DJYD-KABUM-21-ZHA-004
DJYD-KABUM-21-ZHA-004
(13ན)ཨོཾ་སྭསྟི། རྣམ་སྣང་ལོ་ཙཱ་བ་ཆེན་པོའི་རྣམ་རོལ་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་རྒྱལ་བའི་ལུང་བསྟན་འཇམ་མགོན་བློ་གྲོས་མཐའ་ཡས་ལ་བཀའ་བབ་ཆོས་མཛོད་ཆེན་པོ་ལྔར་བཞུགས་པ་ལས། འདིར་ཤེས་བྱ་ཀུན་ལ་ཁྱབ་པའི་མཛོད་ཉིད་ཇི་ལྟར་ཐོབ་པའི་ཚུལ་ལ་གླེགས་བམ་རིན་པོ་ཆེ་གསུམ་དུ་བཞུགས་པའི་དང་པོ། ཨོཾ༽ ལ། ཐེག་པའི་སྒོ་ཀུན་ལས་བཏུས་པ་གསུང་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ་ཅེས་གཞུང་རྩ་བ་དང་། བསྟན་བཅོས་ཤེས་བྱ་ཀུན་ཁྱབ་ཀྱི་མདོར་བསྟན་དང་དོན་བསྡུ་གསལ་བ་ཤེས་བྱ་སྣང་བྱེད་ཅེས་བྱ་བ་ལ། སླར་ཡང་བསྡུས་དོན་སྙིང་པོ་གསལ་བའི་མཐའ་ཅན། ཤེས་བྱ་ཀུན་ལ་ཁྱབ་པའི་གཞུང་ལུགས་ཉུང་ངུའི་ཚིག་གིས་རྣམ་པར་འགྲེལ་བ་ལེགས་བཤད་ཡོངས་འདུ་ཤེས་བྱ་འཐམ་ཡས་པའི་རྒྱ་མཚོ་ཞེས་བྱ་བ་རྩ་བའི་ས་བཅད་ཐོག་ཐ་བར་གསུམ་དགེ་བའི་ཆིངས་ཀྱིས་བཅིངས་པའི་ལུས་རྣམ་བཞག་ལ་ནང་གསེས་གནས་བཅུ་ལས། ཐོག་མར་འདུས་ཞིང་ཇི་ལྟར་སྣང་བའི་རིམ་པར་ཕྱེ་བ་ནས་བཟུང་། རིག་གནས་(13བ)ཞར་བྱུང་དང་བཅས་པའི་བྱུང་བ་བརྗོད་པ་སྐབས་བཞི་པའི་བར་གྱི་འགྲེལ་པ་དང་། གླེགས་བམ་གཉིས་པ། ཨཱཿ༽ ལ། གནས་ལྔ་པ་སྡོམ་པ་གསུམ་ལ་སློབ་པ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་རིམ་པ་དང་། གནས་དྲུག་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ཕྱིན་ཅི་མ་ལོག་པར་ཤེས་པའི་སླད་དུ་ཤེས་བྱའི་གནས་རྒྱ་མཚོ་ལྟ་བུ་ལ་ཐོས་པའི་ཤེས་རབ་ཀྱི་རིམ་པར་ཕྱེ་བའི་བར། གླེགས་བམ་གསུམ་པ། ཧཱུཾ༽ ལ། གནས་བདུན་པ་བསམ་པའི་ཤེས་རབ་ཀྱི་རིམ་པ། གནས་བརྒྱད་པ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པའི་རིམ་པ། གནས་དགུ་པ་བགྲོད་བྱ་ལམ་གྱི་རིམ་པ་ཕྱེ་བ། གནས་བཅུ་པ་མཐར་ཕྱིན་འབྲས་བུའི་རིམ་པར་ཕྱེ་བ་དང་། མཇུག་དོན་བརྩམ་བྱང་འཕགས་ནོར་གྲངས་ལྡན་བཅས་ཀྱི་བཤད་བཀའ་ཁྲིད་ལུང་དལ་འགྲོས་ཀྱིས་ལེགས་པར་ནོས་པའི་བརྒྱུད་པ་ནི། མཛད་པ་པོ་འཇམ་མགོན་བློ་གྲོས་མཐའ་ཡས། མཁན་ཆེན་པདྨ་ཡོན་ཏན་རྒྱ་མཚོ། ཁྱབ་བདག་འཁོར་ལོའི་མགོན་པོ་འཇམ་དཔལ་བདེ་བའི་ཉི་མའམ་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བཀའ་དྲིན་དུ་སྩལ་བའོ།། །།