DJYD-KABUM-20-WA-033

From Dudjom Wiki
Revision as of 05:16, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-20-WA-033

(260ན)ཨོཾ་སྭསྟི། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་འཇམ་དཔལ་དབྱངས་ཀྱི་རྣམ་པར་སྤྲུལ་པ་ཐུ་མི་སམྦྷོ་ཊ་རྒྱ་གར་དུ་བརྫངས་ཏེ་པཎྜི་ཏ་ལྷ་རིག་པའི་སེང་གེ་དང་། བྲམ་ཟེ་ལི་བྱིན་སོགས་བསྟེན་ནས་ལེགས་སྦྱར་གྱི་བརྡ་སྤྲོད་ལ་མཆོག་ཏུ་མཁས་པར་གྱུར། བོད་དུ་བྱོན་ནས་རྒྱ་ཡིག་ལྔ་བཅུ་བོད་ཡིག་སུམ་ཅུར་གཏན་ལ་ཕབ་སྟེ། བསྟན་བཅོས་ཆེན་པོ་བརྒྱད་མཛད་པའི་ནང་ཚན་སུམ་ཅུ་པ་དང་རྟགས་འཇུག་གཉིས་ཀྱི་འགྲེལ་པ་ཐམས་ཅད་མཁྱེན་པའི་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པ་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཀྱི་སྟེང་ནས་ལེགས་པར་ནོས་པའི་བརྒྱུད་པ་ནི། བྲམ་ཟེ་ལི་བྱིན། ཐུ་མི་སམྦྷོ་ཊ་ནས་རིམ་པར་བརྒྱུད་དེ། ཐམས་ཅད་མཁྱེན་པ་ཆོས་སྐྱོང་བཟང་པོ། སྐྱོགས་སྟོན་ཀརྨ་ལོ་ཙཱ། དཔལ་ཁང་ལོ་ཙཱ་བ་དབྱངས་ཅན་སྙེམས་པའི་སྡེ། སྒང་ར་ལོ་ཙཱ་བ་འོད་ཟེར་རྒྱལ་མཚན། པཎྜི་ཏ་ཆེན་པོ་སྨོན་འགྲོ་ཚེ་དབང་དོན་གྲུབ། དེ་སྲས་འཇམ་དབྱངས་དབང་རྒྱལ་རྡོ་རྗེ། ཀུན་མཁྱེན་ལྔ་པ་ཆེན་པོ། ཡང་ན། པཎ་ཆེན་ཚེ་དབང་དོན་གྲུབ་ནས། མང་ཡུལ་ལོ་ཙཱ་བ་ཚེ་བརྟན་རྒྱལ་མཚན། ཀུན་མཁྱེན་ལྔ་པ། (260བ)དེ་ནས་རིམ་པར། རིག་འཛིན་པདྨ་ཕྲིན་ལས། ཉང་པདྨ་དབང་དྲག །རིག་འཛིན་ཚེ་དབང་ནོར་བུ། སི་ཏུ་ཆོས་ཀྱི་འབྱུང་གནས། རྒྱལ་དབང་བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། འཇམ་མགོན་བློ་གྲོས་མཐའ་ཡས། ཡང་ན། པདྨ་ཕྲིན་ནས། དཀོན་མཆོག་ལྷུན་གྲུབ། རྡོ་རྗེ་སྙིང་པོ། པདྨ་བཤེས་གཉེན། ཨོ་རྒྱན་བདེ་ཆེན་གྲུབ་པ། ཨོ་རྒྱན་རང་གྲོལ་རྡོ་རྗེ། ཕྲིན་ལས་དར་རྒྱས། པདྨ་འགྲོ་འདུལ། བསྟན་འཛིན་འཕེལ་རྒྱས། འཇམ་མགོན་བློ་གྲོས་མཐའ་ཡས། དེ་ནས་རིམ་པར། མཁན་ཆེན་བཀྲ་ཤིས་འོད་ཟེར། ལྷག་བསམ་བསྟན་པའི་རྒྱལ་མཚན། རྗེ་འདི་ཉིད་ཀྱིས་གསར་བརྩམས་སུམ་རྟགས་འགྲེལ་པ་ལེགས་བཤད་སྣང་བ་དམ་པའི་བཤད་ཁྲིད་ཀྱི་རྒྱུན་བཅས། སི་ཏུ་ཆོས་ཀྱི་རྒྱ་མཚོ། མཁས་མཆོག་ངག་དབང་ལེགས་གྲུབ། བཤེས་གཉེན་དམ་པ་བློ་གྲོས་རབ་དགའ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བཤད་རྒྱུན་ཞིབ་ཁྲིད་དུ་སྩལ་བའོ།། །།