང་སྤྲུལ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་། ཐུབ་བསྟན་དཔལ་ལྡན་ཆོས་གྲགས། (194བ)གསུམ་ལྡན་རྡོ་རྗེ་འཛིན་པ་མཁན་ཆེན་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་སྩལ་བའོ། །གཞན་ཡང་ཕུར་པ་རྒྱལ་པོ་ལུགས། ཇོ་མོ་ལུགས། གཉགས་ལུགས་ཤམ་སྔོན་ཅན་སོགས་ངོ་མཚར་བརྒྱུད་པའི་བཀའ་བབས་ཐ་དད་པའི་བྱིན་རླབས་ཀྱི་ཆུ་བོ་གཅིག་ཏུ་འདུས་ཚུལ་བརྒྱུད་འདེབས་བྱིན་རླབས་ཤིང་རྟར་གསལ་བ་བཞིན་ནོ།། །།